DKYD-KABUM-04-NGA-025

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །གསོད་བྱེད་མེ་ཡི་སྤུ་གྲི་ལསཿ ཚོགས་མཆོད་གདུག་པ་ཟིལ་གནོན་བཞུགསཿ ༄༅།« །»ཡིག་གཟུགས་འདི་མེད། «ཟ་བྱེད་གཏུམ་པོའི་སྐུ་ལ་འདུདཿ དམ་ཚིག་ལྡན་པའི་རྣལ་འབྱོར་བསཿ ཚོགས་ཀྱི་འཁོར་ལོ་བསྐོར་བ་ལཿ དཀྱིལ་འཁོར་མཆོག་ཆེན་མཆོག་ཕྲན་གྱིཿ ལྤགས་པས་བཀབ་ཅིང་མེ་ཏོག་བཀྲམཿ དབུས་སུ་ཚོགས་མཆོད་སྙིང་གི་གཟུགསཿ ཤ་ཁྲག་རུས་གསུམ་ཟས་སྣ་གཡསཿ ཨ་མྲྀ་ཏ་སོགས་བཏུང་པ་གཡོནཿ ཤར་དུ་ཕྱི་ནང་མཆོད་པ་དངཿ ལྷོ་རུ་དགྲ་གདོན་མིང་གཟུགས་ལཿ བསྒྲལ་བའི་ཆས་ཀྱིས་ལེགས་པར་བསྐོརཿ ནུབ་ཏུ་སྨན་རཀ་གཏོར་གསུམ་དངཿ བྱང་དུ་བཟློག་ཟོར་གཏོར་མ་བཀོདཿ བདག་བསྐྱེད་བསྙེན་སྒྲུབ་ནུས་ལྡན་རྗེསཿ བྱིན་གྱིས་བརླབ་པའི་རིམ་པ་ནིཿ »ཨོཾ་བཛྲ་ཡཀྵ་ཧཱུྃཿ བསང་ཆུའི་སྣོད་དུ་ཁྲོ་མོ་དབྱིངས་ཕྱུག་མ་དཀར་མོ་འོད་དུ་ཞུ་བ་ལས་བྱུང་བའི་མ་དག་པའི་ཉེས་སྐྱོན་སྦྱང་བའི་ནུས་ལྡན་གྱི་བདུད་རྩིའི་རྒྱ་མཚོར་གྱུརཿ ཨོཾ་ཨ་མྲྀ་ཏ་ཨཱཿཧཱུྃཿ« ལན་བདུན། བསང་ཁྲུས་བྱས་རྗེས་བསང་ཆུ་འཐོརཿ »ཧཱུྃཿ རྡོ་རྗེ་ཟེགས་མའི་བདུད་རྩི་ཆུ་འདི་ཕོག་པ་ཙམ་གྱིས་གནས་དང་ཡོ་བྱད་སྒྲུབ་པ་པོའི་རྣམ་རྟོག་གཟུང་འཛིན་ལས་གྱུར་པའི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཤིངཿ མ་རིག་ལོག་འདྲེན་འབྱུང་པོའི་ཚོགས་ཀུན་ན་བུན་རླུང་གིས་དེད་པ་ལྟར་ཆོས་ཉིད་སྟོང་པའི་ངང་དུ་སྦྱང་བར་གྱུརཿ ཨོཾ་བཛྲ་ཨ་མྲྀ་ཏ་ཨ་ཧཱུྃཿ དུཥྟཾ་མ་ར་ཡ་ཕཊཿ «གསུམཿ རླུང་གཡབ་ཀྱིས་གཡོབཿ» ཁྲོ་བོ་ལྗང་ཀུའི་ཐུགས་ཀ་ནས་བྱུང་བའི་ཡེ་ཤེས་ཀྱི་རླུང་གིས་དམ་ཉམས་མཁོན་གྲིབ་མི་གཙང་བ་ཐམས་ཅད་སྟོང་ཉིད་ནམ་མཁའ་ལྟ་བུའི་དབྱིངས་སུ་གཏོར་ཞིང་བརླག་པར་གྱུརཿ ཡཾ་སྥ་ར་ཎ་བྱེར་བྱེར་གཏོར་གཏོར་སྭཱ་ཧཱཿ «ལན་གསུམཿ བདུད་རྩི་བྱིན་གྱིས་བརླབ་པ་ནིཿ »ཨཱཿལས་བྱུང་པའི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་ཚིག་གི་བདུད་རྩི་ལྔ་གནས་ཤིང་མདུན་མཁར་རིགས་ལྔ་ཡབ་ཡུམ་སྦྱོར་བས་ཡེ་ཤེས་ཀྱི་བདུད་རྩི་བབསཿ དམ་ཡེ་དབྱེར་མེད་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུརཿ ཨོཾ་ཨཱཿཧཱུྃཿམ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿ་ཋཿ «རཀྟ་བྱིན་གྱིས་བརླབས་པ་ནིཿ »མ་ལས་བྷནྡྷ་འཕར་བའི་ནང་དུ་ལྷ་མོ་དམར་མོ་ཆགས་པའི་དབའ་ཀློང་འཁྲུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོསཿ ཁམས་གསུམ་གྱི་རཀྟའི་དམར་བཅུད་ཐམས་ཅད་བསྡུས་ཤིང་གསང་གནས་སུ་ཐིམཿ མཁའ་གསང་ནས་རཀྟའི་རྒྱུན་བབསཿ ནུས་ལྡན་དམར་བཅུད་ཀྱིས་བྷནྡྷ་གང་བར་གྱུརཿ ཨོཾ་ཨཱཿཧཱུྃཿམ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི་ཋཿ «གཏོར་མ་བྱིན་གྱིས་བརླབས་པ་ནིཿ »མ་རིག་གཟུང་འཛིན་རུ་ཏྲ་བསྒྲལ་བའི་ཐོད་པའི་སྣོད་དུ་འབྱུང་བ་ལྔ་དང་འབྲུ་བཅུད་ཤ་ལྔས་བསྡུས་པའི་དམ་རྫས་ཀྱི་གཏོར་མ་ལས་འོད་ཟེར་འཕྲོསཿ ཁམས་གསུམ་གྱི་ཟས་བཅུད་ཐམས་ཅད་བསྡུས་ཤིང་ཚོགས་གཏོར་ལ་ཐིམཿ རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ཀྱི་འོད་ཟེར་ཕོགཿ རོ་བརྒྱ་ནུས་པ་སྟོང་ལྡན་འདོད་ཡོན་གྱི་ལོངས་སྤྱོད་ལྷུན་པོ་དང་མཉམ་ཞིང་ཟག་མེད་ཀྱི་གཏེར་ཆེན་པོར་གྱུརཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིང་ཏ་ཏེ་ཛྭ་བྷ་ལིང་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ «མཆོད་པ་བྱིན་གྱིས་རླབས་པ་ནིཿ» རང་གི་ཐུགས་ཀའི་འོད་ཟེར་གྱི་སྣེ་ལས་མཆོད་པའི་ལྷ་མོ་ལག་ན་འདོད་ཡོན་གྱི་མཆོད་པ་དཔག་ཏུ་མེད་པ་ཐོགས་ཤིང་དཀྱིལ་འཁོར་ལྷ་ཚོགས་དགྱེས་སྐོང་ཀུན་བཟང་མཆོད་པའི་རྣམ་རོལ་དུ་གྱུརཿ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃཿ ཨོཾ་བཛྲ་པདྱཾ་ཨཱཿཧཱུྃཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃཿ ཨོཾ་བཛྲ་དྷུཔྤེ་ཨཱཿཧཱུྃཿ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱ་ཧཱུྃཿ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃཿ ཨོཾ་བཛྲ་ནེ་ཝི་དྱ་ཨཱཿཧཱུྃཿ ཨོཾ་བཛྲ་ཤབྟ་ཨཱཿཧཱུྃཿ རཱུ་པ་ཤབྟ་གྷནྡྷེ་ར་ས་པརྴེ་ཨཱཿཧཱུྃཿ སརྦ་པཱུ་ཛ་ས་མ་ཡ་ཧོཿ «མདུན་བསྐྱེད་སྤྱན་འདྲེན་བྱིན་འབེབས་ནིཿ» རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་བུན་བུན་འཕྲོསཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲངཿ ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིང་ཁམསཿ འགྲོ་འདུལ་སྤྲུལ་པ་སྐུའི་གནས་མཆོག་ན་བཞུགས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་དང་བཅས་པ་རྣམས་དངཿ ཁྱད་པར་དུ་ཡང་ཁྲོ་རྒྱལ་ཁྱུང་ཆེན་ག་རུ་ཊའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་གློགས་ལྟར་མྱུར་བས་མདུན་གྱི་ནམ་མཁར་གཤེགས་པར་མོས་ལཿ «སྤོས་དང་ཚིལ་ཆེན་དུད་པ་བདུགཿ རྐང་གླིང་རོལ་མོའི་སྒྲ་སྒྲོགས་ཅིང་ཿ གདུང་བའི་དབྱངས་ཀྱིས་འདི་སྐད་དོཿ» ཧཱུྃ་ཧྲཱིཿ ཀུན་ཁྱབ་འདུས་མ་བྱས་པའི་ཀློང་ཡངས་ནསཿ གསང་ཆེན་རིགས་གཅིག་རིགས་ལྔ་རིགས་བརྒྱའི་ལྷཿ ཞི་བ་ཆགས་དང་ཁྲོ་བོའི་རྣམ་རོལ་གརཿ བརྩེ་ཆེན་ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལཿ རི་རབ་རྩེ་མོའི་ལྷ་གནས་སྟེང་གི་ཆརཿ དབང་ཕྱུག་ཆེན་པོ་འོག་མིན་ཞིང་ཁམས་ནསཿ སྤྱི་དཔལ་མགོན་པོ་ཁྲོ་རྒྱལ་ག་རུ་ཊཿ སྤྲུལ་པའི་སྐུ་ལ་ཡེ་ཤེས་སྙིང་པོ་ཅནཿ མཐིང་ནག་ཁྱུང་གདོང་སྐུ་གསུམ་སྤྱན་གྱིས་བརྒྱནཿ གནམ་ལྕགས་མཆུ་སྡེར་ཁྲོ་ཆུའི་རལ་པ་གཟིངསཿ རྡོ་རྗེའི་རྭ་ཟུང་རལ་གྲིས་སྒྲོ་གཤོགས་གདེངསཿ ཐབས་ཤེས་ཕྱག་གི་ཀླུ་ཆེན་འཛིན་ཞིང་ཟཿ དབུ་གཙུག་རིན་ཆེན་ནོར་བུ་འབར་བས་བརྒྱནཿ དྲག་པོའི་ངར་སྐད་སྲིད་གསུམ་བསྔངས་ཤིང་བརྒྱལཿ ཡེ་ཤེས་ལྔ་ལྡན་དུག་ལྔ་མེ་ལྟར་འབརཿ རྣལ་འབྱོར་སྒྲུབ་པ་པོ་ཡི་ལྷག་པའི་ལྷཿ ཐུགས་དམ་དུས་ལ་བབ་པོ་གཤེགས་སུ་གསོལཿ སྟེང་དུ་བྱིན་རླབས་ལྷ་ཚོགས་སྤྲིན་ལྟར་གཏིབསཿ གཡས་ན་ཡི་དམ་ཁྲག་འཐུང་སྐར་ལྟར་འཁྲུགསཿ གཡོན་དུ་ཁྲོ་མོའི་དམག་ཚོགས་མེ་ལྟར་འབར༔ རྒྱབ་ཏུ་དཔའ་བོ་རིག་འཛིན་རྫ་ལྟར་ཉིལཿ མདུན་དུ་ལས་བྱེད་དམ་ཅན་རླུང་ལྟར་འཚུབསཿ མཚམས་ཀུན་ཤ་ཟ་གིང་ཆེན་ཐོག་ལྟར་འདྲིལཿ འོག་ཏུ་སྡེ་བརྒྱད་འབྱུང་པོ་དྲན་པ་ཉམསཿ སྐྱིན་ཐང་ཐོག་སེར་དྲག་པོ་རླུང་བསྐྱོད་བཞིནཿ འབྲུག་སྟོང་དུས་གཅིག་ལྡིར་བའི་ངར་སྒྲ་བཅསཿ བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྱིརཿ སྤྱན་འདྲེན་སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལཿ བྱིན་ཆེན་བྱིན་ཕོབ་རྩ་གསུམ་ཞི་ཆགས་ཁྲོཿ དབང་ཆེན་དབང་བསྐུར་ཁྲག་འཐུང་ཧེ་རུ་ཀཿ དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷག་པའི་ལྷཿ ཕྲིན་ལས་མྱུར་སྒྲུབ་འཁོར་ཚོགས་སྤྲུལ་པའི་ལྷཿ དམ་ལས་མ་འདའ་བསྟན་སྐྱོང་དྲེགས་པའི་སྡེཿ ཐུགས་དམ་དུས་ལ་བབ་པོ་མཐུ་མ་ཆུངཿ ནུས་མཐུ་དྲག་རྩལ་སྟོན་ཅིག་ས་མ་ཡཱཿ གུ་རུ་དྷེ་ཝ་ཌཱཀྐི་ནི་བཛྲ་ཀྲོ་ཏ་རཱ་ཛ་ག་རུ་ཊ་ལོ་ཀ་ས་མ་ཡ་ཨཱ་བེ་ཤ་ཡ་ཕེམ་ཕེམཿ ཙིཏྟ་ཧྲཱིཾང་ཧྲཱིང་ཛཿཛཿ« ཏིང་འཛིན་དམིགས་པ་གཞུར་ལ་དྲངསཿ ལྷ་ཚོགས་བཞུགས་སུ་གསོལ་བ་ནིཿ »ཧཱུྃཿ མདུན་མཁར་མེ་རི་རླུང་ནག་འཚུབ་མའི་དབུསཿ རང་སྣང་སྤྲུལ་པ་དྲག་པོའི་གཞལ་ཡས་སུཿ ལྟོ་ཕྱེ་ཀླུ་གཉན་ས་བདག་བསྣོལ་བའི་ཁྲིརཿ དྲག་གཏུམ་རྔམས་པའི་སྟབས་ཀྱིས་བཞུགས་སུ་གསོལཿ ཏིཥྛ་ལྷནཿ «ཕྱག་འཚལ་མངའ་གསོལ་ནིཿ» ཧྲཱིཿ སྤྲུལ་པའི་ལྷ་མོ་སྒྱུ་འཕྲུལ་གར་མཁན་མསཿ སྲིད་གསུམ་ལྷ་དེ་གནོད་སྦྱིན་དེད་དཔོན་ཚོགསཿ སྟོབས་ལྡན་འབར་བ་རྫུ་འཕྲུལ་ཤུགས་ལྡན་ཀུནཿ སྔངས་སྐྲག་འདར་ཞིང་གུས་པས་བརྡ་ཕྱག་འཚལཿ སངས་རྒྱས་བྱང་སེམས་རིག་པ་འཛིན་པའི་སྡོམཿ རིན་ཆེན་རུས་པའི་རྒྱན་དྲུག་དུར་ཁྲོད་ཆས་ཿ དཔལ་གྱི་ཆས་བཅུས་བརྒྱན་ཞིང་མངའ་གསོལ་བསཿ ཁམས་གསུམ་ཡོངས་སྒྲོལ་ཁྲོ་རྒྱལ་སྟོབས་བཅུ་འགྱུརཿ ན་མོ་ན་མ་ཧཱུྃ་ཨ་ལ་ལཿ ཨེ་མ་ཧོཿ «མཆོད་པ་འབུལ་བའི་རིམ་པ་ནིཿ »ཧཱུྃཿ ཁྲོ་རྒྱལ་ཁྱོད་ནི་སྲིད་ཞིའི་མཐའ་མ་ལྷུང་༔ འདོད་ཡོན་མཆོད་པའི་སྤྲོས་པ་མི་མངའ་ཡང་ཿ བདག་དང་སེམས་ཅན་བསོད་ནམས་ཚོགས་རྫོགས་ཕྱིརཿ འདོད་ཡོན་མཆོད་པའི་ལྷ་མོ་དཔག་མེད་པསཿ ཨརྒྷཾ་ལ་སོགས་ཕྱི་ཡི་མཆོད་པ་དངཿ གཟུགས་སྒྲ་དྲི་རོ་རེག་བྱ་ནང་མཆོད་འབུལཿ ཚོགས་རྫོགས་སྒྲིབ་དག་བསོད་ནམས་དཔལ་ཐོབ་ཅིངཿ བདག་སེམས་ནད་གདོན་བགེགས་ལས་ཐར་བར་ཤོགཿ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤབྟ་པྲ་ཏིཙྪ་པཱུ་ཙ་ཧོཿ རཱུ་པ་ཤབྟ་གྷནྡྷེ་རཱ་ས་པརྴེ་པྲ་ཏིཙྪ་པུ་ཙ་ཧོཿ ཧཱུྃཿ ཡེ་ཤེས་དམ་རྫས་རྨད་བྱུང་ཨ་མྲྀ་ཏཿ ཟག་མེད་རྫུ་འཕྲུལ་བདེ་བ་བསྐྱེད་པའི་རྫསཿ ཁྲོ་མོ་དཀར་མོས་ལྷ་ཚོགས་ལྗགས་ལ་འབུལཿ ཡེ་ཤེས་ལྔ་ལྡན་འབྲས་བུ་མངོན་གྱུར་ཤོགཿ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧིཿ འཁོར་བ་ཡོངས་སྒྲོལ་དམར་ཆེན་རཀྟའི་བཅུདཿ བཀྲག་མདངས་གཟི་བརྗིད་སྟོབས་རྩལ་བསྐྱེད་བྱེད་རྫསཿ ཁྲོ་མོ་དམར་མོས་ཁྲོ་རྒྱལ་འབར་བར་འབུལཿ གདུག་པའི་ཚོགས་རྣམས་རྡུལ་དུ་བརླག་པར་མཛོདཿ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧིཿ རྨད་དུ་བྱུང་བའི་དམ་རྫས་བྷ་ལིང་ཏཿ ཤ་ལྔ་འབྲུ་བཅུད་འབྱུང་ལྔའི་བཅུད་བསྡུས་པཿ ཁྲོ་མོ་སྔོན་མོས་དཀྱིལ་འཁོར་ལྷ་ལ་འབུལཿ སྒྲུབ་པ་པོ་ལ་དངོས་གྲུབ་སྩལ་དུ་གསོལཿ བཛྲ་བྷ་ལིང་ཏ་ཁ་ཁ་ཁཱ་ཧིཿ ལྷན་སྐྱེས་ཡེ་ཤེས་བདེ་བའི་འབྱུང་གནས་ཆེཿ ཨེ་ཝཾ་མ་ཡ་ཟུང་འཇུག་ཆགས་པའི་རོཿ འདོད་པའི་རྒྱལ་པོ་ཁྱོད་ལ་ཕུལ་བ་ཡིསཿ རྣལ་འབྱོར་བདེ་ཆེན་ཉམས་རྟོགས་རྩལ་འབར་ཤོགཿ མ་ཧཱ་མུ་ཏྲ་པཱུ་ཙ་ཧོཿ ངར་འཛིན་རྣམ་རྟོག་འཁྲུལ་པ་ལས་བྱུང་བའིཿ ཉོན་མོངས་དགྲ་གདོན་ཀླུ་གཉན་ས་བདག་སྡེཿ ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་རྣོན་པོས་བཀུགསཿ དཔལ་ཆེན་ཁྲོ་རྒྱལ་ལྷ་ཚོགས་བཞེས་སུ་གསོལཿ རྣམ་ཤེས་ཀུན་བཟང་ཡུམ་གྱི་ཀློང་དུ་སྤོརཿ ཁྱབ་བརྡལ་ཡེ་ཤེས་ཆེན་པོའི་དབྱིངས་སུ་ཕཊཿ མ་ཊཾ་རུ་ཏྲ་མཱ་ར་ཡ་ཕཊཿ ཨ་ཨཱཿ «ཡོན་ཏན་དྲན་པས་བསྟོད་པ་ནིཿ »ཧྲཱིཿ གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའིཿ རྣམ་རོལ་ཁྲག་འཐུང་རིགས་ལྔའི་ཚོམ་བུ་ཤརཿ མཐུ་སྟོབས་གཅིག་བསྡུས་སྤྲུལ་པའི་རྣམ་རོལ་གརཿ ཁྲོ་རྒྱལ་སྟོབས་ནུས་ཀུན་འདུས་ཧེ་རུ་ཀཿ འབར་བ་ཆེན་པོའི་སྤྲུལ་པ་སྣ་ཚོགས་སྟོནཿ མ་རིག་གཟུང་འཛིན་ཡེ་ཤེས་དབྱིངས་སུ་སྦྱོརཿ རྣམ་རྟོག་བག་ཆགས་ཆོས་དབྱིངས་ཀློང་དུ་སྒྲོལཿ ཁྲོ་བོ་འཆོལ་བའི་སྐུ་ལ་ཕྱག་འཚལ་བསྟོདཿ སྟོང་ཉིད་དབྱིངས་ལས་མ་འགགས་བརྡར་ཤར་པཿ ཁྲོ་བོའི་གད་རྒྱངས་ཁྲོ་མོའི་སྣང་གླུ་དངཿ དྲག་པོའི་ང་རོས་སྒྲ་སྐད་སྣ་ཚོགས་སྟོནཿ ཁྲག་འཐུང་ག་རུ་ཊ་ཡི་གསུང་ལ་བསྟོདཿ གཞི་ལས་འཁྲུལ་མ་མྱོང་བའི་ཐུགས་རྗེའི་ཤུགསཿ མེ་ལོང་མཉམ་ཉིད་སོར་རྟོགས་བྱ་གྲུབ་རྩལཿ དུག་ལྔའི་ཚུལ་གྱིས་དུག་ལྔ་རང་སར་གྲོལཿ ཆོས་དབྱིངས་ཡེ་ཤེས་ཁྲོ་རྒྱལ་ཐུགས་ལ་བསྟོདཿ ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་སྟེཿ ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་འདུས་པའི་དཔལཿ བདག་དང་གདོད་མ་ཉིད་ནས་འདུ་འབྲལ་མེདཿ བདག་གི་རིག་པའི་རྩལ་ཆེན་ལས་སྤྲུལ་ཞིངཿ འཁོར་བའི་རྒྱ་མཚོ་དོང་ནས་མ་སྤྲུགས་པརཿ འཁོར་འདས་སྤྱི་དཔལ་ཁྱོད་ཉིད་མཆོད་ཅིང་བསྒྲུབཿ འདས་དང་མ་འདས་འཁྲུལ་པའི་སྣང་བ་ཀུནཿ འདའ་ཀ་ཡེ་ཤེས་ཆེན་པོར་གྲོལ་བར་ཤོགཿ ཨ་ལ་ལ་ཧོཿ «བསྙེན་ཅིང་བསྒྲུབ་པའི་རིམ་པ་ནིཿ »མདུན་བསྐྱེད་ཡེ་ཤེས་བྱ་ཁྱུང་གི་ཐུགས་ཀར་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཁྲོཾཿཡིག་མཐིང་ནག་བཀྲག་མདངས་དང་ལྡན་པར་གསལཿ བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་ཆདཿ ཞལ་ནས་ཐོནཿ མདུན་བསྐྱེད་ཀྱི་ཞལ་དུ་ཞུགསཿ ཐུགས་སྲོག་ལ་གཡས་སྐོར་དུ་སྔགས་ཀྱི་རང་སྒྲ་དང་བཅས་དམར་གྱི་ལི་ལི་འཁོར་ཞིང་དེ་ལས་འོད་ཟེར་སྣ་ཚོགས་འཕྲོསཿ ཕྱོགས་བཅུའི་བྷུདྡྷ་ས་ཏྭ་མཆོད་ཅིང་བྱིན་ནུས་དངོས་གྲུབ་བསྡུསཿ རིགས་དྲུག་ལ་ཕོགཿ སྡིག་སྒྲིབ་སྦྱང་ཞིང་གདུག་པ་ཅན་རྣམས་སྤུ་རྡུལ་ལྕགས་སྲེག་དང་འཕྲད་པ་ལྟར་ལྷག་མེད་དུ་བསྲེགསཿ འཁོར་འདས་ཀྱི་མཐུ་སྟོབས་ནུས་པ་བསྡུས་ཤིང་ཐུགས་ཀའི་སྔགས་ཕྲེང་ལ་ཐིམཿ འོད་ཟེར་འབརཿ སྔགས་ཕྲེང་བྱིན་ནུས་དང་བཅས་པ་སྐུའི་དབྱིབས་བརྒྱུད་གསང་གནས་ནས་ཐོནཿ བདག་བསྐྱེད་ཀྱི་གསང་གནས་ནས་ཞུགསཿ ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་གཟི་བྱིན་རྒྱསཿ བདག་མདུན་སྟོབས་རྩལ་མེ་ལྟར་འབར་བར་བསམཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཀྵ་ཁྲོཾ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཙ་ལེ་ཙ་ལེ་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་བསྡུས་བསྡུས་ནན་ཁ་དྷེ་སརྦ་དུཥྟཾ་མཱ་ར་ཡ་ཧཱུྃ་ཕཊཿ «ནུས་ལྡན་དག་ཏུ་བཟླས་བྱས་ལཿ ལས་སྦྱོར་སྤུ་གྲི་རེག་གཅོད་ནིཿ »མདུན་བསྐྱེད་ཐུགས་ཀའི་ས་བོན་ལསཿ འོད་འཕྲོས་སྤྲུལ་པས་སྟོང་གསུམ་གངཿ དམག་བྱ་སྡེ་བརྒྱད་གཟའ་ཀླུ་གཉནཿ ས་བདག་རྒྱལ་འགོང་དམ་སྲི་དངཿ མོ་གདོན་ཟ་འདྲེ་ཤི་གཤེད་བགེགསཿ ཐེའུ་རང་བྱད་མ་ལྷ་སྲུང་དགྲཿ རང་དབང་མེད་པར་བཀུགས་ནས་ནིཿ མདུན་གྱི་དགྲ་གཟུགས་ལིང་གར་བསྟིམསཿ ལྕགས་ཀྱུས་བཟུང་ཞིང་ཞགས་པས་ཆིངསཿ ལྕགས་སྒྲོག་གིས་བསྡོམས་དྲིལ་བུས་མྱོསཿ ཐོ་བས་བརྡུང་ཞིང་ལྷ་དང་དབྱེཿ སྟོབས་ཉམས་དྲན་པ་བརྒྱལ་བར་གྱུརཿ ཁྲོཾ་ཀྲོ་ཏ་རཱ་ཛ་ག་རུ་ཊ་ཙ་ལེ་ཙ་ལེ་ཨ་ཡ་མ་དུ་རུ་ཙ་ཤ་ན་ནྲྀ་ཏྲི་ཤ་ཏྲཱུྃ་ཨ་མུ་ཀ་བླ་ཤ་འགྲིམས་འགྲིམཿ ཨཾ་ཀུ་ཤ་ཛ་ཧཱུྃ་བྃ་ཧོཿ ཨ་ཀརྵ་ཡ་ཨ་ཀརྴ་ཡ་དྷེ་ཝ་ཕྱེས་ཕྱེསཿ ཨཱ་ཡུར་པུཎྱེ་བསྡུས་བསྡུསཿ ཨ་བྱིང་ཨ་འཐིབསཿ མཱ་ར་ཡ་ཕཊཿ «རྟགས་ཐོན་བཟླ་ཞིང་བསད་སྔགས་ནིཿ »ཁྱུང་ཆེན་ཐུགས་ལས་སྤྲུལ་པ་ཡིཿ རང་འདྲའི་ཁྲོ་ཁྱུང་ཕོ་ཉའི་ཚོགསཿ གྲངས་མེད་འཕྲོས་ཤིང་ཁམས་གསུམ་ཁྱབཿ གཟུགས་ཅན་གཟུགས་མེད་བཅུད་ཀུན་ཟོསཿ སྣོད་ཀུན་ཡེ་ཤེས་མེ་ཡིས་བསྲེགས༔ དམིགས་བྱ་བསད་གཏུབ་ཤ་ཁྲག་རོལཿ རྣམ་ཤེས་ཐུགས་ཀྱི་ཀློང་དུ་བསྡུསཿ བག་ཆགས་སྦྱངས་ཤིང་དབྱིངས་སུ་འཕརཿ ཚེ་བསོད་སྟོབས་ནུས་བདག་ལ་བསྟིམསཿ ཡེ་ནས་མཉམ་ཉིད་ཆོས་སྐུའི་ངང་ཿ ཁྲོཾ་ཀྲོ་ཏ་རཱ་ཛ་ག་རུ་ཊ་ཙ་ལེ་ཙ་ལེ་ན་ག་པོ་ཀ་ལ་རཀྴ་རྦད་རྦདཿ སོད་སོདཿ སྤུ་གྲི་ཟིང་ཟིངཿ ལྕགས་ཀྱི་སྡེར་མོས་གནོད་བྱེད་གདུག་པའི་སྙིང་ལ་ཟུངཿ ཏྲིག་ནནཿ རྣྲྀ་ཏྲི་མཾ་མ་ས་རཀྟ་ཙིཏྟ་ཀཱ་ཝ་ཙི་རླག་རླགཿ རཾ་རཾ་ཛྭ་ལ་རཾཿ མཱ་ར་ཡ་རྦད་ཕཊཿ «རྩེགཅིག་དམིགས་པ་གཞུང་ལ་དྲངསཿ སྤུ་གྲི་རེག་གཅོད་འདི་ལ་འབདཿ སྲིད་གསུམ་བརླགས་པ་དཔའ་བོས་ཤེསཿ ཁ་བསྒྱུར་དམིགས་གནད་ཞལ་ལས་ཤེསཿ ཐུན་མཐར་ཚོགས་ཀྱི་འཁོར་ལོ་ལསཿ བྱིན་གྱིས་བརླབ་པའི་རིམ་པ་ནིཿ» ཁྲོ་རྒྱལ་ཐུགས་ཀའི་འོད་ཟེར་ལསཿ མེ་བྱུང་ཚོགས་ཀྱི་དངོས་འཛིན་བསྲེགསཿ རླུང་བྱུང་བག་ཆགས་རྣམ་རྟོག་གཏོརཿ ཆུ་བྱུང་དྲི་མ་ཀུན་བཀྲུས་གྱུརཿ རྃ་ཡྃ་ཁྃཿ སྭཱ་ཧཱཿ མདུན་མཁར་རིགས་ལྔ་ཡབ་ཡུམ་དྲངསཿ རང་གི་ཐུགས་ཀའི་འོད་ཀྱིས་མཆོདཿ དགྱེས་ཆགས་སྙོམ་པར་ཞུགས་པ་ཡིསཿ སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་ཆུཿ ཚོགས་སྟེང་བབས་པས་ཤ་ལྔ་དང་ཿ བདུད་རྩི་ལྔ་ཡི་རང་བཞིན་ལཿ ཟག་མེད་བདེ་བ་ཆེན་པོའི་རྫསཿ འདོད་ཡོན་ནམ་མཁའ་ཁྱབ་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ཚོགས་མགྲོན་སྤྱན་འདྲེན་རིམ་པ་ནིཿ» ཧྲཱིཿ ཆོས་དབྱིངས་ཞིང་ནས་ཀུན་ཏུ་བཟངཿ སྟུག་པོ་བཀོད་ནས་ལོངས་སྤྱོད་རྫོགསཿ དགུ་ཀློང་འཁྱིལ་ནས་ཁྲོ་བོ་རོལཿ རྩ་གསུམ་དམ་ཅན་ཌཱཀྐཱིའི་ཚོགསཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ རིན་ཆེན་རྒྱན་ཆ་ཁྲ་ལ་ལཿ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུགཿ ཅང་ཏེའུ་དྲིལ་གཡེར་ཁྲོ་ལོ་ལོཿ མི་རྐང་གླིང་བུ་ཀྱུ་རུ་རུཿ བཤུག་པའི་གླུ་ལེན་ཤ་ར་རཿ ཚོགས་ཁང་འདི་ལ་བཀྲག་ཅིག་སྟོནཿ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབཿ སྒྲུབ་པ་པོ་ལ་བྱིན་ནུས་བསྐྱེདཿ འདིར་གཤེགས་ཚོགས་ཀྱི་འཁོར་ལོ་བསྐོརཿ སྦྱོར་སྒྲོལ་གསང་བའི་དངོས་གྲུབ་སྩོལཿ ཨོཾ་ཛྙཱ་ན་དྷེ་ཝ་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེམ་ཕེམཿ «རོལ་མོའི་སྒྲར་བཅས་བརྟུལ་ཞུགས་བསྐྱེདཿ བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་ནིཿ» ཡེ་ཤེས་ལྷ་ཚོགས་འཁོར་དང་བཅསཿ དགྱེས་པའི་གདན་ལ་བཞུགས་སུ་གསོལཿ ལྷ་དང་ལྷ་མོས་གུས་ཕྱག་འཚལཿ ནམ་མཁའ་གང་བའི་མཆོད་སྤྲིན་དངཿ ཕྱི་ནང་གསང་བ་ཡང་གསང་གིཿ བླ་མེད་མཆོད་པ་རྒྱ་མཚོས་མཆོདཿ ཏིཥྛ་ལྷནཿ ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧིཿ «ཚོགས་མོ་བའམཿ »ཧོཿ ཁྲག་འཐུང་རྒྱལ་པོ་གར་ལ་དགྱེསཿ སྤྲུལ་པའི་ལྷ་མོས་གླུ་དབྱངས་ལེནཿ ཁྲོ་བོ་དམར་མོ་བཅུད་འདྲེན་མཿ གྲི་ཁུག་འཛིན་ཅིང་ཐོད་པ་ཐོགསཿ བདུད་རྩི་ཚོགས་ཀྱི་དགའ་སྟོན་འགྱེདཿ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་དངཿ ཁྲོ་རྒྱལ་འདོད་ཆགས་རྡོ་རྗེ་ལཿ དམ་རྫས་ཚོགས་ཀྱི་ལོངས་སྤྱོད་ནིཿ ཤ་ལྔ་བདུད་རྩི་ལྔ་ཡི་བཅུདཿ པཉྩ་ཨ་མྲྀ་ཏ་ཡིས་མཆོདཿ དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལཿ ག་ན་ཙཀྲ་པཱུ་ཙ་ལ་ཁཱ་ཧིཿ« ཚོགས་ཕུད་རིམ་པ་གསུམ་དུ་འབུལཿ ཐུགས་དམ་བསྐང་ཞིང་བཤགས་པ་ནིཿ »ཧཱུྃཿ རང་རིག་ཡེ་ནས་ཆོས་སྐུ་ལཿ བསྐང་དང་བཤགས་པ་མི་དམིགས་ཀྱངཿ འགྲོ་བའི་རྣམ་རྟོག་སྦྱང་བའི་ཕྱིརཿ དཀྱིལ་འཁོར་ལྷ་ཚོགས་བསྐང་བའི་རྫསཿ གཟུགས་སྒྲ་དྲི་རོ་རེག་བྱ་དངཿ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགསཿ ལྷ་མིའི་དཔལ་འབྱོར་མ་ལུས་ཀུནཿ ཀུན་བཟང་མཆོད་པའི་སྤྲིན་ཕུང་འཁྲིགསཿ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་ཀྱིསཿ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐངཿ བཅུ་དྲུག་ཕྱེད་སྤྲུལ་ཐིག་ལེ་ཅནཿ སྒྱུ་འཕྲུལ་ལྷ་མོ་གར་མཁན་མསཿ མ་ཧཱ་སུ་ཁའི་བརྔས་བསྐུལ་ཏེཿ གཅིག་ནས་བརྒྱ་སྟོང་ཁྲི་འབུམ་སྤྲུལཿ དཀྱིལ་འཁོར་ལྷ་ལ་མཉམ་སྦྱོར་བསཿ དགའ་བཞིའི་བདེ་བ་ཆེན་པོ་ཡིསཿ ཁྲག་འཐུང་ལྷ་ཚོགས་ཐུགས་དམ་བསྐངཿ གཟུང་འཛིན་རྣམ་རྟོག་བག་ཆགས་ལསཿ གྱུར་པའི་མ་རིག་རྒྱུ་སངས་ཞིངཿ ཡེ་ཤེས་ཆེན་པོའི་ཀློང་དུ་བཤགསཿ ཁྱབ་བརྡལ་ཀློང་དུ་མངོན་འཚང་རྒྱཿ ཨ་ལ་ལ་ཧོཿ ས་མ་ཡ་ཤུདྡྷེ་ཨཱཿ «གནས་ལུགས་དོན་གྱི་བསྐང་དང་བཤགསཿ སྦྱོར་སྒྲོལ་ཆོས་ཉིད་ཀློང་དུ་བལྟཿ ཐེ་ཚོམ་གཉིས་འཛིན་ཞི་བའི་ཚེཿ བསྐང་དང་བཤགས་པའི་འབྲས་བུའོཿ ཚོགས་འཁོར་ཐ་མ་དང་འབྲེལ་བའིཿ བསྒྲལ་བ་སྙིང་རྗེ་ཆེན་པོ་ནིཿ གཤིན་རྗེའི་ཕྱོགས་ཀྱི་དམིགས་རྟེན་ལཿ དགོས་པའི་ཡོ་བྱད་འདུ་བྱ་ཞིངཿ གསེར་སྐྱེམས་གཟུ་དཔང་ཡུས་གདབ་ནིཿ »རྃ་ཡྃ་ཁྃཿ «གསུམཿ »ཨོཾ་ཨཱཿཧཱུྃཿ«གསུམཿ »ཧཱུྃཿ བརྒྱུད་པ་དྲུག་ལྡན་རིག་འཛིན་བླ་མ་དངཿ ཞི་ཆགས་ཁྲོ་བོ་ཡི་དམ་དཀྱིལ་འཁོར་ལྷཿ ཡེ་ཤེས་ལས་དམ་ཌཱཀྐི་སྡེ་ལྔའི་ཚོགསཿ ཤ་ཟ་འཇིག་རྟེན་མ་མོ་མཁའ་འགྲོ་མཿ བདུད་རྩི་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལཿ རྒྱལ་བའི་བསྟན་སྲུང་མ་ཅིག་སྔགས་སྲུང་མཿ དཔལ་མགོན་མ་ནིང་གཟའ་དམ་བསྙོ་ཁ་དངཿ དྲང་སྲོང་ཆེན་པོ་བདུད་མགོན་གིང་ཆེན་སོགསཿ བདུད་རྩི་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལཿ སྟོང་གསུམ་འཇིག་རྟེན་གཞི་བདག་མཐུ་བོ་ཆེཿ འཛམ་གླིང་དཀར་སྐྱོང་ཟོ་དོར་དམ་ཚིག་ལྡནཿ འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་སོགསཿ བདུད་རྩི་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལཿ བདུད་རྩི་ཕུད་ཀྱི་མཆོད་པ་འདི་བཞེས་ལཿ འགོ་ཞིང་སྡོང་གྲོགས་མེལ་ཚེ་སྲུང་སྐྱོབ་མཛོདཿ བདག་གིས་མཐུ་སྟོབས་ནུས་པའི་རྫུ་འཕྲུལ་བསྐྱེདཿ ལྷ་སྲུང་གཉན་པོ་ཐུགས་དམ་མ་གཡེལ་ཅིགཿ ཀྱཻཿ དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅསཿ བླ་མ་ཡི་དམ་མཁའ་འགྲོ་དྲང་སྲོང་དངཿ རིག་འཛིན་དཔའ་བོ་དཔའ་མོར་བཅས་པ་རྣམསཿ དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དགོངས་སུ་གསོལཿ དམ་ལྡན་རྣལ་འབྱོར་རིག་འཛིན་བདག་ཅག་གིསཿ མི་རྟག་ངེས་འབྱུང་རྒྱུད་བརྟན་སྡུག་བསྔལ་བོརཿ དྲིན་ལྡན་བླ་མའི་བཀའ་ལུང་ཐོད་དུ་ཁུརཿ ཨ་ཏི་རྟོགས་པ་ཆེན་པོའི་ཉམས་ལེན་འབདཿ གསང་སྔགས་སྦྱོར་སྒྲོར་བླ་མེད་སྤྱོད་པ་སྤྱདཿ དཀའ་བ་དང་བླངས་ངལ་བ་ཁྱད་བསད་ཀྱིསཿ ལུས་དང་སྲོག་ལ་མི་ལྟོས་གཞན་དོན་བསྒྲུབཿ འཁོར་བ་དོང་ནས་སྤྲུགས་པར་དམ་བཅས་ཀྱངཿ དམ་ཉམས་དགྲ་གདོན་འདི་ཡིས་དབང་མ་སྟེརཿ ཉི་ལྟར་གསལ་ཡང་སྤྲིན་ལྟར་བསྒྲིབ་ནས་བྱུངཿ ཉ་ལྟར་བྲོས་ཀྱང་ཁྱི་ལྟར་དེད་ཅིང་མནརཿ རི་ལྟར་བརྟན་ཡང་ཐོག་ལྟར་བཤིགས་ནས་བྱུངཿ ང་ནི་མ་ཉེས་དཔང་དུ་དཀོན་མཆོག་བཞུགསཿ ཐོག་མཐའ་བར་གསུམ་བསམ་སྦྱོར་མ་ལན་ནོཿ ལས་ངན་སྡིག་ལྡན་དགྲ་གདོན་བྱད་མ་འདིསཿ བླ་མ་ལ་སྡང་བཀའ་དྲིན་ཁྱད་དུ་བསདཿ སངས་རྒྱས་ལ་སྡང་སྐུ་རྟེན་ལྷ་ཁང་བཤིགསཿ དམ་ཆོས་ལ་སྡང་རྒྱལ་བཀའ་ཁྱད་དུ་བསདཿ དགེ་འདུན་ལ་སྡང་འཕྲོག་བཅོམ་སྡུག་ལ་སྦྱོརཿ གསང་སྔགས་ལ་སྡང་སྦྱོར་སྒྲོལ་སྒོ་མང་བགགསཿ ལྟ་བ་ལ་སྡང་བསྒྲུབ་རྒྱུད་བསྟན་པ་བཤིགསཿ སྒོམ་པ་ལ་སྡང་ཐ་སྙད་ཚིག་ཚོགས་སྤེལཿ སྤྱོད་པ་ལ་སྡང་ལོག་ལྟ་སྒྲོ་བཀུར་བཏབཿ སེམས་ཅན་ལ་སྡང་ཉེས་མེད་སྡུག་ལ་སྦྱོརཿ མཚམས་མེད་ལྔ་དང་མི་དགེ་བཅུ་པོར་སྤྱོདཿ རང་གཞན་བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐམསཿ ནད་མཚོན་དུག་གི་སྣ་འདྲེན་འགྲོ་བ་མནརཿ བསྟན་སེལ་སྡེ་འཁྲུགས་ལོ་ཉེས་སད་སེར་དངཿ ཡི་གེ་སྣ་ཚོགས་བདུད་སྤྲུལ་ཕྲིན་ལས་སྤེལཿ ཆོས་བཞིན་སྤྱོད་པའི་སྲོག་ལ་ཧུར་ཐུམ་བྱསཿ ཞིང་བཅུ་ཚང་ཞིང་ཉམས་པ་བདུན་ལྡན་པའིཿ དགྲ་བོ་བྱད་མ་ལས་ངན་སྡིག་པོ་ཆེཿ རྒྱལ་བསེན་དམ་སྲི་ཀླུ་གཉན་གདུག་པ་ཅནཿ འདི་ཉིད་ཁྲོ་བོ་རོལ་པས་མ་བསྒྲལ་ནཿ རྒྱལ་བ་ཐུགས་རྗེ་ཆེ་ཞེས་རྫུན་དུ་ཟདཿ ཁྲོ་བོ་མཐུ་སྟོབས་ལྡན་ཞེས་སུ་ཡིས་རེཿ མཁའ་འགྲོ་ཕྲིན་ལས་མྱུར་བ་འཇའ་ཚོན་འདྲཿ ཆོས་སྐྱོང་ཕྲིན་ལས་ལྡན་ཞེས་རྨི་ལམ་མཚུངསཿ བདག་ཅག་སེམས་སུན་ཡིད་ཆད་དམ་ཆོས་བོརཿ རྟག་ཏུ་མི་དགེའི་ལས་ལ་མི་སྤྱོད་རེཿ དེ་བས་མངོན་སྤྱོད་ཕྲིན་ལས་དུས་ལ་བབསཿ «གསེར་སྐྱེམས་འཐོར་ཞིང་རོལ་མོ་སྒྲོགསཿ དེ་ནས་དྲག་ཏུ་བསྐུལ་བ་ནིཿ »ཧཱུྃཿ འོག་མིན་དབང་དྲག་རོལ་པའི་ཕོ་བྲང་ནསཿ སངས་རྒྱས་རྣམས་ཀྱི་ཕྲིན་ལས་གཅིག་བསྡུས་དཔལཿ ལྷ་ཡི་ལྷ་མཆོག་ཁྲོ་རྒྱལ་ག་རུ་ཊཿ དུག་ལྔའི་ཚུལ་གྱིས་དུག་ལྔའི་དགྲ་གདོན་འཇོམསཿ དམ་བཅའ་བདུན་ལྡན་སྐུ་ཡིས་སྟོང་གསུམ་ཁྱབཿ ངར་སྐད་དྲག་པོའི་གསུང་གིས་ཁམས་གསུམ་བརྒྱལཿ གཡོ་མེད་རྡོ་རྗེའི་ཐུགས་ཀྱིས་བདག་འཛིན་འཇོམསཿ ལྷ་ཡི་ལྷ་སྟེ་བདུད་ཀྱི་བདུད་ཆེན་པོཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངསཿ གཞི་ལས་མ་གཡོས་གདུག་པ་འདུལ་དོན་དུཿ ཟ་བྱེད་ཚུལ་དུ་སྤྲུལ་པ་མ་བཀྱེས་སམཿ མཉམ་ཉིད་ངང་དུ་ཡལ་བར་མ་དོར་བརཿ སོར་རྟོགས་ཡེ་ཤེས་ཐུགས་རྗེའི་ཤུགས་ཕྱུང་ལཿ བྱ་གྲུབ་ཡེ་ཤེས་འགྲོ་ཁམས་གསལ་བར་གཟིགསཿ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀསཿ བདུད་པོ་མ་ཊཾ་རཱུ་ཏྲ་བསྒྲལ་བའི་ཚེཿ ཕོ་རྣམས་བསྒྲལ་ཞིང་མོ་རྣམས་སྦྱོར་བ་ཡིསཿ དུང་ཕྱུར་མང་པོའི་འགྲོ་བ་དབྱིངས་སུ་དྲངསཿ ལམ་ཅིག་འཁོར་བ་དོང་ནས་སྤྲུགས་པ་ལྟརཿ དཔལ་ཆེན་ཁྱེད་ཀྱི་ཐུགས་དམ་དུས་ལ་བབསཿ སྤྲུལ་པའི་ཁྱུང་ཆེན་དམག་ཚོགས་དུས་ལ་བབསཿ ལས་མཁན་ཁྲོ་བོ་ཁྲོ་མོའི་དུས་ལ་བབསཿ ཡང་སྤྲུལ་ཟ་གསོད་མང་པོའི་དུས་ལ་བསཿ རིག་འཛིན་དཔའ་བོ་མཁའ་འགྲོའི་དུས་ལ་བབསཿ དམ་ཅན་རྒྱ་མཚོ་ལས་ལ་ད་ཆོས་ཤིགཿ དཔལ་ངར་བསྐྱེད་ཕྱིར་རཀྟ་དམར་གྱིས་མཆོདཿ ཡི་དམ་གཟི་བརྗིད་བསྐྱེད་ལ་ང་རྒྱལ་ཕྱུངཿ སྐད་ཅིག་ད་ལྟ་ཉིད་དུ་ཕྲིན་ལས་མཛོདཿ« རཀྟ་སྦྲེང་ཞིང་ཞེ་སྡང་བསྐྱེདཿ དགྲ་གདོན་རཱུ་པར་ཁྲག་གིས་བྲནཿ བསྐྱེད་ཅིང་འགུགས་པའི་རིམ་པ་ནིཿ» ཨེ་ཡཾ་ཛྭ་ལ་རྃཿ མདུན་བསྐྱེད་ཀྱི་ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་འཇིགས་སུ་རུང་བཿ འཆི་བདག་གི་དམག་ཚོགས་སྐར་ལྟར་འཁྲུགས་པའི་དབུས་སུཿ གནམ་ལྕགས་ལས་གྲུབ་པའི་ཁང་སྒྲོམ་ཁ་དོག་ཅིང་མཐིལ་ཡངས་པའི་རྩ་བ་མནར་མེད་དུ་ཟུག་པཿ ནང་རིམ་ནས་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་བརྩེགས་ཤིངཿ མཐའ་སྐོར་དུ་ཉེ་འཁོར་ལྷག་པ་བཅུ་དྲུག་དང་ཉི་ཚེས་བསྐོར་བཿ གཏིང་ན་འདོད་ཆགས་ཀྱི་ཁྲོ་ཆུ་ཁོལ་ཞིངཿ བར་ན་ཞེ་སྡང་གི་བསྐལ་མེ་འབར་བཿ ཁ་ན་གཏི་མུག་གི་མུན་པ་འཐིབ་ཅིང་མཚོན་ཆའི་ཆར་སྣ་ཚོགས་འབེབ་པཿ ལས་མཁན་ཕོ་ཉའི་དམག་ཚོགས་རྒྱོབ་སོད་དྲག་པོའི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་བཞིན་སྒྲོག་པར་བསམཿ རྣྲྀ་ཏྲི་ཤ་ཏྲུཾཿ དེའི་འོག་ཁར་མནར་མེད་ལྕགས་ཁང་འབར་བའི་ནང་དུ་གནོད་བྱེད་དགྲ་གདོན་དམིགས་པའི་ཡུལ་དུ་གྱུར་པ་གང་ཡིན་པ་ཀུནཿ ལུས་མི་ལ་མགོ་བོ་ཐ་དད་ཅིངཿ རྐང་པ་ལྕགས་སྒྲོག་དངཿ ལག་པ་སྦྲུལ་ནག་གིས་བསྡམས་ཤིངཿ མདོག་སྔོ་ལ་ཧཾ་ཞིང་ཁ་ནས་སྨྲེ་སྔགས་སྣ་ཚོགས་དང་ངུ་འབོད་ཀྱི་སྒྲ་སྒྲོགས་པཿ མཆི་མ་ཁྲག་དང་བྱང་སེམས་དཀར་དམར་ཐུར་དུ་འབབ་པཿ གཞན་ཡང་ཀླུ་གཉན་ས་བདག་རྒྱལ་བསེནཿ བཀའ་འགལ་དམ་སྲི་སོགས་ཉམས་པ་ཅན་གྱི་དམག་ཚོགས་དཔག་ཏུ་མེད་པ་ངུ་འབོད་ཀྱི་སྒྲ་དང་བཅས་ཏེ་ཅིབ་ཅིབ་བསྐོར་བར་བསམཿ སྙིང་ཁར་སྲོག་གི་སྙིང་པོ་དགྲ་ལ་རྣྲྀ་དང་བགེགས་ལ་ཏྲིཿགཞན་ཡང་སོ་སོའི་སྲོག་གི་ས་བོན་དང་བཅས་པ་གསལ་བར་གྱུརཿ ན་མོཿ རྒྱལ་བ་དགོངས་པའི་བརྒྱུད་པཿ རིག་འཛིན་བརྡ་ཡི་བརྒྱུད་པཿ གང་ཟག་སྙན་ཁུངས་སུ་བརྒྱུད་པཿ མཁའ་འགྲོ་གཏད་རྒྱའི་བརྒྱུད་པཿ སྨོན་ལམ་དབང་བསྐུར་གྱི་བརྒྱུད་པཿ ཤོག་སེར་ཚིག་གི་བརྒྱུད་པཿ མན་ངག་ལུང་གི་བརྒྱུད་པཿ གྲུབ་ཐོབ་རྣལ་འབྱོར་གྱི་བརྒྱུད་པཿ ཐུགས་རྗེ་བྱིན་རླབ་ཀྱི་བརྒྱུད་པ་སྟེཿ བརྒྱུད་པ་དགུ་ལྡན་གྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དངཿ ཕྱོགས་བཅུ་དུས་གསུམ་གྱི་ཐུགས་རྗེའི་བདག་ཉིད་སྟོན་པ་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དངཿ སྐྱོབ་པ་དམ་ཆོས་རྣམས་ཀྱི་བཀའ་བདེན་པ་དངཿ འདྲེན་པ་ལུང་རྟོགས་མཐར་ཕྱིན་གྱི་དགེ་འདུན་རྣམས་ཀྱི་བཀའ་བདེན་པ་དངཿ རྒྱལ་བ་རྣམས་ཀྱི་ཐུགས་རྗེ་གཅིག་བསྡུས་རིག་འཛིན་གྱི་སློབ་དཔོན་པདྨ་ཀཱ་ར་དང་དབྱེར་མ་མཆིས་པའི་དྲིན་ཆེན་རྩ་བའི་བླ་མ་བཀའ་དྲིན་ཅན་གྱི་བཀའ་བདེན་པ་དངཿ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་པ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དངཿ ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དངཿ དཔལ་ཆེན་ཁྲག་འཐུང་ཁྲོ་བོ་རོལ་བའི་དཀྱིལ་འཁོར་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དངཿ ཁྲོ་རྒྱལ་ཀུན་གྱི་མཐུ་སྟོབས་ནུས་པ་གཅིག་ཏུ་བསྡུས་པའི་རང་གཟུགས་ཟ་བྱེད་ཁྱུང་ཆེན་བདུད་འདུལ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དངཿ ཡེ་ཤེས་དང་དམ་ཚིག་ལས་དང་འཇིག་རྟེན་གྱི་རིགས་ལྔའི་མཁའ་འགྲོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དངཿ དཔའ་བོ་མཁའ་འགྲོ་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དངཿ ཕོ་རྒྱུད་ཀུན་འདུས་མ་ནིང་ནག་པོཿ མོ་རྒྱུད་ཀུན་འདུས་སྔགས་ཀྱི་སྲུང་མཿ བསྟན་དགྲའི་གཤེད་མ་དྲང་སྲོང་ཆེན་པོཿ ལས་ལ་དབང་སྒྱུར་དགེ་བསྙེན་བསྙོ་ཁཿ དྲག་རྩལ་ཐོག་མེད་བདུད་མགོན་མིང་སྲིངཿ གཞན་ཡང་གསང་སྔགས་བཀའ་ཡི་བྱ་རཿ རྡོ་རྗེ་ལེགས་པ་སོགས་དམ་ཅན་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དངཿ རྣལ་འབྱོར་པ་བདག་ཅག་གི་འགོ་བའི་ལྷ་ལྔཿ སྐྱོབ་པའི་ལྷ་དགུཿ སློབ་དཔོན་རྒྱུད་ཀྱི་སྲུང་མཿ ཕ་མྱེས་བརྒྱུད་ཀྱི་སྲུང་མཿ འཛམ་གླིང་སྐྱོང་བའི་དཀར་ཕྱོགས་ཟོ་དོར་མཐུ་བོ་ཆེ་རྣམས་ཀྱི་བཀའ་བདེན་པ་དངཿ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པའི་བྱིན་རླབས་ཀྱིཿ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲཿ དཀོན་མཆོག་གསུམ་གྱི་བསྟན་དགྲཿ རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲཿ སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པཿ ཁྱད་པར་དུ་ཡང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་གྲྭ་སྡེ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལཿ བྲ་བོ་བཞིན་དུ་ཟུར་སྟོན་པཿ གཅན་གཟན་བཞིན་དུ་ཁ་གདངས་པཿ བྱ་ནག་བཞིན་དུ་ཀླད་ནས་ལྡིང་བཿ ཁྱི་ནག་བཞིན་དུ་རྗེས་སུ་འབྲང་བཿ ལེགས་ན་མི་དགའ་ཉེས་ན་དགའ་ཞིངཿ བསམ་པ་ངན་ཞིང་སྦྱོར་བ་རྩུབ་པཿ སྔ་དགྲ་ལག་གིས་བསྡར་བཿ ཕྱི་དགྲ་ཡིད་ལ་རློམ་པཿ ད་དགྲ་ཐད་དུ་ལང་བའི་དགྲ་བོ་རྣམས་དང་ཿ ཚེ་སྲོག་ལ་བར་དུ་གཅོད་བར་རློམ་པའི་བྱད་མཿ རླུང་ལ་འཁོར་ལོ་བསྐོར་ཞིངཿ ས་ལ་མནན་པཿ མེ་ལ་སྦྱིན་སྲེགསཿ ཆུ་ལ་གཏད་ཁྲམཿ སྡེབ་ཤོར་ཧོམ་དང་ཕུར་ཟོར་གཏོར་ཟོར་འཕེན་པའི་རིགས་སུ་གཏོགས་པ་རྣམས་དངཿ བདག་དང་བསྲུང་བྱའི་ཚེ་བསོད་སྟོབས་འབྱོར་ལ་བར་དུ་གཅོད་པར་བྱེད་པའི་གཟུགས་མེད་ཀྱི་གདོན་བགེགསཿ ས་བདག་ཀླུ་གཉནཿ སྡེ་བརྒྱད་འབྱུང་པོཿ ཕོ་གདོན་རྒྱལ་པོཿ མོ་གདོན་སྲིན་མོཿ གནའ་འདྲེ་རྙིང་པཿ ད་འདྲེ་གསར་པཿ ཡུལ་འདྲེ་འཁྱམས་པོཿ ཟ་འདྲེ་ཤི་གཤེདཿ སྲོག་གཅོད་དབུགས་ལེནཿ ཚེ་ལེན་མདངས་འཕྲོགཿ གསོན་བདུད་གཤིན་ལྕགསཿ དམ་སྲི་ཆེ་སྲིཿ དར་སྲི་དུར་སྲིཿ ཆུང་སྲི་རྒབ་འདྲེཿ ཡུལ་འདྲེ་ཐེའུ་རངཿ འབྱུང་པོའི་རིགས་སུ་གཏོགས་པ་རྣམས་དངཿ ཡང་དངོས་སུ་དམིགས་པའི་ཡུལ་དུ་གྱུར་པ་གང་ཡིན་པཿ བདག་མདུན་གྱི་ཐུགས་ལས་སྤྲུལ་པའི་ལས་ཀྱི་ཕོ་ཉ་ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངསཿ ཞགས་པ་ཅན་གྱིས་མགུལ་ནས་ཆིངསཿ ལྕགས་སྒྲོགས་ཅན་གྱིས་ཡན་ལག་སྡོམསཿ དྲིལ་བུ་ཅན་གྱིས་མྱོས་སུ་ཆུགཿ ཐོ་བ་ཅན་གྱིས་རྒྱབ་ནས་དེདཿ དུག་རླངས་ཅན་གྱིས་འཐིབས་སུ་ཆུག་ལཿ མཐོ་རི་བོའི་རྩེཿ དམའ་རྒྱ་མཚོའི་གཏིངཿ བར་གླིང་བཞི་གླིང་ཕྲན་བརྒྱདཿ ས་འོག་ས་སྟེང་ས་བླ་ཉི་ཟླའི་གོ་བརཿ བསྲུང་བའི་གུར་ཁང་གང་དུ་གནས་ཀྱངཿ སྐད་ཅིག་རང་དབང་མེད་པར་ར་ལུག་སེར་བས་བསྡུས་པའམཿ ནག་ཆེན་བཙོན་དོང་དུ་ཁྲིད་པ་བཞིན་ད་ལྟ་ཉིད་དུ་ཁུག་ཅིགཿ གཤིན་རྗེའི་ཕོ་ཉས་ནམ་མཁའ་ལ་ཕྱོརཿ བར་སྣང་ལ་གཡུགཿ ས་གཞི་ལ་རྡེབ་ཅིངཿ ལྕགས་ཁང་གི་རཱུ་པ་རྟེན་དང་གཉིས་སུ་མེད་པར་ཁུག་ཅིགཿ དབྱེར་མེད་དུ་བསྟིམས་ཤིགཿ «བླ་འགུགས་སྔགས་བཟླས་དམིགས་པས་གཅུནཿ རྐང་གླིང་བཤུགས་གླུའི་སྒྲ་དང་བཅསཿ ཕོ་ཉ་ལས་ལ་བསྐུལ་བ་ནིཿ »བྷྱོཿ ཁྲག་འཐུང་ཐུགས་ལས་སྤྲུལ་པ་ཡིཿ བླ་འགུགས་སྤྲུལ་པའི་ཕོ་ཉ་མོཿ ལྕགས་ཀྱི་སྤྱང་ཀུ་སྔོན་མོ་ལཿ མཐིང་གི་བུད་མེད་སྔོན་མོ་ཞོནཿ དུང་གི་རྒྱ་ཁྲ་ཧོར་པ་ལཿ དུང་གི་བུད་མེདདཀར་མོ་ཞོནཿ གསེར་གྱི་རྒྱ་སྟག་སེར་པོ་ལཿ གསེར་གྱི་བུད་མེད་སེར་མོ་ཞོནཿ ཟངས་ཀྱི་འཕར་བ་དམར་པོ་ལཿ བྱི་རུའི་བུད་མེད་དམར་མོ་ཞོནཿ གཡུ་ཡི་སྦྲུལ་ནག་རེ་འབྱམས་ལ༔ གཡུ་ཡི་བུད་མེད་སྔོན་མོ་གཞོནཿ ཀླད་ལ་བླ་བྱ་རང་མདོག་ལྡིངཿ རོལ་དུ་བླ་ཁྱི་རང་མདོག་ཁྲིདཿ སྔུན་དུ་བླ་འཛིན་རང་མདོག་རྒྱུགཿ སོ་སོར་གཅེར་བུ་རལ་པ་ཅནཿ མི་ལྤགས་གཡང་གཞི་སྟོད་ལ་དཀྲིསཿ གཟིག་གི་ལྤགས་པའི་ཤམ་ཐབས་ཅནཿ སྣུམ་དང་ཁྲག་གི་ཐིག་ལེས་བརྒྱནཿ ལག་པ་གཡས་ན་ལྕགས་ཀྱུ་དངཿ གཡོན་པས་རླུང་གི་ཞགས་པ་འཕེནཿ བླ་འཛིན་དྲ་བ་མཆན་དུ་བཅུགཿ སྟོང་གསུམ་སྐད་ཅིག་ཉིད་ལ་བསྐོརཿ ཚངས་པའི་ལྷ་ཡང་ཐོགས་མེད་འཛིནཿ དཔལ་ཆེན་འབར་བའི་ཕོ་ཉ་སྟེཿ དྲག་པོའི་ལས་ལ་མྱུར་དུ་རྒྱུགཿ བཤུག་པའི་གླུ་ལེན་ཀྱུ་རུ་རུཿ དུས་དྲུག་བླ་དང་སྲོག་ལ་འཛབཿ ཞེ་ལ་བརྣག་ཅིང་མྱུར་དུ་འགུགསཿ དཀྱིལ་འཁོར་ཀུན་གྱི་མཐའ་ཉུལ་བའིཿ ལས་ལ་བསྐུལ་ལོ་དྲག་ཏུ་རྒྱུགཿ དམིགས་པ་གང་ཡིན་བཟུང་ལ་ཤོགཿ བླ་སྲོག་རྣམ་ཤེས་རྟེན་དང་བཅསཿ ལྷང་ལྷང་ཙེར་ཙེར་མྱུར་དུ་ཁུགཿ བླ་རྟགས་དོན་སྙིང་དངོས་སུ་སྟོནཿ སྐད་ཅིག་རིངས་བར་རྟེན་ལ་བསྟིམསཿ «ཅེས་བརྗོད་བླ་འགུགས་སྔགས་འདི་བཟླཿ »ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་མ་མ་རཀྨོ་ཁ་དུན་རྦད་རྦདཿ རྒྱུག་རྒྱུགཿ བྲེང་བྲེང་ཿ ཤག་ཤགཿ དགྲ་གདོན་དམིགས་པའི་ཡུལ་དུ་གྱུར་པའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམཿ ཤ་མ་ར་ཏི་ཐུལ་ཐུལཿ མྱོག་མྱོགཿ ཡེད་ཡེདཿ ཤ་མར་ཏི་ཁུག་ཁུགཿ ཨ་ཡ་མ་དུ་རུ་ཙ་ཤ་ན་རྣྲྀ་ཏྲི་ཤ་ཏྲུཾ་ཨ་མུ་ཀ་དགྲ་གདོན་བྱད་མའི་བླ་རྟེན་ཚེ་རྟེན་སྲོག་རྟེན་སྲོག་ཨང་ཀུ་ཤ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿ «བླ་རྟགས་མ་ཐོན་པར་དག་ཏུཿ འགུགས་གཞུག་བསྐུལ་སྔགས་སྤེལ་ཞིང་འབདཿ དེ་ནས་ལྷ་དང་དབྱེ་བ་ནིཿ གུ་གུལ་བྱི་ལ་ནག་པོའི་བྲུནཿ རྟ་བོན་ཡུག་སའི་ལྷམ་འབོལ་དང་༔ མུ་ཟི་ནག་པོའི་དུད་པ་བཏང༔» བྷྱོ༔ ཁ་ཁ་མ་ཁ་མཐུ་མོ་ཆེཿ ཧཱུ་ལུ་མུ་ཁ་སྟོབས་རྩལ་ལྡནཿ སྡང་དགྲ་བྱད་མ་ལས་ངན་གྱིཿ འགོ་བའི་ལྷ་དང་མྱུར་སྐྱོབས་ཀྱི༔ ལྷ་སྲུང་གཉེན་པོ་ཐམས་ཅད་ཀུནཿ སྟོབས་རྩལ་ཤུགས་ཀྱིས་དབྱེ་བ་ཤོག༔ སྡེ་བརྒྱད་ཀླུ་གཉན་འབྱུང་པོ་ཡི༔ སྡོང་ཟླ་རྒྱབ་རྟེན་ཚོགས་རྣམས་ཀུནཿ ཤོག་སྐྱ་རླུང་གིས་དེད་བཞིན་ཕྲོལ༔ འདི་དག་མགོན་སྐྱབས་བྱེད་གྱུར་མ༔ ཡེ་ཤེས་ལྷ་ནི་དམ་ཚིག་ཉམསཿ འཇིག་རྟེན་པ་རྣམས་བརླག་པར་བྱེདཿ དེ་བས་ཉ་མོ་ཆུ་ཕྲལ་བཞིན༔ རང་རང་སོ་སོའི་གནས་སུ་དེངས༔ ལས་མཁན་གཉིས་ཀྱིས་མཚམས་ཆོད་ཅིག༔ རྣྲྀ་ཏྲི་ཨ་ཀརྴ་ཡ་རྡེ་ཝ་ཕྱེ་ལ་ཕྱེ་ལ༔ ཨ་བྱིང༔ ཨ་འཐིབས༔ ཨརྨུག༔ གཏོར་གཏོར༔ སརྦ་ཁ་ཁ་ཧུ་ལུ་བྲེར་ཤ་རྒྱུག༔ ཕྱེར་ཡ་ཕྱེར་ཡ་ཕཊ༔ «དམིགས་པའི་འཁྲུལ་འཁོར་གནར་དུ་བསྡུམ༔ དེ་ནས་གསལ་བ་གསུམ་ལྡན་གྱིས༔ བསྒྲལ་བའི་ལས་ལ་འཇུག་པ་ནི༔ རྡོ་རྗེ་ཕུར་པ་ལག་ཏུ་ཐོག༔ »ཧཱུྃ༔ རང་ཉིད་དཔལ་ཆེན་སྐུར་གསལ་བའི༔ ཕྱག་སོར་རིགས་ལྔ་ཡབ་ཡུམ་བཅུ༔ སྦྱོར་མཚམས་ལས་བྱུང་སྲས་མཆོག་ནི༔ ཁྲོ་རྒྱལ་བཛྲ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་ཆེན་པོ་ལ༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལཿ ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར༔ གློག་སྟོང་འཁྱུག་ཅིང་ཐོག་སེར་འབེབས༔ ཞལ་ནས་དྲག་པོའི་སྔགས་སྒྲ་སྒྲོགས༔ ཐུགས་ཀའི་འོད་ཀྱིས་ཁྲོ་རྒྱལ་གྱིསཿ མཐུ་སྟོབས་ནུས་པ་ཀུན་བསྡུས་ནསཿ བཀྲག་མདངས་གཟི་བརྗིད་རྒྱས་པར་གྱུརཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཞིངཿ གདུག་པ་མ་ལུས་འདུལ་བ་ཡིཿ མཐུ་སྟོབས་ཐོགས་མེད་རྫུ་འཕྲུལ་ལྡནཿ དྲག་པོའི་ལས་ལ་གཏུམ་རྔམས་འབརཿ ཨོཾ་བཛྲ་ཀྲོ་ཏ་རཱ་ཛ་ག་རུ་ཊ་ཙ་ལེ་ཙ་ལེ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིག་ནན་གནོད་བྱེད་དགྲ་གདོན་མཱ་ར་ཡ་ཕཊཿ «ཕུར་བསྐོར་བྱ་ཞིང་ཚེ་ཁྲུས་ཀྱིཿ དམིགས་གནད་ཏིང་འཛིན་གསལ་བཏབ་ལཿ »ཧཱུྃཿ སྙིང་རྗེ་ཁྲོས་པས་ཞེ་སྡང་གཅོདཿ ཁྱུང་ཆེན་ཕོ་ཉ་ཀཱི་ལ་ཡཿ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམསཿ སྐུ་སྨད་ཟུར་གསུམ་རྣོ་ངར་འབརཿ དགྲ་གདོན་སྙིང་གི་དཀྱིལ་དུ་གཟིརཿ རཀྟའི་དྭངས་མ་ཧུབ་ཀྱིས་འཐུངཿ ཚེ་སྲོག་རྣྲྀ་ཡིག་འུབ་ཀྱིས་དྲངསཿ བདག་ལ་ཐིམ་ཞིང་དངོས་གྲུབ་ཐོབཿ སྲོག་གི་མེ་སྟག་ཐིམ་གྱིས་བསདཿ རྣམ་ཤེས་ཨཱཿཡིག་ཁོང་སེང་བརྒྱུདཿ མདུན་བསྐྱེད་དཔལ་ཆེན་ཐུགས་ཀར་སྤརཿ སྒྲོལ་བ་ཆེན་པོའི་ང་རྒྱལ་ཆེསཿ ཕྲག་དོག་འཁོར་བའི་སྐྱེ་སྒོ་བཅདཿ ཆགས་པ་ཆེན་པོ་ཡུམ་གྱི་ཀློངཿ གཏི་མུག་རྡོ་རྗེ་མངོན་སངས་རྒྱསཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རྣྲྀ་ཏྲི་ཤ་ཏྲུམ་མ་ར་ཡ་ཕཊཿ ཨཿ ཨཱཿ ཨཱཿ ཕཊཿ ཕཊཿ ཕཊཿ «ཐུགས་རྗེ་རྗེས་སུ་འཛིན་པ་ཡིཿ སྒྲོལ་བ་སྙིང་རྗེ་ཆེན་པོའི་གནདཿ དམ་ཚིག་ལྡན་པའི་རྣལ་འབྱོར་བའིཿ ཉམས་ལེན་བླ་ན་མེད་པའོཿ དུག་ལྔ་ཡེ་ཤེས་ལྔ་དག་ཕྱིརཿ དྲག་པོ་ཐུན་གྱིས་བྲབ་བྱས་ལཿ »ཧཱུྃཿ ཡུངས་ཀར་ཀེ་ཚེ་ཤང་ཚེ་དངཿ ལྕགས་ཟངས་རྡོ་ཕྱེ་དུག་སྣ་གསུམཿ མཛེ་ཡུགས་དམེ་ཁྲག་སྦྱར་བ་ཡིཿ དྲག་པོའི་ཐུན་རྫས་དབབ་པ་ཡིསཿ བྱད་མའི་བསམ་སྤྱོད་ངན་པ་བཤིགསཿ དགྲ་གདོན་ལུས་ངག་རྡུལ་དུ་རློགཿ སྟོབས་ནུས་མཐུ་རྩལ་མེད་པ་དངཿ མ་རིག་གཟུང་འཛིན་དབྱིངས་སུ་དགཿ ཁྲོཾ་ཀྲོ་ཏ་རཱ་ཛ་ག་རུ་ཊ་ཙ་ལེ་ཙ་ལེ་ནག་པོ་ཀ་ལ་རཀྴ་རྦད་རྦདཿ སོད་སོདཿ སྤུ་གྲི་ཟིང་ཟིངཿ ལྕགས་ཀྱི་སྡེར་མོས་གནོད་བྱེད་གདུག་པའི་སྙིང་ལ་ཟུང་ཿ ཏྲིག་ནནཿ རྣྲྀ་ཏྲི་མཾ་ས་རཀྟ་ཙིཏྟ་ཀཱ་ཝཱ་ཙི་རླག་རླགཿ རི་རེཿ ཛྭ་ལ་རཾཿ མཱ་ར་ཡ་རྦད་ཕཊཿ «སྤུ་གྲི་འབར་བས་ལུས་གཏུབ་ཅིང་ཿ» བྷྱོཿ ཁྱུང་ཆེན་ཐུགས་ལས་སྤྲུལ་པའི་སྲསཿ སྤུ་དྲི་རླུང་གི་འདབ་ཤོག་ཅནཿ སྒྲོལ་བྱེད་ཤན་པའི་དམག་ཚོགས་ཀྱིསཿ དགྲ་གདོན་ལྔ་ཕུང་དུམ་བུར་གཏུབསཿ རིག་པ་ཡེ་ཤེས་མཚོན་ཆེན་གྱིསཿ མ་རིག་གཟུང་འཛིན་དབྱིངས་སུ་བསྒྲལཿ ཤ་ཁྲག་ནང་ཁྲོལ་རུས་པ་ཡིཿ ཟག་མེད་ཚོགས་ཀྱི་ལོངས་སྤྱོད་གྱུརཿ ཨོཾ་གིང་ཀ་ར་གིང་ཀ་ར་རྣ྄ྀ་ཏྲི་ཤ་ཏྲཾ་ཨ་མུ་ཀ་མཱ་ར་ཡ་ཕཊཿ «སྨན་དང་རཀྟ་བྲན་གྱིས་ལཿ »ཨོཾ་ཨཱཿཧཱུྃཿ«གིས་བྱིན་གྱིས་བརླབསཿ »ཧཱུྃཿ གཏི་མུག་ཤ་ཆེན་འབར་བ་འདིཿ ཁྲོ་རྒྱལ་ལྷ་ཚོགས་ཞལ་དུ་འབུལཿ ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོགཿ འདོད་ཆགས་རཀྟའི་རྒྱ་མཚོ་འདིཿ ཁྲག་འཐུང་ལྷ་ཚོགས་མཆོད་པར་བཞེསཿ སོར་རྟོགས་ཡེ་ཤེས་མངོན་གྱུར་ཤོགཿ ཞེ་སྡང་རུས་པ་ལྷ་བར་བཅསཿ བྱ་གྲུབ་རྒྱལ་པོའི་ཞལ་དུ་འབུལཿ མེ་ལོང་ཡེ་ཤེས་རྟོགས་པར་ཤོགཿ ཕྲག་དོག་ཞེ་སྡང་སྣོད་དྲུག་པོཿ དཀྱིལ་འཁོར་ལྷ་ཚོགས་ཚོགས་སུ་རོལཿ བྱ་གྲུབ་ཡེ་ཤེས་འབྲས་སྨིན་ཤོགཿ ང་རྒྱལ་ཞིང་ཆེན་ཞིང་ཆུང་ལྤགསཿ ཧེ་རུ་ཀ་དཔལ་སྐུ་ལ་གསོལཿ མཉམ་ཉིད་ཡེ་ཤེས་མངོན་འཚངས་རྒྱཿ ཁམས་གསུམ་འཁོར་བ་དོང་སྤྲུགས་ནསཿ གཞོན་ནུ་བུམ་སྐུར་གྲོལ་བར་ཤོགཿ མ་ཧཱ་པཉྩ་ཨ་མྲྀ་ཏ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧཱིཿ ཨ་ལ་ལ་ཧོཿ «བསྒྲལ་མཆོད་དམིགས་པ་མཐར་ཕྱིན་ནསཿ ཡང་དག་དོན་ལ་དར་གཅིག་བཞགཿ དཔའ་བོ་དཔའ་མོ་ཚོགས་ལ་རོལཿ »ཧོཿ ཆགས་ཆེན་ཡུམ་གྱི་པདྨོ་ནཿ འདོད་པའི་རྒྱལ་པོའི་རྡོ་རྗེ་བསྣུནཿ གཟུང་འཛིན་རྣམ་ཤེས་ཚོགས་བརྒྱད་བཅོམཿ རིག་པ་ཡུམ་གྱི་མཁའ་ཀློང་ནསཿ ཡེ་ཤེས་དབུ་མའི་ལམ་བརྒྱུད་དེཿ ཆོས་སྐུ་སྐྱེ་མེད་ཀློང་དུ་སྤརཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཿ ཨཱཿཕཊཿ «སྦྱོར་སྒྲོལ་འབྲས་བུའི་མཐར་ཐུག་གོཿ ལྷག་མའི་གཏོར་མ་འབུལ་བ་ནིཿ བྷནྡྷའི་སྣོད་དུ་གཙང་ལྷག་བསགསཿ བདུད་རྩི་ཆང་དང་ཁྲག་གིས་བྲནཿ དམ་ཉམས་བླ་སྲོག་དགུག་གཞུག་བྱཿ བྱིན་གྱིས་བརླབས་ལ་འདི་སྐད་དོ།» བྷྱོཿ ཉི་ཤུ་རྩ་བཞིའི་གནས་ཡུལ་ནསཿ ཤ་ཟ་འཇིག་རྟེན་མཁའ་འགྲོ་མཿ བུད་མེད་ལུས་ལ་ཁྲོ་མོའི་གཟུགསཿ རལ་པ་སྙིལ་ཞིང་གཡང་གཞི་གྱོནཿ སྣུམ་དང་ཁྲག་གི་ཐིག་ལེས་བརྒྱནཿ མཆེ་བ་གཙིགས་ཤིང་མཚན་མ་བསྒྲདཿ བཤུགས་གླུ་ལེན་ཞིང་གད་རྒྱངས་སྒྲོགསཿ ཤ་ལ་གདུང་ཞིང་ཁྲག་ལ་རྔམསཿ སྣ་ཚོགས་མདོག་ཅན་མྱུར་དུ་ཤོགཿ རང་རང་བཀའ་འཁོར་བྲན་གཡོག་བཅསཿ སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའིཿ བཀའ་དང་དམ་ལས་མ་འདའ་བརཿ དམ་ཚིག་གཉན་པོ་དྲན་པར་གྱིསཿ གསང་སྔགས་ཁྱད་གསོད་བླ་མ་སྡང་ཿ སློབ་བུ་དམ་ལོག་མི་མ་ཡིནཿ སློབ་དཔོན་བཀའ་ལས་འདའ་བ་ཀུནཿ ཁྱོད་ཀྱི་ཟས་སྐལ་གཏད་པ་བཞིནཿ ལྷག་གཏོར་འདི་དང་མཉམ་དུ་བཞེསཿ ལྷག་མ་རྗེས་ཤུལ་མེད་པར་མཛོདཿ ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ཅིང་ཿ དམ་ལྡན་འགྲོ་དོན་རྒྱས་པར་མཛོདཿ མ་ཧཱ་བྷ་ལིང་ཏ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཕཊཿ «གཙང་མའི་གནས་སུ་དོར་བྱས་ལཿ བཙོག་ལྷག་ཨ་ཀཱ་རོ་ཡིས་བརླབསཿ »ཀྱཻཿ དཀར་ཕྱོགས་སྐྱོང་བའི་འབྱུང་པོའི་ཚོགསཿ ཕ་འབབ་ཚོགས་ཀྱི་ལྷག་མ་རོལཿ ཁྱེད་ཅག་གསང་སྔགས་གྲལ་དུ་ཚུདཿ མི་ཟད་གཏེར་ལ་ལོངས་སྤྱོད་ནསཿ བྱང་ཆུབ་སེམས་ཀྱིས་རྒྱུད་གྲོལ་ཞིངཿ སྤྲུལ་སྐུའི་ཞིང་དུ་མངོན་འཚང་རྒྱཿ བཀའ་དང་དམ་ལས་མ་འདའ་ཞིག །ས་མ་ཡཱཿ ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧིཿ« བཙོག་ལྷག་དང་བཅས་ཕྱི་རོལ་དོརཿ སླར་ཡང་ཐུགས་དམ་བསྐུལ་བ་ནིཿ »ཧཱུྃཿ ལྷ་ཡི་ལྷ་མཆོག་ཁྲོ་རྒྱལ་ག་རུ་ཊཿ ཁྱེད་ཐུགས་ཡེ་ནས་མངོན་པར་བྱང་ཆུབ་ཀྱངཿ འགྲོ་བའི་དོན་དུ་དྲག་པོའི་སྐུར་བསྟན་ཞིངཿ ལས་ངན་གདུག་པ་འདུལ་བར་ཐུགས་བསྐྱེད་བཞིནཿ རྔམས་པའི་སྟབས་ཀྱི་ཐུགས་རྗེའི་གར་བསྒྱུར་ལཿ རྒྱལ་བ་སྲས་བཅས་ཐུགས་དམ་གནད་ནས་བསྐུལཿ དཀྱིལ་འཁོར་ལྷ་ཚོགས་མ་གཡེལ་ལས་ལ་དགོངསཿ ཨ་བྷི་ཙཱརྱའི་ཐུགས་དམ་དུས་ལ་བབཿ ལས་ཀྱི་འབྲས་བུ་དུས་འདིར་མཆིས་པར་མཛོདཿ« བཟློག་པའི་ཕྲིན་ལས་བཅོལ་བ་ནིཿ »ཧཱུྃཿ རྒྱལ་བ་རྣམས་ནི་ཞི་ལས་མ་གཡོས་ཀྱངཿ ལུང་མ་བསྟན་ལས་རྩལ་སྣང་འཁྲུལ་པ་ཤརཿ མ་རིག་གཟུང་འཛིན་འཁོར་བ་འཁྱམས་པ་ཡིཿ དུག་ལྔའི་དབང་གིས་བག་ཆགས་སྣ་ཚོགས་བསགསཿ དེས་རྐྱེན་འགྲོ་བ་རིགས་དྲུག་སྡུག་བསྔལ་སྤྱོདཿ བྷུདྡྷ་རྣམས་ཀྱི་ཡེ་ཤེས་སྤྱན་གྱིས་གཟིགསཿ སྙིང་རྗེ་ཆེན་པོ་ས་ཏྭའི་ཤུགས་ཕྱུང་ནསཿ ཀྲོ་ཏ་རཱ་ཛས་ཕྲིན་ལས་གཅིག་ཏུ་བསྡུསཿ ཁྲག་འཐུང་ག་རུ་ཊ་ཡི་སྐུར་བཞེངས་པཿ ཁྱོད་ནི་རྩེ་ཅིག་བསྙེན་པ་སྒྲུབ་པ་ཡིསཿ སྐྱེ་འགྲོའི་བདེ་སྐྱིད་སྤེལ་ཞིང་རྐྱེན་ངན་བཟློགཿ འགྱུར་མེད་སྐུ་མཆོག་ནམ་མཁའི་མདོག་ལྟ་བུསཿ གཟུང་འཛིན་བག་ཆགས་མཚན་མའི་རྟོག་པ་འཇོམསཿ སྐུ་གསུམ་འདྲེན་བྱེད་ཉི་ཟླ་སྐར་ཤར་བཞིནཿ ཁམས་གསུམ་སེམས་ཅན་ཐུགས་རྗེའི་ཤུགས་ཀྱིས་འདྲེནཿ མ་རིག་དགྲ་གདོན་ཆོས་ཀྱི་དབྱིངས་སུ་བཟློགཿ བདེན་གཉིས་རྡོ་རྗེའི་རྭ་ཟུང་མཛེས་པ་ཡིསཿ འཁྲུལ་བའི་རྣམ་རྟོག་གློ་བུར་དྲི་མ་འཇོམསཿ ཤེས་རབ་རལ་གྲི་རྣོ་ངར་གཤོགས་པ་གདེངསཿ མ་རིག་འཁོར་བའི་རྒྱུན་ཐག་གཅོད་པར་བྱེདཿ ཉོན་མོངས་དུག་ལྔ་ཡེ་ཤེས་དབྱིངས་སུ་བཟློགཿ གནམ་ལྕགས་ཞུན་མའི་མཆུ་སྡེར་འབར་བ་ཡིསཿ གདུག་པའི་ཀླུ་གཉན་ས་བདག་ཟས་སུ་ཟཿ ཚེམས་དང་མཆེ་བ་དུང་ལྟར་གཙིགས་པ་ཡིསཿ ཆགས་སྡང་སྐྱེ་མཆེད་རྩ་བ་གཅོད་པར་བྱེདཿ སེམས་བྱུང་ལྔ་བཅུ་རྩ་གཅིག་རང་སར་བཟློགཿ ཐབས་ཤེས་ཕྱག་གཉིས་སྲིད་གསུམ་གདུག་པ་འཛིནཿ གློག་དམར་ལྗགས་ཀྱིས་འདོད་ཆགས་ཁྲག་ལ་རྔམསཿ སྡེ་བརྒྱད་འཁྲུགས་པའི་བསམ་སྦྱོར་རང་སར་བཟློགཿ ཁྱུང་ཆེན་ཞབས་གཉིས་རི་བསྙིལ་རྒྱ་མཚོ་སྐེམསཿ གཟའ་ཀླུ་ས་བདག་མ་ལུས་དམྱལ་ཐག་བཅདཿ སྤུ་གྲིའི་མཇུག་སྒྲོས་མཚན་བཅས་དུམ་བུར་གཏུབསཿ ཀླུ་གཉན་ས་བདག་གདུག་རྩུབ་དགྲ་ལ་བཟློགཿ རལ་པ་བསིགས་པས་ཁྲོ་ཁྱུང་ཚྭ་ཚྭ་འཕྲོསཿ སྡེ་བརྒྱད་གཟུགས་ཅན་གཟུགས་མེད་དམྱལ་ཐག་བཅདཿ བསམ་ངན་བྱད་ཕུར་རྦོད་གཏོང་རང་ལ་བཟློགཿ རིན་ཆེན་རུས་རྒྱན་དར་དཔྱངས་སྤྲས་པ་ཡིསཿ འདོད་ཡོན་མ་སྤངས་དངོས་གྲུབ་ཆར་ལྟར་འབེབསཿ སྤྱི་གཙུག་ནོར་བུ་འབར་བ་བརྒྱན་པ་ཡིསཿ འགྲོ་དྲུག་སེམས་ཅན་ཐུགས་རྗེའི་ཤུགས་ཀྱིས་འདྲེནཿ ཉམ་ཐག་འགྲོ་བའི་སྡུག་བསྔལ་རང་སར་བཟློགཿ དབྱིངས་བཞུགས་བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅསཿ འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་དཔག་མེད་པསཿ ཐུགས་དམ་རྒྱུད་བསྐུལ་བཟློག་པའི་ཕྲིན་ལས་མཛོདཿ རྡོ་རྗེ་སློབ་དཔོན་སངས་རྒྱས་འདུས་པའི་དཔལཿ བདག་ཅག་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོཿ མཆེད་དང་ལྕམ་དྲལ་སློབ་མར་བཅས་པ་དངཿ དད་ལྡན་རྒྱུ་སྦྱོར་ཡོན་བདག་བྲན་གཡོག་བཅསཿ ལྷག་བསམ་རྣམ་དག་བྱང་ཆུབ་བསྒྲུབ་པ་ལཿ བར་གཅོད་གཟུགས་ཅན་དགྲ་དང་གཟུགས་མེད་བགེགསཿ བན་བོན་སྔགས་པའི་རྦོད་གཏོང་ངན་སྔགས་དམོདཿ སྡེབ་ཤོར་ཧོམ་དང་གཏད་ཁྲམ་འཁོར་ལོ་བསྐོརཿ ཕུར་པའི་དཔལ་ཁ་གཏོར་ཟོར་དགྲ་ལ་བཟློགཿ ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་རུ་ལངསཿ དགྲ་སྣ་གྱོད་སྣ་དམག་སྣ་དགྲ་ལ་བཟློགཿ ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་དངཿ ཐོག་སེར་རི་རབ་ཤྭ་འུད་ས་གཡོ་བཿ མེ་ཆུང་རླུང་ཆེན་འབྱུང་བའི་གནོད་པ་བཟློགཿ མི་ནད་ཕྱུགས་ནད་གློ་བུར་ཡེ་འདྲོག་དངཿ ནད་རིམས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ བཅིངས་དང་ཆུ་སྲིན་གཅན་གཟན་གནོད་པ་དངཿ སྡེ་བརྒྱ་ཀླུ་གཉན་ས་བདག་གནོད་པ་བཟློགཿ གཞན་ཡང་སེམས་ཅན་དུག་ལྔའི་སྟོབས་ཆེ་བསཿ ལས་ངན་སྤྱོད་པས་བདེ་སྐྱིད་ཉམས་འགྱུར་ཞིངཿ འགྲོ་བའི་སྡུག་བསྔལ་བསྐྱེད་པར་བྱེད་པ་ཡིཿ མི་མཐུན་རྐྱེན་རྣམས་ཐུགས་རྗེའི་ཤུགས་ཀྱིས་བཟློགཿ བཟློག་གོ་དཔལ་ཆེན་དཀྱིལ་འཁོར་ཐུགས་རྗེས་བཟློགཿ བསྒྱུར་རོ་མི་མཐུན་དགྲ་གདོན་སྟེང་དུ་བསྒྱུརཿ ཐན་དང་ལྟས་ངན་རྨི་ལམ་མཚན་མ་ངནཿ མི་བརྫུ་དགུ་རུ་བརྫུ་བའི་ཆོ་འཕྲུལ་དང་ཿ ཚེ་བསོད་སྟོབས་འབྱོར་ཁ་རྗེ་དབང་ཐང་ལཿ གནོད་པར་བྱེད་པའི་མི་མཐུན་ཉེས་པའི་ཚོགསཿ ཁྲོ་རྒྱལ་ཆེན་པོ་ཐུགས་རྗེའི་སྟོབས་ཀྱིས་བཟློགཿ ལྷ་ཡི་དམག་ཚོགས་སྐར་ལྟར་འཁྲུགས་པ་བཟློགཿ གཟའ་ཡི་དམག་ཚོགས་གློག་ལྟར་འཁྱུག་པ་བཟློགཿ བཙན་གྱི་དམག་ཚོགས་མེ་ལྟར་འབར་བ་བཟློགཿ མ་མོའི་དམག་ཚོགས་རླུང་ལྟར་གཡོ་བ་བཟློགཿ བདུད་ཀྱི་དམག་ཚོགས་མུན་ལྟར་འཐིབ་པ་བཟློགཿ ཀླུ་ཡི་དམག་ཚོགས་ཆུ་ལྟར་འཁྲུགས་པ་བཟློགཿ ས་བདག་དམག་ཚོགས་རི་ལྟར་སྙིལ་པ་བཟློགཿ གཤིན་རྗེའི་དམག་ཚོགས་ཐོག་ལྟར་འབེབ་པ་བཟློགཿ རྒྱལ་བོའི་དམག་ཚོགས་བྱ་ལྟར་འཚུབས་པ་བཟློགཿ སྲིན་མོའི་དམག་ཚོགས་ན་བུན་འཐིབ་འདྲ་བཟློགཿ ཐེའུ་རང་དམག་ཚོགས་རྡུལ་ལྟར་འཚུབས་པ་བཟློགཿ རྦོད་གཏོང་དམག་ཚོགས་ཆར་ལྟར་འབེབས་པ་བཟློགཿ མདོར་ན་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ ལྟས་ངན་བརྒྱ་ཅུ་རྩ་གཅིག་སྟོན་པ་དངཿ གློ་བུར་ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་རྐྱེནཿ མི་འདོད་བཀྲ་མི་ཤིས་པའི་དངོས་པོ་ཡིཿ རང་གཞན་སྡུག་ལ་སྦྱོར་བ་བྱེད་པ་ཀུནཿ སྟོབས་འདུས་ཁྲོ་རྒྱལ་དཔལ་ཆེན་ལྷ་ཚོགས་མཐུསཿ བཟློག་ཅིང་བསྒྱུར་རོ་རང་གཤེད་རང་ལ་ཕོབཿ གློ་བུར་རྣམ་རྟོག་བག་ཆགས་དགྲ་གདོན་གཟུགསཿ ཁྱབ་བརྡལ་ཆོས་ཉིད་བདེ་བ་ཆེན་པོའི་ཀློངཿ བདེན་པའི་མཐུས་བཟློག་རང་བྱུང་ཡེ་ཤེས་ཀྱིཿ བཟློག་སྦྱར་འབྲས་བུ་དུས་འདིར་མཆིས་པར་མཛོདཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ཁྲོཾ་བཛྲ་ག་རུ་ཊ་ཙཀྲ་ཛྭ་ལ་རྣྲྀ་ཏྲི་ཤ་ཏྲུཾ་མུ་ཀཿ ཤི་ཏྲི་ཨ་ན་ཡཿ ཤི་ཏྲི་ཨ་ན་ཡཿ རྣྲྀ་ཤ་ཀུ་རུ་རྣྲྀ་ཤ་ཀུ་རུ་མཱ་ར་ཡ་བྷྱོཿ མཱ་ར་ཡ་བཟློགཿ མཱ་ར་ཡ་ཕྱེརཿ སརྦ་ཙིནྡྷ་རཱུ་པ་ད་ཧ་པ་ཙ་ཚིནྡྷ་ཧཱུྃ་ཕཊཿ བྷྱོ་བྷྱོ་བཟློག་བཟློགཿ «བཟློག་སྔགས་རྟགས་ཆེན་དུ་འབདཿ ཐུན་གཏོར་འགུགས་གཞུགས་དྲག་པོ་བྱཿ» རྣྲྀ་ཏྲི་ཤ་ཏྲུཾ་ཨ་མུ་ཀཱ་མཱ་ར་ཡ་ཕཊཿ ཧཱུྃཿ དགྲ་གདོན་བྱད་མ་བསྒྲལ་བ་ཡིཿ ཤ་ཁྲག་རུས་པ་ནང་ཁྲོལ་དང་ཿ སྲོག་དབུགས་ཁ་རྗེ་དབང་ཐང་བཅསཿ ཁྱུང་ཆེན་འབར་བའི་དཀྱིལ་འཁོར་ལྷའིཿ ཞལ་དུ་བསྟབས་སོ་ཁ་རཾ་ཁཱ་ཧིཿ མགུལ་དུ་སྦྲེང་ངོ་ཨ་ར་ལིཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངསཿ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོདཿ རྣྲྀ་ཏྲི་ཤ་ཏྲུཾ་ཨ་མུ་ཀཿ མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིང་ནི་རི་ཏི་ཁ་རཾ་ཁཱ་ཧིཿ «གཏོར་ཆུང་དཀྱིལ་འཁོར་ལྷ་ལ་འབུལཿ »བྷྱོཿ ཁྲོ་རྒྱལ་འབར་བའི་གཏོར་ཟོར་འདིཿ ནད་མཚོན་དུག་གི་རླངས་པ་འཕྱོཿ ཁྲོ་ཆུང་ཕོ་ཉའི་ཚྭ་ཚྭ་འཕྲོསཿ དམ་བཅའ་བཞི་ལྡན་རྡོ་རྗེ་བཞིནཿ འཕང་ནས་ཕྱི་རུ་མི་ལྡོག་སྟེཿ གང་ལ་དམིགས་པ་ཐོགས་མེད་བརླགསཿ སྟོང་གསུམ་དྲེགས་པའི་དམག་ཚོགས་དངཿ སྟོབས་ལྡན་ཐམས་ཅད་ཤུགས་ཀྱིས་འདེདཿ ཕ་རོལ་ཡུལ་ཁམས་སྡེ་དང་བཅསཿ བསྐལ་པའི་མེ་བཞིན་ལྷག་མེད་འཇོམསཿ ཐུགས་རྗེའི་ཤུགས་ཀྱིས་དེ་བསྐྱོད་ལཿ ཐོག་ལྟར་མྱུར་བར་ད་རྒྱུག་ཅིགཿ ཐོགས་མེད་དགྲ་གདོན་སྟེང་དུ་ཕོབཿ ཆོས་ཉིད་སྟོང་པའི་ངང་དུ་སྦྱོངསཿ བྷྱོ་བྷྱོ་བཟློག་བཟློག་མཱ་ར་ཡཿ «དེ་ནས་རྗེས་ཀྱི་རིམ་པ་ལཿ» «སྲུང་མར་གཏོར་འབུལ་ཆད་ཐོ་ནིཿ བྱིན་གྱིས་བརླབས་ལ་འདི་སྐད་དོཿ »ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལཿ འོག་མིན་ཆོས་དབྱིངས་ཕོ་བྲང་དུཿ སྟོན་པ་ཆེ་མཆོག་ཧེ་རུ་ཀསཿ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུཿ ཡེ་ཤེས་ཆེན་པོའི་དབང་བསྐུར་ཚེཿ དབང་ནོད་རྡོ་རྗེའི་དམ་ཚིག་བླངསཿ བར་དུ་མེ་རི་འབར་བའི་གནསཿ ཆེ་མཆོག་དྲག་པོ་ཐོད་ཕྲེང་གིསཿ སྦྱོར་སྒྲོལ་གསང་བའི་དབང་བསྐུར་ཞིངཿ གསང་བའི་མཚན་བཏགས་དམ་ཚིག་བསྒྲགསཿ ཐ་མ་དབང་ཕྱུག་འོག་མིན་དུཿ ཁྲོ་རྒྱལ་སྲས་མཆོག་ག་རུ་ཊའིཿ དྲུང་དུ་ཁས་བླངས་བྲོ་བོར་བའིཿ སྲུང་མ་མཐུ་ལྡན་གདུག་རྩུབ་ལྡནཿ མ་མོ་དྲང་སྲོང་རཱ་ཧུ་ལཿ བདུད་མགོན་སྲོག་བདག་ཤན་པར་བཅས༔ དམ་རྫས་བརྒྱན་པའི་གཏོར་མ་འབུལཿ དགྱེས་པ་ཆེན་པོས་འདི་ལོངས་ལཿ ཆད་ཐོ་མ་གཡེལ་དམ་ཚིག་སྲུངསཿ མངོན་སྤྱོད་དྲག་པོ་རོལ་བ་ཡིསཿ ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོདཿ «བཤལ་ཆུའི་རིལ་བུ་བཅུ་གཉིས་བཅསཿ» ཧྲཱིཿ འཛམ་གླིང་དཀར་ཕྱོགས་སྐྱོང་བ་ཡིཿ བརྟན་མ་ཆེན་མོ་བཅུ་གཉིས་གཙོསཿ དཀར་ཕྱོགས་སྐྱོང་བའི་ཟོ་དོར་ཚོགསཿ ཕམ་ཕབ་བདུད་རྩིའི་གཏོར་མ་ལོངསཿ པདྨ་ཐོད་ཕྲེང་སྤྱན་སྔ་རུཿ ཁས་བླངས་བཞིན་དུ་ཕྲིན་ལས་སྒྲུབསཿ བསྟན་འགྲོའི་བདེ་སྐྱིད་སྤེལ་བ་དངཿ འཁོར་ལ་བཀའ་ཉན་མ་ཆུང་ཞིགཿ མ་མ་སྲིང་འགྲོ་མ་ཏིང་ཏིང་ཤག་ཤག་ས་མ་ཡཿ «ཟོར་ལམ་དབྱེ་ཞིང་ལས་མཇུག་ནིཿ གསེར་སྐྱེམས་སྔོན་དུ་འགྲོ་བ་ཡིསཿ» ཀྱཻཿ དགོངས་ཤིག་དམ་ཅན་རྒྱ་མཚོའི་ཚོགསཿ གསོན་ཅིག་སྣང་སྲིད་དྲེགས་པའི་སྡེཿ གཟིགས་ཤིག་དཀར་སྐྱོང་ཟོ་དོར་ཚོགསཿ འབྲུ་བཅུད་ངར་མའི་ཕུད་དང་ནིཿ རིན་ཆེན་བརྡར་བའི་གསེར་སྐྱེམས་མཚོཿ འབྲུ་སྨན་རོ་ལྡན་བཅུད་ཀྱིས་གཏམསཿ འཛད་པ་མེད་པ་ནམ་མཁའ་མཛོདཿ རོ་བརྒྱ་ནུས་པ་སྟོང་དང་ལྡནཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐངཿ ཀོ་ལོང་རུ་ང་མ་བྱེད་པརཿ དབུ་ཐུམ་ཞབས་བསྐུམས་སྐུ་ཟུར་ལཿ ཟོར་སྣ་དགྲ་གདོན་བྱད་མར་གཏོདཿ ལོ་ཟླ་ཞག་དུས་ལ་དབང་བའིཿ ས་བདག་རྗེ་བློན་འབངས་འཁོར་བཅསཿ བརྟན་གནས་འབྲལ་རྒྱུའི་མཐུ་ལྡན་རིགསཿ ཟོར་ཆེན་འབར་བ་དང་འགྲོགས་ཏེཿ ཀོ་ལོང་དམིགས་པའི་ཡུལ་དུ་སྡོམསཿ མངོན་སྤྱོད་དྲག་པོའི་ཟོར་ཕོག་ཀྱངཿ ཀོ་ལོང་ཉམས་པའི་སྟེང་དུ་སྡོམསཿ རྣལ་འབྱོར་མཐུ་དང་དཔུང་བསྐྱེད་ཅིགཿ «དྲག་པོ་མདའ་ཟོར་འགེངས་ཤིངཿ »ཧཱུྃཿབྷྱོཿམི་མངོན་དབྱིངས་ན་བཞུགས་པ་ཡིཿ སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དངཿ ཁྲོ་བོ་ཁྲོ་མོའི་མཐུ་སྟོབས་ཀྱིསཿ ལས་ཀྱི་ཕོ་ཉ་མྱུར་མགྱོགས་ལྡནཿ ཐུགས་དམ་བསྐུལ་ལོ་མྱུར་བར་བསྐྱོདཿ ལྷ་སྲིན་སྡེ་བརྒྱད་ཟོར་སྣ་དྲོངསཿ འཕང་ནས་ཕྱི་རུ་མི་ལྡོག་པརཿ བསྟན་པ་བཤིགས་པའི་དགྲ་བོ་དངཿ ཡོངས་ལ་གནོད་པའི་གདོན་བགེགས་བདུདཿ བསམ་སྦྱོར་ངན་པའི་བྱད་མ་ཡིཿ སྟེང་དུ་ཟོར་སྣ་ད་དྲོངས་ཤིགཿ ཀི་བསྭོ་ཆའོ་ལས་ལ་ཆོསཿ ཛཿབྷྱོ་རྦད་ཐུམ་མཱ་ར་ཡཿ «དྲག་པོའི་མདའ་ཟོར་ལྟོས་མེད་འཕང་ཿ ཐུགས་དམ་བསྐུལ་ཞིང་ཟོར་ཆེན་བཏེགསཿ »ཧཱུྃཿ ཆོས་དབྱིངས་དྲག་པོ་ཨེ་ཡི་དཀྱིལ་འཁོར་ནསཿ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདནཿ ཁྲག་མཚོ་མེ་རླུང་དམར་ནག་འཁྲུགས་པའི་དབུསཿ ཁྲོ་རྒྱལ་སྤྲུལ་པ་ཧ་ལ་ནག་པོའི་ཁྱུངཿ མུན་པའི་མདོག་འདར་ནད་མཚོན་དུག་རླུང་ཕྱུརཿ སྤུ་གྲིའི་སྡེར་མོ་གཟིངས་ཤིང་གཤོག་པ་སྡེབས༔ འབྲུག་སེང་སྟག་གཟིག་དོམ་དྲེད་ཕོ་ཉར་འགྱེདཿ གཡས་ན་ཟ་བྱེད་ཚོགས་ཀྱིས་བཤུགས་གླུ་ལེནཿ གཡོན་ན་གསོད་བྱེད་དམག་ཚོགས་ཧ་ཧར་རྒོདཿ མདུན་ན་ལས་མཁན་འབུམ་གྱིས་རྐན་སྒྲ་སྡེབསཿ རྒྱབ་ན་ཁྲག་འཐུང་དྲུག་ཅུས་རྒྱོབ་སོད་སྒྲོགསཿ བསྟན་སྲུང་དམ་ཅན་རྒྱ་མཚོ་ལས་ལ་འགྱེདཿ དྲེགས་པ་སྡེ་བརྒྱད་འདར་ཞིང་དགྲ་སྲོག་གཅོདཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལཿ མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོདཿ ལྷ་དབང་བརྒྱ་བྱིན་དམག་ལ་ཆས་པ་བཞིནཿ དུང་ཕྱུར་བྱེ་བ་གྲངས་མེད་དཔུང་དང་བཅས༔ དགྲ་གདོན་བྱད་མའི་སྟེང་དུ་ད་ཆོས་ཤིགཿ འགྲོ་ཀུན་བདེ་གཤེགས་སྙིང་པོའི་རང་བཞིན་ཏེཿ འོན་ཀྱང་གློ་བུར་རྣམ་རྟོག་བག་ཆགས་མཐུསཿ རང་རང་ལས་ངན་རྒྱུད་ལ་སྤྱོད་བྱེད་ཅིངཿ ཁྱད་པར་བླ་མ་ལ་སྡང་སྔགས་ལ་ཕྲཿ ཞིང་བཅུ་ཉམས་པ་བདུན་དང་ལྡན་པའི་དགྲཿ སྐྱེ་དགུའི་བདེ་སྐྱིད་འཕྲོག་པའི་འདྲེ་གདོན་བགེགསཿ བསམ་ངན་སྦྱོར་རྩུབ་དུག་སྦྱོར་བྱད་མ་མཁནཿ མངོན་སྤྱོད་དྲག་པོས་སྒྲོལ་བའི་དུས་ལ་བབསཿ དེ་ཕྱིར་རྔམས་པའི་ལས་ལ་ད་ཆོས་ཤིགཿ མཁའ་ལྡིང་ཤུགས་དང་དུས་མཐའི་མེ་ཆུ་བཞིནཿ ལས་མ་འགྱངས་ལ་མངོན་སྤྱོད་ཕྲིན་ལས་མཛོདཿ «ཐོག་མར་བཟློག་པའི་དུག་ཁྲག་ཟོརཿ »བྷྱོཿ ཁ་ཁ་ཧུ་ལུ་མུ་ཁ་མཿ མ་མོ་མཁའ་འགྲོ་ཤན་པའི་སྡེཿ ཕྱག་ན་ཁྲག་ཟོར་ཆི་ལི་ལིཿ གདོན་བགེགས་འབྱུང་པོའི་ཚོགས་དང་བཅསཿ ར་ལུག་སེར་བས་དེད་པ་བཞིནཿ དམིགས་བྱའི་སྟེང་དུ་ད་བསྒྱུར་ལཿ དུག་ཁྲག་ཆར་པས་དྲན་པ་མྱོསཿ སྲུང་སྐྱོང་ལྷ་དང་ཕྲོལ་ལ་ཤོགཿ རཀྟ་ཁ་ཐུན་བྷྱོ་བྷྱོཿ དྲག་པོའི་ཡུངས་ཟོར་བརྡེགས་བྱས་ལཿ བྷྱོཿ ཡུངས་ཀར་རྒྱལ་པོ་ཤ་རི་རམཿ ལྕགས་ཟངས་རྡོ་ཕྱེ་དུག་ཁྲག་བཅསཿ ཁྲོ་བོའི་དམག་ཚོགས་ཕྱག་ན་བསྣམསཿ དྲེགས་པ་སྡེ་བརྒྱད་མཐུ་ལྡན་ཚོགསཿ ན་བུན་རླུང་གིས་འདེད་པ་བཞིནཿ དགྲ་གདོན་བྱད་མའི་སྟེང་དུ་རྒྱུགཿ ཚེ་བསོད་ལྔ་ཕུང་རྡུལ་དུ་རློགསཿ བཟློག་པས་མི་བཟློག་སྔགས་བཟློག་གཤེདཿ བྱད་མ་རང་གཤེད་རང་ལ་ཕོབཿ ཁ་ཐུན་ཏྲི་ག་ནན་མཱ་ར་ཡཿ བྷྱོ་བཟློགཿ «དྲག་པོའི་གཏོར་ཆེན་བཏེགས་བྱས་ལཿ »འབར་བ་དྲག་པོའི་དུག་ཁྱུང་ཚོགསཿ རི་རབ་ལས་ཀྱང་བརྗིད་རེ་ཆེཿ རྡུལ་ཕྲན་ལས་ཀྱང་གྲངས་རེ་མང་ཿ དྲག་པོའི་ངར་སྐད་ལྷངས་སེ་ལྷངཿ བསྐྱོད་ཅིག་ཐུགས་རྗེའི་ཤུགས་ཕྱུང་ལཿ དམ་ཅན་སྲུང་མ་ལས་ལ་ཆསཿ བསྟན་འགྲོར་འཚེ་བའི་གདུག་པ་ཅནཿ སྒྲོལ་ཞིག་ཤ་ཁྲག་རུས་གསུམ་རོལཿ ཆགས་ཆེན་ཉམ་ང་མི་འདོད་རྐྱེནཿ དུས་ཀྱི་གཡོ་འཁྲུག་ནད་མཚོན་དུགཿ འབྱུང་ལྔའི་གནོད་པ་དམག་འཁྲུགས་བྱདཿ མཐའ་མི་མུ་སྟེགས་སྟེང་དུ་བསྒྱུརཿ དུ་རུ་ཁ་ཡི་དམག་ཚོགས་དངཿ མཐའ་དམག་མཚོན་གྱི་བསྐལ་ངན་སོགསཿ སེམས་ཅན་སྡུག་ལ་སྦྱོར་བ་ཀུནཿ རང་གཤེད་ཕོབ་ལ་བཟློག་ཅིང་བསྒྱུརཿ དོན་དམ་རང་བཞིན་རྣམ་དག་ཀྱངཿ ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུངཿ གསང་སྔགས་ཟབ་མོའི་བྱིན་རླབས་མཐུསཿ རང་བཞིན་མེད་པའི་དབྱིངས་སུ་བཟློགཿ སངས་རྒྱས་ཀྱིས་ནི་བདུད་རྣམས་ཕམཿ ཆོས་མ་ཡིན་པ་ཆོས་ཀྱིས་བཟློགཿ དགེ་འདུན་རྣམས་ཀྱིས་མུ་སྟེགས་བརླགསཿ བླ་མའི་ཐུགས་རྗེས་ངན་སོང་བཟློགཿ ཡི་དམ་ལྷ་ཡིས་བདུད་རྣམས་བརླགསཿ མཁའ་འགྲོའི་ནུས་པས་དགྲ་གདོན་བཟློགཿ ཁྱུང་ཆེན་འབར་བས་ཀླུ་གཉན་འཇོམསཿ དམ་ཅན་སྲུང་མས་རྐྱེན་ངན་བཟློགཿ སྔགས་ཀྱི་ནུས་པ་ཟབ་མོ་ཡིསཿ མི་འདོད་རྐྱེན་ངན་བར་ཆད་བཟློགཿ བརྗོད་མེད་རིག་པའི་ཡེ་ཤེས་ཀྱིསཿ གཟུང་འཛིན་མཚན་མར་འཛིན་པ་ཡིཿ རྣམ་རྟོག་ཡེ་ཤེས་ཀློང་དུ་བཟློགཿ བརྗོད་བྲལ་མ་བཅོས་ཀློང་དུ་ཨཱཿ« ལྟ་བའི་ངར་བསྐྱེད་ལྟོས་མེད་འཕངཿ བརྟུལ་ཞུགས་ཤུགས་བསྐྱེད་ཐལ་མོ་རྡེབཿ རྐང་གླིང་རོལ་མོའི་སྒྲ་ཆེན་སྒྲོགས༔ དར་ཅིག་དམིགས་མེད་ངང་ལ་བཞགཿ མཐའ་སྡུད་དམ་སྲི་མནན་པ་ནིཿ འགུགས་འདྲེན་དམིགས་པ་དྲག་པོས་གཟིརཿ »ཧཱུྃཿ རིམ་པ་དགུ་ཡི་ས་འོག་ནསཿ ཐར་མེད་རྒྱ་མཚོ་ཆེན་པོའི་ཀློང་ཿ འཆི་བདག་ལས་ཀྱི་གཤིན་རྗེ་གཤེདཿ ཆུ་སྲིན་གདོང་ཅན་ཡར་བཞེངས་ལཿ གནམ་སའི་ཞལ་གདངས་གྲེ་བ་རུཿ སྨོན་ལམ་ལོག་པའི་དམ་སྲིའི་དཔུངཿ བསྟན་སེལ་སྡེ་འཁྲུགས་སློང་པ་ཀུནཿ ཡུལ་ཁམས་གནས་རིའི་སྡེ་དང་བཅསཿ གཏད་དོ་མ་བཏང་ཤོར་ར་རེཿ ཁ་བསྡོམ་གཤིན་རྗེའི་གྲོང་དུ་སོངཿ སྟེང་དུ་འབྱུང་ལྔས་རྒྱས་བཏབ་ཅིངཿ ཡེ་ཤེས་ལྷ་ཚོགས་རྔམས་བྲོ་འཁྲབཿ ནམ་ཡང་ལྡང་མེད་ཉིད་དུ་གྱུརཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ སྟྭཾ་བྷ་ཡ་ནནཿ རཀྵ་རཀྵ་ཧཱུྃཿ ཧཱུྃ་ཧཱུྃཿ ཤར་གྱི་ཕྱོགས་ཀྱི་དཀྱིལ་འཁོར་ནསཿ རྡོ་རྗེའི་རིགས་ཀྱི་བྲོ་བརྡུང་བསཿ ཞེ་སྡང་ལས་གྱུར་དགྲ་གདོན་བགེགསཿ མེ་ལོང་ཡེ་ཤེས་ཀློང་དུ་བསྟིམསཿ ཧཱུྃ་ཧཱུྃཿ ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་ནསཿ རིན་ཆེན་རིགས་ཀྱི་བྲོ་བརྡུང་བསཿ ང་རྒྱལ་ལས་གྱུར་དགྲ་གདོན་བགེགསཿ མཉམ་ཉིད་ཡེ་ཤེས་ཀློང་དུ་བསྟིམསཿ ཧཱུྃ་ཧཱུྃ། ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་ནསཿ པདྨ་རིགས་ཀྱི་བྲོ་བརྡུང་བསཿ འདོད་ཆགས་ལས་གྱུར་དགྲ་གདོན་བགེགསཿ སོར་རྟོགས་ཡེ་ཤེས་ཀློང་དུ་བསྟིམསཿ ཧཱུྃ་ཧཱུྃཿ བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་ནསཿ ལས་ཀྱི་རིགས་ཀྱི་བྲོ་བརྡུང་པསཿ ཕྲག་དོག་ལས་གྱུར་དགྲ་གདོན་བགེགསཿ བྱ་གྲུབ་ཡེ་ཤེས་ཀློང་དུ་བསྟིམསཿ ཧཱུྃ་ཧཱུྃཿ དབུས་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་ནསཿ བྷུདྡྷ་རིགས་ཀྱི་བྲོ་བརྡུང་བསཿ གཏི་མུག་ལས་གྱུར་དགྲ་གདོན་བགེགསཿ ཆོས་དབྱིངས་ཡེ་ཤེས་ཀློང་དུ་བསྟིམསཿ ཨ་ཨ་ཨཱཿ ཨ་ར་ལི་ཕེམ་ཕེམཿ ཧཱུྃ་ཧཱུྃ་ཧཱུྃཿ «མཚམས་བཅད་པ་ནིཿ »ཧྲཱིཿ ཕྱི་སྣོད་ཡེ་ནས་གཞལ་ཡས་ཁངཿ ནང་བཅུད་ཡི་དམ་ལྷ་ཡི་སྐུཿ སྒྲར་གྲགས་སྔགས་ཀྱི་རང་སྒྲར་སྒྲོགསཿ དྲན་རྟོགས་ཡེ་ཤེས་ཆེན་པོའི་ངངཿ མཚན་མའི་དགྲ་གདོན་རྣམ་རྟོག་བྲལཿ དག་པ་རབ་འབྱམས་ཀློང་ཆེན་པོརཿ སྐུ་ལྔ་ཡེ་ཤེས་ལྔ་ཡི་ངངཿ ཁྱབ་བརྡལ་ཆེན་པོར་མཚམས་བཅད་དོཿ བཛྲ་ཛྙཱ་ན་རཀྵ་རཀྵ་ཀུ་རུ་བྷྲཱུཾཿ «ཞེས་བཟླ་ཞིང་ནང་དུ་ལྡོག་གོཿ རྣལ་འབྱོར་པ་རྣམས་མལ་དུ་འཁོདཿ» ཨོཾ་ཨཱཿཧཱུྃ༔ཧ་ཧོ་ཧྲཱིཿ «བྱིན་གྱིས་བརླབ་ཅིང་བདུད་རྩི་མཆོདཿ» ཡེ་ཤེས་དམ་ཚིག་དབྱེར་མེད་པའིཿ ཟག་མེད་ཤ་ལྔ་བདུད་རྩི་ལྔཿ འོད་ཞུས་དཀར་དམར་འཁྱིལ་བ་ཡིསཿ རིགས་ལྔའི་བྱང་སེམས་ཁུ་འཕང་དངཿ འདྲེས་པའི་རོ་བརྒྱ་ནུས་ལྡན་རྫསཿ རྩ་རྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལཿ མཉེས་ཤིང་མཆོག་ཐུན་དངོས་གྲུབ་སྩོལཿ རང་ཉིད་ཡི་དམ་ལྷར་གསལ་བའིཿ ལྗགས་ལ་མཆོད་པ་ཕུལ་བ་ཡིསཿ རྩ་གནས་དཔའ་བོ་མཁའ་འགྲོའི་ཚོགསཿ ཟག་མེད་བདུད་རྩིའི་རོ་ཡིས་ཚིམསཿ བདེ་སྟོང་ཡེ་ཤེས་ཉམས་རྒྱས་ཤིངཿ མཆོག་ཐུན་དངོས་གྲུབ་བཅུད་དུ་དྲིལཿ བཀྲག་མདངས་གཟི་བྱིན་རྒྱས་པར་གྱུརཿ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་སརྦ་སིདྡྷི་ཕ་ལ་ཧོཿ «རོལ་ཞིང་ཚེ་བཅུདབསྡུ་བ་ནིཿ »རང་ཉིད་ཡི་དམ་གྱི་རྭ་བར་ནོར་བུ་འབར་བའི་དབུས་སུ་ཚེ་དཔག་མེད་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེ་བུམ་བསྣམས་པཿ ཡུམ་ཆེན་གོས་དཀར་མོ་དང་མཉམ་པར་རོལ་པའི་སྦྱོར་མཚམས་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབསཿ རང་ཉིད་ཡི་དམ་དུ་གསལ་བའི་རྩ་གནས་ཐམས་ཅད་མེར་མེར་ལྷེམ་ལྷེམ་གངཿ འཆི་བ་མེད་པའི་ཚེ་ཡི་རིག་འཛིན་ཐོབ་པར་དམིགས་ལཿ ཨོཾ་མ་ཧཱ་གུ་རུ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཀུ་རུ་བྷྲཱུཾཿཨཱཿཧཱུྃཿ «མདའ་དར་གཡབ་ཅིང་ཚེ་འགུགས་པཿ »ཧྲཱིཿ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིཿ སྐུ་ལས་འོད་ཟེར་སྣ་ལྔ་འཕྲོསཿ ཤར་གྱི་ཕྱོགས་ནས་ཚེ་ཡི་ལྷཿ རྡོ་རྗེ་མཁའ་འགྲོ་འགུགས་བྱེད་མཿ ཕྱག་ན་མདའ་དར་བུམ་པ་འཛིནཿ དྲི་ཟའི་ཚོགས་ཀྱི་ཚེ་ཁུག་ལཿ ཆུ་ཡི་ཁམས་ནས་བཅུད་སྡུས་ཤིགཿ ལྷོ་ཡི་ཕྱོགས་ནས་ཚེ་ཡི་ལྷཿ རིན་ཆེན་མཁའ་འགྲོ་འཆིངས་བྱེད་མཿ ཕྱག་ན་མདའ་དར་བུམ་པ་འཛིནཿ གཤིན་རྗེའི་ལག་ནས་ཚེ་ཁུག་ལཿ ས་ཡི་ཁམས་ནས་བཅུད་སྡུས་ཤིགཿ ནུབ་ཀྱི་ཕྱོགས་ནས་ཚེ་ཡི་ལྷཿ པདྨ་མཁའ་འགྲོ་དགའ་བསྡོམ་མཿ ཕྱག་ན་མདའ་དར་བུམ་པ་འཛིནཿ ཀླུ་དབང་ལག་ནས་ཚེ་ཁུག་ལཿ མེ་ཡི་ཁམས་ནས་བཅུད་སྡུས་ཤིགཿ བྱང་གི་ཕྱོགས་ནས་ཚེ་ཡི་ལྷཿ ལས་ཀྱི་མཁའ་འགྲོ་མྱོས་བྱེད་མཿ ཕྱག་ན་མདའ་དར་བུམ་པ་འཛིནཿ གནོད་སྦྱིན་ལག་ནས་ཚེ་ཁུག་ལཿ རླུང་གི་ཁམས་ནས་བཅུད་སྡུས་ཤིགཿ མགྱོགས་མ་རྣམས་ཀྱིས་ཚེ་བཅུད་སྡུསཿ འབར་མ་རྣམས་ཀྱིས་བདེ་ཆེན་སྤོརཿ བསོད་ནམས་དཔལ་གཡང་ཆར་ལྟར་ཕོབཿ མི་ཤིགས་རྡོ་རྗེའི་གོ་བགོས་ཤིངཿ དམ་བཅའ་བཞི་ལྡན་སྲོག་ཐོབ་ཤོགཿ «རྩ་སྔགས་ལན་གྲངས་ཉེར་གཅིག་བཟླཿ ཡི་དམ་ཐུགས་སྲོག་དང་བཅས་པརཿ གཟི་འོད་འབར་ཞིང་ཚེ་འགྲུབ་མོསཿ མཆོད་ཅིང་བསྟོད་པའི་རིམ་པ་ནིཿ »ཨརྒྷཾ་ལ་སོགས་ཕྱི་ནང་མཆོད་པ་དངཿ པཉྩ་ཨ་མྲྀ་ཏ་མ་ཧཱ་བཱ་ལིང་ཏཿ རཀྟ་ཏ་ན་ག་ཎར་བཅས་ཏེ་འབུལཿ བཞེས་ལ་བླ་མེད་མཆོག་གི་དངོས་གྲུབ་སྩོལཿ ཨོཾ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་རཱུ་པ་ཤབྟ་གྷནྡྷེ་ར་ས་སྤརྴེ་སརྦ་པཉྩ་རཀྟ་བཱ་ལིང་ཏ་རཀྟ་པུ་ཙ་ཧོཿ «བསྟོད་ཅིང་བཤགས་པ་བྱ་བ་ནིཿ »ཧཱུྃཿ ཁྲོ་རྒྱལ་ཀུན་འདུས་མཐུ་སྟོབས་གཅིག་བསྡུས་དཔལཿ ཟ་བྱེད་འདོད་ཆགས་རྡོ་རྗེ་ཧེ་རུ་ཀཿ འགྱུར་བ་མེད་པ་རྡོ་རྗེའི་སྐུ་གསུང་ཐུགསཿ ཁྲག་འཐུང་ག་རུ་ཊ་ལ་ཕྱག་འཚལ་བསྟོདཿ ཁྱོད་ཐུགས་ཡེ་ནས་ཆོས་སྐུའི་རང་བཞིན་ལཿ མ་ལུས་གདུག་པའི་ཚོགས་རྣམས་རྡུལ་བརླག་ཅིངཿ སྒྲུབ་པ་པོ་ལ་བྱིན་རླབས་དངོས་གྲུབ་སྟེརཿ འབར་བ་ཆེན་པོར་ཡོན་ཏན་དྲན་པས་བསྟོདཿ མ་དག་འགྲོ་བ་དྲུག་གི་སྣང་ངོ་རུཿ ཟ་བྱེད་རྔམས་བརྗིད་མ་རུང་གདུག་པ་ཅནཿ རྫུ་འཕྲུལ་བྱེ་བ་ཕྲག་བརྒྱའི་སྐུར་བསྟན་ཞིངཿ སྤྲུལ་པའི་གར་བསྒྱུར་ཟ་བྱེད་འབར་བར་བསྟོདཿ «ཅེས་བསྟོད་རང་གནོང་འགྱོད་པ་བཅསཿ »ཡི་དམ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་དུཿ བསྙེན་བསྒྲུབ་མཆོད་ཚོགས་མངོན་སྤྱོད་ལས་བསྒྲུབས་པརཿ ཏིང་འཛིན་མ་གསལ་ཆོ་ག་ལྷག་ཆད་གྱུརཿ གཏོར་ཚོགས་རྫས་མ་ཚང་ཞིང་འབག་བཙོག་ཤོརཿ ཐེ་ཚོམ་གཉིས་འཛིན་རྣམ་རྟོག་ལོག་ལྟས་བསླདཿ རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་བཤགསཿ ཨོཾ་ག་རུ་ཊ་ས་ཏྭ་ས་མ་ཡཿ མ་ནུ་པ་ལ་ཡཿ ག་རུ་ཊ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝཿ སུ་པོཥྱོ་མེ་བྷ་ཝཿ ཨ་ནུ་རཀྟོ་མེ་བྷ་ཝཿ སརྦ་སིདྡྷིམྨེ་པྲ་ཡཙྪཿ སརྦ་ཀརྨ་སུ་ཙ་མེཿ ཙིཏྟཾ་ཤྲི་ཡ་ཀུ་རུ་ཧཱུྃཿ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན྄ཿ སརྦ་ཏ་ཐཱ་ག་ཏཿ ག་རུ་ཊ་མ་མེ་མུཉྩཿ ག་རུ་ཊ་བྷ་ཝཿ མ་ཧཱ་ས་མ་ཡཿ ག་རུ་ཊ་ས་ཏྭ་ཨཱཿ «ཞེས་བརྗོད་དར་ཅིག་མཉམ་པར་བཞགཿ མདུན་བསྐྱེད་ལྷ་ལ་དངོས་གྲུབ་ལེནཿ »ཧཱུྃཿ ཁྲོ་བོའི་རྒྱལ་པོ་ག་རུ་ཊཿ ཡེ་ནས་རང་དང་གཉིས་སུ་མེདཿ བདག་མདུན་ཆུ་ལ་ཆུ་བཞག་འདྲེས༔ གསང་གསུམ་བྱིན་རླབས་དངོས་གྲུབ་ཀུནཿ སྒྲུབ་པོའི་ལུས་ངག་ཡིད་གསུམ་ལཿ ཞུགས་ཤིང་མཆོག་གི་རིག་འཛིན་ཐོབཿ ཐུན་མོང་གྲུབ་པ་བརྒྱད་ཐོབ་ཅིངཿ ལས་བཞི་དབང་བསྒྱུར་རྫུ་འཕྲུལ་ཐོབཿ སྒྲོལ་བ་སྙིང་རྗེ་ཆེན་པོ་ཡིསཿ མཐུ་སྟོབས་ནུས་རྩལ་རྫོགས་པར་གྱུརཿ ཨོཾ་མ་ཧཱ་གུ་རུ་ཁྲོཾ་བཛྲ་ག་རུ་ཊ་ཀཱ་ཡ་སིདྡྷི་ཨོཾཿ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷིཧཱུྃཿ སརྦ་སིདྡྷི་ཧྲཱིཿ «ལན་གསུམ་བཟླ་ཞིང་དམིགས་པས་གཅུནཿ ཐེ་ཚོམ་དང་བྲལ་གསང་སྔགས་ཀྱིཿ མཆོག་ཐུན་དངོས་གྲུབ་ཐོབ་པར་ངེསཿ བསྡུ་རིམ་བསྔོ་སྨོན་བཀྲ་ཤིས་ནིཿ »ཧཱུྃཿ ཕྱི་སྣོད་དྭངས་བཅུད་བདག་ལ་ཐིམཿ རང་ཡང་འཇའ་ཚོན་མཁར་དེངས་བཞིནཿ མ་བཅོས་སྤྲོས་བྲལ་ངང་དུ་བཞགཿ སླར་ཡང་འཇའ་ཚོན་སྒྱུ་མའི་སྐུཿ ཧེ་རུ་ཀ་རུ་ལམ་གྱིས་གསལཿ བྲག་ཆུ་མེ་རླུང་ལམ་ཁྱེར་དངཿ དམིགས་པ་མེད་པའི་སྙིང་རྗེའི་ངངཿ ཁྲོཾ་ལཾ་བཾ་རཾ་ཡཾ་ཨཱཿ གསང་སྔགས་སྒྲོལ་བ་སྙིང་རྗེ་ཡིཿ ལཾ་འདར་འབད་པའི་དགེ་བའི་ཚོགསཿ རྒྱ་ཆེ་རྒྱུན་མི་ཆད་པ་གངཿ འཁོར་བ་དོང་ནས་སྤྲུགས་ཕྱིར་བསྔོཿ སྔོན་ནས་བསྒྲུབ་པའི་ཡི་དམ་ལྷཿ ད་ལྟ་ཞལ་མཐོང་རྫུ་འཕྲུལ་ཐོབཿ ཁམས་གསུམ་སྒྲོལ་བའི་མཐུ་ལྡན་ཞིངཿ སྒྱུ་མ་འོད་སྐུར་གྲོལ་བར་ཤོགཿ ལས་ཉོན་མ་རིག་གཞན་དབང་གིསཿ བསྟན་དང་འགྲོ་ལ་འཚེ་བ་ཡིཿ གཟུགས་ཅན་གཟུགས་མེད་གདུག་པ་ཅནཿ མ་ལུས་བདག་གིས་འདུལ་བར་ཤོགཿ བླ་མའི་སྐུ་ཚེ་བརྟན་པ་དངཿ མཆེད་ལྕམ་དམ་ཚིག་བརྩེ་གདུང་ལྡནཿ རྒྱལ་ཁམས་བདེ་སྐྱིད་སྤེལ་བ་ཡིཿ བྱེད་པོར་བདག་ཉིད་འགྱུར་བར་ཤོགཿ ཧོཿ ཡེ་གཞི་གཞོན་ནུ་བུམ་པའི་སྐུཿ བདལ་བ་ཆེན་པོའི་ལོངས་སྤྱོད་རྫོགསཿ གང་ལ་གང་འདུལ་སྤྲུལ་སྐུར་སྟོནཿ སྐུ་གསུམ་རྒྱལ་བའི་བཀྲ་ཤིས་ཤོགཿ བརྒྱུད་པ་དགུ་ཡི་བྱིན་བརླབ་ལྡནཿ མཆོག་ཐུན་དངོས་གྲུབ་འབྱུང་བའི་གནསཿ ཕྲིན་ལས་རྣམ་བཞི་ཐོགས་པ་མེདཿ རྩ་བ་གསུམ་གྱི་བཀྲ་ཤིས་ཤོགཿ གདུལ་དཀའ་འདུལ་བའི་གཤེད་དུ་རྔམསཿ དམ་བཅའ་བཞི་ལྡན་རྡོ་རྗེའི་ལུསཿ རྫུ་འཕྲུལ་ཕྲིན་ལས་གློག་ལྟར་མྱུརཿ ག་རུ་ཊ་ཡི་བཀྲ་ཤིས་ཤོགཿ« གཞན་ཡང་ཤིས་བརྗོད་གང་རྒྱས་བརྗོདཿ གསང་སྔགས་རྗེས་མི་མངོན་པར་བྱཿ བདག་ཉིད་ཨ་ཙར་དམར་པོ་ལཿ སྟོན་པ་ཡབ་ཡུམ་བྱིན་རླབས་ཀྱིསཿ མཆོག་ཐུན་རིག་འཛིན་དངོས་གྲུབ་ཐོབཿ མུ་སྟེགས་གུ་ལང་རྡུལ་དུ་བརླགཿ རྫུ་འཕྲུལ་བཀོད་པ་བརྗོད་མི་ལོངཿ སྙིང་དང་འདྲ་བའི་གདམས་པ་སྟེཿ ད་བར་པིར་གྱི་ཁ་བཞིན་བསྡམསཿ བདེ་ལྡན་མནྡཱར་བར་གཏདཿ ཐུགས་ལ་སྦོས་ཤིག་ས་མ་ཡཱཿ མ་འོངས་ལྔ་ཕྲག་ཐ་མའི་ཚེཿ བྱང་ཕྱོགས་ཁ་བ་ཅན་གྱི་རིརཿ བྷོ་ཊའི་ཡུལ་གྱི་རིགས་གྱུར་པའིཿ སྐྱོ་སུན་ཆེ་ཞིང་ཕྱི་ཐག་ཐུངཿ དེ་ཚེ་གཉེན་པོ་སྟོབས་ཀྱི་ལྷཿ འདི་ཡི་དངོས་གྲུབ་མཆོག་ཐོབ་ཅིངཿ ཚེ་འཕྲང་བདུན་གྱི་བར་ཆད་བསལཿ བརྒྱད་ཅུའི་བར་དུ་འགྲོ་དོན་འཕེལཿ གཟུགས་ཅན་གཟུགས་མེད་ལོག་འདྲེན་འབྱུངཿ དེ་ཕྱིར་འདི་ལ་གཅེས་སྤྲས་ཀྱིསཿ སྙིང་ལ་སྤོས་ཤིག་ཁ་ཐཾ་རྒྱཿ སྐལ་མེད་དག་ལ་འདི་གཏད་ནཿ རང་ཉིད་ཕུང་བའི་རྒྱུ་རུ་འགྲོཿ མ་མོ་གཟའ་དད་ལྷ་ཀླུ་གཉནཿ བསྙོ་ཁ་ནག་པོས་དམ་དུ་སྲུངསཿ དམ་ཉམས་ལག་ཏུ་ཤོར་བ་ནཿ སྙིང་ཁྲག་འགས་པར་གྱུར་ཏ་རེཿ ལྷ་ལྕམ་སྤྲུལ་པའི་མཚོན་ཆར་ཤོགཿ ས་མ་ཡཿ སྐུ་གསུང་ཐུགས་ཀྱི་རྒྱཿ དམ་ཚིག་གི་རྒྱཿ སྲོག་གི་རྒྱཿ གུ་ཧྱཿ ཁ་ཐམཿ རྒྱ་རྒྱ་རྒྱཿ དུས་མཐའི་གཏེར་སྟོན་ཁྲག་འཐུང་དཔའ་བོས་དམར་ནག་རཀྟའི་ཀློང་ནས་སྤྱན་དྲངས་ཤིང་བརྡ་རིས་ལས་གདུག་བ་ཤིང་སྟག་ལོར་དག་པར་ཕབ་པ་གཏེར་སྲུང་གདུག་རྩུབ་ཆེ་བས་མཇུག་བསྡུ་མ་ནུས་པ་ཕྱིས་ཤིང་ཡོས་ལོར་ཌཱཀྐིའི་བརྡས་བསྐུལ་ལྟར་ཟླ་ཚེས་དགེ་བར་དག་པར་ཕབ་པའི་ཡི་གེ་འདུ་བྱེད་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པའི་ཤིན་ཏུ་གསང་བའི་སྡེ་ཚན་ནོཿ དགེའོ།། །།