DKYD-KABUM-04-NGA-023

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །གསོད་བྱེད་མེ་སྤུར་ལས་ཀྱི་མཐའཿ བྱད་གདོན་ཁྲོལ་བའི་མན་ངག་བཞུགསཿ ཿ༄༅། «།ཐཧཱརྒྲརྙཿ ཁྲག་འཐུང་ཧེ་རུ་ཀ་ལ་འདུདཿ མ་འོངས་བསྐལ་བའི་ཐ་མ་ལཿ བདུན་དྲུག་ཆུ་ལྟར་གཡོ་བའི་ཚེཿ ས་བདག་ཀླུ་གཉན་ཀུན་གཞོམས་ཤིང་ཿ འཆིང་བ་ཀུན་ལས་གྲོལ་བྱེད་པའིཿ གདམས་པ་བསྟན་ནོ་ཉམས་སུ་ལོངསཿ ཡར་གཞི་མཆོད་གཏོར་གཞུང་བཞིན་ལཿ རིན་ཆེན་བུམ་པ་མཚན་ལྡན་ནངཿ རྒྱུན་ལྡན་འབབ་ཆུས་སུམ་གཉིས་བཀངཿ གཙོ་བོ་བྱ་ཁྱུང་ལྔ་པ་ལཿ གླག་སྡེར་གྲུམ་སོ་ཕག་གི་སྣཿ ཕ་ཝང་རྡོ་ཕྱེ་ཚ་བ་གསུམཿ སྤྱི་བཞུར་དང་སྦྱར་རྫས་ཀྱིས་གཏམསཿ ཁྲོ་བོའི་རྒྱལ་པོའི་ཙཀླི་དངཿ ཤུག་པ་འོམ་བུ་བ་ལུ་ཡིཿ ཤིང་གི་ཆུན་པོའི་ཁ་རྒྱན་ཅནཿ དཀྱིལ་འཁོར་དབུས་སུ་དགོད་པར་བྱཿ ཕུར་པ་རལ་གྲི་བདུག་བྱུགས་བྲབཿ རྫས་དག་མདའ་དར་དང་བཅས་བཀོདཿ འོག་ཏུ་འཇིམ་པའི་ཧོམ་ཁུང་དབུསཿ འབྲུ་ནག་ཆུ་མིག་གིས་བཀྲུས་པའིཿ སྦལ་སྦྲུལ་ཤ་བཏབ་བཟན་དེ་ཡིཿ སྦལ་བ་ལག་པ་དགུ་བ་བཀོདཿ འབྲུ་ནག་གཡེར་མ་ཚྭ་སྒོག་སོགསཿ བསྲེགས་པའི་རྫས་སོགས་ཡོ་བྱད་བསགསཿ བདག་བསྐྱེད་བཟླས་པ་ཅི་མང་མཐརཿ མདུན་བསྐྱེད་བུམ་པ་སྒྲུབ་པ་ནིཿ »ཨོཾ་བཛྲ་ཨ་མྲྀ་ཏ༴«སོགསཿ »སྭཱ་བྷ་ཝ༴«སོགསཿ »སྟོང་པའི་ངང་ལས་མདུན་བསྐྱེད་ཕྱི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་འཇིགས་པའི་དབུས་སུ་ཁྲོ་ཆུ་ཁོལ་མའི་ནང་དུ་ས་བདག་ཀླུ་གཉན་རྒྱལ་བསེན་འབྱུང་པོ་མ་རུང་བ་དམྱལ་ཐག་གཅོད་པའི་ནང་དུ་ཡི་གེ་ཁྲོཾ་ཡོངས་སུ་གྱུར་པ་ལས་ཕྲིན་ལས་ཀྱི་བྱ་ཁྱུང་ག་རུ་ཊ་གནམ་ལྕགས་ཁྲོ་ཆུ་ཞུན་མའི་ལུས་པོ་ལ་ཁྱུང་གདོང་རྡོ་རྗེའི་རྭ་མཆུ་དང་ལྕགས་བསྲེགས་ཀྱི་རལ་བཿ མཚོན་ཆའི་སྒྲོ་གཤོག་ལྕགས་ཀྱི་སྡེར་མོས་བརྒྱན་པ་སྤྱན་གསུམ་སྡང་མིག་གཡོ་ཞིང་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་གློག་ལྟར་འཁྱུགས་པ་ཡེ་ཤེས་ཁྲོ་བོ་ཐམས་ཅད་མཐུ་སྟོབས་ནུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཅན་དུ་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རི་རབ་རི་ཡི་རྩེ་མོ་ནས་ག་རུ་ཊའི་ལྷ་ཚོགས་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུརཿ ཧཱུྃཿ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བ་ཡིཿ རྒྱལ་བ་སྲས་བཅས་རྩ་གསུམ་ཞི་ཁྲོའི་ཚོགསཿ ཕྲིན་ལས་གཅིག་བསྡུས་ཀླུའི་གཤེད་ག་རུ་ཊཿ དུས་ལས་མི་འདའ་ཐུགས་རྗེས་རྩེར་དགོངས་ལཿ ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལཿ སྙིགས་དུས་ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ ས་བདག་ཀླུ་གཉན་གདུག་པ་ཁ་དར་ཞིངཿ འགྲོ་ཀུན་ལས་ངན་སྡུག་བསྔལ་གྱིས་མནར་བའིཿ བདུན་དྲུག་ལྷོག་པ་ཙི་ཙི་ཛྭ་ལ་སོགསཿ སྐྱབས་མེད་སེམས་ཅན་གློ་བུར་སྲོག་འཕྲོག་ཚེཿ ཁྱོད་ཀྱིས་དམ་བཅའ་དུས་འདིར་བབ་ལགས་ནཿ མྱུར་དུ་རྫུ་འཕྲུལ་ཐུགས་རྗེའི་ཤུགས་ཕྱུང་ལཿ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ ག་རུ་ཊ་ཙ་ལེ་ཙ་ལེ་སརྦ་ས་མ་ཡ་ཛ་ཛཿ དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་བསྟིམསཿ དྲེགས་ཚོགས་གདུག་པ་འདུལ་ཕྱིར་ཕྱག་འཚལ་ལོཿ ཏིཥྛ་ལྷནཿ པྲ་ཏཱིཙྪ་ཧོཿ དབང་དྲུག་ཡུལ་ལ་ཤར་བ་མཆོད་པའི་སྤྲིནཿ དྲག་པོའི་སྨན་རག་གཏོར་མ་ཤ་ཁྲག་རུསཿ ཁྱུང་ཆེན་འབར་བའི་ཚོགས་ལ་མཆོད་པ་འབུལཿ བཞེས་ལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོདཿ བཛྲ་ཨརྒྷཾ་པ་དྱཾ་པུཥྤེ༴«སོགས་»ཤབྟ་སརྦ་པཉྩ་རཀྟ་བཱ་ལིང་ཏ་ཁ་ཧཱིཿ ཡེ་ཤེས་ཁྲོ་བོ་ཐམས་ཅད་ཀྱིསཿ མཐུ་སྟོབས་ནུས་པ་གཅིག་བསྡུས་དཔལཿ ཐོགས་པ་མེད་པའི་རྫུ་འཕྲུལ་ཅནཿ ག་རུ་ཊ་ལ་ཕྱག་འཚལ་བསྟོདཿ ༈ མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོཾཿཡིག་མཐར་སྔགས་ཕྲེང་མེའི་རང་བཞིན་འཁོར་བ་ལས་འོད་ཟེར་འཕྲོསཿ ཞིང་ཁམས་མཆོདཿ བྱིན་རླབས་དང་དངོས་གྲུབ་བསྡུསཿ སླར་ཡང་འོད་ཟེར་མེའི་ཚྭ་ཚྭ་འཕྲོས་པས་གདུག་པ་ཅན་གྱི་ཀླུ་གཉན་ས་བདག་མ་རུང་བ་རྣམས་སྤུ་རྡུལ་ལྕགས་བསྲེགས་འཕྲད་པ་ལྟར་ལྷག་མེད་དུ་བསྲེགས་ཤིང་རྣམ་པར་ཤེས་པ་ཚུར་དྲངས་ནས་གཟུགས་ལ་བསྟིམསཿ དམིགས་བྱར་གྱུར་པ་ཁྲོ་མཚོན་མེ་དཔུང་གིས་གཟིར་བར་བསམཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ཁྲོཾཿག་རུ་ཊ་ཙ་ལེ་ཙ་ལེ་ནཱ་ག་དུ་ན་ས་ག་དུ་ན་དུཥྟ་ཙ་ན་དྷ་ཙ་ན་དྷ་མི་ལི་མི་ལི་བྷནྡྷ་བྷནྡྷ་སྤུ་གྲི་ཟིང་ཟིང་ལྕགས་ཀྱི་སྡེར་མོས་གནོད་བྱེད་གདུག་པའི་སྙིང་ལ་ཟུངས་ཟུངསཿ ནཱ་ག་ནི་མ་ར་ཡ་ཕཊཿ «ཅེས་དྲག་ཏུ་བཟླས་ཞིང་ནུས་ལྡན་བསྒྲུབཿ དྲག་པོའི་རྫས་རྣམས་ཕུ་ཡིས་བཏབཿ ཀླུ་གཉན་གདུག་པའི་སྲོག་སྔགས་ནིཿ »ཧི་ལི་ཧི་ལི་མི་ལི་མི་ལི་ནཱ་ག་དུ་ན་ས་ག་དུ་ནཱ་དུས་དུས་འདུས་འདུསཿ« དམིགས་གནད་ལྡན་པས་ཅི་རིགས་བཟླཿ ལས་རུང་འམ་ནི་རྟགས་ཐོན་པརཿ སྐབས་དང་མཚམས་པའི་ལས་ལ་སྦྱརཿ ཐུན་མཐར་མཆོད་ཅིང་བསྟོད་བྱས་ལཿ ཡི་གེ་བརྒྱ་པས་ནོང་བ་བཤགསཿ »ཨོཾ་ཨཱཿཧཱུྃཿ ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ཁྲོ་བོའི་རྡུལ་ཕྲ་རབ་ཀྱིས་གདུག་པ་ཅན་རྣམས་བརླག་པའི་ནུས་ལྡན་དུ་གྱུརཿ «ཅེས་བརྗོད་དངོས་ལ་འཇུག་པ་ནིཿ མདུན་དུ་བསྲུང་བྱ་རྣམས་རེ་བའི་གདན་བཏིངཿ སྦལ་བའི་གཟུགས་བཞགཿ རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པའི་ངང་ནས་འདི་སྐད་དོཿ» འོཿ ཁྱེད་རྣམས་མ་ཡེངས་པར་ལེགས་པར་ཉོན་ཅིགཿ ཐོབ་པར་དཀའ་བའི་མི་ལུས་ཐོབ་ཀྱང་འབྱུང་བཞི་འདུས་པའི་ཕུང་པོ་ཡིན་ཕྱིར་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་འབྱུང་བ་ཆ་མི་སྙོམས་པའི་རླུང་མཁྲིས་བད་ཀན་ནད་ཀྱིས་མནར་བ་དངཿ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཕོ་གདོན་རྒྱལ་པོཿ མོ་གདོན་སྲིན་མོཿ ཀླུ་གདོན་ས་བདག་གི་གནོད་པ་ལ་བྱུང་བའི་རིམས་དང་ལྐུགས་རེངས་ཧུར་ཐུམ་མཛེ་ཤུ་སྐྲང་འབྲས་སོགས་གློ་བུར་གྱིས་ནད་རིགས་དཔག་ཏུ་མེད་པ་སྙིགས་མའི་དུས་འདིར་འབྱུང་བ་ལས་གྲོལ་བའི་ཐབསཿ སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོས་འགྲོ་བ་རྣམས་ལ་ལྷག་པར་བརྩེ་བ་ཆེན་པོའི་སྒོ་ནས་གདམས་པ་ཇི་སྙེད་ཅིག་གསུངས་པས་ནང་ཚན་ལསཿ ད་ལམ་སྐབས་སུ་བབ་པ་འདི་ཉིད་རྒྱ་གར་གྱི་བྱང་ཕྱོགས་མུ་སྟེགས་ཁུ་ལང་ནང་པོའི་ཡུལ་དུ་བྱོན་པའི་ཚེ་ནང་པའི་ཆོས་བློན་ཏྲིཀྵ་དེ་ཝ་མུ་སྟེགས་སྟོན་པ་གཏུམ་པོར་བ་ཆེན་གྱིས་གདོལ་བ་ནག་པོའི་ཁར་གཏད་ནས་ཙི་ཙི་ཛྭ་ལའི་ནད་ཀྱིས་ཐེབས་པ་དངཿ གཞན་ཡང་ནང་པའི་ཕྱོགས་ཀྱི་འགའ་འགའ་ཞིག་ལྐུགས་རེངས་དག་སྨྱོ་འབོགས་གཟེར་ཐུང་སོགས་ཀྱིས་ཐེབ་པ་ལ་གུ་རུ་རིན་པོ་ཆེ་ཁྲོ་རྒྱལ་ཁྲག་འཐུང་གཏུམ་པོའི་སྐུར་བཞེངས་ནས་འཆིང་བ་ཐམས་ཅད་ལས་གྲོལ་བར་མཛད་ཅིང་མུ་སྟེགས་སྟོན་པ་རྣམས་རང་གཤེད་རང་ལ་ཕབ་ཅིང་མིང་གི་ལྷག་མར་བྱས་ཤིང་བློན་ཏྲིཀྵ་དེ་ཝ་འཁོར་དང་བཅས་པ་ནད་ལས་གྲོལ་ཞིང་སྟོབས་དང་རྫུ་འཕྲུལ་ལྡན་པར་གྱུར་ཅིང་རྒྱ་གར་ཡུལ་ཀུན་སྙན་པ་དང་གྲགས་པས་ཁྱབ་པར་མཛད་པའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་སྒོ་ནས་ཁྱེད་རང་གདོན་དང་འཆིང་བ་ལས་གྲོལ་བ་བྱེད་པ་ཡིན་པས་སློབ་དཔོན་ཁྲོ་བོའི་རྒྱལ་པོ་དངོས་སུ་གསལཿ ཁྱོད་རང་རྣམས་ཀྱི་ནད་བདག་ཀུན་བཀུག་ཅིང་གདོན་རང་གཤེད་དུ་ཕབ་པའི་མོས་པ་མཛོད་ཅིགཿ «ཞེས་ལོ་རྒྱུས་བཤད་ཅིང་གདོན་བཞུགསཿ» ཧྲཱིཿ ཐོད་ཕྲེང་དྲག་རྩལ་ཕྲིན་ལས་གར་བསྒྱུར་བཿ ཧེ་རུ་ཀ་དཔལ་གདུག་པ་འདུལ་བའི་གཤེདཿ བདག་ཉིད་བྱ་ཁྱུང་རྒྱལ་པོའི་ཐུགས་ཀ་ནསཿ ཐམས་ཅད་འགུགས་མཛད་ཁྲོ་ཁྱུང་ཌཱཀྐིའི་ཚོགསཿ གདོན་བྱེད་གདོན་ཚོགས་འགུགས་པའི་ལས་མཛོད་ཅིགཿ ནམ་མཁའི་ཁམས་ནས་གཟའ་གདོན་རྒྱུ་སྐར་དངཿ ས་སྟེང་བཙན་བདུད་རྒྱལ་བསྲེན་རྨུ་ཐེའུ་རངཿ ས་འོག་ཀླུ་གཉན་ས་བདག་རིགས་གྱུར་ཀུནཿ བྱིས་ཆུང་ཁྲ་ཡིས་དེད་པ་ཇི་བཞིན་དུཿ དམིགས་རྟེན་གཟུགས་སུ་གྱུར་པ་འདི་ལ་བསྟིམསཿ ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་བཀའ་བདེན་པ་དངཿ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བཀའ་བདེན་པ་དངཿ གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་གྱི་བཀའ་བདེན་པ་དངཿ ཕྱག་རྒྱ་སྔགས་དང་ཏིང་འཛིན་གསུམ་གྱི་བཀའ་བདེན་པ་དངཿ ཁྱད་པར་དུ་ཁྲོ་བོའི་གསོད་བྱེད་མེ་ཡི་སྤུ་གྲིའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་མཐུ་ནུས་བདེན་པའི་སྟོབས་ཀྱིས་བསྲུང་བྱ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོནཿ དང་པོ་ནད་ཀྱི་སྣ་འདྲེན་པཿ བར་དུ་གདོན་གྱི་ཚང་བཅའ་བཿ ཐ་མར་ནད་ལ་མི་ཕན་པར་བྱེད་ཅིང་ཚེ་ལ་བརྐུ་བརཿ སྲོག་ལ་རྔམས་པ་བླ་ལ་འཇབ་པ་ཁ་རྗེ་དབང་ཐང་ལ་གནོད་པར་བྱེད་པའི་གདོན་བགེགས་ལོག་འདྲེན་འབྱུང་པོའི་ཚོགས་དང་བཅས་པ་ས་འོག་ས་སྟེང་ས་བླར་གང་དུ་གནས་ཀྱང་སྐད་ཅིག་རང་དབང་མེད་པར་དམིགས་པའི་རྟེན་འདི་ལ་ཁུག་ཅིགཿ བཛྲ་ཨཾ་ཀུ་ཤ་ཛ་ཛ༔ «དགུ་བདུན་ལྔ་གསུམ་རྟགས་ཐོན་སྦྱརཿ དམིགས་པའི་གཟེར་གྱིས་ཐེབ་པའི་ཚེཿ »ཕེ་ལེ་མི་ལེ་ཨཾ་ཀུ་ཤ་ཛཿ པ་ཤ་ཧཱུྃཿ སྥོ་ཊ་བཾཿ གྷནྜེ་ཧོཿ« བསྟིམ་ཞིང་ནད་བདག་དངོས་སུ་བསམཿ དེ་ནས་གདོན་ལ་ཉེས་བསྒྲགས་པཿ» ཀྱཻཿ མ་རིག་རྒྱུ་ལས་བསྐྱེད་པ་ཡིཿ ཞེ་སྡང་དབང་གྱུར་ཕོ་གདོན་རིགསཿ འདོད་ཆགས་དབང་གྱུར་མོ་གདོན་རིགསཿ གཏི་མུག་དབང་གྱུར་ཀླུུ་ས་བདགཿ ང་རྒྱལ་དབང་གྱུར་བཙན་གྱི་རིགསཿ ཕྲག་དོག་དབང་གྱུར་ཀླུ་ཐེའུ་རངཿ ཁྱེད་རྣམས་ལས་ངན་དྲག་པོའི་མཐུསཿ བག་ཆགས་འཁྲུལ་བའི་སྣང་གཟུགས་གྲུབཿ བྱང་ཆུབ་སེམས་ཀྱི་མྱུ་གུ་སྐམཿ འགྲོ་ཀུན་སྡུག་བསྔལ་ལས་ལ་སྦྱོརཿ གཟུང་འཛིན་འཆིང་བ་དམ་པོས་བཅིངསཿ ཚེ་འདིར་སྡུག་བསྔལ་སྣ་ཚོགས་མྱོངཿ ཕྱི་མའི་སྡུག་བསྔལ་འདུ་བྱེད་ཅིངཿ ཚེ་འཕོས་མནར་མེད་གནས་སུ་སྐྱེཿ བཟོད་མི་ཕོད་པའི་ལས་ཀྱིས་མནརཿ དེ་བས་བྱང་ཆུབ་མཆོག་སེམས་བསྐྱེདཿ བསྲུང་བྱར་གྱུར་བ་འདི་རྣམས་ཀྱིཿ བཟུང་བ་ཐོངས་ལ་བཅིངས་བ་ཁྲོལཿ བསྡམས་པ་ལྷོད་ལ་མནན་པ་ཁྱོགཿ ནད་བདག་ཚོགས་ཀྱིས་ནད་རྣམས་ལོངསཿ རིམས་བདག་ཚོགས་ཀྱིས་རིམས་ལོངས་ཤིགཿ གྲིབ་ཀྱི་བདག་པོས་གྲིབ་ཕྱིར་ལོངསཿ བླ་ཚེ་བརྐུས་པ་རང་མལ་ཞོགཿ དེ་ཚེ་སྤྱན་རས་གཟིགས་དབང་གིཿ ཐུགས་རྗེ་ཡེ་ཤེས་བདུད་རྩི་ཡིསཿ ཁྱེད་རྣམས་བདེ་དང་ལྡན་འགྱུར་རོཿ «ཞེས་བརྗོད་སྙིང་རྗེ་དྲག་ཏུ་བསྐྱེདཿ དེ་ནས་བུམ་པ་ཐོགས་བྱས་ལཿ» ཧཱུྃཿ སྐྱེ་མེད་བུམ་པའི་གཞལ་ཡས་ལསཿ འགགས་མེད་ཁྲོ་བོའི་རྡུལ་བྱུང་བཿ གནས་མེད་བསྲུང་བྱའི་སྤྱི་མགྲིན་ནསཿ ཞུགས་ཤིང་ལུས་ཀྱི་ཕྱི་ནང་ཁྱབཿ ནད་གྲིབ་རྣག་ཁྲག་སོལ་ཁུ་རླངསཿ རྣམ་པ་འོག་སྒོ་རྐང་སེན་དང་ཿ བ་སྤུའི་བུ་ག་བརྒྱུད་ནས་ཐོནཿ གདོན་ཀུན་ལྷག་མ་མེད་པར་ཟོསཿ ཁྲོ་ཆུ་ཞུན་མའི་ལུས་སུ་བསྒྱུརཿ «སྤྱི་བོར་བཞག་ཅིང་བུམ་ཆུ་བླུདཿ ཁོག་པར་ཧུབ་གསུམ་འཇིབ་བཅུག་ལཿ »ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ན་ག་དུ་ན་ས་ག་དུན་དུཥྟན་ཙན་དྷ་མི་ལི་མི་ལི་བྷནྡྷ་བྷནྡྷ་སྤུ་གྲི་ཟིང་ལྕགས་ཀྱི་སྡེར་མོས་གནོད་བྱེད་གདུག་པའི་སྙིང་ལ་ཟུང་ཟུང་ཿ ནཱ་ག་ནི་མ་ར་ཡ་ཧཱུྃ་ཕཊཿ «ཅེས་དྲག་ཏུ་བཟླས་ཤིངཿ» ཨ་ཀ་ཙེ་ཁྱུང་ར་ཐུས་ཐུན་ནཱ་ག་ནི་གནོད་བྱེད་ཐམས་ཅད་མ་ར་ཡཿ བྱད་ཕུར་རྦོད་གཏོང་རང་གཤེད་རང་ལ་བརླག་བརླག་ཨ་ཡ་མ་དུ་རུ་ཙ་ཤ་ན་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་གདུག་པ་ཅན་གྱི་སྲོག་ལ་མ་ར་ཡཿ ཤ་ལ་ཡཾ་ཡཾཿ ཁྲག་ལ་ཧུབ་ཧུབཿ རུས་ལ་ཆེམ་ཆེམཿ རཾ་རཾ་ཤིག་ཤིགཿ ཁྲོ་ཆུ་ཁོལ་མའི་འདུས་འདུསཿ བརླག་བརླགཿ མེར་མེརཿ བྱད་ཕུར་རྦོད་གཏོང་རང་གཤེད་རང་ལ་ཕོབ་ཅིགཿ ཨི་ལི་མི་སཾ་སཾ་ཧཱུྃཿ« ཅེས་བཟླས་ཤིང་ཁྲུས་བྱ་འོངཿ ཁ་རྒྱན་གྱི་གཡབ་ཅིངཿ »ཧཱུྃཿ འབྱུང་བ་དགྲ་བགེགས་དབབ་པའི་ཕྱིརཿ མེ་དགྲ་ཆུ་ཡིས་བསད་པར་བྱཿ ཆུ་དགྲ་ས་ཡི་སྟོབས་ཀྱིས་མནནཿ ས་དགྲ་ཤིང་གི་ནུས་པས་གཏོརཿ ཤིང་དགྲ་ལྕགས་ཀྱི་སྟོབས་ཀྱིས་ཆོདཿ ལྕགས་དགྲ་མེ་ཡིས་བསྲེགས་པར་གྱིསཿ «ལས་སྔགས་ཤམ་བུརཿ» ཁཾ་ཁཾ་ལཾ་ལཾ་ཤཾ་ཤཾ་ཙཾ་ཙཾ་རཾ་རཾ་ཤིག་ཤིག་ཏོར་ཡ་ཏོར་སྭཱ་ཧཱཿ «བཟླས་ཤིང་དམིགས་གནད་ལྡན་པས་བྱབཿ དེ་ནས་བླ་ཚེ་བསྡུ་བ་ནིཿ མདའ་དར་གཡབ་ཅིང་དམིགས་པས་གཅུནཿ» ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེདཿ སྤྱན་རས་གཟིགས་དབང་པདྨ་འབྱུངཿ ཕྲིན་ལས་གསོད་བྱེད་འབར་བ་དངཿ བླ་མ་ཡི་དམ་མཁའ་འགྲོའི་མཐུསཿ དྲི་ཟ་གཤིན་རྗེ་ཀླུ་དབང་དངཿ གནོད་སྦྱིན་མེ་ལྷ་སྲིན་པོ་རླུངཿ དབང་ལྡན་གཟའ་ཀླུ་ས་བདག་བཙནཿ རྨུ་བདུད་མ་མོ་ཐེའུ་རང་འགོངཿ རྒྱལ་བསེན་གྲི་པོ་གྲི་མོ་ཡིསཿ བསྲུང་བྱའི་བླ་ཚེ་བརྐུས་འཕྲོག་པཿ མྱུར་བ་ཉིད་དུ་འདིར་ཁུག་ལཿ ཟད་པ་བསྲིང་ལ་ཉམས་པ་གསོསཿ ཡར་བ་བསྡུས་ཤིང་ཆད་པ་འཐུདཿ ཚེ་བསོད་འཕེལ་ཞིང་རྒྱས་གྱུར་ཅིགཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ག་རུ་ཊ་ཨ་ཡུརྤུཎྱེ་ཀུ་རུ་བྷྲཱུྃཿ «མདའ་དར་གཡབ་ཅིང་རྒྱས་གདབ་བོཿ དེ་ནས་གདོན་གཟུགས་ཁ་ཕྱིར་བསྒྱུརཿ དྲི་ཆུའི་ནང་དུ་གདན་ནག་དོརཿ ཁྲོ་བོ་འཆོལ་པའི་ང་རྒྱལ་གྱིསཿ »ཧཱུྃཿ ཉོན་ཅིག་ལོག་འདྲེན་གདོན་གྱི་ཚོགསཿ རྡོ་རྗེའི་དམ་ལས་མ་འདའ་བརཿ ཤུལ་རིང་མགྲོན་པོ་ལམ་ཞུགས་བཞིནཿ ད་ནི་གནས་འདིར་མ་འདུག་པརཿ ཆུ་གཏེར་ནོར་བུའི་གླིང་ཆེན་ནམཿ རང་རང་སོ་སོའི་གནས་སུ་དེངསཿ སྤྱན་རས་གཟིགས་དབང་ཐུགས་བསྐྱེད་ཀྱིསཿ འཛད་མེད་ཡེ་ཤེས་བདུད་རྩིའི་ཆུཿ ངོམས་ཤིང་ཚིམ་པར་འཐུང་གྱིས་ལཿ བསྲུང་བྱར་གྱུར་པ་འདི་རྣམས་ཀྱིཿ སྔོན་གྱི་ལན་ཆགས་གང་ཡོད་རྣམསཿ རོ་བརྒྱ་ལྡན་པའི་ཆབ་ཀྱིས་སྦྱངཿ ཕྲལ་གྱི་མཁོན་སེམས་ཡོད་ན་ཡངཿ རོ་བརྒྱ་ལྡན་པའི་ཆབ་ཀྱིས་སྦྱངཿ སྒོ་གསུམ་ཉེས་པའི་སྐྱོན་ཤོར་ཀུནཿ རོ་བརྒྱ་ལྡན་པའི་ཆབ་ཀྱིས་སྦྱངསཿ ད་ནི་གཤེགས་སོ་ཤ་ར་རཿ ད་ནི་བཞུད་དོ་སི་ལི་ལིཿ ད་ནི་རྒྱུ་གཅིག་ཉི་ལི་ལིཿ མ་ལུས་འཁོར་བཅས་འགྲོ་བར་གྱིསཿ གལ་ཏེ་བཀའ་ལས་འདའ་བྱེད་ཅིངཿ སླར་ཡང་གནོད་པའི་སེམས་འཆང་ནཿ ཁྲོ་རྒྱལ་འབར་བ་ག་རུ་ཊའིཿ སྐུ་ལས་ཁྲོ་བོ་ཁྲོ་མོ་དངཿ བྱ་ཁྱུང་མཚོན་ཆ་མེ་དཔུང་གིསཿ ལུས་སེམས་ཐལ་བའི་རྡུལ་དུ་གཞོམསཿ རྣམ་ཤེས་དམྱལ་བའི་གནས་སུ་མནརཿ མིང་གི་ལྷག་མར་གྱུར་ཏ་རེཿ དེ་བས་མྱུར་དུ་ཕྱིར་དེངས་ལཿ བྱང་ཆུབ་སེམས་དང་ལྡན་པར་གྱིསཿ« ཧཱུྃ་བཞིའི་སྔགས་དང་དྲག་སྔགས་བཟླཿ འདྲེ་འཇིགས་བདུག་ཅིང་ཚ་རྔམས་ཀྱིསཿ ཏིང་འཛིན་དམིགས་པ་དྲག་པོའི་གཟིརཿ སླར་ཡང་མདུན་དུ་ཡིག་ཆུང་བཀོདཿ »ཨེ་ལས་ལྕགས་བསྲེགས་དྲག་པོའི་ཧོམ་ཁུང་དུཿ ཉ་བོ་བཀའ་འདས་གདོན་བགེགས་འབྱུང་པོ་དངཿ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་གསལཿ དམིགས་བྱར་བྱེ་མར་ཆུ་བླུགས་ཇི་བཞིན་ཕྱུརཿ ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་བཀའ༴ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བཀའ༴ གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་གྱི་བཀའ༴ ཕྱག་རྒྱ་སྔགས་དང་ཏིང་འཛིན་གསུམ་གྱི༴ ཁྱད་པར་དུ་ཁྲོ་བོའི་རྒྱལ་པོ་གསོད་བྱེད་མེ་ཡི་སྤུ་གྲིའི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དངཿ བདེན་པའི་སྟོབས་ཀྱིས་གནོད་བྱེད་གདོན་བགེགས་བཀའ་ལ་མི་ཉན་ཞིང་དམ་ལ་མི་གནས་པ་འགྱུར་ལྡོག་འཕར་ལྡང་དང་བཅས་པའི་རྣམ་པར་ཤེས་པ་བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐང་བཅས་པ་སྐད་ཅིག་རང་དབང་མེད་པར་ལས་ཀྱི་ཕོ་ཉ་རྣམས་ཀྱི་ར་ལུག་སེར་བས་དེད་པ་བཞིན་དུ་དམིགས་པའི་རྟེན་འདི་དང་གཉིས་སུ་མེད་པར་ཁུག་ཅིགཿ རྣྲི་ཏྲི་ཨ་ཀར་ཥ་ཡ་ཛ་ཛཿ« ལྔ་བདུན་དགུུ་སོགས་སྐབས་དང་སྦྱརཿ »ཛཿཧཱུྃ་བྃ་ཧོཿ«ས» «གཉིས་སུ་མེད་པར་བསྟིམསཿ ཕུར་བ་བསྒྲིལ་ཞིང་ཚེ་ཁྲུས་སྤར༔ »ཧཱུྃཿ རྡོ་རྗེ་ཕུར་བ་ཀཱི་ལ་ཡཿ རྣོ་དབལ་གདུག་པའི་སྙིང་ལ་ཡཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་རྔུབསཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊཿ« རལ་གྲི་ཐོགས་ཤིང་བསྒྲལ་བསྟབས་བྱཿ »ཧཱུྃཿ ཁྲོ་རྒྱལ་འབར་བའི་མཚོན་ཆ་ཡིསཿ དགྲ་གདོན་ལྔ་ཕུང་དུམ་བུར་གཏུབཿ སྤྲུལ་པའི་ཕོ་ཉ་གྲངས་མེད་ཀྱིསཿ རྡུལ་ཕྲན་བཞིན་དུ་བརླག་པར་གྱིསཿ རྣྲི་ཏྲི་ཤ་ཏྲུན་དུན་ཡ་མཱ་ར་ཡ་རྦད་རྦདཿ «ཞེས་བསྒྲལ་ཧོམ་ཐབ་སྦྱར་བྱས་ལཿ »ཧཱུྃཿ ཡེ་ཤེས་མེ་དཔུང་རབ་ཏུ་འབར་བའི་ཀློང་ཿ ལས་ཀྱི་ཕོ་ཉ་མེ་ཁྱུང་ཧེ་རུུ་ཀཿ ཁྲོ་གཏུམ་གནམ་ས་ཙམ་གྱི་ཞལ་གདངས་ཤིངཿ གངས་རིའི་མཆེ་གཙིགས་གློག་དམར་ལྗགས་བརྐྱང་ལཿ དམ་ཉམས་དགྲ་གདོན་བསྒྲལ་བའི་ཤ་ཁྲག་རུསཿ ནང་རོལ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུནཿ ཁྲོ་གཏུམ་ཞལ་དུ་གསོལ་ཞིག་ཁ་རཾ་ཁཱ་ཧིཿ ཐམས་ཅད་མིང་གི་ལྷག་མ་མེད་པར་མཛོདཿ ཁྲོཾ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ནཱ་ག་སརྦ་མ་ར་ཡ་རྣྲྀ་ཏྲི་ཤ་ཏྲུཾ་མམ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བཱ་སུ་ཏ་ཀི་ནི་རི་ཏི་ལ་ཁ་རཾ་ཁཱ་ཧིཿ «ལིང་ག་བདུན་དང་རྫས་ཉེར་གཅིགཿ ཁྲག་ཆང་བདུན་ཕུལ་དམིགས་གནད་གཟབཿ »ལས་ཀྱི་ཕོ་ཉ་མཐུ་བོ་ཆེཿ ལས་གྲུབ་ཆོས་དབྱིངས་ཀློང་དུ་གཤེགསཿ འགྲོ་བ་མགོན་མེད་སྐྱབས་པའི་ཕྱིརཿ སླར་ཡང་འབྱོན་པར་མཛད་དུ་གསོལཿ བཛྲ་མུཾཿ« ཡེ་ཤེས་པ་གཤེགསཿ དམ་ཚིག་པ་རང་ལ་བསྡུཿ བསྲུང་བ་བྱ་བ་ནིཿ བྱུག་པའི་རྫས་ཀྱིས་ལུས་བྱུག་ཅིང༌།» བསྲུང་བྱ་སྐད་ཅིག་དྲན་རྫོགས་སུཿ ཁྲོ་རྒྱལ་འབར་བ་ལམ་གྱིས་གསལཿ བདག་གི་ཐུགས་ལས་འཕྲོས་པ་ཡིསཿ རྡོ་རྗེའི་གོ་ཁྲབ་ཞུ་བླུག་བགོསཿ བྱད་ཕུར་རྦོད་གཏོང་གདོན་བགེགས་གྲིབཿ ཅིས་ཀྱང་བརླག་མི་རྙེད་པར་གྱུརཿ ཁྲོཾཿག་རུ་ཊ་བཛྲ་རཀྵ་རཀྵཿ ཀུ་རུ་བྷྲཱུྃཿ «ཉེར་གཅིག་བཟླ་ཞིང་གནས་ལྔ་རུ༔ ཕྱག་མཚན་རྡོ་རྗེའི་རྒྱ་གྲམ་བཞགཿ »བསྲུང་བྱ་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱིས་གནོད་པ་ལས་གྲོལ་པ་བཞིན་དུ་དགྲ་གདོན་བགེགས་སོགས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིགཿ «རྟེན་འབྲེལ་སྙིང་པོས་བརྟན་པར་བྱཿ ཤིས་པ་བརྗོད་ཅིང་མེ་ཏོག་འཐོརཿ རྗེས་ཀྱི་རིམ་པ་སྤྱི་ལྟར་རོཿ ཨེ་མ་ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ ལས་ངན་འགྲོ་བ་ཉོན་མོངས་འཕེལཿ བྱད་ཕུར་རྦོད་གཏོང་རླུང་ལྟར་འཚུབསཿ རིམས་ནད་གདོན་བགེགས་མེ་ལྟར་འབརཿ ཀླུ་གཉན་བདུན་དྲུག་ཆུ་ལྟར་འབརཿ ཀླུ་གཉན་བདུན་དྲུག་ཆུ་ལྟར་འཁྲུགསཿ དེ་ཚེ་གདམས་པ་འདི་ཉིད་ནིཿ མུན་པ་སེལ་བའི་སྒྲོན་མེ་དང་ཿ ཆུ་འཁྱག་འཇོམས་པའི་ཉི་ཟེར་མཚུངསཿ ལྷ་ལྕམ་ཐུགས་ཀྱི་སྤྲུལ་བ་དངཿ སྐལ་བར་ལྡན་པའི་མཚོན་ཆར་ཤོགཿ བླ་མར་མི་གུས་རང་ཆེ་འབྱིནཿ ཉོན་མོངས་འཕེལ་ཞིག་ཟས་ནོར་བ་སོགསཿ གཡོ་རྒྱུ་ཟོལ་ཟོག་མགོ་གཡོགས་མཁནཿ བླ་མའི་གནང་བ་མ་ཐོབ་པརཿ འདིཉིད་ཁྱབ་བདལ་སྤྱོད་གྱུར་ནཿ ཀླུ་གཉན་གདུག་པ་རབ་ཁྲོས་ནསཿ སྡུག་བསྔལ་དྲག་པོས་རབ་མནར་ཞིངཿ སྲོག་ལ་ཧུར་ཐུམ་འབྱུང་»ཏ«་རེཿ དེ་ཕྱིར་མཁས་པས་འཚོ་ཤེས་བྱཿ མཐུ་སྟོབས་རྣོ་མྱུར་ཐོག་དང་འདྲཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ གཏེར་གྱི་སྲུང་མའི་ཐུབ་པར་གྱིསཿ གུ་ཧྱཿ ཁ་ཐཾཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ དམ་ཚིག་གི་རྒྱཿ སྐལ་བ་ལྡན་པའི་ཁྱད་ནོར་རོཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོའི་བརྡ་རིས་ལས་དག་པར་ཕབ་ཅིང་ཡི་གེ་པ་ནི་ཉེ་གནས་རསྨིའི་མིང་འཛིན་གྱིས་བགྱིས་པ་སྟེ་ཤིན་ཏུ་བྱིན་རླབས་མྱུར་བའི་ཆོས་ཚན་ནོཿ