DKYD-KABUM-02-KHA-029

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༅། །ས མྦྷཱི ར ནི ཀྲྀ ནྟ ནྟི ས མུ པ ཧི ཏ བྷྲ ཡཀེརཱ ག སྶ མྦ ད ནཾ ལོ བ བཛྲ ཧ སྱ མཱ སཱི ན སྟི། །༅། །ཟབ་དོན་གཅོད་ཡུལ་ལ་ཉེ་བར་མཁོ་བའི་འཁྲུལ་པའི་རྟོག་ཚོགས་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ་བཞུགས། ། «༄༅། །དང་པོ་དུས་གསུམ་གྱི་རྟོག་ཚོགས་ཐད་ཀར་གཅོད་ཕྱིརཿ »ཕཊཿ «ཅེས་བརྗོད་པ་དྲན་རིག་སོ་མ་ངར་དང་ལྡན་པའི་ངང་ནས། »རང་ཉིད་སྐད་ཅིག་གི་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་འཕྲལ་དུ་ཤར་བ་ལྟར། རང་ལུས་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་འདི་མ་ཡིན་པར་རང་བྱུང་རིག་པའི་རང་རྩལ་ལས་རང་བྱུང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོ་སྐུ་སྟོད་གཟུགས་མེད་ཀྱི་ཁམས་སུ་འགྱིང་བ། སྙིང་ག་ནས་ལྟེ་བའི་བར་གྱིས་གཟུགས་ཀྱི་ཁམས་ཡོངས་སུ་ཁྱབ་པ། སྐུ་སྨད་འདོད་ཁམས་ནས་ངན་སོང་གསུམ་པོའི་གནས་དང་བཅས་པ་འཇིགས་པར་བརྫིས་ནས་གཡོ་འགུལ་ཙམ་ཡང་མི་ནུས་པ། ཆོས་ཉིད་མི་འགྱུར་བའི་རྟགས་སུ་སྐུ་མདོག་མཐིང་ནག །ལོངས་སྤྱོད་རྫོགས་པའི་དཔལ་དང་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྒྱན་ཆ་ལུགས་མ་ཚང་བ་མེད་པ། སྤྲུལ་སྐུ་གང་ལ་གང་འདུལ་གྱི་གདུལ་བྱ་ཐུགས་རྗེས་མི་གཏོང་བའི་ཕྱིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་ཁྲོས་མ་ནག་མོ་མཐོང་ཞིང་ཐོས་པའི་གཟུགས་ཅན་དང་གཟུགས་མེད་ཀྱི་འགྲོ་ཁམས་རྒྱ་མཚོ་སྐྲག་ཅིང་འདར་ལ་དཔའ་འཁུམ་ནས་ཅི་བྱ་གཏོལ་མེད་ལ་ཐུག་ནས་འདར་ཕྲི་ལི་ལི་བྱེད་ནུས་པའི་བདག་ཉིད་ཅན་དུ་གྱུར། དེ་ཡང་ཞལ་བཟོད་པར་དཀའ་བའི་ཁྲོ་མོའི་བཞིན་གཟུགས་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང༌། སྤྱན་གཡོན་པར་ཤེས་རབ་ཀྱི་རང་བཞིན་ཉི་མའི་འོད་ཟེར་བསྐལ་པའི་མེ་ལྟར་འབར་ཞིང་འཕྲོ་བཿ གཡས་པར་ཐབས་ཀྱི་རང་བཞིན་ཟླ་བའི་འོད་ཟེར་དཀར་ལ་འཚེར་བ་དེ་བཞིན་དུ་འཕྲོ་བ། སྤྱན་དབུས་མ་ཐབས་ཤེས་གཉིས་སུ་མེད་པའི་འོད་ཟེར་དཀར་དམར་རབ་ཏུ་འཁྲུགས་པ་འབར་ཞིང་འཕྲོ་བ། དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབ་ཅིང་ལྷག་མ་གཙུག་གི་རྒྱན་དུ་བཅིངས་ཤིང་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོས་ངུར་སྒྲ་སྒྲོགས་པ། དབུས་ཞལ་རབ་ཏུ་གདངས་པས་སྲིད་གསུམ་མ་ལུས་ཟས་སུ་ཟ་བར་ནུས་ཤིང་ཚོམས་དང་མཆེ་བ་གངས་རི་ལྟར་གཙིགས་ཤིང་ལྗགས་གློག་དམར་ལྟར་འཁྱུགས་པཿ ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ཁྲག་གི་མཆུ་འབབས་པ་ནམ་མཁའི་དབྱིངས་སུ་ཕྱར་ཞིང་གཡུགས་པ་ཙམ་གྱིས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། གཡོན་མི་རྐང་གི་གླིང་བུ་སེང་ལྕམ་དཀར་མོའི་ང་རོ་ལས་ཀྱང་ལྷག་པར་བསྒྲགས་པས་གཟུགས་ཅན་གཟུགས་མེད་ཀྱི་འབྱུང་པོ་མཐུ་སྟོབས་ཀྱི་རྩལ་ལ་སྙམས་པ་ཐམས་ཅད་སྔངས་སྐྲག་འདར་གསུམ་གྱིས་ཡིད་རྩ་ཁོལ་ཞིང་སྙིང་རྩ་འཁྲུགས་པ། ཞལ་ནས་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཕེམ་ཕེམ་གྱི་སྒྲ་དྲག་པོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བའི་སྒྲ་ལྟ་བུ་བསྒྲགས་པས་འཇིག་རྟེན་གྱི་ཁམས་རྣམས་གཡོ་ཞིང་འགུལ་བར་བྱེད་ནུས་པ། རུས་པའི་ཕྱག་རྒྱ་ལྔ་སོགས་ཁྲོ་མོའི་ཆས་ཐམས་ཅད་ཀྱི་ཡོངས་སུ་སྡུད་ནས་རྔམས་ཤིང་འཇིགས་པར་བྱེད་པ། འཆི་བདག་གཤིན་རྗེའི་དཔུང་ཚོགས་ཡང་འདར་ཞིང་ཡ་ང་བའི་གནས་ལ་འགོད་པར་བྱེད་པ། དེ་ལྟ་བུའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་ཁམས་གསུམ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀ་ནས་ཚད་མེད་པ་བཞིའི་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པའི་ཕོ་ཉ་ཡང་སྤྲུལ་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་ཁྱབ་པར་སྤྲོས་པས་གནས་གདོན་ལུས་གདོན་གྱི་གཙོར་བྱས་ལོག་འདྲེན་འབྱུང་པོའི་ཚིགས་རྣམས་ན་བུན་འཐོར་རླུང་གིས་དེད་པའམ། ར་ལུག་སེར་བས་བདས་པ་ཇི་བཞིན་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་རང་མདུན་ལྕགས་ཁང་གྲུ་གསུམ་འབར་བའི་ནང་དུ་དམིགས་ཡུལ་མཚན་མ་རྫས་ཀྱི་ལིངྒ་«སོགས་དང༌།» དབྱེར་མེད་དུ«་གྱུར་པར་བསམ་ཞིང༌། གཡང་གཞི་བརྡབས། རྐང་གླིང་འབུད། ཕཊཿསྒྲ་དྲག་པོ་མང་དུ་སྒྲོགས་པ་སོགས་བྱས། སླར་ཡང་འདི་ལྟར་རོ། །»ཧཱུྃཿ ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །གནས་ཀྱི་མཆོག་གུར་སོ་ཐར་གནས། །དྷུ་མ་ཐ་ལ་མཁའ་འགྲོའི་གྲོངས། །དུར་ཁྲོད་ཆེན་པོ་བརྒྱད་རྣམས་དང༌། །ཡུལ་ཆེན་ཉེར་བཞི་གནས་སོ་གཉིས། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །མཁའ་འགྲོའི་གཙོ་མོ་ཝཱ་ར་ཧི། །ཡེ་ཤེས་འཇིག་རྟེན་མཁའ་འགྲོ་དང༌། །དམ་ཚིག་ཤ་ཟ་མཁའ་འགྲོ་སོགས། །དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །མ་ལུས་ལུས་པ་མེད་པའི་འཁོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང༌། །ཁམས་གསུམ་དབང་དུ་བསྡུ་བ་དང༌། །སྲིད་གསུམ་ཟིལ་གྱིས་ནོན་པར་མཛེས། །ཕཊཿཕཊཿཕཊཿ «གཉན་འབོད་ནིཿ »ཨཱིཿ གཙོ་བོའི་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་རྒྱལ་པོ། མོ་གདན་བསེན་མོ། ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། མཐོ་སྲིད་པའི་རྩེ་མོ་མན་ཆད། །དམའ་ན་རག་དམྱལ་ཁམས་ཡན་ཆད། །མཐོ་ནམ་མཁའི་ལྷ་ཕྲན་མན་ཆད། །དམའ་ས་འོག་ལྟོ་འཕྱེ་ལན་ཆད། །བེ་ཧར་རྒྱལ་པོ་མན་ཆད། །ཡུལ་འདྲེས་སྲིན་འཁྱམས་པོ་ཡན་ཆད། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་གང་ཡང་བྲོས་དབང་མེད་པར་བདག་གི་དབང་དུ་འདུས་ལ་གཉན་ཁྲོད་ཆེན་པོ་འདིར་འདུས་ཤིག །ཕཊཿཕཊཿཕཊཿ ཨེ་ཁྱད་པར་དུ་ཡང་གཉན་ཁྲོད་ཆེན་པོ་འདི་ལ་གནས་པའི་དཀར་པོ་ལྷའི་སྡེ་ཚན་ནག་པོ་བདུད་ཀྱི་སྡེ་ཚན། དམར་མོ་བཙན་གྱི་སྡེ་ཚན། ཁྲ་བོ་གཟུའི་སྡེ་ཚན། འཕན་པོ་གཉན་གྱི་སྡེ་ཚན། བྱུག་པོ་ཀླུའི་སྡེ་ཚན། རཀྴ་སྲིན་པོའི་སྡེ་ཚན། ཕོ་མོ་མ་ནིང་གི་སྡེ་ཚན་དུ་གཏོགས་པའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པ་བདག་གི་དབང་དུ་འདུས་ལ་གཉན་ཁྲོད་ཆེན་པོ་འདིར་འདུས་ཤིག །ཕཊཿཕཊཿ ཁྱད་པར་དུ་ཡང་བསྲུང་བྱ་འདི་རྣམས་ཀྱི་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་གདོན་གྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པའི་ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ས་བདག །གཟའ་གཏོད་རྒྱུ་སྐར། མཚན་འདྲེ་མི་ལ་བསྲེ་རག་འགེང་བོ། ཐེའུ་རང་གི་གྲི་ཕོ་གྲི་མོ། གནའ་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་འཁྱམས་པོ། ཟ་འདྲེ་ཤི་གཤེད། དམ་སྲི་རྒྱལ་འགོང༌། ཁའི་ནང་ནས་དབུགས་ཕྲོག་ཅིང༌། ཁོངས་པའི་ནང་དུ་སྲོག་གཅོད་པར་བྱེད་པའི་གནོད་བྱེད་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་རང་དབང་མེད་པར་བདག་གི་དབང་དུ་འདུས་ལ་གཉན་ཁྲོད་ཆེན་པོ་འདིར་འདུས་ཤིག །ཕཊ་ཕཊཿ ཨཻ་ཁྱད་པར་དུའང་གཟའ་མཆོག་ཆེན་པོ་རཱ་ཧུ་ལ། ཐོག་བདག་ཐོག་འབྲུག་ཐོག་གི་མཁར་བམ་གར་ཚང་སྦུད་པ་སྦུད་མཁན་ལྷ་འདྲེ་སོལ་བ་དང་བཅས་པ་ཐམས་ཅད་རང་དབང་མེད་པར་བད་གི་དབང་དུ་བསྡུས་ལ་གཉན་ཁྲོད་ཆེན་པོ་འདིར་འདུས་ཤིག །ཕཊ་ཕཊཿ ཨཻ་ཁྱད་པར་དུའང་གནན་ཁྲོད་ཆེན་པོ་འདིའི་ཕུ་མདའ་དང་ཉིན་སྲིབ་ལ་གནས་པའི་ལྷ་འདྲེ་བཀའ་ལ་འཁུ་བ་དམ་ལས་ལོག་པ་མགོ་སྐོར་རྗེས་སྙོགས་བྱེད་པའི་ལྷ་འདྲེ་ཕུག་རལ་འཁྱམས་གསུམ་འབྱམས་སྡུག་ལོག་གསུམ་བྱེད་པའི་ལྷ་འདྲེ་བཀའ་ལ་མི་ཉན་པ། དབང་དུ་མི་འདུ་བ། དམ་ལ་མི་གནས་པ། དངོས་གྲུབ་མི་སྟེར་བར་བྱེད་པའི་ལྷ་འདྲེ་ཐམས་ཅད་རང་གི་ཞབས་ལྕགས་ཁང་ནག་པོའི་ནང་དུ་ཚུད་པར་འདུས་ཤིག །བསྐུལ་བ་ནི། མ་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །ཨུ་ཙ་ལ་ཡི་དུར་ཁྲོད་ནི། །རི་བོ་ཐམས་ཅད་རུས་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་མདུང༌། །ཆུ་རླུང་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་མཁའ་འགྲོའི་སྒྲ། །དུས་གསུམ་སངས་རྒྱས་ཡ་ང་བ། །ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང༌། །ཕྱག་ན་རྡོ་རྗེ་འཇིགས་པའི་ས། །ཨ་ཙ་ལ་ཡི་དུར་ཁྲོད་ནས། །མ་ཅིག་ཁྲོས་མ་བཞེངས་སུ་གསོལ། །མ་ཅིག་ཁྲོས་མ་ནག་མོ་བཞེངས་ཙ་ན། །སྐུ་མདོག་ནག་མོ་འཇིགས་པའི་གཟི་མདངས་ཅན། །ཕྱག་གཡས་པས་ཞིང་ཆེན་གཡང་གཞི་རྡེབས། བརྡབས་པས་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས། །གཡོན་པས་མི་རྐང་གི་གླིང་བུ་འབུད། འབུད་པས་ལྷ་སྲིན་སྡེ་བརྒྱད་དམྱལ་ཐག་གཅོད། །སྤྱན་གཡས་པ་ཉི་མས་ཀྱེན་ལ་གཟིགས། སྟེང་ཚངས་པའི་ལྷ་རྣམས་དབང་དུ་སྡུད། །སྤྱན་གཡོན་ཟླ་བས་ཐུར་དུ་གཟིགས། །གྲུལ་བུམ་ཀླུ་རྣམས་དབང་དུ་སྡུད། །ཞབས་གཉིས་ཁྲིག་ཁྲིག་ས་ལ་རྡེབས། །འཇིག་རྟེན་ཁམས་རྣམས་གཡོ་བར་བྱེད། སྤྱི་གཙུག་ཕག་ཞལ་མཁའ་ལ་ངུར། །ངུར་བས་ལྷ་སྲིན་སྡེ་བརྒྱད་འདར་ཞིང་དངངས། །མ་དབང་སྡུད་མཁའ་འགྲོ་མཐུ་མ་ཆུང༌། །དབང་སྡུད་མཁའ་འགྲོ་རྩལ་མ་ཞན། །རིགས་བཞི་མཁའ་འགྲོ་མཐུ་མ་ཆུང༌། །རིགས་བཞིའི་མཁའ་འགྲོ་རྩལ་མ་ཞན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞི་དུ་ཕོབས་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཕཊཿ«ཧཱུྃ་ལན་གསུམ། »ཕཊཿཧཱུྃ་«གསུམ།» ཕཊ༔ཧཱུྃ་«གསུམ། ཞེས་བསྐུལ་ཞིང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་བཀུག་ནས་ཁ་ཆར་བུ་ཡུག་བཞིན་དུ་བསམས་ལ། »མ་ཐུགས་ཀ་ལས་ནི་འོད་ཟེར་འཕྲོས། ཞིང་ཆེན་གཡང་གཞི་ཤར་དུ་གཡུགས། །རྡོ་རྗེ་མཁའ་འགྲོ་ཕོ་ཉར་འགྱེད། །རྡོ་རྗེ་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། །ཤར་ཕྱོགས་ཕོ་གདོན་རྒྱལ་པོ་དབང་དུ་བསྡུས། །མོ་གདོན་བསེན་མོ་དབང་དུ་བསྡུས། །ཀླུ་གདོན་ས་བདག་དབང་དུ་བསྡུས། །གཉན་སའི་ལྷ་འདྲེ་དབང་དུ་བསྡུས། །ཁྱི་དམར་རྒྱལ་འགོང་དབང་དུ་བསྡུས། །གནས་གདོན་ལུས་གདོན་དབང་དུ་བསྡུས། །ཟ་འདྲེ་ཤི་གཤེད་དབང་དུ་བསྡུས། །སྲོག་གཅོད་དབུགས་ལེན་དབང་དུ་བསྡུས། །གསོན་བདུད་གཤིན་ལྕགས༴ ཤོད་སྲི་འགབ་འདྲེ༴ ཆུང་སྲི་ཆུང་བདུད༴ ན་ཚའི་སྣ་འདྲེན༴ དབང་དུ་བསྡུས་ལ་ཟིལ་གྱྀས་གནོན། ཕཊཿ ཞིང་ཆེན་གཡང་གཞི་ལྷོ་རུ་གཡུགས། རིན་ཆེན་མཁའ་འགྲོ་ཕོ་ཉར་འགྱེད། རིན་ཆེན་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། ལྷོ་ཕྱོགས་ཕོ་གདོན་རྒྱལ་པོ་དབང་དུ་བསྡུས། མོ་གདོན་བསེན་མོ་དབང་དུ༴ ཀླུ་གདོན་ས་བདག༴ གཉན་སའི་ལྷ་འདྲེ༴ ཁྱི་དམར་རྒྱལ་འགོང་༴ གནས་གདོན་ལུས་གདོན༴ ཟ་འདྲེ་ཤི་གཤེད༴ སྲོག་གཅོད་དབུགས་ལེན༴ གསོན་བདུད་གཤིན་ལྕགས༴ གོད་སྲི་དབབ་འདྲེ༴ ཆུང་སྲི་ཆུང་བདུད༴ ན་ཚའི་སྣ་འདྲེན༴ དབང་དུ་བསྡུས་ལ་ཟིལ་གྱིས་གནོན། ཕཊཿ ཞིང་ཆེན་གཡང་གཞི་ནུབ་ཏུ་གཡུགས། པདྨ་མཁའ་འགྲོ་ཕོ་ཉར་འགྱེད། པདྨ་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། ནུབ་ཕྱོགས་ཕོ་གདོན་རྒྱལ་པོ་དབང་དུ་བསྡུས། མོ་གདོན་བསེན་མོ༴ ཀླུ་གདོན་ས་བདག༴ གཉན་སའི་ལྷ་འདྲེ༴ ཁྱི་དམར་རྒྱལ་འགོང་༴ གནས་གདོན་ལུས་གདོན༴ ཟ་འདྲེ་ཤི་གཤེད༴ སྲོག་གཅོད་དབུགས་ལེན༴ གསོན་འདུད་གཤིན་ལྕགས༴ གོད་སྲི་དགབ་འདྲེ༴ ཆུང་སྲི་ཆུང་བདུད༴ ན་ཚའི་སྣ་འདྲེན༴ དབང་དུ་བསྡུས་ལ་ཟིལ་གྱིས་གནོན། ཕཊ། ཞིང་ཆེན་གཡང་གཞི་བྱང་དུ་གཡུགས། ལས་ཀྱི་མཁའ་འགྲོ་ཕོ་ཉར་འབྱེད། ལས་ཀྱི་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། བྱང་ཕྱོགས་ཕོ་གདོན་རྒྱལ་པོ་དབང་དུ་བསྡུས། མོ་གདོན་བསེན་མོ༴ ཀླུ་གདོན་ས་བདག༴ གཉན་སའི་ལྷ་འདྲེ༴ ཁྱི་དམར་རྒྱལ་འགོང་༴ གནས་གདོན་ལུས་གདོན༴ ཟ་འདྲེ་ཤི་གཤེད༴ སྲོག་གཅོད་དབུགས་ལན༴ གསོན་བདུད་གཤིན་ལྕགས༴ གོད་སྲི་དགབ་འདྲེ༴ ཆུང་སྲི་ཆུང་བདུད༴ ན་ཚའི་སྣ་འདྲེན༴ དབང་དུ་བསྡུས་ལ་ཟིལ་གྱིས་གནོན། ཕཊ། ཞིང་ཆེན་གཡང་གཞི་དབུས་སུ་གཡུགས། སངས་རྒྱས་མཁའ་འགྲོ་ཕོ་ཉར་འགྱེད། སངས་རྒྱས་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། དབུས་ཕྱོགས་ཕོ་གདོན་རྒྱལ་པོ་དབང་དུ་བསྡུས། མོ་གདོན་བསེན་མོ༴ ཀླུ་གདོན་ས་བདག༴ གཉན་སའི་ལྷ་འདྲེ༴ ཁྱི་དམར་རྒྱལ་འགོང་༴ གནས་གདོན་ལུས་གདོན༴ ཟ་འདྲེ་ཤི་གཤེད༴ སྲོག་གཅོད་དབུགས་ལེན༴ གསོན་བདུད་གཤིན་ལྕགས༴ གོད་སྲི་དགབ་འདྲེ༴ ཆུང་སྲི་ཆུང་བདུད༴ ན་ཚའི་སྣ་འདྲེན་དབང་དུ་བསྡུས། དབང་དུ་བསྡུས་ལ་ཟིལ་གྱིས་གནོན། ཕཊ་ཕཊ་ཕཊ།« ཅེས་བརྗོད་ཅིང་གཡང་བཞི་རྡེབས་རྐང་གླིང་དྲག་ཏུ་འབུད་དམིགས་པ་མ་ཟིན་བར་དུ་ཕཊཿབརྗོད། »སྣང་སྲིད་འཁོར་བའི་འགྲོ་བ་རྣམས། །མ་རིགས་གསུམ་དང་རྐྱེན་བཞི་ཡིས། །འཁྲུལ་པའི་ས་བོན་བཏབ་པ་ཡིས། །རྣམ་རྟོག་མ་རིག་ཆེན་པོ་དེ། །འཁོར་བར་ལྟུང་བྱེད་རྒྱུ་ཡིན་པས། །དེ་ཡིས་ཕོ་གདོན་རྒྱལ་འགོང་དང༌། །མོ་གདོན་བསེན་མོ་ཀླུ་གདོན་དང༌། །ཐེའུ་རང་འགོང་པོའི་ཚོགས་རྣམས་བསྐྲུན། །དེ་སོགས་འཁོར་བའི་ལྷ་འདྲེ་ཀུན། །རང་བྱུང་རིག་པའི་རྩལ་ཆེན་གྱིས། །འཁྲུལ་པའི་རྟོག་ཚོགས་ལས་གྱུར་པའི། །ཉེན་མོངས་བརྒྱད་ཁྲི་དབང་དུ་བསྡུས། །དབང་དུ་བསྡུས་ལ་ཟིལ་གྱི་གནོན། །སླར་ཡང་ལྡོག་མེད་ཀློང་དུ་བསྟིམས། །ཕཊ་ཕཊ་ཕཊ། ཕྱི་ལྟ་སྣང་ཞིང་སྲིད་པའི་འཁྲུལ་སྣང་གིས། །ཀུན་ནས་ཀུན་ཏུ་བསྐྱེད་པའི་རྟོགས་ཚོགས་དང༌། ནང་ལྟར་ང་བདག་འཛིན་པ་ལས་བྱུང་བས། །ཕུང་པོ་ལྔ་ལས་ང་ཡིར་འཛིན་པའི་སེམས། །གསང་བ་གནས་ལུགས་དོན་ལ་རྟག་ལྟ་དང༌། །ཆད་པར་ལྟ་སོགས་མཐའ་བརྒྱད་ལྟ་བ་དང༌། །འཇིགས་ཚོགས་སུམ་བརྒྱ་དྲུག་ཅུ་ལས་གྱུར་པའི། །རྩ་བ་ཀུན་རྫོབ་དོན་དམ་གོ་ལྡོག་སྐྱོན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ནད་དང་གདོན། །ཐམས་ཅད་དབང་དུ་བསྡུས་ལ་ཟིལ་གྱིས་གནོན། །མ་ཅིག་ཡུམ་ཆེན་བཀའ་ལས་སྡོག་མེད་གྱུར། །མདོར་ན་ཕན་བྱེད་ལྷ་དང་གནོད་བྱེད་འདྲེ། །དཀར་ནག་དགེ་དང་མི་དགེར་འཛིན་པའི་ཆོས། །ཐམས་ཅད་སྐྱེ་འགགས་མེད་པའི་སྟོང་དབྱིངས་སུ། །ཟིལ་གྱིས་གནོན་ནས་སྣང་མཆེད་ཐོབ་པའི་སྤྲིན། །མཁའ་དབྱིངས་གནས་ལུགས་ངང་དུ་འུབ་ཆུབ་གྱུར། །ཕཊཿཕཊཿཕཊཿ «དར་ཅིག་མཉམ་པར་བཞག །ཐུགས་དམ་རྒྱུད་བསྐུལ་བྱིན་རླབས་ཆུ་རྒྱུན་ནི། མོས་གུས་རྩེ་གཅིག་གིས། »མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། མ་ཅིག་ཇོ་མོ་རྣལ་འབྱོར་མ། །བཀའ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །སྐལ་མེད་ཐར་པའི་ལམ་འདྲེན་མ། །ཛཿཧཱུྃ་བྃ་ཧོཿགནས་འདིར་བྱོན། མཐོ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ཆོས་དབྱིངས་ནམ་མཁའ་ཡངས་པའི་ཕོ་བྲང་ནས། ཐུགས་རྗེའི་སྤྲིན་དཔུང་ཐིབས་སེ་ཐིབ། ཤེས་རབ་ཉི་འོད་ད་ལེ་བ། ཉམས་མྱོང་ན་བུན་ཁྲིགས་སེ་ཁྲིག །བྱིན་རླབས་ཆར་རྒྱུན་སི་ལི་ལི། །བྱིན་གྱིས་རློབས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཅིག་མ་ཅིག་མ། །དངོས་གྲུབ་སྩོལ་ཅིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །མ་མ་ཡིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་ཁྱོ་ལ་གསོལ་བ་འདེབས། །འོན་མིན་གནས་སུ་ལམ་སྣ་དྲོངས། །ཨུ་རྒྱན་གནས་སུ་ལམ་སྣ་དྲོངས། །མ་ཤར་ལ་གོམ་བདུན་བྱོན་པའི་ཚེ། །སྐུ་ལུས་ཆུང་ལ་སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །ཛཿཧཱུྃ་བྃ་ཧོཿགནས་འདིར་བྱོན། །མཐོ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ཆོས་དབྱིངས་ནམ་མཁའ་ཡངས་པའི་ཕོ་བྲང་ནས། ཐུགས་རྗེའི་སྤྲིན་དཔུང་ཐིབས་སེ་ཐིབ། །ཤེས་རབ་ཉི་འོད་ད་ལེ་བ། །ཉམས་མྱོང་ན་བུན་ཁྲིགས་སེ་ཁྲིག །བྱིན་རླབས་ཆར་རྒྱུན་སི་ལི་ལི། །བྱིན་གྱི་རློབས་ཤིག་མ་གཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཅིག་མ་ཅིག་མ། །དངོས་གྲུབ་སྩོལ་ཅིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་ཁྱོད་ལ་གསོལ་བ་འདེབས། །འོག་མིན་གནས་སུ་ལམ་སྣ་དྲོངས། །ཨུ་རྒྱན་གནས་སུ་ལམ་སྣ་དྲོངས། །མ་ལྷོ་ནས་གོམ་བདུན་བྱོན་པའི་ཚེ། །སྐུ་ལུས་ཆུང་ལ་སྐུ་མདོག་སེར། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །ཛཿཧཱུྃ་བྃ་ཧོཿགནས་འདིར་བྱོན། །མཐོ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ཆོས་དབྱིངས་ནམ་མཁའ་ཡངས་པའི་ཕོ་བྲང་ནས། ཐུགས་རྗེའི་སྤྲིན་དཔུང་ཐིབས་སེ་ཐིབ། །ཤེས་རབ་ཉི་འོད་ད་ལེ་བ། །ཉམས་མྱོང་ན་བུན་ཁྲིགས་སེ་ཁྲིག །བྱིན་རླབས་ཆར་རྒྱུན་སི་ལི་ལི། །བྱིན་གྱིས་རློབས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཅིག་མ་ཅིག་མ། །དངོས་གྲུབ་སྩོལ་ཅིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་ཁྱོད་ལ་གསོལ་བ་འདེབས། འོག་མིན་གནས་སུ་ལམ་སྣ་དྲོངས། །ཨུ་རྒྱན་གནས་སུ་ལམ་སྣ་དྲོངས། །མ་ནུབ་ནས་གོམ་བདུན་བྱོན་པའི་ཚེ། སྐུ་ལུས་ཆུང་ལ་སྐུ་མདོག་དམར། པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། ཛཿཧཱུྃ་བྃ་ཧོཿགནས་འདིར་བྱོན། མཐོ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། མ་ཆོས་དབྱིངས་ནམ་མཁའ་ཡངས་པའི་ཕོ་བྲང་ནས། ཐུགས་རྗེའི་སྤྲིན་དཔུང་ཐིབས་སེ་ཐིབ། །ཤེས་རབ་ཉི་འོད་ད་ལེ་བ། །ཉམས་མྱོང་ན་བུན་ཁྲིགས་སེ་ཁྲིག །བྱིན་རླབས་ཆར་རྒྱུན་སི་ལི་ལི། །བྱིན་གྱིས་རློབས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཅིག་མ་ཅིག་མ། །དངོས་གྲུབ་སྩོལ་ཅིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། ལབ་སྒྲོན་ཁྱོད་ལ་གསོལ་བ་འདེབས། །འོག་མིན་གནས་སུ་ལམ་སྣ་དྲོངས། །ཨུ་རྒྱན་གནས་སུ་ལམ་སྣ་དྲོངས། །མ་བྱང་ནས་གོམ་བདུན་བྱོན་པའི་ཚེ། སྐུ་ལུས་ཆུང་ལ་སྐུ་མདོག་ལྗང༌། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །ཛཿཧཱུྃ་བྃ་ཧོཿགནས་འདིར་བྱོན། །མཐོ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ཆོས་དབྱིངས་ནམ་མཁའ་ཡངས་པའི་ཕོ་བྲང་ནས། ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །ཤེས་རབ་ཉི་འོད་ད་ལེ་བ། །ཉམས་མྱོང་ན་བུན་ཁྲིགས་སེ་ཁྲིག །བྱིན་རླབས་ཆར་རྒྱུན་སི་ལི་ལི། །བྱིན་གྱིས་རློབས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཅིག་མ་ཅིག་མ། །དངོས་གྲུབ་སྩོལ་ཅིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། ལབ་སྒྲོན་ཁྱོད་ལ་གསོལ་བ་འདེབས། །འོག་མིན་གནས་སུ་ལམ་སྣ་དྲོངས། །ཨུ་རྒྱན་གནས་སུ་ལམ་སྣ་དྲོངས། །མ་དབུས་ནས་གོམ་བདུན་བྱོན་པའི་ཚེ། སྐུ་ལུས་ཆུང་ལ་སྐུ་མདོག་མཐིང༌། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །ཛཿཧཱུྃ་བྃ་ཧོཿགནས་འདིར་བྱོན། །མཐོ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ཆོས་དབྱིངས་ནམ་མཁའ་ཡངས་པའི་ཕོ་བྲང་ནས། ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །ཤེས་རབ་ཉི་འོད་ད་ལེ་བ། །ཉམས་མྱོང་ན་བུན་ཁྲིགས་སེ་ཁྲིག །བྱིན་རླབས་ཆར་རྒྱུན་སི་ལི་ལི། །བྱིན་གྱིས་རློབས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཅིག་མ་ཅིག་མ། །དངོས་གྲུབ་སྩོལ་ཅིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། ལབ་སྒྲོན་ཁྱོད་ལ་གསོལ་བ་འདེབས། །འོག་མིན་གནས་སུ་ལམ་སྣ་དྲོངས། །ཨུ་རྒྱན་གནས་སུ་ལམ་སྣ་དྲོངས། །མ་ཁྱོད་དང་དགོངས་པ་མཉམ་པར་ཤོག །«ཅེས་བརྗོད་ཅིང་སྣང་བ་འགྱུར་བར་བྱའོ། །དེས་གཅོད་གཞུང་གང་རུང་ལའང་འཇུག་པ་ལག་ལེན་རྣམ་དག་གོ །ཅེས་གཅོད་ཀྱི་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ་འདི་ནི་དངོས་སློབ་འཇིགས་མེད་མཚན་ལྡན་གྱིས་ཞུས་ངོར་གྲུབ་དབང་རྡོ་རྗེ་འཆང་ཆེན་པོའི་གསུང་ལ་འོས་མཐུན་ཁ་སྐོངས་ཅུང་ཟད་གཞན་ནས་བསྣན་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། དགེའོ། དགེའོ།། །།