DKYD-KABUM-03-GA-049

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །«ཆང་མཆོད་ནི།» ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞལ་སྣོད་ཡེ་ཤེས་ཀ་པ་ལ་ཡི་ནང༔ དྲི་རོ་ཁ་དོག་ནུས་བཅུད་ཕུན་སུམ་ཚོགསཿ ཡེ་ཤེས་བདུད་རྩེའི་རང་བཞིན་རྣམ་དག་རྫསཿ ཟག་མེད་མཆོད་པའི་སྤྲིན་ཕུང་མི་ཟད་གཏེར༔ སྤྱིར་བོར་རྩ་བ་བརྒྱུད་པའི་བླ་མ་དང༔ སྙིང་གར་ཡི་དམ་ཞི་བའི་དཀྱིལ་འཁོར་ལྷཿ དུང་ཁཾ་ཁྲག་འཐུང་འབར་བ་ཁྲོ་བོའི་ཚོགས༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ ཟག་མེད་བདུད་རྩིའི་མཆོད་པ་འདི་ཕུལ་བསཿ ཚོགས་རྫོགས་སྒྲིབ་དག་འགལ་འཁྲུལ་ཉམས་ཆགས་བྱང༔ རྩ་གནས་བདེ་བ་ཆེན་པོའི་རོས་གང་ཞིང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་ཧཱིཿ «ཅེས་པའང་མཁྱེན་སྤྲུལ་པས་སོཿ དགེའོཿ