རིན་ཆེན་སྨན་གྱི་སྦྱོར་བ་ཆེན་མོའི་རྟོགས་པ་བརྗོད་པ་ཙིནྟ་མ་ཎིའི་གཏེར་མཛོད།

From Khyentse Lineage - A Tsadra Foundation Project
Revision as of 08:40, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rin chen sman gyi sbyor ba chen mo'i rtogs pa brjod pa tsin+ta ma Ni'i gter mdzod JKCL-KABUM-12-NA-045.pdf
Location chos kyi blo gros bka' 'bum
Volume 12, Text 45, Pages 171-241 (Folios 1a to 36a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rin chen sman gyi sbyor ba chen mo'i rtogs pa brjod pa tsin+ta ma Ni'i gter mdzod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 171-241. Bir, H.P.: Khyentse Labrang, 2012.
Genre Medicine Texts - gso ba rig pa
Colophon

།དེ་ལྟར་རིན་ཆེན་སྨན་གྱི་རྟོགས་པ་བརྗོད་པ་འདིའང་རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ཡི་ལོར་བཙོ་བཀྲུ་ཆེན་མོ་དང་སྨན་ཆེན་གྱི་སྦྱོར་སྡེབ་རྣམས་ལ་རྣམ་དཀར་གྱིས་བརྩོན་པ་བགྱིད་པའི་སྐབས་སུ་འཇམ་དབྱངས་བླ་མ་མཁྱེན་བརྩེའི་ཞབས་ཀྱི་ཕྲིན་ལས་འཛིན་སྐྱོང་སྤེལ་བར་སྨོན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨིན་དྲུག་ཟླ་བ་བཅུ་པའི་ཚེས་བཅུ་གཉིས་ལ་རྫོགས་པར་བྲིས་པ་ཡི་གེའི་བྱེད་པོ་དགེ་སློང་ཤེས་རབ་ཕུན་ཚོགས་ཀྱིས་བགྱིས་པ་འདིས་ཀྱང་གསོ་བ་རིག་པའི་བསྟན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་ཤིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱ་ཎཾ་སུ་ཤྲི་ཡོ་བྷ་ཝ་ཏུ། མངྒ་ལཾ།།

/de ltar rin chen sman gyi rtogs pa brjod pa 'di'ang rab byung bcu drug pa'i chu mo bya yi lor btso bkru chen mo dang sman chen gyi sbyor sdeb rnams la rnam dkar gyis brtson pa bgyid pa'i skabs su 'jam dbyangs bla ma mkhyen brtse'i zhabs kyi phrin las 'dzin skyong spel bar smon pa 'jam dbyangs blo gros rgya mtshos smin drug zla ba bcu pa'i tshes bcu gnyis la rdzogs par bris pa yi ge'i byed po dge slong shes rab phun tshogs kyis bgyis pa 'dis kyang gso ba rig pa'i bstan pa phyogs kyi tha gru kun tu dar shing rgyas pa'i rgyur gyur cig__/sarba dA ka l+ya NaM su shri yo b+ha wa tu/__mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །རིན་ཆེན་སྨན་གྱི་སྦྱོར་བ་ཆེན་མོའི་རྟོགས་པ་བརྗོད་པ་ཙིནྟ་མ་ཎིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ཨོཾ་ཨ་ཐ། ན་མོ་གུ་རུ་བཻ་ཌཱུཪྻ་རཱ་ཛ་ཡ། སྔོན་གྱི་སྨོན་ལམ་རྒྱ་ཆེན་མཐའ་ཀླས་ཤིང་། །དུག་གསུམ་རྒྱུ་འབྲས་ནད་རྣམས་སེལ་མཛད་པ། །བཅོམ་ལྡན་ཐུགས་རྗེའི་རང་བཞིན་སྨན་གྱི་བླ། །བདེ་བར་གཤེགས་པའི་རྒྱལ་པོས་ཤིས་པ་སྩོལ། །གང་མཚན་ཐོས་པས་འཇིགས་དང་སྡུག་བསྔལ་ཞི། །ཁྱོད་གསུང་སྣང་བ་དྲན་པ་དེ་ཡི་མོད། །སྲིད་པའི་རིམ་བརྒྱད་མ་ལུས་ཞི་བའི་གཉེན། །ཀུན་མཁྱེན་མ་ཧཱ་གུར་ཎའི་ཞབས་ལ་འདུད། །ཡེ་ཤེས་ཌཱ་ཀིའི་ཐུགས་ཀྱི་སྲས་སུ་བསྐྲུན། །རྣལ་འབྱོར་ལམ་གྱི་བགྲོད་པ་མཐོན་པོར་གཤེགས། །འཆི་མེད་བདུད་རྩིའི་བཅུད་ཀྱི་ཞལ་ལུང་གི །གྲུབ་པའི་དཔལ་སྟེར་རིན་ཆེན་དཔལ་དེས་སྐྱོངས། །རྒྱལ་བ་ཉིད་དང་རྣམ་དབྱེར་མི་ཕྱེད་ཅིང་། །རྒྱལ་བའི་དགོངས་པ་ཇི་བཞིན་ཐུགས་ལ་མངའ། །རྒྱལ་བའི་དབང་པོ་དཔལ་ལྡན་ཀརྨ་པ། །རྒྱལ་མཆོག་རང་བྱུང་རྡོ་རྗེར་གུས་པས་མཆོད། །ཁྱད་པར་སྙིགས་དུས་བྱམས་མགོན་མི་ཡི་གཟུགས། །ཞི་བའི་བློ་ཅན་འཇམ་དཔལ་ཐུགས་མཚོར་རོལ། །ཤེས་བྱ་ཀུན་གཟིགས་ཐམས་ཅད་མཁྱེན་དངོས་གྲགས། །ཆོས་ཀྱི་འབྱུང་གནས་བཀའ་དྲིན་ཡང་ཡང་དྲན། །དེ་ཡི་ཞལ་ལུང་བཻ་ཌཱུའི་བུམ་བཟང་གི །འཆི་མེད་བདུད་རྩི་རྫོགས་པར་ལྟོ་བར་བསྐྱིལ། །སྐལ་བཟང་ཡོངས་ལ་འབེབ་མཁས་ཆོས་ཀྱི་རྗེ། །འཇམ་མགོན་རྣམ་གསུམ་ཞབས་པད་སྤྱི་བོས་མཆོད། །གྲགས་དང་འགྲན་པའི་རྟོག་པ་མ་ཡིན་པར། །ཀུན་ཕན་འགྲོ་བའི་དོན་ལ་བློས་གཞོལ་ཏེ། །སྨན་མཆོག་རིན་ཆེན་དབྱིག་གི་རྒྱལ་པོ་ཉིད། །ཇི་ལྟར་སྦྱོར་ཚུལ་ཉུང་ངུའི་ངག་གིས་དབྱེ། །དེ་ལ་འདིར་འགྲོ་བ་མཆོག་དམན་ཐམས་ཅད་ཀྱི་ལེགས་ཚོགས་ཀུན་གྱི་གཞི་རྟེན་མཐོ་རིས་ཀྱི་ཡོན་ཏན་བདུན་གྱིས་འབྱོར་པ་སྟེ། སློབ་དཔོན་དབྱིག་གཉེན་གྱིས། །ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་བསྐལ་བ་བཟང་དང་རིག །ནོར་དང་ཤེས་རབ་དག་དང་བདུན། །ཅེས་པའི་ཡ་གྱལ་དང་པོར་བསྒྲངས་བ་ཚེ་རིང་པོ་འཚོ་བའི་ཐབས་ཀྱི་ཁྱད་པར་བླ་ན་མེད་པ་མི་ཤིག་རྡོ་རྗེའི་སྲོག་གི་དཔལ་སྟེར་ཞིང་འཆི་བ་མེད་པའི་བཅུད་ལེན་གྱི་རྫས་མཆོག་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་དང་བྲལ་བ་རིན་ཆེན་རིལ་བུ་ཞེས་མིང་ཙམ་ཐོས་པས་ཀྱང་། མཆོག་ཏུ་དཀོན་པའི་གཅེས་ནོར། ཡིད་བཞིན་གྱི་ནོར་བུ་ལྟར་གུས་པས་འཛིན་ཞིང་མཁས་བླུན་གྱི་འགྲོ་བ་ཐམས་ཅད་ནས་དཀའ་སྤྱད་ཆེན་པོས་བཙལ་བའི་འོས་སུ་གྱུར་པ་འདི་ཉིད་ཇི་ལྟར་འདུ་བགྱིད་པའི་ཚུལ་ལ་ཕུན་སུམ་ཚོགས་པ་ལྔ་ཡི་གླེང་བས་སྒོ་ཕྱེས་ནས་སྔོན་འགྲོ་དངུལ་ཆུ་བཙོ་བཀྲུ་ཇི་ལྟར་སྦྱར་བ་དང་། དངོས་གཞི་རིན་ཆེན་སྨན་སྦྱོར་གྱི་བྱེ་བྲག་སོ་སོར་དབྱེ་བ་དང་། དེ་དག་གི་ཕན་ཡོན་བརྗོད་པ་དང་གསུམ་གྱི། དང་པོ་སྔོན་འགྲོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཇི་ལྟར་སྦྱོར་བའི་ཚུལ་ལས་བརྩམས་སྟེ་འཆད་པ་ལ། དེ་ཡང་སེམས་ཅན་རྒྱ་མཚོར་འདུལ་བྱེད་ཀྱི་སྟོན་པ་མཐའ་ཡས་པའི་ཞིང་དང་སྐུ་ཡི་བཀོད་པ་འཇམ་ཀླས་ཤིང་ཕྱོགས་དུས་མུ་མཐའ་བྲལ་བའི་ཚད་མེད་པ་ལས། བྱེ་བྲག་སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་ཀྱི་ནང་གསེས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ལས་སྐལ་བཟང་གི་སངས་རྒྱས་རྣམས་བྱང་ཆུབ་བརྙེས་པའི་ལྷོ་གླིང་དབུས་མ་ཛཾ་བུ་གླིང་ཞེས་གྲགས་པའི་ཡུལ་དབུས། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་གངས་རིའི་ཕྲེང་བས་བསྐོར་བའི་བྷོ་ཏྲའི་ལྗོངས་སུ་གྲགས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ནས་ཞབས་ཀྱིས་བཅག་པའི་གནས་ཀྱི་ལྟེ་བ་ལྷ་གདན་གྲུ་འཛིན་གྱི་ཕོ་བྲང་ཆེན་པོ་དང་། སྤྲུལ་པའི་གཙུག་ལག་ར་ས་འཕྲུལ་སྣང་གི་ཤར་ཕྱོགས་བདེ་ཆེན་ལྗོངས་ཀྱི་ས་ཡི་ཐིག་ལེ་གསེར་ལྡན་ཆུ་ཀླུང་ཆེན་པོ་དང་། བྱང་ཟླའི་སྤོས་ཆུ་དལ་འབབ་ཀྱི་བར་འབྲི་ཟླ་ཟལ་མོ་སྒང་ཞེས་སུ་གྲགས་པར། འཕགས་མཆོག་གསང་བའི་བདག་པོ་འགར་སྟོང་བཙན་གྱི་བརྒྱུད་ལས་བྱོན་པའི་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྡེ་དགེ་ཞེས་མཚན་གྱི་གྲགས་སྙན་རིང་དུ་འཕྲོ་བ་དེ་ཡི་ཆོས་སྲིད་ཀྱི་རྒྱལ་ཁབ་ལུགས་བརྒྱའི་འདུན་ས་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཤར་རྟ་བདུན་རྒྱལ་པོའི་འོད་ཀྱི་སྣང་བས་དང་པོར་ཁྱབ་པའི་ཤར་ཀ་ཕྱོགས་ཞེས་རྫོང་ཆེན་གཅིག་གི་མངའ་འོག་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ། སྨད་ཤོད་ཅེས་ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་པའི་ས་འཛིན་གྱི་ལྟེ་བར་ཤྲཱིཿརྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཞེས་གནའ་བོའི་དུས་ཇོ་བོ་བཀའ་གདམས་པའི་རིང་ལུགས་འཛིན་པ། བར་སྐབས་ཁམས་གསུམ་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་རྒྱ་ནག་ཏུ་ལན་རྗེས་མར་བྱོན་པའི་ཡར་ཕེབས་ལམ་ཞབས་ཀྱིས་བཅག་སྟེ། ཐུགས་དམ་གྱི་མགོན་སྐུ་གནང་དེ་ཕྱིན་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པར་གྱུར། གཞན་ཡང་འགྲོ་མགོན་ཕག་གྲུ། ཆོས་རྗེ་ཀཿཐོག་པ་དམ་པ་བདེ་གཤེགས། གྲུབ་དབང་ཐང་སྟོང་རྒྱལ་པོ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། ངོར་གྱིས་མཁན་རབ་སྡེ་དགེར་ཕེབས་པ་རིམ་བྱོན་དང་། གནས་སར་རྡོ་རྗེ་འཆང་སོགས། སི་ཏུ་མི་ཕམ་ཕྲིན་ལས་རབ་བརྟན། ཆོས་ཀྱི་འབྱུང་གནས་སོགས་དམ་པའི་སྐྱེས་བུ་མང་པོ་དང་། ཁྱད་པར་སྙིགས་དུས་རྫོགས་པའི་སངས་རྒྱས་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་སྐུ་ཚེ་ཧྲིལ་པོར་བཤད་སྒྲུབ་ཀྱི་མཛད་ཕྲིན་རྒྱུན་མི་ཆད་པ་དང་། ཨོ་རྒྱན་དངོས་བྱོན་གཏེར་ཆེན་མཆོག་གྱུར་གླིང་པ། འཇམ་པའི་དབྱངས་བློ་གྲོས་མཐའ་ཡས། གསང་བའི་བདག་པོ་འཇམ་དབྱངས་བློ་གཏེར་དབང་པོ། གངས་ཅན་སྨྲ་བའི་སེང་གེ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་སོགས་མཁས་དང་གྲུབ་པའི་རྣམ་དཔྱོད་མཚུངས་ཟླར་འོས་པ་འགའ་ཡང་མ་མཆིས་པ་མང་པོས་ཞབས་པད་ཡུན་རིང་དུ་བཀོད་དེ་བྱིན་གྱིས་བརླབ་པར་མཛད་པའི་ཆོས་སྡེ་ཆེན་པོའི། ཤར་སྟག་སྐྱ་བོ། ལྷོ་གཡུ་འབྲུག །ནུབ་ཀྱི་བྱ་དམར། བྱང་གི་རུས་སྦལ་ཏེ་ས་ཡི་བསྲུང་བཞི་ཚང་ཞིང་། ཡང་རིགས་དཔྱད་ཀྱི་དབང་དུ་བྱས་ན། ཤར་ཕྱོགས་རྟ་མཆོག་གྱེན་རྒྱུགས། ལྷོ་རྨ་བྱ་འཇིང་བསྣོལ། ནུབ་གཡུ་འབྲུག་གྱེན་འཕྱོ། བྱང་རྒྱ་སྟག་མཐུར་རྒྱུག །ཤར་སྤོས་རི་ངད་ལྡན། ལྷོ་གཡུ་འབྲུག་གི་ཁ་ཆུ། ནུབ་ཁྱུང་སྟག་སེང་གེབྱང་མི་འགྱུར་མ་ཧཱ་གསེར་གྱི་རུས་སྦལ་གྱི་དབྱིབས་ཅན་གྱི་ཕ་ཝཾ། ཤར་ན་བཀྲ་ཤིས་པའི་མཚན་བཟང་དུ་མའི་དབྱིབས་ཅན་གྱི་བྲག་དིལ་དཀར་པོ། ལྷོ་འབྲས་དིལ་སྤུང་པ། ནུབ་སཱ་ལའི་ནགས་ཚལ། བྱང་གཡུ་མཚོ་སྔོན་མོ། ཤར་ཕྱེས། ལྷོ་སྤུངས། ནུབ་འདན། བྱང་དར་དཀར་གྱི་ཡོལ་བ་བྲེས་འདྲ། མདུན་ན་ཡན་ལག་བརྒྱད་ལྡན་གྱི་ཆུ་ཀླུང་དངུལ་གྱི་བྱེ་མ་འདྲེན་པ། ཕྱོགས་མཚམས་ཀུན་ཏུ་བཀྲ་ཤིས་པའི་རྟགས་བརྒྱད་དང་གཏེར་ཆེན་གྱི་བུམ་པ་བཟང་པོ་ལ་སོགས་ས་ཡི་དཔྱད་མ་ཚང་བ་མེད་པ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་རྡོ་རྗེའི་གནས་ཆེན་གྲངས་མེད་པས་སྐོར་བ་ཆོས་ནོར་འདོད་ཐར་ཏེ་སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བའི་གནས་ཕུན་སུམ་ཚོགས་པ་གང་དེར། གཙུག་ལག་ཁང་ཐུབ་བསྟན་སྐལ་བཟང་ཆོས་ཀྱི་དགའ་ཚལ་དང་འདབས་འབྱོར་བར། རྗེ་བླ་མའི་གཟིམ་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ཞེས་བྱ་བར་སྐུ་གསུམ་སྟོན་པ་དཔག་མེད་ཏིལ་གྱི་གང་བུ་བཞིན་རྒྱས་པར་མཁའ་དབྱིངས་གཤེགས་བཞུད་བྲལ་བར་ཆུ་ནང་གི་ཟླ་གཟུགས་ལྟ་བུའི་རྟེན་མཆོག་ངོ་མཚར་རྨད་དུ་བྱུང་བ་བསྒྲང་ལས་ཡས་པ་བཞུགས་པའི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོའི་སྣང་བརྙན་ལྷ་སྲས་ཡེ་ཤེས་རོལ་པ་རྩལ་གྱི་ཐུགས་དམ་གྱི་རྟེན་དང་། རྡོ་རྗེའི་བླ་མ་པདྨ་ཀཱ་རའི་ཞལ་སྐྱིན་ནང་སྐུ་ཚབ་ཐམས་ཅད་ཀྱི་ནང་ནས་སློབ་དཔོན་རང་ཉིད་ཀྱིས་ཆེ་ཐང་དུ་བསྔགས་པའི་མཆོག་གི་སྐུ་ཚབ་དངོས་གྲུབ་དཔལ་འབར་དང་། འཇམ་མགོན་བླ་མ་རྣམ་གཉིས་དངོས་དང་དབྱེར་མེད་པའི་སྣང་བརྙན་བྱིན་རླབས་ཀྱི་དཔལ་དང་གཟི་འོད་འཕྲོ་བའི་སྤྱན་སྔར་ཁོ་བོ་གཙུག་ལགས་ལུང་རིག་ཉི་མ་སྨྲ་བའི་སེངྒེ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དུ་འབོད་པ་ཡང་རྟེན་མཆོག་དེ་དག་གི་སྲི་ཞུ་དང་། བསྐུར་བསྟི་བགྱིས་པ་པོ་དང་། རྗེ་བླ་མའི་ཆོས་ཀྱི་ཁྲི་འཕང་མཐོན་པོ་ཉིད་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་དྲག་པོས་བཤད་དང་སྒྲུབ་པའི་སྒོ་ནས་བསྲུང་བ་ལ་ལྷག་པའི་བསམ་པ་མ་སྨད་པས། སྐབས་འདིར་ཡང་རྗེ་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥས་མེ་འབྲུག་ལོར་རིན་ཆེན་མང་སྦྱོར་བསྡུ་བར་མཛད་ནས། སླར་ཡང་སྨན་ཆེན་རྒྱས་པ་རབ་སྡུ་རྒྱུའི་ཐུགས་བཞེད་ཀྱི་སྐུ་ཚེགས་ཆེན་པོས་སྨན་རྣམས་རྩོལ་སྒྲུབ་དང་། ཕལ་ཆེར་ཐུམ་བྱང་ཞལ་གསལ་སྲང་ཚད་བཅས་མཛད་ནས་འཇོགས་པ་གནང་ནའང་། རྟག་འཛིན་ཅན་རྣམས་ངོར་གཟུགས་སྐུའི་སྤྲོས་པ་བསྡུས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་རྗེས་སྨན་ཆེན་སྡུད་ཆས་རིན་པོ་ཆེའི་རིགས་རྣམས་རྒྱལ་དབང་ཀརྨ་བཅོ་ལྔ་པ་ཆེན་པོར་ཕུལ་བས་བགྱི་བ་དོན་ལྡན་དུ་གྱུར། འཕྲོས་རྣམས་ཕལ་ཆེར་སྲིན་བུའི་ཟོས་པ་སོགས་ཀྱིས་འཐོར་ཟག་གྱུར་ནའང་འཕྲོས་སྡོད་ཡོད་རིགས་ཐམས་ཅད་ཆུད་ཟོས་མི་འགྲོ་བ་དང་། གཙོ་བོར་ཀུན་མཁྱེན་གོང་མའི་ཐུགས་བཞེད་ཀྱི་ཆ་ཤས་བསྐང་བའི་ཕྱིར་དུ་སྒོ་གསུམ་གྱི་བརྩོན་པ་བགྱི་བ་ན། ཁྱད་པར་གྱི་ཕྱག་བཞེས་མཛད་པ་པོའི་སློབ་དཔོན་ནི། སྨན་གྱི་རྒྱུད་ཆེན་ལས། གཞན་རིག་མངོན་ཤེས་བྱམས་ལྡན་དྲང་པོར་སྲོང་། །གནང་རིག་རྗེས་སྦྱངས་ལས་གོལ་འགྲོ་བའི་གཉེན། །ཅེས་དང་གདུང་བཙུན་བློ་དང་ལྡན་ཞིང་དམ་ལ་གནས། །གཞུང་གི་དོན་མཁས་མན་ངག་གནད་དུ་རྡེག །གོམས་ཐོག་གཙོ་བོར་ཆོས་གཉེར་འདོད་པ་སྤངས། །དུལ་ཞིང་བཟོ་མཁས་འགྲོ་ལ་བྱམས་སེམས་ཆེ། །གཡེལ་མེད་གཞན་གྱི་དོན་ལ་རང་དོན་སེམས། །གསོ་དཔྱད་ཀུན་ལ་རྨོངས་མེད་སྨན་པ་མཆོག །འགྲོ་བ་ནད་པ་རྣམས་ཀྱི་མགོན་ཅིག་པུ། །རིག་འཛིན་དྲང་སྲོང་རྣམས་ཀྱི་བརྒྱུད་འཛིན་སྲས། །འཚོ་མཛད་སྨན་པའི་རྒྱལ་པོའི་སྤྲུལ་པར་བཤད། །ཅེས་གསུངས་པ་ལྟར་གྱི་ཡོན་ཏན་དུ་མས་མངོན་པར་འབྱོར་པ་སྡེ་དགེ་མཆོད་ཡོན་གྱི་བླ་སྨན་པ་ཆེན་པོ་སྙིགས་དུས་ཀྱི་གསོ་རིག་འཛིན་པ་བྱེ་བའི་གཙུག་ནོར་རྒྱུད་གཞུང་མན་ངག་ལག་ལེན་བཅས་པ་ཤིན་ཏུ་མཁས་ཤིང་གོམས་པ་ཨ་ཚང་ཞེས་ཡོངས་སུ་གྲགས་ཤིང་མཚན་གཞན་ཀརྨ་དགེ་ལེགས་ཡར་འཕེལ་ཉིད་ཀྱིས་སྨན་གྱི་དྲང་སྲོང་ཆེན་པོ་བླ་མ་དཀར་བསྟན་དབང་ཕྱུགས་དང་། མི་ཕམ་འཇམ་པའི་དབྱངས། ཚེ་དབང་དོན་འགྲུབ་སོགས་སྨན་གྱི་རིག་བྱེད་འཛིན་པ་མང་པོའི་ཞལ་ལུང་གི་བཅུད་འཐུང་བས་ལུས་སྟོབས་རྒྱས་པ། ཁྱད་པར་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་དང་། མི་ཕམ་རིན་པོ་ཆེའི་ཞལ་སྔ་ནས་སྨན་རྒྱུད་ཀྱི་བཤད་པ་ཞིབ་རྒྱས་ལན་གཉིས། དོགས་གཅོད་སོགས་ཞུས་པས་རྒྱུད་གཞུང་མན་ངག་རྒྱ་མཚོར་མྱོང་བ་འཕྲིགས་སུ་ཚུད་ཅིང་མི་འཕྲོག་པའི་སྤོབས་པ་བརྟན་པ་དེ་ཉིད་ཀྱི་ཞལ་སྔ་ནས། རབ་བྱུང་བཅུ་དྲུག་པ་ཐོག་མར་ཟུགས་ནས་བསྒྲངས་བྱ་དྲུག་འདས་པས་དཔལ་གདོང་ཞེས་པ་ཆུ་མོ་བྱ་བའི་ལོའི་སྐར་རྩིས་བའི་དབྱར་ཐ་གྲོ་བཞིན་གྱི་ཟླ་བ་སྣ་ཚོགས་ཤིང་རྟ་སེང་གེའི་ཁྱིམ་དུ་འབྱོར་ཞིང་འབྱུང་རྩིས་པའི་སྟོན་ཐ་ཆུང་ཁྱི་ཆེ་བའི་དམར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཚེས་སུམ་ཅུ་རྒྱུ་སྦྱོར་བ་པོའི་བླ་གཟའ་བཀྲ་ཤིས་མིག་དམར་དང་ཤིང་དྲང་སྲོང་རྀ་ཥི་ཐོག་མར་འཆར་བའི་ཉིན་པར་ནས་ལས་མགོ་ཚུགས་ཙམ་གྱིས། སྟོན་ར་ཁྲུམས་ཀྱི་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ནས་བཙོ་བཀྲུ་ཆེན་པོའི་ལས་ལ་ཞུགས་པ་ན། གཉུག་མར་གནས་པའི་དགེ་སློང་གི་དགེ་འདུན་གྱི་ཚོགས་བརྒྱ་ཕྲག་དང་། སྡེ་སྣོད་གསུམ་ལ་འཆད་ཉན་གྱི་མང་ཐོས་ཚུལ་ལྡན་མང་པོས་སྔོན་འགྲོ་ཉེས་སེལ་གྱི་འབུམ་སྡེ་ལྔ་སྒྲོག་པ་དང་། ལྷ་བསངས་སོགས་ཀྱི་རིམ་གྲོར་བརྩོན་པར་མཛད་ཅིང་། གནས་མཆོག་གྭ་གུ་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་འཇམ་དབྱངས་རྒྱལ་མཚན་ནས་ཀྱང་ལེགས་པའི་དབུག་དབྱུངས་དང་སྦྲགས་སྨན་ཆེན་ཕབ་རྟ་བཟང་པོ་ཁྱད་དུ་འཕགས་པ་སྩལ་ཞིང་། གཞན་ཡང་མི་སྣང་བའི་འདུས་པའི་འཁོར་ཆོས་སྐྱོངས་སྲུང་མ་དང་། དཔའ་བོ་མཁའ་འགྲོ། སྨན་གྱི་སྲུང་མ་དྲང་སྲོང་། རིག་འཛིན་ལྷ་སྨན། ཀླུ་དང་གནོད་སྦྱིན་སོགས་བསྒྲངས་ལས་འདས་པ་དང་། སྣང་བའི་འཁོར་ལ་ལུགས་བརྒྱའི་འདུན་ས་ལྷུན་གྲུབ་སྟེང་གི་ཆོས་སྡེ་ཆེན་པོའི་མཁན་ཡེ་ཤེས་བློ་གྲོས་ནས་སྨན་བླ་དང་རྨ་བྱ་ཆེན་མོའི་བུམ་སྒྲུབ། གསེར་གཟུངས་སོགས་ཀྱི་གསུང་ཟླས་རྒྱུན་ཆད་མེད་པ་དང་། འཚོ་མཛད་ཆེན་མོའི་ཞབས་ཕྱིར་བཀྲི་བ། ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོའི་སྨན་པ་དགེ་སློང་ཚེ་རིང་ཆོས་འཕེལ་དང་། ཆོས་སྡེ་འདིའི་འཚོ་བྱེད་རྡོར་འཛིན་ཆེན་པོ་མཁས་དབང་ཀུན་དགའ་སེངྒེ་དང་། ལྷ་རྗེ་ཚེ་རིང་ཕུན་ཚོགས། དངུལ་ཆུའི་ལག་ལེན་ལ་མཐོང་བརྒྱུད་གོམ་འདྲིས་ཅན་དཔལ་སྤུངས་ནས་དགེ་ནོར་དགའ་དང་། གསེར་ལྗང་གི་ཚེ་རིག་པ་མཁས་གྲུབ་སེངྒེ། དགེ་རབ་གཉེར་ཆེན་སོགས་མོའི་མདུན་ལྷད་ཀརྨ་འཇམ་དབྱངས་དང་། དེ་ལས་གཞན་པའི་སྨན་གྱི་ལས་བྱེད་ཤིན་ཏུ་མང་བ་དང་བཅས། ཆོས་ཀྱི་ཆེ་བ་ནི་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་དང་། འགྲེལ་ཆེན་ལས། གསེར་ལས་ཉི་མ་ཁབ་ལེན་ལྕགས་དང་། སོགས་ཀྱི་དོན་འགྲེལ་ཆེན་དུ་གསེར་ལ་སྟེ་རྣམ་པར་དག་པའི་གསེར་ལ་ཉི་མ་ཞེས་པ་ཟངས་དང་ཁབ་ལེན་ལྕགས་དང་པ་ཏྲ་ལས་སྐྱེས་ཞེས་པ་ལྷང་ཚེར་གྱིས་ལྕགས་དང་། ལྕགས་ཞེས་པ་རྣོན་པོ་སྟེ་སོ་སོར་མཉམ་པའི་ཆ་གཟུང་བ་འདི་དག་རྣམས་ཀྱི་ཆ་དང་གསེར་མཉམ་པའོ། །མཱ་ཀྵི་ཀ་ཡི་ཕྱེ་མར་རབ་ཏུ་བཏབ་པ་ཁ་ཕྱེ་བའི་གོང་བུར་རླུང་དྲག་པོའི་སྦུད་པར་བྱས་ཏེ། ཇི་སྲིད་དུ་གསེར་གནས་པའོ། །དེ་ཉིད་ནི་ས་བོན་ཏེ་ས་བོན་དེ་ཕྱེད་ཀྱིས་ཞེས་པ་གསེར་སྲང་གཉིས་ཀྱི་དངུལ་གྱི་ཆུ་སྲང་བཞིའོ། །དྲི་མ་དག་དང་བྲལ་བ་ཞེས་པ་ནི་ལན་བདུན་གྱི་བར་དུ་སྦྱང་བར་བྱས་པས་ཏེ་བསྐོངས་པས་སྲང་ནི་དྲུག་ཏུ་བྱའོ། །དེ་ནས་བ་ཡི་དར་བ་མར་དང་བྲལ་བ་དྲག་པོའི་རྩེ་མོ་ཅན་གྱིས་ཞེས་པ་མི་བཟང་པའི་མེས་བསད་ནས་བསད་པ་དེ་རས་ཀྱི་བཙགས་ཏེ་སྙིགས་མདོར་བ་ཤིན་ཏུ་དྭང་བའི་དྭངས་མ་བཟུང་བར་བྱའོ། །དྭངས་མ་དེ་ཉིད་ཁབ་ལེན་གྱི་སྣོད་དུ་གསེར་གྱི་གོང་བུ་དང་ལྷན་ཅིག་བསྐོལ་བར་བྱ་སྟེ་ཇི་སྲིད་ཕྱེད་ཀྱི་ཚད་དུ་གྱུར་པའོ། །དེ་ནས་རབ་ཏུ་བླངས་ཏེ་དག་པའི་ཀར་སྲང་བརྒྱད་ཅེས་པ་ལ་དེ་ནི་རྒྱལ་པོ་ལ་སོགས་པ་མ་ཡིན་པ་རྣམས་ཀྱིས་ཟས་ཡོངས་སུ་འཇུ་བའི་དབང་གིས་དགུ་ལ་སོགས་པ་དང་བདུན་ལ་སོགས་པ་ཡང་ངོ་། །ཕོ་བ་རིས་ཀྱི་ཕྱེ་མ་ཀ་རའི་དྲུག་ཅུ་རྩ་བཞི་ཆ་ཡང་དེ་ལ་བསྲེ་བར་བྱའོ། །དེ་ཉིད་ཐམས་ཅད་དུས་སུ་བཟའ་བར་བྱ་སྟེ་ཁ་ཟས་རྣམ་སྤངས་བགྲོད་པ་ཇི་སྲིད་ཉིད་དུའོ། །ཟླ་བ་དྲུག་གིས་ལྷ་ཡི་ལུས་ཏེ་སྐྲ་དཀར་གཉེར་མ་བྲལ་བ་འདི་ཡིས་འཆི་མེད་ཉིད་དུ་འགྱུར། འདིར་བཏུང་བ་ལ་ཏྭམ་བྷུ་ལ་བཟའ་བ་བསྒྲུབ་སྟེ་ཏྭམ་བྷུ་ལའི་སྙིགས་མ་དོར་ནས་སོ། །དེ་ནི་དུས་ཐམས་ཅད་དུ་བཟའ་བར་བྱ་ཞེས་པ་ནི་དྭངས་མ་དེ་ཉིད་ཆོ་ག་དེས་བཟའ་བར་བྱ་སྟེ། གསེར་གྱི་གོང་བུས་རྣམ་པ་དམན་པ་ལོངས་སྤྱོད་པར་བྱའོ། །ཞེས་པའི་དགོངས་དོན་འཕགས་བོད་ཀྱི་མཁས་གྲུབ་མང་པོས་ཕྱག་བཞེས་སུ་མཛད་པ་ལ་ཡེ་ཤེས་ཌཱ་ཀིའི་སྙན་བརྒྱུད་མཁས་གྲུབ་ཨོ་རྒྱན་པ་ཆེན་པོས་བཀའ་སྲོལ་རྒྱལ་དབང་རང་བྱུང་རྡོ་རྗེ་ལ་བཀའ་བབ། དེ་ནས་རིམ་པར་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་བར་དུ་བརྒྱུད་དེ་པཎྜི་ཏ་ཆེན་པོ་དེ་ཉིད་ཀྱིས་ཕྱག་ལེན་མ་དག་པའི་ཆ་རྣམས་བསལ། བརྒྱུད་པའི་ཕྱག་བཞེས་གཙང་མ་ལ་འཕགས་བལ་གྱི་མཁས་པའི་ཞལ་རྒྱུན་དཔྱད་གསུམ་དག་པས་གཏན་ལ་འབེབས་པ་དེ་ལག་ལེན་ཇི་ལྟ་བ་སྨན་རྒྱལ་བདེ་བར་གཤེགས་པ་འོད་ཀྱི་རྒྱལ་པོ་དངོས་བྱོན་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་འཚོ་བྱེད་མཁས་པའི་སྙིང་བཅུད་བཞིན་མ་ཧཱ་པཎྜི་ཏ་མི་ཕམ་རྒྱ་མཚོ་ལས་དམར་ཁྲིད་མཐོང་བརྒྱུད་ཀྱི་བརྒྱན་ཏེ་གཏན་ལ་ཕབ་སྟེ་དངུལ་ཆུ་ལེགས་པར་སྦྱངས་ཤིང་གཡའ་དང་ལྕི་འབིག་གི་དུག་ཐམས་ཅད་བསལ་བར་བྱས་སོ། །དེ་སྐད་དུ་ཡང་གྲུབ་ཐོབ་ཨོ་རྒྱན་པས། ཟླ་བ་གཡོ་བའི་གཟུགས་འཛིན་པ། །ཚ་བའི་དབུག་ཅན་ཀླུ་དེ་ཡི། །ཞག་ཅན་རབ་ཏུ་འབར་ལྡན་པ། །དེ་ཡི་རོ་བཅུད་མཐའ་དག་ཟོས། །ནམ་མཁའི་མདོག་ཅན་གྲུབ་པའི་གཟུགས། །རང་གི་ཆུང་མ་ཁ་སྦྱོར་ལྡན། །བུ་ཡང་རང་གི་འདོད་པ་འཛིན། །ཞེས་སོགས་ཀྱིས་དགོངས་དོན་རྨ་མེད་པར་ཕྱག་བཞེས་སུ་ཇི་ལྟར་མཛད་པ་ལ་གཡའ་ཕྱི་བ། ལྕི་འབིགས་བརྩོ་བཀྲུས་འདུལ་བ། དགྲ་དང་སྤྲད་ན་རང་གཟུགས་སུ་བསྒྱུར་བ་གསུམ་གྱི་དང་པོ་ལ་གཡའ་ཕྱི་བ་དང་། གཡའ་ཁུ་འདོན་པ་གཉིས་ཀྱི་དང་པོ་ཚ་བ་གསུམ་གྱི་གཡའ་ཕྱི། ཧོར་ཟླ་བརྒྱད་པའི་ཚེས་གསུམ་ནས་བརྩམས་ཉིན་གསུམ་དང་། ཚྭ་བུ་ཕྱི་བ་ཉིན་གཉིས་སོ། །གཉིས་པ་ལ། ན་ར་ཀྵ་ར་སྟེ་བྱིས་པ་ལོ་བརྒྱད་པའི་དྲི་ཆུ་དང་༡ཨ་ཤྭ་ཀྵ་ར་སྟེ་རྟ་སྲེབ་སྔོན་པོའི་གཅིན་དང་༢གོ་བ་ཀྵ་ར་སྟེ་བ་དམར་ཟལ་གྱི་ཆུ༴ ༣ཨ་རྫི་ཀ་ཀྵ་ར་སྟེ་མཚུར་ནག་གི་ཆུ་དང་༤ཀརྞ་ཀྵ་ར་སྟེ་སྐྱེས་དར་མའི་དྲི་ཆུ་དང་༥བ་ཚྭའི་ཆུ་ཞེས་ཚ་སྣ་གང་འཛོམ་དང་༦སྟར་བུ། བ་ཆུ། ཆང་སྐྱུར། མཚུར་ཆུ་བཞི་དང་༧སོ་ཕག་སྟེ་ལྷ་ཇོའི་དུམ་བུ་བཅག་པའི་ཚགས་ཕྱེ་དང་༨ཀྱིས་ཉིན་རེ་རེ་སྦྱངས་ཤིང་། དེ་རྗེས་ཨ་ཙ་རའི་མན་ངག་ཆང་སྒོག་ཤར་མར་བཞིས་ཉིན་དྲུག་སྦྱངས་པས་སྟོན་ཀའི་རི་བོང་འཛིན་པ་ལྟར་ཆེས་དཀར་བ་སོགས་ཀྱི་རྟགས་བཟང་པོ་དང་། གཉིས་པ་ལྕི་འབིག་བཙོ་བཀྲུས་འདུལ་བ་དངོས་ལ་གསུམ། བཙོ་ཆེན། བཙོ་འབྲིང་། བཙོ་ཆུང་གསུམ་གྱིས། དང་པོ་ནི་དག་པ་བྱས་པའི་བདུད་རྩི་དར་ཡ་ཀན་ཉིད། རྡོ་ཁོག་གི་སྣོད་དུ་ཅོང་ཞི་རིགས་གསུམ་ཁྲོལ་བུར་བླུགས་པ་དང་འཇུ་བྱེད་ཀྱི་ཚིལ་ལྔ་གཞུང་ནས་འབྱུང་བ་ལྟར་བླུགས་ནས་ལྕི་བ་གསེར་ཀའི་མེ་དུ་བ་མེད་པས་ཉིན་ཞག་བཞི་བར་མ་ཆད་པ་བཙོས་ཤིང་། གཉིས་པ་ནི། ཟ་བྱེད་ཁམས་བརྒྱད་ཀྱི་དྲུངས་ཆུ་ལ་བོང་དམར་ཕྱེ་མ་བཏབ་པ་དང་། སྐྱུར་གསུམ་གྱི་ཆུ་སོགས་ཀྱིས་ཉིན་ཞག་གཉིས་བར་མེད་དུ་བཙོས། གསུམ་པ་ནི། ཁམས་ཆེན་པོ་དེ་ཉིད་ལྕགས་བརྒྱད་ཀྱི་ཐལ་བའི་གྲུང་ཆུ། །དན་རོག་གི་སྣུམ་བསྲེས་པའི་སྣུམ་ནག་ཏུ་བོང་ངའི་ཕྱེ་མ་ཅུང་ཟད་བསྲེས་ནས་ཉིན་ཞག་གཅིག་བཙོས། དེ་དག་གི་མཚམས་རྣམས་སུ་བཀྲུ་བཤལ་སོགས་ཡང་ཡང་ཞིབ་བཅའ་བྱས་པའོ། །དེ་ལྟར་ཡང་སྟོད་སྨན་གཞོན་ནུས། །དེ་ལྟར་བྱས་པས་ཚོས་པའི་ཚད། །རོད་རོད་གཉེར་མ་ཁྲིག་གེ་བ། །ཁབ་དང་ཤིང་བུ་བཙུགས་པ་འཛིན། །ནུས་པ་གཞོམ་ཞིང་རྩི་བསད་པར། །གསུངས་པའི་མན་ངག་གདམས་པ་ཡིན། །ཞེས་པ་ལྟར་གྱི་མཚན་ཉིད་གསལ་བ་བྱུང་ངོ་། །གསུམ་པ་དགྲ་དང་སྤྲད་ནས་རང་གཟུགས་སུ་བསྒྱུར་བ་ལ། དངུལ་ཆུའི་རང་ལྗིད་དང་མཉམ་པའི་མུ་ཟི་དུག་ཕྲལ་དང་ལྷན་ཅིག་སྦྱར་ནས་ནམ་མཁའ་དང་ཉི་ཟེར་མ་རེག་པའི་གནས་ཁང་དུ་དགེ་སློང་སྡོམ་ལྡན་གྱི་བདུད་རྩི་སྒྲུབ་པའི་ཛབi་དབྱངས་སྒྲོག་བཞིན་པས་རྡོ་གཏུན་དྲོད་ཅན་དུ་ཉིན་བཞིན་ལ་བཏུལ་བས་མཐིང་ནག་ནམ་མཁའ་དྭངས་པའི་མདོག་ཅན་དུ་གྱུར་པ་ཉིད། སླར་ཡང་ཁམས་བཅོ་བརྒྱད་དང་ལྕགས་བརྒྱད་ཀྱི་གྲུང་ཆུས་བརླན་ཕབས་ཏེ་ཁྲོ་རྙིང་གི་སྣོད་གཉིས་སུ་འདུར་ཁང་དབུབ་པའི་འཕྲུལ་གྱིས་འདམས་ཐག་ཉིན་ཕྱེད་གསུམ་ལ་སྔགས་རྒྱུན་སྒྲོགས་བཞིན་བར་མཚམས་སུ་སྣོད་མེར་ཅུང་བསྲོ་བ་དང་། གོང་གི་གྲུང་ཆུ་ཉུང་ངུ་རེས་སྦོལ་བ་དང་། ཉིན་ཕྱི་མ་ནས་རང་ཤུགས་ཀྱིས་སྐམ་པར་གྱུར་གྱི་བར་བཏུལ་བས་ལེགས་པར་གྲུབ་པའོ། །ཕུན་ཚོགས་ཤར་རིའི་ཕྲག་ནས་ཐོན་པ་ཡི། །ལྷག་བསམ་ཟླ་བ་གསར་པའི་ལང་ཚོ་ནི། །མ་སྨད་སྙིང་རྗེའི་མཁའ་དབྱིངས་རོལ་པ་ལས། །སྐྱེ་རྒུར་ཕན་བདེའི་བདུད་རྩིའི་བཅུད་འདི་འཇོ། །གང་ན་ཆོས་འབྱོར་སྣང་བས་ཁྱབ་པ་དེར། །དཀོན་མཆོག་རིན་ཆེན་གསུམ་གྱིས་གདུགས་དཀར་པོས། །ཡོངས་སུ་ཁེབས་པས་དད་མོས་སྤྲོ་བའི་ཚལ། །འཇུག་འདོད་སྐལ་བཟང་རྒྱུ་ཚོགས་མང་དུ་སྣང་། །ལེགས་པར་སྤྱད་པའི་རིན་ཆེན་རྡུལ་བརྩེགས་ལ། །ཉེས་མང་མུན་པའི་རླུང་གིས་མ་བསྐྱོད་ཅིང་། །ཀུན་གསལ་ལྷ་རྫས་བཟང་པོས་ཕྱིས་པ་ལས། །མཆོག་ཏུ་དགེ་ཞིང་བརྟན་པའི་ལྷུན་པོ་མཛེས། །རྣམ་མང་རིང་པོའི་དུས་ནས་སྲིད་པ་འཕྱན། །སྡུག་བསྔལ་བརྒྱ་ཕྲག་མང་པོས་དུབ་པ་བདག །ད་རེས་འཇམ་མགོན་ཐུགས་རྗེའི་འོད་ཟེར་གྱིས། །མངོན་མཐོའི་ཐེམ་རྐས་བཟང་པོའི་སྣེ་མོར་དྲོངས། །རྒྱལ་རྣམས་དམན་ལ་བརྩེ་བ་ཆོས་ཉིད་གཤིས། །རྟག་པར་མཁྱེན་བརྩེའི་བདུད་རྩི་ལྷུངས་བ་ལས། །ལྷག་བསམ་དགེ་བའི་ས་བོན་ཆ་ཙམ་བསྐྲུན། །དེ་ཡི་ཕྲིན་ལས་ནོར་བུའི་ཐག་པ་ཡི། །ཆ་ཤས་བདག་གི་སྐལ་བར་ངེས་པར་བྱིན། །མཆོག་གྲུབ་རྒྱལ་པོའི་སྐྱེ་བ་བཅུ་གསུམ་པ། །བཀའ་བབ་བདུན་ལྡན་འཇམ་དཔལ་ཆོས་བཤེས་གཉེན། །གང་གིས་གསང་བ་གསུམ་གྱིས་བྱིན་བརླབ་པ། །འོག་མིན་ཆེན་པོའི་ཞིང་ཁམས་འདི་རུ་འཕོས། །མིག་སྟོང་ལྡན་པའི་རྣམ་རྒྱལ་ཁང་བཟང་དང་། །གཙང་མའི་གནས་ཀྱིས་ཕྱོགས་ཆའང་མི་མཚོན་པའི། །གསང་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་ནི། །རྡོ་རྗེའི་ཆོས་རྫོང་གསར་པ་འདི་ཀོ་རྨད། །བཀྲ་ཤིས་དགེ་མཚན་བྱེ་བའི་གཏམས་པའི་གཞིར། །བཀྲ་ཤིས་ལྷ་རྩེའི་གཞལ་མེད་ཁང་ཆེན་པོ། །བཀྲ་ཤིས་བསྐལ་བཟང་ཆོས་ཀྱི་དགའ་ཚལ་དུ། །བཀྲ་ཤིས་འཆི་མེད་གྲུབ་པའི་བ་གམ་བརྗིད། །དེ་ན་སྨན་རྒྱལ་བླ་མ་བཻ་ཌཱུཪྻ། །འོད་ཀྱི་རྒྱལ་པོའི་རྣམ་འཕྲུལ་གཡུ་ཐོག་པ། །གུ་ཎ་ནཱ་ཐ་དགྱེས་པར་རོལ་པའི་གནས། །སྨན་གྱི་སྤྲིན་ཆེན་ཉོན་མོངས་གདུངས་སེལ་འཁྲིགས། །འཆི་མེད་བཀོད་པའི་གནས་དེར་འཁོར་འདས་ཀྱི། །སྨན་རྣམས་གཅིག་ཏུ་སྤུངས་པའི་མ་ཎི་ཀ། དགེ་ལེགས་འདོད་དགུ་འཇོ་བའི་གྲུ་ཆར་དེས། །དུག་གསུམ་རྒྱུ་འབྲས་ནད་རྣམས་སེལ་བར་བྱེད། །རྒྱུད་དང་མན་ངག་ལག་ལེན་བརྒྱུད་ལྡན་གྱི། །མཁས་པའི་ཞལ་ལུང་སྙིང་དབུས་སིམ་པ་ལས། །འཆི་བདག་གཤེད་པོ་ལ་ཡང་མི་སྣུམ་པའི། །ཚེ་རིག་དཔའ་བོ་ཆེན་པོའང་གནས་དེར་ལྷག །འགྲོ་བའི་སྲོག་གི་གཤེད་མར་གྱུར་པ་ཡི། །དུག་གི་སྒྱེའུ་ཐོག་པའི་སྨན་པ་དང་། །མཚུངས་མིན་འཚོ་བྱེད་དྲང་སྲོང་ཆེན་པོ་འདི། །སྙིགས་དུས་ཟུར་མཁར་ཆོས་རྗེ་གཉིས་པར་བྱོན། །སྨན་གྱི་རོ་ནུས་ཞུ་རྗེས་ལ་མཁས་ཤིང་། །འཕེལ་ཟད་འཁྲུག་པའི་ནད་ཀྱི་མཚན་ཉིད་ཤེས། །འཇིགས་རུང་བཞི་བརྒྱ་རྩ་བཞིའི་དཔུང་ཚོགས་ཀྱི། །གཉེན་པོར་ཟླ་མེད་སྨན་རྒྱལ་ཆེན་པོར་བསྔགས། །ཁྱོད་ཀྱི་མངོན་སུམ་གྱུར་པའི་ལག་ཁྲིད་གསེར་བཟང་མི་ཕམ་རྒྱལ་པོའི་དགོངས་དོན་དང་། །འཇམ་མགོན་བླ་མའི་ལེགས་བཤད་ཟུང་འབྲེལ་ཇི་བཞིན་ཉམས་སུ་བསྟར་པ་ལས། །རང་བཟོས་འཆིང་བུས་དབྱེན་སྦྱོར་མ་ཞུས་དྲང་སྲོང་བདེན་པའི་བཀའ་སྩལ་བཞིན། །བླངས་དོར་རྟགས་ཚང་ཟླ་ཤེལ་མེ་ལོང་གསལ་བར་འཆར་ལས་འབྲས་བཟང་རྙེད། །ཚ་ཟེར་ཅན་ནི་སྨན་ལེགས་ཁྱིམ་དུ་ཞུགས། །རི་བོར་འཛིན་པ་འདོད་པའི་ལྷ་མོ་ནི། །ཁྲུམ་དང་རྩེ་བའི་ཟླ་བ་ཅེས་བྱར་གྲགས། །ལྷ་ཡི་དྲང་སྲོང་ཨ་གཧྱ་འཆར་བ། །དེ་ལ་རྩི་བཅུད་སྨན་སྦྱོར་ཐམས་ཅད་ཀྱང་། །གསེར་འགྱུར་རྩི་ཡི་སྦྱོར་བ་ཇི་བཞིན་དུ། །འཆི་གསོས་ལྷ་ཡི་བདུད་རྩི་འགྱུར་བ་རུ། །གནའ་བོའི་འཇིག་རྟེན་ཆེན་པོ་རྣམས་ཀྱིས་བསྟན། །ཕྱོགས་བཅུའི་ཁམས་ཀྱི་བདུད་རྩི་ཇི་སྙེད་པ། །མ་ལུས་གཅིག་ཏུ་བསྡུ་ལ་དུས་རིང་པོ། །བསྐལ་པ་ཡང་ཞག་ཕུང་པོ་བསྡུད་བྱེད་པའི། །ངོ་མཚར་ཐབས་ཀྱི་ཆེ་བ་སུ་ཡིས་རྟོགས། །འཛིན་པར་དགའ་ཞིང་རྒོད་འདར་རང་བཞིན་ཅན། །རྫས་ཀྱི་གཟེབ་ཏུ་ཚུད་པས་ཤིན་ཏུ་གཡུང་། །ཀུན་ཏུ་ཞི་བའི་རང་བཞིན་མཐོང་བ་འདིས། །སེམས་ལྡན་རྣམས་ལ་བག་ཡོད་བསྟེན་པའི་གཉེན། །ཤིན་ཏུ་མི་བསྲུན་སྲོག་གི་འཇིགས་སྦྱིན་པ། །དུག་ཆེན་དྲག་པོ་དུག་མེད་པར་བྱེད་ཅིང་། །དྲི་མེད་ཟླ་ཤེལ་བདུད་རྩི་ཀུན་དགའི་གསོས། །མཐོང་ན་བདེ་བའི་ངང་ཚུལ་འདིས་ཀྱང་རྟོགས། །ལྕི་འབིག་རྩི་ཡི་ཉེས་བྲལ་ཟད་བྱེད་བརྒྱད། །བཅུད་ལྡན་འཆིང་བར་བྱེད་པའི་ལྕགས་བརྒྱད་དང་། །དྲག་པོའི་མེ་ཡི་ཤུགས་ཀྱིས་བསྐྱོད་པ་ན། །གློག་དམར་འཁྱུག་འདྲའི་མེར་མེར་ཤིག་ཤིག་གཡོ། །དག་པའི་ཁམས་དེ་རིན་ཆེན་ཡོལ་གོ་རུ། །ཟླུམ་པོར་འཁྱིལ་བས་ཆུ་ཤེལ་ཅན་ཉིད་དང་། །ཡས་མན་འགྲན་པ་ལྟ་བུར་ཆས་པས་ན། །སྲ་མཁྲེག་བེ་ཅོན་འཛིན་འདིས་ཁྱད་པར་འཕགས། །མི་རྒྱུ་ཧ་ལའི་གཙོ་བོ་བ་རཱ་དཱ། དངུལ་ཆུ། གང་ལ་སྔོན་གྱི་དུས་ནས་དགྲར་ལྡང་བ། །བཙུན་མོ་མུ་ཟི་མ་ཡི་དབྱེན་སྦྱོས་པས། །ད་ལྟའང་ཁྱོད་ཉིད་རྣམ་པར་བརྒྱན་ཞེས་གྲགས། །ཐབས་ཀྱིས་སྒྲུབ་པའི་རོ་མཆོག་ཆེན་པོ་དེ། །ཤེས་རབ་དགའ་མར་སྙོམས་པར་ཞུགས་པ་ལས། །འཆི་བ་མེད་པའི་བདུད་རྩི་ཨ་མྲྀ་ཏ། །སྲིད་པའི་འཇིགས་འཕྲོག་འཕོ་མེད་བདེ་བའི་དཔྱིད། །སྒྲིབ་པའི་བག་ཆག་འཇོམས་པའི་རོ་ཆེན་པོས། །དུས་སྦྱོར་བཅུ་གཉིས་རླུང་རྣམས་དབུ་མར་འགགས། །གཙུག་ཏོར་ནམ་མཁའི་དཀྱིལ་འཁོར་ཀུན་དྷའི་གཟུགས། །ཐིག་ལེ་གཅིག་ཏུ་འཁྱིལ་བའང་འདི་ཡི་མཐུ། །སྔོན་བྱོན་གྲུབ་ཆེན་བཱེ་ཏ་ལི་བ་དང་། །ཀླུ་ཡིས་འདུད་པའི་དཔལ་ལྡན་ཀླུ་སྒྲུབ་སོགས། །སྔོན་བྱོན་སྐལ་པར་འཆི་མེད་གྲུབ་བརྙེས་པ། །དེ་ཀུན་དངུལ་ཆུའི་བཅུད་ཀྱིས་གྲུབ་པར་གྲགས། །རྣམ་བཅས་བདེ་བའི་རོ་འཛིན་ཧཾ་ཡིག་ཞུ་བའི་ཐིག་ལེ་འདི། །རྣམ་མེད་སྟོང་པར་འཇུག་པས་ནོར་བུ་མཐོན་ཀའི་འོད་འཕྲོ་བ། །ཀུན་ཕན་བདུད་རྩིའི་ཟེག་མ་འབུམ་དུ་འཕྲོ་བས་ནད་ཀུན་སེལ། །རྡོ་རྗེའི་ལང་ཚོ་གྲུབ་པའི་རྫས་མཆོག་འདི་ཡིས་ཤིས་གྱུར་ཅིག །དེ་ལྟར་ལེགས་པར་སྦྱངས་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་འདི་ཉིད་རྐྱང་པ་ཟོས་པས་ཀྱང་ཡོན་ཏན་ཆེན་པོ་ཐོབ་པར་འགྱུར་ཏེ། ཤྲཱི་ཀ་ལ་ཙཀྲའི་རྒྱུད་ལས། ཟླ་བ་དྲུག་གི་ལྷ་ཡི་ལུས་ཏེ་སྐྲ་དཀར་གཉེར་མ་དང་བྲལ་འདི་ཡི་འཆི་མེད་ཉིད་དུ་འགྱུར། ཞེས་ཟླ་བ་དྲུག་ཏུ་བསྟེན་པས་ཤིན་ཏུ་དྭངས་པའི་སྒྲིབ་བྲལ་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་བྱེད་ནུས་པར་གསུངས་ཤིང་། གྲུབ་ཆེན་ཨོ་རྒྱན་པའི་བརྒྱུད་འཛིན་སྟོང་སྨན་མཁས་པ་གཞོན་ནུ་གྲུབ་ཀྱིས། དུག་དང་བྲལ་བའི་བཅུད་རྒྱལ་དེས། །དབང་གསལ་ཚེ་དང་ལུས་ཟུངས་འཕེལ། །རྒས་སྲ་མནན་གཏད་བྱད་རྦོད་སོགས། །གདུག་པའི་གདོན་གྱིས་མི་ཚུགས་ཤིང་། །གདུག་ཅིང་གསོ་དཀའི་ནད་རྣམས་འཇོམས། །ཁྱད་པར་དུག་ཆེན་གསོ་དཀའ་རྣམས། །འདི་མེད་རྩད་ནས་འབྱིན་མི་ནུས། །འདི་ཡི་གྲོགས་ལྡན་སྨན་གཞན་རྣམས། །ནུས་སྐྱེད་ཡུན་རིང་ལོ་འདས་ཀྱང་། །མི་འཆོར་མི་འགྲིབ་གཉེན་པོ་མཆོག །ཅེས་གསུང་པ་ལྟར། ཚེ་འཕེལ། ལུས་སྟོབས་བསྐྱེད། རྩ་ཁམས་དྭངས། དབང་པོ་གསལ་བ་སོགས་དང་། སྟེང་གདོན་བྱད་ཁ་རྦོད་གཏོང་བཟློག་པ་ལ་སྲུང་བའི་མཆོག་ཏུ་བཤད་ཅིང་། གསོ་དཀའ་བའི་ནད་རྣམས་ལ་འདིས་གསོ་བར་ནུས་པ་དང་། མཐར་ཐུག་མཁའ་སྤྱོད་ཀྱི་ཞིང་དུ་འགྲོ་བ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་བའོ། །དེ་ལྟར་བཙོ་ཀྲུའི་ཞར་བྱུང་དུ་དེ་ཉིད་དང་། རིན་པོ་ཆེ་དངོས་གཞིར་མེད་དུ་མི་རུང་བའི་འཆིང་བྱེད་ལྕགས་བརྒྱད་ནི། གསེར་དངུལ་ཟངས་ལྕགས་མཁར་བ་ར་གན་གཤའ་དཀར། ཏི་ཚ་སྟེ་ཞ་ཉེ་དཀར་ནག་གཉིས་རྣམས་ལ་གསེར་དངུལ་ཟངས་གཤའ་ཏི་ཚ་རྣམས་སྦྲང་ཤོག་སྲབ་མོ་དང་གཞན་རྣམས་སག་བརྡར་གྱིས་དྲུད་པའི་ཕྱེ་མ་རྣམས་བསྲེག་སྒོམ་མེ་ཐུབ་མར། སོ་སོའི་བསྲེག་རྫས་རྣམས་གཞུང་བཞིན་བྱས་ནས་བསྲེག་པས་རང་མདོག་འགྱུར་ཤིང་ཧ་ཅང་ཐལ་བའང་མ་ཡིན་པ་རང་རང་གི་མཚན་ཉིད་དངོས་འབྱེད་པ་ཙམ་དུ་བསྲེག་ལ་མ་ཚིག་པ་དང་། ཚིག་ཆེས་པ་དང་། འདྲིལ་བ་སོགས་ཀྱིས་སྐྱོན་མེད་པར་བྱུང་ངོ་། །དེ་བཞིན་ཟ་བྱེད་ཁམས་བརྒྱད་ནི། གསེར་རྡོ། དངུལ་རྡོ། ཁབ་ལེན་རྡོ། ཆུ་སྐྱུར་རྡོ། བ་བླ། ལྡོང་རོས། ཕ་ཝཾ་ལོང་བུ། ལྷོང་ཚེར་བཅས་བརྒྱད་པོ་དག་ཀྱང་ཞིབ་བཏུལ་ཚགས་སུ་བཙགས་ནས། སྲེག་རྫས་དང་། ལྷན་ཅིག་ཀོང་བུར་སྲེག་པའི་ཐལ་བ་སྟེ་དེ་ལྟར་ཟ་འཆིང་གི་རྫས་དེ་རྣམས་དངུལ་ཆུ་དང་སྦྱར་བའི་ཡོན་ཏན་ནི། དངུལ་ཆུ་གྲུབ་པ་ལས། གསེར་ནི་དངུལ་ཆུར་བསྲེས་གྱུར་ན། །ཡོན་ཏན་བྱེ་བར་འགྱུར་བར་བཤད། །དངུལ་དང་བཅུད་རྒྱལ་བསྲེས་གྱུར་ན། །ཡོན་ཏན་ཁྲི་ཚོ་འགྱུར་དུ་བཤད། །ཟངས་དང་དར་ཡ་ཀན་སྦྱར་བས། །ཡོན་ཏན་ཁྲི་ཚོ་ཕྱེད་དུ་འགྱུར། །ལྕགས་དང་དངུལ་ཆུ་བསྲེས་གྱུར་ན། །སྟོང་ཕྲག་འགྱུར་དུ་ནུས་པ་ཐོན། །ཅེས་དང་། ལྷང་ཚེར་བྱིན་པའི་སྟོབས་ཀྱིས་ནི། །ཡོན་ཏན་བརྒྱད་འགྱུར་ཐོབ་པར་འགྱུར། མུ་ཟི་དང་ནི་སྦྱར་བ་ཡི། །ཡོན་ཏན་དྲག་འགྱུར་ཐོབ་པར་འགྱུར། །གསེར་དང་མཉམ་པར་སྦྱར་བ་ཡི། །མ་འགགས་ནམ་མཁའི་ལམ་ལ་འགྲོ། །ཞེས་གསུངས་སོ། །རིན་ཆེན་མཆོག་གི་ནུས་པ་བསམ་མི་ཁྱབ། །ཚངས་དང་དབང་ཕྱུག་བྱེད་པོས་བསྐྲུན་མིན་ཀྱང་། །རྒྱུ་རྐྱེན་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པའི། །ཆོས་ཉིད་འདི་ནི་ཐམས་ཅད་མཁྱེན་པའི་ཡུལ། །རྫས་སྔགས་ནུས་པ་རང་བཞིན་མི་དཔོག་ཅེས། །གྲགས་པ་འདི་ནི་མི་བསླུ་ཚད་མ་མཐོང་། །འཕྲོག་བྱེད་ས་བོན་ཀླུ་ཆེན་བརྒྱད་ཀྱིས་ཟོས། །ཤི་བར་ཟ་བྱེད་དང་ནི་དུག་མྱོས་པ། །དྲང་སྲོང་ཆེན་པོ་བརྒྱད་ཀྱིས་བཀྱིག་པར་གྲགས། །དེ་ནི་འཆིང་བྱེད་བརྒྱད་པོ་ཡིན་ནོ་ཞེས། །འཇིག་རྟེན་དྲང་སྲོང་རྒན་པོའི་གཏམ་གྱི་ཚོགས། །མ་བརྟག་ཉམས་དགའ་དཔྱད་ན་བྲག་རྩ་བཞིན། །འདུས་བྱས་དངོས་པོ་སྐྱེ་འཇིག་འགྱུར་བ་ཅན། །སྐད་ཅིག་སྐད་ཅིག་ཕན་དང་དགྲ་གཤེད་བྱེད། །ནུས་པས་ནུས་པ་འཕྲོག་དང་བསྐྱེད་ཅིང་སྡུད། །བཅུད་ཀྱི་སྙིང་པོ་འཆི་མེད་བདུད་རྩིའི་ཟས། །ལུས་ནི་ཤིན་ཏུ་དྭངས་ཤིང་སྲ་མཁྲེག་རྡོ་ཤེལ་དཀར་པོའི་ལྷུན་པོ་ལ། །ལང་ཚོ་འབར་བའི་གཟི་འོད་དག་ནི་ཉི་མ་གཞོན་ནུས་འཁྱུད་པ་རྣམས། །དགའ་བདེ་བསམ་གཏན་ཏིང་འཛིན་སྦྲང་ཆུ་ཡིད་ཀྱི་བུ་གའི་གཅེར་བཀུག་ནས། །ཉིན་མཚན་ཕྱེད་མིན་རྟག་ཏུ་དགེ་ཞིང་ཤིས་པའི་འོད་སྣང་མཆོག་ཏུ་རྒྱས། །གཉིས་པ་དངོས་གཞི་རིན་ཆེན་སྨན་གྱི་སྦྱོར་བ་དངོས་ཇི་ལྟར་སྡུད་པའི་རྣམ་གྲངས་ལ་རིལ་ནག་ཆེན་མོ་དང་རིན་ཆེན་མང་སྦྱོར། རིན་ཆེན་ཡང་ཟབ། དབང་རིལ་ཤེལ་དཀར་མཆོད་རྟེན། རཏྣ་བསམ་འཕེལ། ཟླ་ཤེལ་ཆེན་མོ་བཅས་རྒྱལ་བའི་སྲས་པོ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐབས་མཁས་ཀྱི་སྤྱོད་པ་ཕར་ཕྱིན་དྲུག་གི་གྲངས་ངེས་སུ་བསྡུས་པ་སྟེ། དེ་ཡང་རྒྱལ་བ་རྣམས་ནི་ཐབས་མཁས་དང་ཐུགས་རྗེ་ཚད་མེད་པས་སེམས་ཅན་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཕན་བདེ་མཐའ་ཡས་པར་འཕྲལ་དང་ཡུན་དུ་སྦྱིན་པ་ལས། འདིར་སྨན་སྦྱོར་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་བཙུན་མོ་ཝ་ར་ཧིས་མཁས་གྲུབ་ཨོ་རྒྱན་པར་སྙན་བརྒྱུད་དུ་གདམས་པའི་རིན་ཆེན་རིལ་ནག་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་སྨན་ཇི་ལྟར་བསྡུ་བའི་ཚུལ། དེ་ཡི་དུག་འདོན་ཕྱག་ལེན། བསྲེ་བརྟགས་ཀྱི་ཚུལ། རིལ་བུ་བྱེད་ལུགས་བཅས་བཞི་ལས། དང་པོ་ནི། དངུལ་ཆུ་གྲངས་འདུར་ཆེན་མོ་མུ་ཟི་འདྲེས་པ་སྲང་། ༤་༠༠༠ལ་གཞི་བླང་ནས། ཨ་བྷྲ་ཧ་ར་སྟེ་ལྷང་ཚེར་ནག་པོ་བཏུལ་མ། ༡་༠༠༠གསེར་སྲང་༡་དང་ཞོ་༡གིས་ལྷག་པར་གསེར་རྡོ་བསྲེག་པའི་ཐལ་བས་ཁ་སྐོངས་བ་བཅས། ༤་༥༠དངུལ་ཐལ། ༥་༠༠ཟངས། ༣་༠༠ལྕགས། ༣་༠༠རག༣་༠༠མཁར། ༣་༠༠ཞ་ཉེ། ༣་༠༠གཤའ། ༣་༠༠རྣམས་ཀྱི་ཐལ་བ། ཁམས་བརྒྱད་རེ་རེ་ལ་སྲང་གསུམ་རེ་བརྩིས་པས་ཁྱོན། ༢༤་༠༠ཨ་རུ་ལྕགས་རྩི་ཟླ་འོད། ༡༨་༠༠ལྕགས་རྩི་དཀྱུས་མ། ༡༢་༠༠རྒྱ་མཚོ་སྤོས་ཤེལ་སེར་སྨུག་ཤིན་ཏུ་དྭངས་པ་དང་། སྦུར་ལེན་སྟེ་སྤོས་ཤེལ་དཀྱུས་མ་བཅས། ༣་༡༠བྱེ་རུ། ༧་༢༠ཁྱུང་སྐྱུག༡༠་༢༠དུང་། ༢་༠༠ནལ་རྡོག༡༧མུ་མེན། ༤་༥༠གཡུ་བཟང་པོ། ༨་༤༠རང་བྱུང་ཤེལ་རྡོག༡༨ཤེལ་མོ་རྡོག༡་༥༠ཟུར་བརྒྱད་ཤེལ་ལྟར་དྭངས་བའི་ཕ་ལམ་རྡོག༡ཁ་དོག་ལྗང་གུའི་མ་རྒད་རྡོག༡སྔོ་སྐྱ་དྭངས་བའི་མཎྜི་ནི་ལ། ༡མཆིན་ཁ་པདྨ་ར་ག༢༠སེར་དྭང་མར་ཁུའི་མདོག་གི་པུཥྤ་རཱ་ག༡གཡུ་སྤྲུག༡ཉ་ཕྱིས་སབ་པའི་མུ་ཏིག༥་༨༠སྨུག་པོ་སྦལ་རྒྱབ། ༡་༠༠ཏི་སེའི་གངས་ཐིག༡་༠༠གངས་ཐིག་དཀྱུས་མ། ༡་༠༠རྭ་རིས་ཡོད་ཅིང་ཁ་དོག་ནག་པའི་མཉྫུའི་ར། ༡་༠༠མདུང་རྩེ་དཀར་པོ། ༡་༠༠སྦལ་མདུང་འདྲེན་པའི་མདུང་རྩེ་དམར། ༡་༠༠ཁབ་ལེན། ༡་༠༠ཕོ་ཅོང་། ༡་༠༠མོ་ཅོང་སུལ་ཞིབ་ཅན། ༡་༠༠ཅོང་ཞི་དམར་པོ། ༡་༠༠ཅོང་ཞི་སེར་པོ། ༡་༠༠དཀར་སོབ་མ་ནིང་ཅོང་ཞི། ༡་༠༠མཚལ་དཀར། ༡་༠༠ལྕགས་རྡོ། ༡་༠༠ཆུ་བཅད་ཚྭ་ལ། ༡་༠༠མགྲོན་བུ་སྦོ་ཅན་རོག་ཙམ་བསྲེག་པ། ༡་༣༠ཙནྡན་དཀར། ༡༠་༠༠ཙནྡན་དམར། ༡༠་༠༠ཨར་ནག༡་༠༠༠ལྷོ་སུག་མིན་པའི་སུག་སྨེལ། ༦་༠༠ལི་ཤི། ༦་༠༠སྨྱུག་ཅུ་གང་འདྲེས་པའི་ཅུ་གང་། ༦་༠༠ཁ་ཆེ་གུ་རྒུཾ། ༦་༠༠ཛ་ཏི། ༦་༠༠ཀ་ཀོ་ལ་ཀོག་ཕྲལ། ༦་༠༠གྷི་ཝཾ། ༦་༠༠གླ་རྩི། ༡༠་༠༠ཀོ་བྱི་རྡོག༢་༢༠། ག་བུར། ༥་༠༠རྒྱ་གར་བོང་དཀར། ༧་༠༠རྒྱ་གར་བོང་དམར། ༧་༠༠བོང་སེར། ༧་༠༠དཔའ་བོ་དཀར་པོ། ༧་༠༠དཔའ་སེར། ༧་༠༠དཔའ་རྒོད། ༧་༠༠སུ་མི་སྨུག་པོ། ༧་༠༠སུ་མི་སེར་པོ། ༣་༠༠ཡོ་འབོག་ཤིང་། ༧་༠༠ཡུག་ཤིང་ཁཎྜ། ༧་༠༠ཆར་ཉུང་ཁཎྜ། ༧་༠༠གངྒ་ཆུ། ༧་༠༠བེ་སྐྱེས་རེ་རལ་ཁཎྜ། ༧་༠༠བྱ་རྒོད་སྤོས། ༧་༠༠བྲག་ཇ་མེ་ཏོག༧་༠༠བྱིའུ་ལ་ཕུག༧་༠༠སྟག་ཤ༧་༠༠ཨ་བྷི་ཥ། ༧་༠༠སྤང་རྒྱན་དཀར་པོ། ༧་༠༠ཀྱི་ལྕེ་དཀར་པོ། ༧་༠༠ལུང་ཐང་རྡོག༣༥སྤྱི་བཞུར། ༧་༠༠བསེ་རུ་དཀར་པོ། ༧་༠༠རྨ་བྱའི་མདོངས། ༢༤སྒང་ཐུར་སོར་བཞི་པ། ༢༠༠སྟག་གི་སྨ་ར་བུབ། ༡༣བུ་མོ་སྟག་ལོ་མའི་གྲི་མཆིན་ཕོན་ཆེ་བ་ལ་ཕག་མར་གསར་གྱི་མཆིན་པས་ཁ་སྐང་བ་བཅས། ༨་༠༠སྐྱེས་པ་གྲིར་ཤི་བའི་ལག་པའི་ཉ་ཤ༢་༠༠ཤ་བའི་ཚིལ། ༡་༠༠སེང་གེའི་ཚིལ་གསུངས་པ་གཏེར་བྱོན་སེང་གེའི་ཤ་དང་འདམ་་་་་འདི་ནས་མ་དཔེ་མ་ཐོབ་པས་དཔེ་གཞན་ནས་སེང་ཚིལ། ༡་༠༠སྟག་གི་འོ་མ། ༡་༠༠གྲི་ཤ༡་༠༠མིའི་ཕྱ་ཚན། ༡་༠༠རྟ་ཡི་ཕྱ་ཚན། ༡་༠༠ཁྱིའི་ཕྱ་ཚན། ༡་༠༠བུད་མེད་དང་ཉི་མས་མ་རེག་ཞིང་ལོ་བཅུ་གཉིས་ལོན་པའི་ཡུངས་ཀར། ༢་༠༠༠ཡུངས་གཞི། ༢༦་༠༠པད་ཁའི་འབྲུ། ༢་༥༠སྐྱེར་པའི་བར་ཤུན། ༧་༠༠སེར་རྒོད་པར་ཤུན། ༧་༠༠འམ་བུའི་བར་ཤུན། ༧་༠༠དབྱར་ཉི་མ་ལྡོག་གང་གི་སྲད་ནག༡༠་༠༠ཨ་རུ་གསེར་མདོག་གི་ཤ༡༠་༠༠བཅས་རྩ་བའི་སྨན་སྣ་བརྒྱ་དང་གཅིག་གོ། གཉིས་པ་འཁོར་སྨན་ལ། བྲག་ཞུན་ཁཎྜ། ༥་༠༠ཁྱུང་སྡེར་སྨུག་པོ། ༧་༠༠ཁྱུང་སྡེར་དཀར་པོ། ༥་༠༠སྤུ་ཤེལ་རྩེ། ༥་༠༠པར་པ་ཏ། ༥་༠༠ཨུཏྤལ། ༥་༠༠དེ་ཝ་གཡུ་ཆུང་། ༥་༠༠སྤང་རྩི། ༥་༠༠སྒང་ཐོག་པའི་འབྲུ། ༥་༠༠རྩི་དམར། ༥་༠༠ཕུར་ནག་ལོ་སིབ་ཅན། ༥་༠༠ལྕགས་ཀྱུ་པ། ༥་༠༠གསེར་མེ། ༥་༠༠ཏིག་ཏ། ༥་༠༠སྟོར་རི་ཟིལ་བ། ༥་༠༠ཏང་ཀུ་ལོ་སིབ་ཅན། ༥་༠༠དྭ་ལིས་མེ་ཏོག༥་༠༠སྤྲི་ཡངྐུ་དུས་བཏུས། ༥་༠༠ཤུག་ཚེར། ༥་༠༠སྙ་ལོའི་རྩ་བ། ༥་༠༠བུད་མེད་སྟག་ལོ་མའི་སྤྱི་མཆན་སྤུ། ༠་༥༠བཅས་འཁོར་སྨན་ཉེར་གཅིག་གོ། གསུམ་པ་དེ་སྟེང་ཨོ་རྒྱན་པའི་ཁ་ཚར་གྱི་སྨན་ལ། ཨ་རུ་གསེར་མདོག་གི་རུས་པ། ༥་༠༠རྒྱ་རུ། ༠་༧༥ཁ་ཤའི་རྭ། ༠་༧༥ཤ་བའི་ག་དོར། ༠་༧༥སེར་པོ་རྒུ་དྲུས། ༤་༠༠མ་ནུ། ༨་༠༠འུ་སུ། ༡་༦༠ཟི་ར་ནག་པོ། ༡་༦༠ཟི་ར་དཀར་པོ། ༡་༦༠ལ་ལ་ཕུང་། ༢་༦༠དུག་མོ་ཉུང་། ༤་༠༠བསེ་ཡབ། ༤་༠༠སླེ་ཏྲེས། ༤་༠༠བཙོད་ཁྲག༨་༠༠ཕག་ཁྲག༨་༠༠ཨ་འབྲས། ༠་༤༠སྲ་འབྲས། ༠་༤༠འཇམ་འབྲས། ༠་༤༠སྟར་ཁཎ། ༥་༠༠སྤོས་དཀར། ༤་༠༠ཐལ་ཀ་རྡོ་རྗེ། ༤་༠༠སོ་མ་རཱ་ཛ། ༤་༠༠གུ་གུལ། ༤་༠༠དབང་ལག༤་༠༠སི་ལིང་། ༢་༠༠ཕོ་རིལ། ༡་༦༠རིན་ཆེན་སྙག་སྣུམ་ལྡན། ༢་༤༠གཙང་རུས། ༤་༨༠སྐྱུ་རུའི་ཤ༨་༠༠བ་རུའི་ཤ༨་༠༠སྒ་དམར། ༡་༦༠ལྕགས་སྦྲུལ། ༣་༠༠བྱ་ཟེར་མོའི་སྒྲོ། ༡་༠༠སྟག་གི་མཆེ་བ། ༠་༥༠ཉ་རུས། ༠་༥༠སྲམ་བྲུན། ༠་༥༠རྨ་བྱའི་ཤ༤་༠༠རྨ་བྱའི་མཁྲིས་པ། ༠་༡༠གཡའ་ཀྱི། ༤་༠༠ལུག་རུ་སྨུག་པོའམ་གླང་སྣ། ༤་༠༠བཅས་ཁ་ཚར་སྨན་སྣ་བཞི་བཅུའོ། །དེ་སྟེང་ཁྱད་པར་གྱི་གསང་སྨན་གསུམ་བཅས་དྲིལ་བས་ཁྱོན་སྨན་གྱི་རྣམ་གྲངས་བརྒྱ་དང་དྲུག་ཅུ་རྩ་ལྔའོ། །གཉིས་པ་དེ་ཡི་དུག་འདོན་གྱི་ཕྱག་ལེན་ནི། ཨ་རུ་གསེར་མདོག་གི་ཤ་ཞིབ་པར་བཏག་ཏེ་སྡོམ་ལྡན་གི་ཆུས་སྐྱོ་མ་གར་བ་ཙམ་ལྕགས་སྣོད་དུ་གཡོས་ནས་ཁེབ་བརྒྱབ་ནས་བསྙལ་བ་ཁ་དོག་མཐིང་འཚེར་ཅན་ཟླ་འོད་ལ་བཞག་པ་དང་། མ་བཞག་པའི་ལྕགས་རྩི་དཀྱུས་མ་ཕྱག་ལེན་བཞིན་བཟོས། རིན་ཆེན་རིགས་རྣམས་དུག་འདོན་ལ། རིན་ཆེན་ཡོངས་རྫོགས་ཀྱི་ལྗིད་མཉམ་ཟེ་ཚྭ་དང་ཚྭ་ལ་ཆུ་གཅོད། རིན་པོ་ཆེའི་སུམ་ཆ་བེ་སྐྱེས་རེ་རལ་དང་བེ་ལྗང་བདུད་རྩི། གངྒཱ་ཆུང་། རིན་པོ་ཆེའི་ཕྱེད་ཆ་སྟར་ཁཎ། ཨ་རུ་དང་འགྲོན་ཐལ། གླ་རྩི་གསུམ་སོ་སོར་ཚྭ་འདེབས་ཙམ་བཅས་ཁྲོབ་བརྡུང་བྱས་པ་ལོ་བརྒྱད་ཆུ་ལ་བཏབ་ནས་བཙོས་པའི་ཆུར་རིན་ཆེན་རྣམས་ཁྲམ་ཁྲུམ་བརྡུང་པ་རས་ཁུག་ཏུ་བླུགས་ནས་བྱེ་རུ་མདོག་མ་འགྱུར་བར་བཙོས། སླར་ཡང་ཆང་སྐྱུར་དུ་ཡུན་དུ་བཙོས་ནས་ཆུ་གྲང་གིས་ལན་གསུམ་བཙོ་བཤལ་བྱས་སོ། །རྡོ་སྨན་རྣམས་ཚྭ་ལ་དང་ཟེ་ཚྭ་དང་མཉམ་འཐག་ཅུང་ཟད་དགོས། ཀོ་བྱི་ལ་སྤུ་བཞར་ཏེ་ཆུ་བརྡུང་ཉིན་གསུམ་བྱས། ག་བུར་ཅུ་གང་དང་བསྲེས་ཏེ་བཏགས། བསེ་རུ་དཀར་པོ་མེར་རྩི་ཧྲོག་ཙམ་བསྲེག་སྟེ་ཆུ་བརྡར་བྱས། རྨ་བྱའི་མདངས། སྟག་གི་སྨ་ར། ཟེར་མོའི་སྒྲོ། བུད་མེད་ཀྱི་སྐྱི་མཆན་སྤུ་རྣམས་ནི་སོ་སོར་ལི་སྡེར་ཕྱིས་ལེགས་ནང་དུ་མར་མེ་བཞག །དེའི་མེ་ལྕེའི་འོད་ཀྱིས་བསྲེག་གོ། གསུམ་པ་བསྲེ་འཐག་ནི། སྨན་རྣམས་སོ་སོར་དུག་འདོན་ཚུལ་བཞིན་བགྱིས་ཏེ་རྩི་བཞིན་ཞིབ་པར་བཏགས་ནས་སོ་སོར་ཁ་བྱང་བཅས་ལེགས་པར་གྲུབ་ནས་སོ་སོར་སྦྱོར་ཚད་ལྟར་སྲང་ལ་གཞལ། དེ་ནས་བསྲེ་འཐག་དངོས། མུ་དངུལ། སྲད་ནག །བཅས་དང་། ཕབས་རྒྱུན་སྐོར་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་རིན་ཆེན་རིལ་བུ་དང་། གཞུང་ས་ཆེན་པོ། ཀརྨ་པ། སི་ཏུ་ཆོས་འབྱུང་། མཁྱེན་བརྩེའི་དབང་པོ། འཇམ་མགོན་མི་ཕམ་རྣམས་ཀྱི་རིན་ཆེན་རིལ་ནག་ཆེན་མོ་སོགས་ཀྱི་འཕར་རྒྱུན་སྦྱར་བ་བཅས་འདམ་འཐག་ཉིན་གཉིས། སྨན་གཞན་རྣམས་ཅུ་གང་ག་བུར་བསྲེས་པ་དང་། དེ་ནས་རིམ་བཞིན་བོང་དཀར་སོགས་བསྲེས་ཏེ་སྐམས་འདུལ་ཉིན་གཉིས། དེ་ནས་དངུལ་ཆུ་དང་སྲད་ནག་བསྲེས་པའི་སྨན་འདམ་དང་། གཞན་སྨན་ཕྱེ་རྣམས་དང་ཁཎྜ་རིགས་བཅས་བསྲེས་ནས་འདམ་ཐག་ཉིན་གཉིས། དེ་ནས་ལོ་བརྒྱད་ཆུས་འདམ་འཐག་ཉིན་གཉིས། དེ་ནས་སེ་འབྲུའི་ཆུས་འདམ་འཐག་ཉིན་མཚན་ཁ་སྦྱོར་བདུན་ལ་བྱས། དེ་སྐབས་བསྲེ་འཐག་འགོས་བཟུངས་ནས་སྨན་འདུལ་མཁན་རྣམས་དང་། སྨན་བླ་ལོངས་སྐུའི་སྒྲུབ་མཆོད་འཇུགས་ཅིང་སྔགས་རྒྱུན་མཁན་ཐུན་བཟུང་སྟེ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན་ཏ་ན་རཱ་ཛཱ་ཡ་གྷུ་པ་སིདྡྷི་ཧཱུྃ་ཧྲཱིཿཋ། ཞེས་དང་རང་གཞུང་གི་སྨན་གཟུངས་སོགས་རིལ་བུའི་བྱ་བ་མ་རྫོགས་བར་རྒྱུན་མ་ཆད་པར་བྱས་སོ། །བཞི་པ་རིལ་བུ་བྱེད་ལུགས་ནི། སྨན་ཟན་སྤོས་ཐུར་ལྟར་བཙིར་བར་གམ་ཚད་ཀྱིས་རིལ་ཚད་སྲན་མ་འཕོས་པ་ཉིས་ལོག་ཙམ་དུ་དྲིལ་ཏེ་རིལ་རྩི་སོགས་ཟིན་བྲིས་སྔར་མ་རྣམས་ལྟར་བྱས་སོ། །རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་སོགས། །རྒྱུད་སྡེ་རྣམས་ཀྱི་དགོངས་པའི་མཐིལ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མས། །ཨོ་རྒྱན་དཔལ་ལ་སྙན་བརྒྱུད་དུ། །སྩལ་བའི་རིན་ཆེན་སྦྱོར་སྡེ་འདི། །སྙན་ནས་སྙན་དུ་བརྒྱུད་བྱས་ཏེ། །མཁའ་འགྲོའི་ཞལ་རླངས་མ་ཡལ་བ། །དེང་གི་བར་དུ་བཞུགས་འདི་རྨད། །ཞེས་ཀྱང་སྨྲས་སོ། །རིན་ཆེན་མང་སྦྱོར་ཆེན་མོའི་སྦྱོར་སྡེ་ལ། སྦྱོར་ཚད་དང་འདམ་ཆུ་སོགས་བཤད་པ་གཉིས་ལས། དང་པོ། ཨ་རུ་གསེར་མདོག་གི་ཤ་ལྕགས་རྩི་ཟླ་འོད་བྱས་པ། ༦་༠༠དངུལ་ཆུ་བཙོ་བཀྲུ་ཆེན་མོ། ༥་༠༠བསེ་རུ། ༢་༠༠གསེར་བྱེ། ༢་༠༠སྡིག་སྲིན། ༢་༠༠ལྕམ་འབྲུ། ༢་༠༠ཛ་ཏི། ༢་༠༠སྨྱུག་ཅུ་གང་། ༢་༠༠ཁ་ཆེ་གུར་གུམ། ༢་༠༠སུག་སྨེལ། ༢་༠༠ལི་ཤི༢་༠༠ཀོ་ལ། ༢་༠༠རུ་རྟ། ༢་༠༠ཨ་འབྲས། ༢་༠༠སྲ་འབྲས། ༢་༠༠འཇམ་འབྲས། ༢་༠༠ཙན་དན་དཀར་པོ། ༢་༠༠རང་བྱུང་མཚལ་དཀར། ༢་༠༠ཆར་ཉུང་ཁཎྜ། ༢་༠༠གི་ཝཾ། ༢་༠༠བྱེའུ་ལ་ཕུག༢་༠༠རྒྱལ་པོ་རེ་རལ། ༢་༠༠བེ་སྐྱེས་རེ་རལ། ༢་༠༠བྲེ་གུ་གསེར་ཐིག༢་༠༠བྲག་སྐྱ་ཧ་བོའི་མེ་ཏོག༢་༠༠ཕྱ་ཚན་གསུམ། ༢་༠༠ཉ་རུས། ༢་༠༠སྲམ་བྲུན། ༢་༠༠དམ་མཁྲིས། ༢་༠༠བོང་དཀར། ༢་༠༠བོང་དམར། ༢་༠༠དཔའ་རྒོད། ༢་༠༠དཔའ་བོ་སེར་པོ། ༢་༠༠ཡུངས་བ་སེར་པོ། ༢་༠༠ཀོ་བྱི། ༢་༠༠གོ་ཡུ། ༢་༠༠བྲག་ཞུན་ཁཎྜ། ༢་༠༠སུ་མི་སྨུག་པོ། ༢་༠༠སུ་མི་སེར་པོ། ༢་༠༠བ་རུའི་ཤ༢་༠༠སྐྱུ་རུའི་ཤ༢་༠༠གཡུ། ༢་༠༠བྱེ་རུ། ༢་༠༠མུ་ཏིག༢་༠༠ཉ་ཕྱིས། ༢་༠༠མུ་མེན། ༢་༠༠བ་ཤ་ཀ༢་༠༠གླ་རྩི། ༡་༥༠བཅས་སྨན་སྣ་ཞེ་བདུན་ལ་དུག་འདོན་སོགས་ཕལ་ཆེར་གོང་དང་འདྲ་ཞིང་། ཀོ་བྱི་སྤུ་བཞར་ནས་མཛོ་མོ་ན་གཞོན་གྱི་འོ་མར་བཙོས་ཏེ་ཆ་གསུམ་འཐག་པར་བྱས་པས་དུག་ཁྲལ་དང་། འདམ་བཏག་ལ། སེ་འབྲུ་བཟང་པོ། ༢་༠༠ཞན་པ། ༢་༠༠བཅས་ཁྲོམ་ཁྲུམ་བརྡུང་བ་ཆུ་བྲེ་བཞི་བཀོལ་བ་ལ་ཆ་གཅིག་འཐག་གི་བར་བསྡུས་ཁུ་ཚགས་ལ་དྭངས་ནས་སྨན་ཕྱེ་རྣམས་གར་སླ་ཞོ་ཙམ་བྱས་པར། སྐུ་ཞབས་སི་ཏུ་རིན་པོ་ཆེའི་ཕྱག་སྡུད་མང་སྦྱོར་ཆེན་མོ་དང་། རབ་ཡིད་མེ་འབྲུག་ལོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསྡུ་སྒྲུབ་མང་སྦྱོར་བཅས་ལ་གོང་གི་འཕེལ་གདུང་། དམ་རྫས་བདུད་རྩི་ཆེན་མོ་དང་། དབང་རིལ་འཁྲུལ་མེད་རྡོག་གཉིས་བཅས་སྦྱར་ནས་བསྲེ་བཏག་ཉིན་བཞི་བྱས་རྗེས་རིལ་བུ་སྲན་འཕོས་ཉིས་འགྱུར་ཙམ་དུ་དྲིལ་ནས་རིལ་ཆགས་ཐེམ་པར་བྱས་པའོ། །གསོ་དཀའ་བི་ཥའི་ནད་ཅེས་པ། །མིང་ཙམ་ཐོས་པས་སྔངས་བྱེད་ན། །མཐོང་དང་མྱོང་བའི་འཇིགས་སྟེར་ལ། །ངེས་པ་སོམ་ཉི་སུ་ཞིག་མཆིས། །སྨན་གྱི་སྦྱོར་བ་འདི་ཉིད་ལ། །ཆེ་ཐང་བསྔགས་པར་མཛད་པའང་། །དུག་འཇོམས་ལྷག་པར་ཟབ་ཕྱིར་ན། །ཡོན་ཏན་བརྗོད་པའང་དེ་ལ་དགོངས། །རྒྱུད་ཀྱི་དགོངས་པའི་སྙིང་ཕྱུང་བ། །མན་ངག་མྱོང་བས་ལེགས་བསྡེབས་པ། །ཀུན་མཁྱེན་ཉིན་མོར་བྱེད་དེ་ཡི། །དྲིན་ལས་ད་ལྟའང་ཉམ་མི་ང་། །ཞེས་ཀྱང་སྨྲས་སོ། །རྒྱལ་བ་རང་བྱུང་ཞབས་ཀྱི་དགོངས་པ་ཡང་ཟབ་རིན་ཆེན་རིལ་བུ་ཞེས་ཤིན་ཏུ་ཁྱད་པར་འཕགས་པ་དེ་ཉིད་བསྡུ་ཐབས། དུག་འདོན་ཐབས། འཐག་ཚུལ་དང་གསུམ་ལས། དང་པོ་ནི། དངུལ་ཆུ་གྲང་འདུལ་ཆེན་མོ་སྲང་། ༡༦་༠༠ལྷོང་ཚེར་བཏུལ་མ། ༡༠་༠༠ཨ་རུ་གསེར་མདོག་ཤ་རྐྱང་། ༡༠་༠༠ལི་ཤི། ༡་༧༠ཁ་ཆེ་གུར་རྒུམ། ༡་༧༠སུག་སྨེལ། ༡་༧༠སྨྱུག་ཆུ་གང་འདྲེས་པའི་ཅུ་གང་། ༡་༧༠ཛ་ཏི། ༡་༧༠ཀོ་ལ་ལྐོགས་ཕྲལ། ༡་༧༠སྲང་ནག༨་༠༠རྨ་བྱའི་མདངས། སྟག་གི་སྨ་ར། ལྡུམ་སྟག་ཕོ་མོ། ༡༢་༠༠ཡུངས་བཞི། ༡་༠༠ཡུངས་དཀར། ༡་༠༠བོང་དཀར། ༡་༠༠བོང་དམར། ༡་༠༠བོང་སེར། ༡་༠༠སྒང་ཐུར། ༡་༠༠ཕྱ་ཚན་གསུམ་སོ་སོར། ༡་༠༠ཉ་རུས། ༡་༠༠སྲམ་བྲུན། ༡་༠༠གཡུ། ༡་༠༠མུ་ཏིག་ལ་ཉ་ཕྱིས་འདྲེས་པ། ༡་༠༠སྦུར་ལེན། ༡་༠༠མུ་མེན། ༡་༠༠གི་ཝཾ། ༡་༠༠དཔའ་དཀར། ༡་༠༠དཔའ་སེར། ༡་༠༠སྟག་ལོ་མོའི་མཆིན་པ། ༢་༠༠ཁྱིམ་བྱ་དེ་ཕོའི་ཟེ་བ། ༢་༠༠ཕྱི་སྡེར་ཏེ་ཏིང་འཛེར་ཆ། ༢༡སྦྲུལ་མིག་ཆ། ༣དོམ་མཁྲིས། ༠་༥༠གླ་རྩི། ༠་༥༠བུ་མོའི་སོ་དང་པོ་བརྗེས་པ། བུ་ལོ་བཅུ་བདུན་པ་དང་། བུ་མོ་ལོ་བཅུ་གཉིས་ཅན་གྱི་ཕོ་གཡས་མོ་གཡོན་གྱི་མཆིན་རྩ་རུ་ཐུང་གཏར་བའི་ཁྲག་འཁྱོར་བ་རེ་ལ་བཟང་དྲུག་བཏབ་ནས་སྐམ་དུ་བཅུག་པ། ཁ་སྐང་གི་སྨན་ལ། བསེ་རུ་དཀར་པོ། ༡་༠༠རྩ་བརྒྱད་སྟོང་སྦྱར། ༡་༠༠སྲན་ཆུང་ཞེས་སྔོན་མོ་ཆབ་འདྲེན། ༡་༠༠སྲན་དཀར། ༡་༠༠སྒང་ཐོག༡་༠༠པུ་ཤུད་སྒང་ཆུང་། ༡་༠༠གསེར་དངུལ་ཟངས་ལྕགས་བཞིའི་ཐལ་བ་སོ་སོར། ༡་༠༠ཁྱུང་སྐྱུག༡་༠༠ནལ། ༡་༠༠ཉ་ཕྱིས། ༡་༠༠རྨ་བྱའི་ཤ༠་༥༠ཁྱུང་སྡེར་དཀར་པོ། ༠་༥༠ཁྱུང་སྡེར་སྨུག་པོ། ༠་༥༠ཐག་སྦྲུལ་གྱི་སྟོད་ལྤགས། ༠་༥༠མགྲོན་ཐལ། ༠་༥༠ནེ་ཙོའི་མཁྲིས་པ། ༠་༥༠བྱ་ཟེར་མོའི་སྟོད་ཤ༠་༥༠ཅོ་གའི་སྒང་ཆུ། ༠་༥༠ཆུ་བྱའི་ཁྲག༠་༦༠སྤྲ་བའི་མེ་ཏོག༠་༦༠གླ་སྤུའི་གཞོབ། ༠་༦༠ཏིས་ལོའི་ཀླད་པ། ༠་༨༠གནམ་མ་མཐོང་བའི་ཆུ་རྡེལ། ༠་༨༠གླ་མཆེ། ༡་༠༠སྟག་གི་སྡེར་མོ། ༡་༠༠སྤྲེའུའི་མཁྲིས་པ། ༠་༤༠སྒོག་པ་ཆིག་སྐྱེས་ཀྱི་ཐལ་བ། ༠་༦༠ཤུ་དག་དཀར་པོ། ༠་༦༠མཚལ་དཀར། ༠་༤༠ཕག་མཆིན། ༠་༨༠ཏེ་སྨན་སྣ་བདུན་ཅུ་རྩ་བདུན་ལེགས་པར་བསྡུས་པའོ། །གཉིས་པ་ནི། ཨ་རུ་གསེར་མདོག་རུས་པ་མ་དོར་གོང་རྒྱ་སྐག་ཆགས་པའི་ཤིང་ཐལ་ཆུར་བཏབ་པའི་ནང་ཞག་གཅིག་སྦངས་ནས་དོར་ལ་བཏགས། གཟི་མདང་སྲད་ནག་མེད་པའི་རྒྱལ་པོ་དང་། སྲད་ཆུང་། སྲད་དཀར་རྣམས་ལྕགས་སྣོད་སོ་སོར་བླུགས། ཆང་ནེམ་ཙམ་གཏོར། བུལ་ཏོག་སྨན་ཐུན་ཙམ་བཏབ་ལ་རྟ་རྨིག་གིས་སོ་སོར་བཏགས། རྨ་བྱའི་མདོང་ནི་ལི་སྡེར་ལ་ཕག་ཚིལ་བྱུག་པ་མེར་བསྲེག་པའི་ནང་སྒྲོ་ཐིག་རྐྱང་པ་གཞོབ། སྟག་གི་སྨ་ར་ཡང་དེ་མཚུངས། ལྡུམ་སྟག་ཕོ་མོ་སྤུ་བཞར་ལ་རའི་འོ་མར་བསྐོལ། འོ་མ་ཐག་ལ་ཁད་དུས་སྨན་བླངས་ནས་འོ་མ་དུག་ཅན་སར་སྦར་ཞིང་སྨན་ཉིད་ཆུས་བཤལ་ཏེ་རློན་བརྡུང་བྱས། ཡུངས་དཀར་ནག་གཉིས་ལོ་བཅུ་གཉིས་ལོན་པའི་བུད་མེད་ཀྱིས་མ་རེག་པ་ཟངས་སྣོད་དུ། ཚིག་སྒྲ་མ་བྱུང་བར་རྔོ། སྒང་ཐུར་སུར་དཀར་གྱི་ཐལ་ཚན་ལ་རྩེ་རྟིང་སེར་ཧྲོག་བསྲེག །གཡུ་ནི་སྒང་ཐོག་པ་ཁྲོབ་བརྡུངས་བྱས་པ་རླངས་པར་བརྩོས་པའི་སྣུམ་གྱིས་བྱུག་ལ་མེ་ཉོབ་ཏུ་རེག་མི་བཟོད་ཙམ་བསྲེག །མུ་ཏིག་མུ་མེན་ཕག་ཚིལ་བྱུག་ནས་ཤིང་སོ་བའི་མེ་ཉོབ་ཏུ་གོང་བཞིན་བསྲེག །སྦུར་ལེན་ཧྲོབ་བརྡུངས་ཀྱི་རས་ནང་བཏུམ་ནས་བོང་བུའི་རྨིག་པ་བརྡུངས་ཕྱེ་ཆུར་བཏབ་པའི་ནང་ལྷོག་གཅིག་གཉིས་བཙོ། བྱ་ཕོའི་ཟེ་བ། ཕྱིར་སྡེར་ལ་སྣུམ་ནག་བྱུག་ཏེ་མེར་སེར་ཙམ་བསྲེག །སྦྲུལ་གྱི་ཕྱི་ལྤགས་གཉིས་ནི། ཟེ་ཚ། གླ་རྩི། བོང་བུའི་རྨིག་པ་གསུམ་གྱིས་ཕྱེ་མར་ཆུར་བཏབ་པར་ལྷོག་གཅིག་བསྐོལ་ནང་ཡུན་རིང་ཙམ་སྦངས། བུ་མོའི་སོ་བ་སོའི་ཕྱེ་མ་དང་མཉམ་དུ་རྒྱངས་རྩམ་བཙོ། ཁྱེའུ་ཕོ་མོའི་མཆིན་རྩ་མ་གཏར་བའི་ཞག་གཉིས་གསུམ་ནས་གི་ཝཾ་དང་། གར་ཆང་བླུད། བསེ་རུ་དཀར་པོ་རྩི་ཧྲོག་བསྲེག་ཞིབ་འཐག་ཀྱི་ཆུ་འདུར་ཉིན་མང་བར་བྱས། སྒང་ཆུ་རྣམས་འདམ་འཐག་སྐབས་ཀྱི་སྨན་ཕྱེ་དང་ལྷན་ཅིག་བསྲེ། གླ་སྤུ་ལྕགས་སྡེར་སྣོད་མེར་བསྲེག་ནང་གཞོབ། གནམ་མ་མཐོང་བ་ཆུ་རྡེལ་ཁམས་བརྒྱད་ལྟར་བཙོ་མི་སྲེག །གླང་མཆེ་དང་། སྟག་གི་སྡེར་མོ་གཉིས་སྒོག་པ་ནུས་བསྲེག་རྡོག་གསུམ་དང་བསྲེ་འདུལ་བྱའོ། །གསུམ་པ་ནི། ཁྲོ་རྙིང་གི་སྣོད་གཙང་མར། དངུལ་ཆུ་གྲང་འདུལ་དང་། ལྷང་ཚེར། འཕེལ་གདུང་། བདུད་རྩི། སྐུ་ཞབས་སི་ཏུ་རིན་པོ་ཆེ། ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ་རྣམས་ཀྱི་ཡང་ཟབ་རིལ་བུ་ཕབ་གཏའ་སྦྱར་ནས་སྟར་ཁུའི་ཁཎྜ་ཆུས་སྦྱངས་གར་སླ་ཞོ་སླ་བརྩམ་ལ་འདམ་འཐག་ཇ་ཡུན་རེ་དང་། དེ་ནས་བུ་མོའི་སོ། བྱ་ཕོའི་ཟེ་བ། ཕྱིར་སྡེར། སྦྲུལ་མིག་སྒོ་ང་གཉིས། ཏིས་ཀླད། གླ་སྤུའི་གཞོབ། ནེ་ཚོ་དང་སྤྲེ་འཁྲིས། ཟེར་མོའི་ཤ། ཆུ་བྱ་པོ་ཐོའི་ཁྲག །རྨ་བྱའི་ཤ་བཅས་ཀྱི་ཕྱེ་མར་བཏབ། དེ་རྗེས་བོང་ང་གསུམ། དཔའ་བོ་གཉིས། སུ་མི་རྣམས་བཏབ། དེ་བརྒྱབ་ཨ་རུ་ལྡུམ་སྟག་ཕོ་མོ། སྲད་དཀར་ནག །དེ་རྗེས་ཡུངས་དཀར་ནག །སྒང་ཐོག་གི་ཝཾ། གླ་རྩི། སྒང་ཐུར། སྟག་གི་སྨར་གཞོབ། དོམ་མཁྲིས་ཕྱེ་མ། དེ་རྒྱབ་རིན་པོ་ཆེ་བཞི། ཐལ་སྨན་བཞི། ཁྱུང་སྐྱུག །ནལ་ཉ་ཕྱིས། དེ་རྗེས་ཕྱ་ཚན་གསུམ་དང་ཚབ་བཅས་དང་། ཕག་མཆིན་སོགས་བཏབ། དེ་རྒྱབ་ཁྱེའུ་ཕོ་མོའི་ཁྲག །དེ་རྗེས་སྨན་གཞན་གང་ཡོད་དང་ཉིན་གཅིག་བསྲེ་འཐག་རྗེས། སེ་འབྲུ། ལོ་བརྒྱད་ཆུར་བསྡུས་ཀྱི་ཁུ་བ་ཚགས་སུ་དྲངས་པའི་ནང་དུ་གར་སླ་ཞོ་ཙམ་བྱས་ནས་འདམ་འཐག་ཉིན་བདུན་ལ་སྔགས་རྒྱུན་བཅས་བཏག་ནས་རིལ་བུ་བླང་དང་ཉེ་བ་ན། སྨན་ཟན་ཇེ་སྐམ་དུ་འགྲོ་བར་བྱས་ཏེ། རིལ་ནག་ཆེན་མོ་ལྟར་རིལ་བུ་བླངས་ལ་རིལ་ཚགས་ཐེམ་བ་དང་། ཟར་མ་སྦངས་པའི་དྲུང་ཆུར་གར་མོ་སྦུ་བ་བྱུང་ཙམ་བསྲོས་ནས་རྩི་གསོལ་བར་བྱས་སོ། །ཀྱེ་ཧོ། ཐར་འདོད་སྐྱེས་བུའི་ཉེར་འཚོའི་གཞི་རྟེན་ཚེ་རིང་པ་ནི་དགེ་བ་སྟེ། །མངོན་པར་མཐོ་བའི་ནོར་གྱི་མཆོག་གྱུར་ལེགས་རྒུ་བརྒྱ་ཕྲག་འབྱུང་བའི་གནས། །དེ་ཕྱིར་དེ་ལ་ཐབས་ཚུལ་ཁྱད་འཕགས་གུས་པས་རྟག་ཏུ་བརྩོན་བྱས་ནས། །ཀུན་དགའི་ལང་ཚོ་ཟླ་བ་དང་ནི་ཉིན་བྱེད་ཇི་བཞིན་མཚུངས་པ་མེད། །དེ་ཡང་ཞི་བསིལ་སྨན་གྱི་རི་བོ་ལས། །སྔོན་བྱོན་མེས་པོས་ཚ་གྲངས་རེ་བསྡེབ་ནས། །སྨན་དང་སྦྱར་བའི་ནང་ནས་འཇོག་པོ་ཡི། །གཙུག་བརྒྱན་ཡང་ཟབ་འདི་ནི་ཁྱད་པར་འཕགས། །རང་བྱུང་རྡོར་རྗེ་གྲགས་པའི་སྨན་གྱི་རྒྱལ། །མི་བསྐྱོད་ཅོད་པཎ་འཆང་བའི་རྒྱལ་བ་དེས། །རིང་ནས་བརྩེ་བའི་བདུད་རྩི་གསོག་པ་ལས། །ཟུག་རྔུས་མནར་བའི་འགྲོ་ལ་བཅུད་དུ་སྦྱིན། །ལུས་ཀུན་སྤྱན་སྟོང་བཀྲ་ཞིང་ལྟོ་ཞལ་བསྒྲད། །མི་ཟད་དུད་ཁའི་མདོག་ཅན་ཀེ་ཏའི་དུག །ཡིད་ཙམ་ཤིན་ཏུ་མྱུར་བའི་གློག་ཞགས་ཀྱི། །སྣང་བ་མིན་པའི་གྲོང་ལ་འཁྲིད་དེ་ཡང་། །ཡང་ཟབ་སྦས་པའི་རིལ་བུ་མུན་པོའི་མདོག །ཕྱག་ན་རྡོ་རྗེའི་སྟོབས་འཆང་ཕ་ལམ་འདིས། །རེག་པའི་མོད་ལ་འཐོར་རླུང་དྲག་པོ་ཡིས། །གདོན་གྱི་སྤྲིན་ནག་རྒྱ་མཚོའི་ཕ་མཐར་བསྐྲད། །གཞན་ཡང་འདི་ཡི་ཡོན་ཏན་རྣམ་མང་པོ། །བརྗོད་པའི་ངལ་བ་ཆེན་པོས་ཅི་ཞིག་བྱ། །རྟག་ཏུ་མི་འབྲལ་མགུལ་པའི་རྒྱན་བྱས་ན། །གང་བྱུང་ཚེ་ན་ཐེངས་པས་ཆོག་པ་ཡིན། །ཞེས་ཆེད་དུ་བརྗོད་པའོ། །བཞི་པ་དབང་རིལ་ལ། རྡོ་རྗེ་མཁའ་འགྲོ་སོགས་ཀྱི་དགོངས་པ་གྲུབ་ཐོབ་ཨོ་རྒྱན་པའི་ཕྱག་བཞེས་ཤེལ་དཀར་མཆོད་རྟེན་དང་། ལྷ་རྗེ་དགེ་བ་འབུམ། དར་མ་མགོན་པོ། བྱང་པ་རིག་ལྡན་སོགས་ཀྱི་ཕྱག་བཞེས་རིན་ཆེན་དྷ་རི་མ་གཉིས་ལས། དེ་ལམ་མན་ངག་གི་བཀའ་བབ་ཁྱད་པར་དུ་འཕགས་པ་ཨོ་ཌི་ཡ་ནར་གཤེགས་པའི་རྣལ་འབྱོར་དབང་ཕྱུག་ཆེན་པོའི་ཕྱག་བཞེས་ལྟར་འདུ་བགྱིས་པ་སྟེ། དེ་ལ་ཡང་སྨན་གྱི་རྣམ་གྲངས་དང་། དུག་འདོན། བསྲེ་འཐག་རིལ་བུ་བཅས་བྱ་ཚུལ་དང་གཉིས་ལས། དང་པོ་ནི་གྲུབ་པའི་དབང་རིལ་ལ། རྒྱལ་རིགས་དང་། རྗེའུ་རིགས། བློན་པོའི་རིགས་ཏེ་རིགས་ཀྱི་དབྱེ་བ་གསུམ་དང་། འབྱུང་ཁུངས་གི་སྒོ་ནས་སྲོག་ཆགས་དུ་མ་ལས་བྱུང་བ་ཡོད་ཀྱང་། འདིར་རྨ་བྱ། སྦྲུལ། གླ་བ། བྱ་གར། འབྲི། མཛོ་མོ། བ་གླང་། ར་བཅས་ཀྱི་དབང་རིལ་རྡོག་བཅོ་བརྒྱད་ལ་སྲང་། ༣༡དངུལ་ཆུ་གྲངས་འདུལ་ཆེན་མོ། ༡༠་༠༠གསེར་ཐལ། ༡་༠༥དངུལ་ཐལ། ༥་༠༠ཟངས་ཐལ། ༥་༠༠ལྕགས་ཐལ། ༥་༠༠གཡུ་དྲུག་དམར། ༠་༠༢དྲུག་དཀར། ༠་༠༣གཡུ་རྙིང་སྣ་ཚོགས། ༢་༠༠མུ་མེན། ༢་༠༠མུ་ཏིག༠་༥༠ཉ་ཕྱིས། ༡་༠༠བྱེ་རུ། ༡་༥༠མེ་ཤེལ། ༡་༥༠ཆུ་ཤེལ། ༡་༣༠སྦུ་ལེན་བཟང་བ། ༠་༣༥སྦུར་ལེན་དཀྱུས་མ། ༡་༡༥ཁྱུང་སྐྱུག༡་༠༠གྷི་ཝཾ། ༡་༠༠གླ་རྩི། ༠་༥༠ཨ་རུ་གསེར་མདོག་ཤ་རྐྱང་གིས་བླངས་པའི་ལྕགས་རྩི་ཟླ་འོད། ༧་༠༠གསེར་མདོག་ཀྱུས་མ་རྡོག༥༣ལྷང་ཚེར་དམར་པོའི་ཐལ་བ། ༥་༠༠ཛཱ་ཏི། ༢་༠༠སུག་སྨེ། ༢་༠༠ཅུ་གང་ལ་སྨྱུག་ཅུ་གང་འདྲེས་མ། ༢་༠༠ཁ་ཆེ། ༢་༠༠ལི་ཤི༡་༤༧ཀོ་ལ། ༣་༠༠དུང་། ༢་༠༠དོམ་མཁྲིས། ༠་༥༠བྱ་རྒོད་འཁྲིས་པ། ༠་༥༠བསྲེ་རུ་དཀར་པོ། ༢་༠༠རྡུམ་སྟག་རྡོག༥༠ཙནྡན་དཀར་པོ། ༢་༠༠ཙནྡན་དམར་པོ། ༢་༠༠བོང་ང་དཀར་པོ། ༢་༠༠བོང་ང་དམར་པོ། ༢་༠༠ཁྱུང་སྡེར་དཀར་པོ། ༢་༠༠ཁྱུང་ལྡེར་སྨུག་པོ། ༢་༠༠དུག་ཉུང་། ༢་༠༠དཔའ་རྒོད། ༡་༠༠དཔའ་དཀར། ༢་༠༠དཔའ་སེར། ༢་༠༠མི་ཡི་ཕྱ་ཚན། ༡་༠༠རྟ་ཡི་ཕྱ་ཚན། ༡་༠༠ཁྱི་ཡི་ཕྱ་ཚན། ༡་༠༠སྐྱེས་དར་མ་གྲིར་ཤི་བའི་ལག་གཉིས། ༡་༠༠ཤ་ཚིལ། ༡་༠༠རྨ་བྱའི་ཤ༠་༥༠ཟེ་མོའི་སྟོད་ཤ༠་༥༠བུ་མོ་སྟག་ལོ་མའི་མཆིན་པ། ༡་༠༠ཕག་མར་གསར་མཆིན་པ། ༡་༠༠ཕག་ཁྲག༠་༥༠དོམ་མཆིན། ༠་༥༠སྟག་མཆེ། ༡་༠༠ཕྱི་མཆིན། ༠་༥༠རུས་སྦལ་ནག་པོའི་ཤ༠་༥༠རྨ་བྱའི་སྒྲོ་མདངས། ༢༤གཟུ་མོ་བྱི་ཐུར། ༤༠ཆང་ཉུང་ཁཎྜ་གནམ་མ་མཐོང་བ། ༡༣ཡུ་གུ་ཤིང་གི་ཁཎྜ། ༡་༣༠བྲག་ཞུན་ཁཎྜ། ༡་༥༠མགྲོན་ཐལ། ༡་༠༠ཡུངས་དཀར་དང་ཡུངས་གཞི་འདྲེས་མ། ༢་༠༠སྐྱེར་པའི་བར་ཤུན། ༡་༠༠སུ་མི་སྨུག་པོ། ༢་༠༠ཡུངས་བ། ༢་༠༠ཅོང་ཞི་སུམ་འདྲེས། ༢་༠༠རྡོ་དཀར་པོ་ཆིག་ཐུབ། ༡་༥༠གངས་ཐིག༡་༥༠མཚར་དཀར་དང་རྒྱ་མཚལ་འདྲེས་མ། ༢་༠༠སྲད་ནག༢་༣༠སྒོག་ཆིག་ཐལ་བ། ༠་༥༠རེ་རལ། ༡་༥༠པུ་ཤུད་སྒོང་ང་། ༠་༡༧ཅོ་གའི་སྒོང་ང་། ༠་༡༧སྦྲུལ་གྱི་མིག་རྡོག༣ཁྱིམ་བྱའི་ཟེ་ཁྲག །ནེ་ཙོའི་མཁྲིས་པ་གཅིག་གི་སུམ་ཆ། སྦྲེལ་མཁྲིས་གཉིས་ཀྱི་སུམ་ཆ་གཅིག །ཁྱེའུ་ཕོ་མོའི་མཆིན་ཁྲག་གསུམ་ཆ། བུ་མོ་སྟག་ལོའི་སོ་གཅིག །དེའི་སྤྱི་བོའི་སྐྲ། སྟག་གི་ཁ་སྤུ། ཆུ་བྱའི་ཁྲག །སྦལ་ནག་ཁྲག །གནམ་མ་མཐོང་བའི་ཆུ་རྡིལ། ཁྱི་གུ་མིག་མ་བྱེ་བའི་རྒྱུ་མ་གནམ་མ་མཐོང་བ། བདུད་རྩི་ཆོས་སྨན་ཁུངས་ལྡན། དཔལ་ས་སྐྱའི་བདུད་རྩི་རིལ་བུ་བཅས་སྨན་སྣ་བརྒྱད་ཅུ་རྩ་བརྒྱད་ལེགས་པར་འདུ་བྱས་པའོ། །གཉིས་པ་དུག་འདོན་བསྲེ་འཐག་རིལ་བུ་བླང་ཚུལ་ནི། ཇི་སྐད་དུ་དབང་རིལ་དཀར་པོ་མཛོ་མོའི་འོ་མར་བཙོ། སེར་པོ་བཙོས་ཟན་ནང་བསྲེག་དམར་པོ་ནི། །རྒོད་ཤའི་ནང་དུ་ལེག་པར་འཚོད་ལ་བཏུལ། ཞེས་པ་ལྟར་ནམ་མཁའ་མི་མཐོང་སར་གཡའ་མེད་པའི་སྣོད་དུ་དྲོད་བབ་ཙམ་བཙོ། དབང་རིལ་སྔོ་ལྗང་ཡོད་ན་ཆང་གིས་བཏུལ་བར་གསུངས། ཞེས་པ་ལྟར་དཀར་ཡོལ་གཙང་མར་ཁ་ཆེ་གྷི་ཝཾ། གླ་རྩི། ལི་ཤི། ཛཱ་ཏི་རྣམས་དབང་རིལ་སྲང་གང་ལ། ཞོ་རེའི་བུངས་ཚོད་ཀྱིས་ཞིབ་པར་བཏུལ་བ་དང་། བྱིས་པ་མིང་བཀྲ་ལེགས་པས་ཆུ་མིག་ཁ་ཤར་བསྟན་ནས་སྐྱོག་གིས་བཅུས་པའི་ཆུ་དང་། དབང་རིལ་ཕྱེ་མ་ལན་ཅིག་ཞག་གཅིག་གི་བར་དུ་འབྲས་དཀར་གྱི་གཡུང་དྲུང་བྲིས་པའི་ཁར་བཀོད། དར་དཀར་གྱིས་ཁ་བཅད་དེ་བཞག །གཡུ་རིགས་རྣམས་སྒང་ཐོག་འབྲུ་རས་ཐུམས་བྱས་ཏེ་རླངས་པའི་ཁར་བཙོས་པའི་སྣུམ་གྱིས་བྱུག་ལ་མེ་ཉོབ་ཏུ་ལག་པས་རེག་མི་ཕོད་རྩམ་བསྲེག །མུ་ཏིག་དང་། མུ་མེན་ལ་ཕག་ཚིལ་བྱུག་ནས་སོ་བའི་མེ་ཉོབ་ཏུ་བསྲེག །སྦུར་ལེན་ཁྲོབ་བརྡུངས་བོང་བུའི་རྨིག་པ་ཆུར་དྲོད་ཕབ་སྦངས་པའི་ནང་ཇ་ཡུན་ཙམ་བཙོ། གླ་རྩི། གི་ཝང་གཉིས་ཀྱི་ཕྱེ་མ་ཆང་བཟང་གི་སྦང་ལ་བཏག །ཨ་རུ་གསེར་མདོག་རྡོག་པོ་རྣམས་རྒྱ་སྐྱེག་ཀྱི་ཤིང་མེར་བསྲེགས་ཀྱི་ཐལ་བ་གྲོ་ཆངས་སུ་དྲོད་ཕོག་ཀྱི་ནང་དུ་ཞག་གཅིག་སྦང་ལ་རུས་པ་དོར་ནས་གྲིབ་སྐམ་བྱ། ལྡུམ་སྟག་ཕོ་མོ་སྤུ་བཞར་ལ་བོང་བུའི་འོ་མར་ལྷོག་གསུམ་བཞི་བསྐོལ་ཏེ་འོ་མ་འཐག་ལ་ཁད་ཚུར་བླངས་ནས་འོ་མ་ལ་དུག་ཡོད་པས་སར་སྦས་ལྡུམ་སྟག་ཆུ་གཙང་གིས་བཀྲུ། སྐྱེས་དར་མ་གྲིར་ཤི་བའི་ཉ་ཤ་དང་། ཤ་ཚིལ། རྨ་བྱའི་ཤ། ཟེར་མོའི་སྟོད་ཤ། རུས་སྦལ་ནག་པོའི་ཤ་རུས་རྣམས། གོ་བོའི་ཤ་ཕྱེ་མ་ཐུན་ཆེ་དང་། གླ་རྩི་ཐུན་བཟང་འབྲས་བུ་གསུམ་གྱི་ཕྱེ་མ་སོ་སོར་ནས་ཐུན་བཟང་རེ་བཅས་ཆུར་བཏབ་པའི་ནང་དུ་ཤ་རྣམས་བཅུག་སྟེ་བཏོན་ལ་ཚག་ཤའི་བར་དུ་བཅུག་སྟེ་མེར་ཚག་ཤ་སེ་ཧྲོག་ཙམ་བསྲེག་ནས་འདོན། སྟག་གི་མཆེ་སྡེར། མགྲོན་བུ་ནུས་ལྡན་བསྲེག་ཐལ། རྨ་བྱའི་མདོང་ཐིག་ལ་ཕག་ཚིལ་བྱུག་སྟེ་མེར་བསྲེག་པའི་འོད་ལ་གཞོབ། གཟུགས་ངན་སྲད་ནག་ལྕགས་སྣོད་དུ་ཆང་བཟང་ནེམ་ངེས་དང་། བུལ་རྟོག་ཐུན་གསུམ་བཏབ་སྟེ་རྟིལ་རྨིག་གི་ནག་སེང་མ་བྱུང་བར་བསྣུར་ནས་གྲིབ་སྐམ་བྱ། སྦྲུལ་མིག་ནི་ཟེ་ཚྭ་གླ་རྩི་ཐུན་རེ་བཏབ་པའི་ཆུར་ཞག་གཅིག་སྦངས། སྟག་ལོ་མའི་སོ་བ་སོའི་ཕྱེ་མ་ཅུང་ཟད་དང་ལྷན་དུ་ཡུན་རིང་རྩམ་དུ་བཙོས་ལ་བཤལ། བུད་མེད་ཀྱི་སྤྱི་སྐྲ་དང་སྟག་གི་ཁ་སྤུ་མེ་ཤེལ་འོད་བསྲེགས་ཀྱིས་གཞོབ་བྱ། ཆུ་བྱའི་ཁྲག །ཁྱིམ་བྱའི་ཟེར་ཁྲག །སྦལ་ཁྲག །ཕག་ཁྲག་རྣམས་རང་རང་གི་ཕྱེད་ལན་གྱིས་གླ་རྩི་ཆུར་སྦངས། ཁྱིམ་བྱའི་ཕྱིར་སྡེར་སྣུམ་ནག་ཏུ་སེར་ཙམ་བསྲེག །ཕག་དང་ཕྱི་བ་དོམ་གྱི་མཆིན་པ་རྣམས་གླ་རྩིའི་ཆུར་སྦང་སླར་བཏོན་ནས་གྲིབ་སྐམ་བྱ། མཁྲིས་པ་རྣམས་ཞིབ་བཏུལ་གྱི་ཆུར་སྦང་ནས་བསྲེ། གནམ་མ་མཐོང་བའི་ཆུ་རྡོ་ཁྲོབ་བརྡུངས་ལ་མཚུར་ཆུར་བསྐོལ་ལ་ཞག་གཅིག་བསྙལ། ཕྱིར་ནང་དེ་ལྟར་བཀོལ་ནས་མཚུར་ཆུ་ཕོ། ཆུ་གྲང་གིས་ཡང་ཡང་བཤལ། ཁྱི་གུའི་རྒྱུ་མ་རྟ་རྨིག་གཞོབ་ཕྱེའི་ཆུར་སྦང་ལ་ཅིའི་མེར་བསྲེག །བྱི་རུ། ཁྱུང་སྐྱུག་མེ་ཤེལ། ཆུ་ཤེལ་རྣམས་རང་མཉམ་གྱི་ཟེ་ཚྭ་དང་། ཆུ་བཅད་ཚྭ་ལ། སུམ་ཆའི་བེ་སྐྱེས་རེ་རལ། བེ་ལྗང་བདུད་རྩི། གངྒཱ་ཆུ། རིན་ཆེན་ཕྱེད་ཀྱི་སྟར་ཁཎ། ཨ་རུ་ཤ་རུས་ཞིབ་བཏག་སྲང་གང་། མགྲོན་ཐལ་སྲང་གང་། གླ་རྩི་ཞོ་བཞི་བཅས་སོ་སོར་བརྡུངས་ནས་ལོ་བརྒྱད་དྲི་ཆུ་དང་གར་ཆང་བསྲེས་ནས། རིན་ཆེན་བཞི་པོ་ཁྲོབ་བརྡུངས་ཀྱི་སོ་སོར་རས་ཁུག་ཏུ་བླུག་ནས་བྱི་རུ་མདོག་མ་འགྱུར་བར་དང་། བཙོ་རྗེས་ཆུ་གྲང་གིས་ཡང་ཡང་བཤལ་བར་བྱའོ། །ལྕགས་རྩི་ཟླ་འོད་སོགས་ཕལ་ཆེར་གོང་མ་དང་འདྲ། བསྲེ་འཐག་དངོས་ལ་ཁྲོ་ནང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོར་ལྷང་ཚེར་ཐལ་བ་བཅས་སྐམ་འདུལ་ཇ་ཡུན་ཙམ་དང་། སྟོན་པའི་འཕེལ་གདུང་། སྡེ་དགེས་བསྡུས་པའི་དབང་རིལ་ཕབ་གཏའ་སྦྱར། སྟར་བུ་ཁྱོར་བ་ཉི་ཤུའི་བབ་ཀྱིས་ཁཎྜའི་ཆུས་འདམ་འཐག་ཇ་ཡུན་ཙམ་དང་། དེ་ནས་མཁྲིས་སྣ་རྣམས་དང་། དེ་རྗེས་སྦྲུལ་མིག །ཟེ་ཁྲག །ཕྱིར་སྡེར། སྟག་ལོ་མའི་སོའུ། ཤ་ཚིལ། ཤ་སྣ། ཁྲག་སྣ། མཆིན་རིགས་རྣམས་བཏབ། དེ་ནས་བང་དཀར་དམར། དཔའ་བོ་གསུམ། སུ་མི་སྨུག་པོ། དེ་རྗེས། ཨ་རུ། སྲད་ནག །ལྡུམ་སྟག །དེ་ནས་ཡུངས་གཉིས། གི་ཝཾ། གླ་རྩི། དམ་མཁྲིས། དེ་རྒྱབ་རིན་ཆེན་རྣམས། དེ་ནས་ཕྱ་ཚན་གསུམ་དང་སྟག་ལོའི་མཆིན་པ། ཕག་མཆིན། དེ་ནས་བཟང་དྲུག །ཁྱེའུ་ཁྲག །དེ་འཕྲོས་སྨན་ལྷག་ཐམས་ཅད་དང་། ཁཎྜ་སྦངས་པ་རྣམས་བཏབ། དེ་རྣམས་ཀྱང་སྔ་མ་སྔ་མ་རྣམས་འདྲེས་ངེས་ཀྱི་ཇ་ཡུན་རིང་ཙམ་རེ་འདུར་ནས་སེ་འབྲུ་ཁྱོར་བ་སུམ་ཅུ་ཙམ་ལོ་བརྒྱད་དྲི་ཆུ་དང་། སྡོམ་ལྡན་གྱི་ཆུར་སྦངས་ཏེ་བསྡུས་པའི་ཁུ་བ་ཚག་དྲངས་ཀྱི་དྭངས་མར་གར་སླ་ཞོ་ཙམ་བྱ་སྟེ་ཉིན་ལྔ་ལ་འདམ་འཐག་བྱས་པའོ། །དེ་གའི་སྐབས་སུ་སྨན་ཛཔྲi་ཀྱི་སྔགས་རྒྱུན་ཀྱང་སྒྲོགས། འདམ་འཐག་ཐེམ་ནས་སྨན་ཟན་རིལ་ཚད་ཀྱིས་བཅད་ནས་ལེགས་པར་བསྒྲིལ་ཤིང་རིལ་རྩི་སོགས་སྔ་མ་བཞིན་དུ་ལེགས་པར་སྦྱར་བར་བྱའོ། །ཕྱིར་ན་རྟེན་འབྲེལ་ནུས་པའི་མཐུ་བརྟས་པས། །ནང་གི་འབྱུང་བའི་རོ་བཅུད་ཆེན་པོ་རྣམས། །དཔལ་གྱི་ཁྱབ་འཇུག་བདག་པོས་ལེགས་པར་བཞུས་པ་ལས། །སྔོན་མེད་དབང་པོའི་རིལ་བུ་ཞེས་གྲགས་པ། །ཁ་དོག་མ་ངེས་ཅིར་ཡང་འཆར་བ་འདིས། །འགྲོ་བ་རྣམས་ཀྱི་སྲོག་རྟེན་དབང་པོ་བཞིན། །ཕན་འདོག་གྲུབ་པའི་མཐུ་སྟོབས་ཁྱད་འཕགས་པ། །དེ་ཉིད་རྩི་སྨན་ཚོགས་དང་ལེགས་སྦྱར་ཤིང་། །ཤིན་ཏུ་གཞུང་པའི་སྦྱོར་བ་བསྟེན་པ་ལས། །བཅུད་ལྡན་བདག་པོའི་འཆི་མེད་རིལ་བུ་འདི། །ཤེལ་དཀར་རྡུལ་མང་བརྩེགས་པའི་མཆོད་རྟེན་ཞེས། །ལྷ་དང་བཅས་པའི་འཇིག་རྟེན་དབྱིག་གི་མཆོག །ངེས་པར་ལྷ་མིན་གྱིས་བསྐྲུན་སྨྱོ་ཆུ་རྣམས། །འདི་ཡི་མིང་ཙམ་ཐོས་པས་བྲོས་འགྱུར་ཞིང་། །བ་མོ་ལ་ནི་ཉི་འོད་ཇི་བཞིན་དུ། །འཇོམས་བྱེད་བདུད་ཀྱི་དགྲ་སྟེ་བདུད་རྩི་འདི། །ཀྱེ་མ་དེ་རིང་ས་སྟེང་སྐྱེ་རྒུ་རྣམས། །དུག་གི་མྱོས་པ་འཐིབ་པོ་བསལ་བའི་ཕྱིར། །འཛུམ་པའི་བཞིན་མདངས་པདྨ་ལྟར་གསལ་ཞིང་། །ཨུཏྤལ་འཁྲི་ཤིང་གསར་པས་འདི་ལོངས་ཤིག །ཅེས་ཀྱང་སྨྲས་སོ། །ལྔ་པ་རིན་ཆེན་རཏྣ་བསམ་འཕེལ་ཞེས་སྨན་གཞུང་རྒྱ་མཚོའི་དགོངས་དོན་སྙིང་བོ་བསྡུས་པ་ཉིད་ཇི་ལྟར་བསྡུ་བའི་སྨན་གྱི་རྣམ་གྲངས་ནི། མུ་ཏིག་དང་། དེའི་འབྱུང་གནས་ཉ་ཕྱིས་འདྲེས་པ། ༢་༤༠གཡུ། ༠་༦༠བྱི་རུ། ༡་༢༠གཟི་ཁྲ་བོ། ༡་༢༠གཟི་དཀར། ༠་༤༠གཟི་དམར། ༡་༢༠གཟི་སྨུག༥་༦༠གཡང་ཊི། ༠་༦༠མུ་མེན། ༡་༢༠ཞུན་མིག༠་༤༠ན་ལ། ༠་༢༠མརྒད། ༠་༨༠མ་ན་ཧོ། ༠་༨༠ཕྲ་མེན། ༠་༨༠གསེར་ཐལ། ༡་༢༠དངུལ་ཐལ། ༡་༢༠ཟངས་ཐལ། ༡་༢༠ལྕགས་ཐལ། ༡་༢༠ཞན་ཐལ། ༡་༢༠གཤའ་ཐལ། ༡་༢༠ཏི་ཚ། ༡་༢༠ར་གན། ༡་༢༠མཁར། ༡་༢༠བཅས་ཀྱི་ཐལ་བ། མུ་ཟི། ༠་༤༨བ་བླ། ༠་༤༠ལྡང་རོས། ༠་༤༨དངུལ་རྡོ། ༠་༤༨རྡོ་ཁབ་ལེན། ༠་༤༨སྤང་རྡོ། ༠་༤༨མཐིང་རྡོ། ༠་༤༨སྦལ་མདུང་། ༠་༤༨བཅས་ཁམས་བརྒྱད་ཐལ་བ་དང་། ཁ་ཆེ། ༡་༢༠ཛཱ་ཏི། ༡་༢༠ཤིང་ཚྭ། ༡་༢༠ཅུ་གང་། ༡་༢༠གི་ཝཾ། ༡་༢༠བསེ་རུ་དཀར་པོ། ༡་༢༠གཟའ་དུག་དཀར་པོ། ༡་༢༠གཟའ་དུག་ནག་པོ། ༡་༢༠ཀ་ཀོ་ལ། ༡་༢༠ལི་ཤི། ༡་༢༠ཟི་ར་དཀར་པོ། ༡་༢༠ཟི་ར་ནག་པོ། ༡་༢༠ཨ་རུ། ༡་༢༠བ་རུ། ༡་༢༠སྐྱུ་རུ། ༡་༢༠སྡིག་པ་དཀར་པོ། ༠་༠༨སྡིག་པ་ནག་པོ། ༠་༨༨པི་པི་ལིང་། ༡་༢༠ཐར་སྐར་རྡོ་རྗེ། ༡་༢༠སོ་མ་ར་ཛ། ༡་༢༠སྤོས་དཀར། ༡་༢༠སུག་སྨེལ། ༡་༢༠ཙནྡན་དཀར། ༡་༢༠ཙནྡན་དམར་པོ། ༡་༢༠ཨ་ག་རུ། ༡་༢༠རི་སྙིང་། ༠་༤༠འབྲི་རྟ། ༠་༨༠ཤིང་མངར། ༡་༢༠གུ་གུལ། ༡་༢༠ཉ་ཕྱིས། ༠་༨༠ཀླུ་བདུད། ༠་༨༠ལྕམ་འབྲས། ༠་༦༠ཐོག་ལྕགས། ༡་༢༠དངུལ་དངོས། ༡་༢༠གླ་རྩི། ༠་༤༤སྒ་སྐྱ། ༠་༦༠གྲི་ཤ༠་༤༠ཏི་ལོའི་ཤ༡་༢༠རྒྱ་ཚ། ༡་༢༠བདུད་རྩི་ཆོས་སྨན་དང་། རྗེ་མཁྱེན་བརྩེའི་ཕྱག་བསྡུད་བསམ་འཕེལ་རཏྣ་ཕབ་གཏའ་སྦྱར་ནས་རིན་པོ་ཆེ་དང་། དུག་འདོན་དགོས་པ་རྣམས་རིལ་ནག་ཆེན་མོའི་ནང་བཞིན་བྱས་ཏེ་སྨན་རྣམས་རིམ་བཞིན་བཏབ་ནས་ལོ་བརྒྱད་དྲི་ཆུ་དང་། སེ་འབྲུ་མང་ཙམ་གྱི་ཁུ་བས་འདམ་འཐག་ཡུན་རིང་བར་བྱས་ནས་རིལ་བུ་བླངས་ནས་འོད་འབྱིན་པར་བྱས་པའོ། །རིན་ཆེན་སྣ་ཚོགས་ཁམས་ནི་བལྟར་མི་མངོན། །རང་རང་ནུས་པ་གཅིག་ལ་གཅིག་འགྲན་བཞིན། །གང་ཞིག་གསོད་ཀའི་ནད་དང་རྨུགས་བྱེད་ཀྱིས། །གྲིབ་རིགས་རྣམས་ཀྱི་གཉེན་པོར་གྱུར་པ་འདི། །དྲང་སྲོང་ཆེན་པོ་རྣམས་ཀྱི་ཐུགས་ལ་བརྣག །ཤིན་ཏུ་ཟབ་པའི་བསམ་འཕེལ་རཏྣ་ཞེས། །མིང་གི་རྒྱུ་མཚན་འདི་ལ་དཔྱད་པས་ཆོག །ཙི་ར་ཡུ་ཥ་ལྷ་ཡི་མིང་། ཿལེགས་པར་བསྐྲུན་པ་ཡི། །རིལ་བུ་གཟི་འོད་འབར་བ་མཐོ་རིས་ནས། །བསོད་ནམས་བདག་པོའི་ལག་པའི་མཐིལ་དུ་ལྷུངས། །གང་ཞིག་ཧ་ནུས་ཉེ་བར་འཁུམས་པ་རྣམས། །བག་ཡང་ལྷོད་པོར་འདོད་ལ་འདི་སྦྱིན་ནོ། །ཞེས་བརྗོད་པའོ། །དྲུག་པ་ཟླ་ཤེལ་ཆེན་མོའི་སྦྱོར་བ་ལ། དངུལ་ཆུ་གྲང་འདུལ་ཆེན་མོ་མང་ཙམ་བསྲེས་པའི་དཀར་འདུལ་ཅོང་ཞི་ཁྲོབ་བརྡུངས་ཀྱི་ཆུ་ཚན་དུ་ཇ་ཡུན་ཙམ་བཙོ་ནས་ཡང་ཡང་བཤལ། མཛོ་འོར་ཉིན་གསུམ་འདམ་འཐག་བྱས་པ། ༨་༠༠༤༠་༠༠གི་ཝཾ། ༡་༤༤དེས་མཚོན་ཏེ་བཟང་དྲུག་སོ་སོར། ༠་༦༠ཙནྡན་དཀར་པོ། ༠་༧༠ཙནྡན་དམར་པོ། ༠་༨༠གླ་རྩི། ༠་༢༤གསེར་མེ། ༡་༢༠དུག་ཉུང་། ༢་༦༠ཏིག་ཏ། ༠་༨༠རྒྱ་གར་དང་བོད་ཀྱི་བོང་དཀར་འདྲེས་མ། ༡་༤༤ན་ཤ་ཀ༡་༤༤རུ་རྟ་རྒྱ་བོད་འདྲེས་མ། ༡་༦༨ཨ་རུ་ར། ༤་༤༠སྐྱུ་རུ་ར། ༡་༢༠སེ་འབྲུ། ༢་༠༠པི་ལིང་། ༠་༤༠བྲག་ཞུན། ༢་༡༦དོམ་མཁྲིས། ༠་༧༢ལྕགས་ཕྱེ། ༤་༤༠པྲི་ཡང་ཀུ། ༢་༡༦གངས་ཐིག༡་༦༨ཁུར་རྩ། ༢་༦༠ཆུ་རྩ། ༢་༦༠མི་སོགས་ཐལ་བ། ༠་༤༠དྲི་ཆེན། ༠་༡༦ཀོ་བྱི་ལ། ༡་༣༢ཧོང་ལེན། ༣་༢༠མ་ནུ། ༣་༨༨ལུག་རུ་དམར་པོ། ༢་༨༨གུ་གུལ། ༢་༣༦ཨུཏྤལ། ༡༠་༠༠བཅས་སྨན་སྣ་བྱང་ཕྱོགས་སོ་བདུན་གྱི་གྲངས་ལྡན་ལ་སླར་འཚོ་མཛད་སྨན་པའི་རྒྱལ་པོ་ཐམས་ཅད་མཁྱེན་པ་མཉྫུ་གོ་ཥའི་དགོངས་ཉམས་ཀྱི་འཆི་མེད་བདུད་རྩི་རིལ་བུའི་ཁ་ཚར་གྱིས་སྡེབས་ཁྱད་པར་འཕགས་པས་བཞི་བརྒྱ་རྩ་བཞིའི་ནད་རྣམས་འཇམ་པའི་སྨན་མཆོག་ཉིད་ཕྱེ་མར་འཐགས་ཟིན་པ་རྣམས་སེ་འབྲུ་དང་། སྟར་བུ་སྤྱི་བཞུར་གསུམ་གྱི་ཁུ་བས་ལེགས་པར་དྲིལ་ནས་བི་ལྕགས་བི་པཱ་རའི་རྩི་ཡི་བཀླུབས་ནས་འོད་སྣང་འབྱིན་པ་ཉིད་དོ། །ཨེ་མ་དེང་དུས་སྙིགས་མའི་ཡང་མཐར་ལྷུང་བ་རྣམས། །སྣ་ཚོགས་རྣམས་མང་ནད་ཀྱིས་འགྲོ་བའི་ལུས་སེམས་གཙེས། །དེ་ལ་འཇིགས་པ་མེད་པའི་གནས་དེ་སྨན་གྱི་བླ། །དེ་ཡི་བྱིན་རླབས་ཟླ་ཤེལ་བདུད་རྩི་འཆི་མེད་བཅུད། །གོང་བུ་འདི་ཡི་ནུས་པ་ནི། །དཔག་པར་དཀའ་བའི་བརྗོད་མི་ནུས། །ནད་རྣམས་གང་ལའང་མ་བརྟག་པར། །གཏོང་རུང་འདི་ཁོ་ན་ཉིད་དོ། །དག་དངུལ་ཆུ། པའི་ཁམས་དང་སྦྱར་བ་ཡི། །ཡོན་ཏན་ལྷག་པར་ལྕི་བ་ཉིད། །གཤིན་རྗེ་རྣམས་ལ་དགྲ་ཟླ་སྟེ། །དེ་རྣམས་ལྷོ་ཡི་ཕྱོགས་སུ་ཡིབས། །འགྲོ་བའི་སྲོག་ནི་མར་མེ་བཞིན། །ཏིལ་མར་ཟད་པ་འདིས་གསོས་པས། །བསྐལ་པའི་བར་དུ་འགྲིབ་མེད་པ། །སྣང་བའང་སྨན་གྱིས་ནུས་པས་སོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲངས་ལྡན་གྱི་འགྲོ་བའི་སྲོག་འཚོ་བར་བྱེད་པའི་སྨན་ཆེན་པོ་རྣམས་ལ་དཔལ་ལྡན་རྒྱུད་ནས་གསུངས་པའི་བྱིན་བརླབ་སོགས་ཀྱང་བཞུགས་ནའང་འདིར་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱི་ཕྱག་རྒྱུན་ལ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་དག་སྣང་སྨན་བླ་ལོངས་སྐུའི་སྒྲུབ་པ་མཛད་ཅིང་། སྨན་ལ་རབ་གནས་དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བར་མཛད་པའི་ཕྱག་རྒྱུན་བཞིན། སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་སྨན་བླ་ལོངས་སྐུའི་བདག་བདུན་བསྐྱེད་བཟླས་དང་འབྲེལ་བུམ་པ་སྒྲུབ་ཅིང་སྦྱོངས་ཁྲུས་རྒྱས་པ་སྔོན་དུ་འགྲོ་བའི་རིལ་བུ་རྣམས་སྨན་བླར་བསྐྱེད་ཅིང་སྤྱན་དྲངས་བསྟིམ་དབང་བསྐུར་སྤྱན་དབྱེ་རྣམས་བྱས་རྗེས་རིལ་བུར་བསྒྱུར་ནས་སྨན་གཟུངས། དངོས་གྲུབ་བསྡུ་སྔགས་སོགས་དང་། མཆོད་བསྟོད་སོགས་ཀྱིས་མངའ་དབུལ། སྟོང་ཆེན་རབ་འབྱམས་ནས་གསུངས་པའི་སྨོན་ལམ་དང་། ཤིས་བརྗོད་སོགས་བྱས་ནས། སླར་ཡང་ཚེས་བཅུ་གཅིག་ནས་བདག་ཅག་དཔོན་སློབ་བཅུ་བཞིས་མཁས་གྲུབ་གཡུ་ཐོག་པ་ཆེན་པོའི་སྙིང་ཐིག་གི་བླ་སྒྲུབ་ཟབ་མོས་སྒྲུབ་མཆོད་དང་འབྲེལ་རིལ་བུར་དམིགས་བཟླས་སྐབས་ཕྱེད་པར་བྱས་ཏེ་ཞག་བདུན་ཕྲག་གཅིག་ཏུ་སྒྲུབ་པར་ལེགས་པར་བགྱིས་པས་ཀྱང་བྱིན་བརླབ་ཀྱིས་དགེ་མཚན་འབུམ་དུ་འཇོ་ཞིང་རྒྱུ་འབྲས་ཀྱི་ནད་རྣམས་འཇོམ་པ་ལ་མཐུ་ནུས་ལྷག་པར་ལྡན་པ་ཐེ་ཚོམ་མ་མཆིས་སོ། །གངས་ཅན་སྐྱོབས་པ་གཡུ་ཐོག་པའི། །ཐུགས་ཀྱི་ཏི་ཀ་སྙིང་ཐིག་ཆེའི། །བླ་སྒྲུབ་ཟབ་མོ་འདི་ཉིད་ནི། །བསྐྱེད་རྫོགས་གསུམ་གྱིས་དགོངས་པའི་བཅུད། །ས་སྟེང་འགྲན་བྲལ་གསེར་ཆོས་ཀྱི། །བྱིན་བརླབས་ཉམས་པ་མེད་པ་ཡི། །ཙནྡྲ་དྷརྨས་བྲན་པ་ལྟར། །གྲུབ་པའི་ནུས་པ་འབུམ་དུ་འཇོ། །འཆི་བདག་འཇོམ་པའི་བདུད་རྩི་སྟེ། །བྱང་ཆུབ་སེམས་ནི་འཕེལ་བའི་རྟེན། །ཁམས་དྲུག་ལྡན་པའི་ལང་ཚོ་ནི། །མི་བསྐྱོད་རྡོ་རྗེ་སྒྲུབ་བྱེད་པའོ། །རྩ་བའི་གསུམ་པ་དེ་དག་གི་ཕན་ཡོན་བརྗོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་སྤྱི་ཡི་ཕན་ཡོན་ནི། པཎྜི་ཏ་ངག་དབང་གྲགས་པས། གྲུབ་པའི་སྨན་ནི་གཞན་དག་ཀྱང་། །ངེས་པར་བསྟེན་པར་གྱུར་པ་ཡིས། །ཚེ་འཕེལ་ནད་དང་རྒས་པ་ནི། །ཟད་པས་འཆི་བ་མི་མཐོང་ངོ་། །ཞེས་དང་། སྨན་རྣམས་ཀྱི་ནི་མཐུ་ལ་ཡང་། །སོམ་ཉི་བྱ་བ་རིགས་མིན་ཏེ། །གང་ཕྱིར་སྨན་གྱི་ནུས་པ་ནི། །བསམ་མི་ཁྱབ་པར་ཀུན་ཏུ་སྣང་། །ཞེས་གསུངས་པ་ལྟར། ཚེ་ཟད་པ་རྣམས་འཕེལ་བ་དང་། རྒས་སྲ་ཞིང་སྐྲ་དཀར་གཉེར་མ་མེད་པ་སོགས་ཡོན་ཏན་མཐའ་ཡས་པ་དང་ལྡན་ཞིང་དམ་ཆོས་འདུལ་བ་ལས་སྨན་གྱི་གཞི་རྒྱ་ཆེར་བཤད་པ་དང་། མདོ་སྡེ་ལས་ཀྱང་མང་དུ་འབྱུང་ཞིང་། ཁྱད་པར་སྔགས་རྒྱུད་རྣམས་ལས་སྨན་གྱི་སྦྱོར་བ་བསམ་གྱིས་མི་ཁྱབ་པར་གསུངས་པས་ལུང་དང་རིག་པ་ལྡན་པ་སྟེ། དཔེར་ན་བཀྲེས་སྐོམ་སེལ་བའི་ཆེད་བཟའ་བཏུང་བྱས་པས་དེ་སེལ་བ་ལ་ཡིད་མི་ཆེས་པ་སུ་ཞིག་ཡོད། དེ་བཞིན་ནད་སྨན་ལེགས་པར་འཕྲོད་པས་ནད་དེ་སེལ་བ་ནི་ཚད་མས་གྲུབ་པའོ། །སྨན་གྱི་སྦྱོར་སྡེབ་མང་པོ་གཅིག་ཏུ་འདུས་པ་ལ་ཡོན་ཏན་ཡོད་པ་བཤད་ཀྱིས་མི་ལྡང་སྟེ། དཔེར་ན་ཨ་རུ་ར་གཅིག་གི་ཡོན་ཏན་ཀྱང་། དཔལ་ལྡན་རྒྱུད་ལས། རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སེལ། །ཁྱད་པར་བཀྲ་ཤིས་དོན་ཀུན་གྲུབ་པས་བཟང་། །ཞེས་དང་། བདུད་རྩི་མཆོག་གི་ལུང་ལས། རོ་ནུས་ཡོན་ཏན་ཀུན་ལྡན་པ། །རྣམ་པར་རྒྱལ་བའི་དྲི་ཙམ་ཡང་། །གང་གི་མཐོང་ཚོར་མྱོང་བ་ན། །ནད་འཕྲོག་གདོན་ཞི་བགེགས་ཀུན་འདུལ། །བསམ་ཀུན་འགྲུབ་ཅིང་བཀྲ་ཤིས་བྱེད། །སྨན་གྱི་ནོར་བུ་ཆེན་པོ་ཡིན། །ཅེས་དང་། ཁྱད་པར་དངུལ་ཆུའི་སྦྱོར་བའི་ཡོན་ཏན་ནི། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། རིག་པ་དེ་དག་ལྷ་མོ་ཆེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །ཚངས་པ་བརྒྱ་བྱིན་སོགས་གྲུབ་ན། །གཞན་དག་ལ་ལྟ་སྨོས་ཅི་དགོས། །ཅེས་གྲུབ་པའི་རྫས་སྦྱོར་ཐམས་ཅད་ཀྱི་དམ་པར་རྡོ་རྗེ་འཆང་དཔལ་ཧེ་རུ་ཀ་ཆེན་པོ་ནས་ཟབ་མོའི་རྒྱུད་སྡེར་བསྔགས་པ་དང་། བཤད་རྒྱུད་ནུས་པ་རྐྱང་སེལ་གྱི་སྐབས་ནས་སྨན་སོ་སོའི་ནུས་པ་རྒྱ་ཆེར་བཤད་པ་དང་། སྐབས་འདི་རྣམས་སུ་འགྲོ་བའི་སྨན་གྱི་ནུས་པ་མདོར་བསྡུས་ཙམ་འགོད་ན། ཇི་སྐད་དུ། རྡོ་རྗེའི་ནུས་པས་ཐོག་ཀུན་བཟློག་པར་བྱེད། །གཡུ་ཡིས་དུག་དང་མཆིན་ཚད་སེལ་བར་བྱེད། །ཨིནྡྲ་ནཱི་ལས་ནད་ཀུན་མ་ལུས་སེལ། །ནོར་བུ་རིན་ཆེན་བཻཌཱུཪྻ་རིགས་ཀྱིས། །འོད་དང་འཆང་བས་ནད་ཀུན་སེལ་བར་བྱེད། །པདྨ་ར་གས་ནད་དང་གདོན་ཀུན་གྲོལ། །ཆུ་སྙིང་མེ་ཡིས་འཇིག་སྲུང་སྐྱོབས་པ་ནུས། །ཆུ་ཆུང་ནཱི་ལ་ཡང་ནི་དེ་དང་འདྲ། །ས་རིག་དུག་དང་འབྱུང་པོའི་གདོན་ཀུན་བསྲུང་། །མར་གད་ནད་རྣམས་ཀུན་ལ་མཆོག་ཏུ་ཕན། །གིནྡྷས་ས་གདོན་མཛེ་ཡི་ནད་ལ་ཕན། །རྡོ་ཡི་སྙིང་པོས་མཆིན་པའི་དུག་རྣམས་སེལ། །ཙུ་ཏས་དྲི་གདོན་རྨི་ལྟས་ངན་པ་བཟློག །སྦྲུལ་གྱིས་ནོར་བུའི་དུག་སྲུང་ནད་ལ་ཕན། །ནལ་གྱིས་དུག་ཚད་སྦྱར་དུག་མཆིན་ནད་སེལ། །མེ་ཤེལ་གྲང་བའི་ནད་དང་གཟའ་རྣམས་འཇོམས། །ཆུ་ཤེལ་ཀླུ་གདོན་ཚད་པ་ཞི་བར་བྱེད། །ཁྱུང་སྐྱུག་དུག་སོགས་ནད་ཀུན་འཇོམས་པའི་མཆོག །ཕྲ་མེན་གཟའ་ནད་འབྱུང་པོའི་གདོན་ཀུན་ཐུབ། །ཤེལ་གྱིས་སྙིང་དབྱིང་འཐིབ་དང་རྨོངས་པ་སེལ། །བྱེ་རུས་མཆིན་ཚད་རྩད་ནད་དུག་ཚད་སེལ། །མུ་མེན་དུག་དང་མཆིན་ཚད་མཛེ་ནད་སེལ། །གཟི་སྙིང་གཟའ་ཡི་ནད་དང་གདོན་གཟེར་འཇོམས། །མཆོང་དང་མརྒད་དག་ཀྱང་དེ་དང་འདྲ། །སྦུར་ལེན་མིག་གི་རབ་རིབ་དག་ལ་ཕན། །མུ་ཟི་ཀླད་པ་འཛག་གཅོད་དུག་ནད་སེལ། །ཉ་ཕྱིས་མུ་ཏིག་ནུས་པ་ཁྱད་པར་མེད། །དུང་གི་རྣག་སྐེམ་མཇིང་འབིག་རུས་ཚད་སེལ། །གླ་བའི་ནོར་བུས་སྦྲུལ་སོགས་དུག་སྲུངས་བྱེད། །ཅེས་སོགས་དང་། ཆར་ཉུང་ཁཎྜལ་ཕོ་བ་འཛིན། །རྙིང་པ་བསྡུད་ལ་གསར་པ་སྦྱོངས། །ཕག་ཁྲག་བ་ལང་གསོན་ཁྲག་གིས། །སྐྱེར་པ་དུག་ཤའི་ཤ་ཁྲག་ལ། སྦྱར་བའི་དུག་དང་དུག་རིགས་ནི། །ཕར་ཆེར་བསྡུད་པར་བྱེད་པ་ཡིན། །སེ་བའི་མེ་ཏོག་ལུག་རུ་དམར། །ཤིང་དུག་སྔོ་དུག་བསྡུད་པར་བྱེད། །ཚད་ལས་དུག་རིགས་ཕལ་ཆེར་བསྡུད། །སྔགས་ཆུས་ངན་སྔགས་རྦོད་གཏོང་ལས། །བྱུང་བའི་དུག་རྣམས་བསྡུད་པ་དང་། །གདོན་གྱི་རྒྱབ་བྱས་ནད་ལས་གྲོལ། །རིན་ཆེན་གསེར་གྱིས་དབྱིག་དུག་སེལ། །དྲུག་དཀར་གྱིས་ནི་མཆིན་པའི་སྦྱར་དུག་དང་། །རྡོ་རྗེ་ཕ་ལམ་རྟ་བྱས་དུག་རྣམས་སེལ། །དྲུག་དམར་གྱིས་ནི་རིན་ཆེན་བཻཌཱུཪྻ། །རྟ་བྱས་དུག་རིགས་རྣམས་ནི་འཇོམས་པར་བྱེད། །མུ་ཏིག་གིས་ནི་མགྲོན་བུ་ཉ་སྐྱོགས་དང་། །དུང་དང་ཉ་ཕྱིས་ཕོ་དང་མོ་ཡིས་ནི། །མོ་ཡིས་ཕོ་དང་གླང་ཆེན་རུས་པ་དང་། །ཉ་རུས་རྣམས་ལ་རྟ་བྱས་དུག་རྣམས་སེལ། །བྱེ་རུ་དཀར་དམར་གྱིས་ནི་ལྡུམ་རིགས་དང་། །སྲན་མའི་རིགས་ལ་རྟ་བྱས་དུག་རིགས་སེལ། །མུ་མེན་གྱིས་ནི་རྡོ་དུག་ཐམས་ཅད་འཇོམས། །དབང་སྔོན་གྱིས་ནི་རིན་ཆེན་རྟ་སྦྱར་སེལ། །སྦུར་ལེན་སྦྲུལ་གྱི་ནོར་བུས་སྦྱར་དུག་སེལ། །སྤང་དུག་ལ་སོགས་སྲོག་ཆགས་དུག་རྣམས་སེལ། །ལྕགས་གཉེན་ཟངས་སྦྱར་ཟངས་གཉེན་ལྕགས་སྦྱར་སེལ། །རྡོ་དྲེག་དམར་པོས་དུག་རིགས་རྙིང་པ་འགོག །བྲག་ཞུན་རིགས་ལྔས་ས་ཡི་དུག་དང་ནི། །རིན་ཆེན་སོགས་ཀྱི་དུག་རྣམས་སེལ་བར་བྱེད། ཛཱ་ཏིས་སྙིང་དང་གུར་གུམ་མཆིན་པ་དང་། །ཅུ་གང་གློ་དང་ལི་ཤིས་སྲོག་རྩ་དང་། །སུག་སྨེ་མཁལ་རྩ་ཀ་ཀོ་ལས་མཚེར་བར། །ཞུགས་པའི་དུག་རིགས་རྣམས་ནི་བསལ་བར་བྱེད། །དཔའ་བོ་དཀར་སེར་བུ་ག་ལྕགས་ས་རྣམས། །རིམ་པ་བདུན་ལ་ཞུགས་པར་སེལ་བ་བྱེད། །སེར་པོས་ཁུ་བའི་རིགས་ལ་སྦྱར་བ་དང་། །རུས་པ་ལ་ནི་ཞུགས་པ་འཇོམས་པར་བྱེད། །ཁྱུང་སྡེར་དཀར་པོས་གཟའ་ནད་སྒྲིབ་པ་དང་། །དམར་པོས་མཛེ་ནད་འདྲ་བ་གཞོམ་པར་འགྱུར། །སུ་མི་དཀར་སོས་དུག་རིགས་ཐམས་ཅད་སེལ། །དམར་པོས་སྨན་གྱི་ངར་ནི་སྐྱེད་པར་བྱེད། །ཕོ་ཡི་ཐིག་ལེ་མོ་ཡི་རཀྟ་དང་། །ལུས་དབང་མ་རུངས་པ་རྣམས་སེལ་བར་བྱེད། །ལྡུག་སྟག་གྱིས་ནི་དངུལ་ཆུ་རྟ་བྱས་པ། །མཆིན་པ་ལ་ཞུགས་དུག་ནད་སེལ་བར་བྱེད། །གོ་སྙོད་ཀྱིས་ནི་སྤོས་རྣམས་ལ་སྦྱར་དང་། །རྒྱ་སྤོས་གཟི་དུག་སླངས་དུག་རེག་པའི་དུག །མགོ་ལ་ཞུགས་པའི་དུག་རྣམས་སེལ་བར་བྱེད། །གཡེར་མ་དབང་པོ་ལྔ་ལ་ཞུགས་པ་དང་། །ཤ་ལ་རྟ་བྱས་དུག་རིགས་ཐམས་ཅད་སེལ། །བྱེའུ་ལ་ཕུག་ཆང་སྐྱུར་རྩ་རྟ་བྱས། །ལུད་བ་ས་རུལ་ནང་དུ་སྦས་པ་ཡི། །ཤ་དུག་ཐམས་ཅད་འདི་ཡིས་འཇོམ་པར་འགྱུར། །སྒང་ཐོག་ས་ཡི་ཆུ་ཡིས་དྲི་ཆུ་དང་། །དཀར་ལ་རྟ་བྱས་དུག་རྣམས་སེལ་བར་བྱེད། །ཨ་བྷི་ཥ་ཡིས་བུ་རམ་ཀ་ར་སོགས། །ཤིང་ཐོག་རིགས་ལ་སྦྱར་བའི་དུག་རྣམས་དང་། །ཐང་ཆུ་འོ་མའི་རྩི་ལ་སྦྱར་བ་དང་། །ཡན་ལག་རྣམས་ལ་ཞུགས་པའི་དུག་རྣམས་སེལ། །བོང་དཀར་གྱིས་ནི་མཁྲིས་པ་ལ་སྦྱར་དང་། །མཁྲིས་པ་ལ་བབ་ཤ་ཡ་ནག་པོ་སེལ། །བོང་ང་དམར་པོས་བཙན་དུག་རིགས་བཅུ་སེལ། །མུ་ཟི་ལ་སོགས་ས་ཡི་དུག་རྣམས་དང་། །ན་ལུགས་ཆམ་འཁྲུགས་འདྲ་བའི་དུག་རྣམས་སེལ། །སྟག་ཤས་དུག་མདའ་ལ་སྦྱར་རྨ་རིགས་སེལ། །ཡུ་གུ་ཤིང་གིས་རྨ་རིགས་ཐམས་ཅད་དང་། །དུག་གི་སྐྱོན་ནི་ནང་དུ་རྨ་བྱུང་སེལ། །རེ་རལ་གཉིས་ཀྱི་ཕྲ་མེན་བུ་མོ་ཡི། །སྨོན་ལམ་ལས་བྱུང་ཐིག་ལེ་སྣ་ཚོགས་བཀྲ། །རྩ་འཁྲུགས་འདྲ་དང་ལེ་མར་འབར་བ་འདྲ། །ཕྲ་མེན་གྱིས་བྱས་དུག་རིགས་སུམ་ཅུ་སེལ། །སྤང་རྒྱན་དཀར་པོས་མཛེ་ཚར་རྟ་བྱས་དང་། །གྲེ་བར་བབས་པའི་དུག་རྣམས་སེལ་བར་བྱེད། །ཨ་བྱག་ཚིལ་ལ་རྟ་བྱས་ཚིལ་ཞུགས་སེལ། །སྤང་རྩིས་སྙིང་ཚད་སྨུག་པོ་ཁྲག་སྐྲན་དང་། །མོ་ནད་འདྲ་བའི་དུག་རྣམས་སེལ་བར་བྱེད། །རྒྱ་སྤོས་པ་དང་ཏང་ཀུན་སྤང་སྤོས་ཀྱིས། །ལན་མང་སྐྱར་བའི་དུག་རྣམས་ཐམས་ཅད་སེལ། །བྲག་སྐྱ་ཧ་བོས་ཐང་ཕྲོམ་འཛིན་པ་ལ། །རྟ་བྱས་དུག་རིགས་རྣམས་ནི་སེལ་བར་བྱེད། །གི་ཝཾ་གིས་ནི་བསེ་ཞོའི་དུག་རྣམས་དང་། །ཤྲཱི་ཁཎྜའི་དུག་དང་བ་གླང་དང་། །མ་ཧེའི་ཤ་ལ་སྦྱར་བའི་དུག་རྣམས་སེལ། །མ་གི་ཏ་ཡི་དུག་རིགས་ཐམས་ཅད་འཇོམས། །མི་དང་རྟ་དང་ཁྱི་ཡི་ཕྱ་ཚན་གྱིས། །རང་རང་ལ་སྦྱར་དུག་རིགས་ཐམས་ཅད་སེལ། །དམ་མཁྲིས་གྱིས་ནི་མཁྲིས་པའི་རིགས་རྣམས་ལ། །རྟ་བྱས་དུག་རིགས་རྣམས་ནི་འཇོམས་པ་ཡིན། །མདངས་ལྡན་མཁྲིས་པས་སྒོ་ངའི་དུག་རྣམས་སེལ། །ག་བུར་ཙནྡན་གཉིས་ཀྱིས་དུག་རིགས་ཀྱི། །ཚད་པ་ཐམས་ཅད་སྐད་ཅིག་ཉིད་ལ་འཇོམས། །དངུལ་ཆུས་སྨན་གཞན་ནས་པ་བརྒྱར་འགྱུར་བསྐྱེད། །ཅེས་སོགས་རྒྱ་ཆེར་འབྱུང་ངོ་། །གཉིས་པ་བྱེ་བྲག་སོ་སོའི་ཕན་ཡོན་ལ། དང་པོ་བཙོ་བཀྲུ་ཆེན་མོའི་ཕན་ཡོན་སྔར་ཡང་མདོ་ཙམ་སྨྲོས་ཤིང་འདིར་ཡང་། འཆི་བདག་བསླུ་བའི་རྟོགས་པ་ལས། །དེ་ནི་ཟོས་ཤིང་བསྟེན་པ་ཡིས། །ཚེ་དང་ནད་མེད་ཕུན་སུམ་ཚོགས། །རིམ་འདི་རྟག་ཏུ་བསྟེན་བྱས་ན། །ལོ་ནི་སུམ་བརྒྱར་འཚོ་འགྱུར་ཞིང་། །སྐྲ་དཀར་དང་ནི་གཉེར་མ་སེལ། །བསྟན་བཅོས་ཀུན་ལ་འཇིགས་མེད་འགྱུར། །ཅེས་སོགས་དང་། དངུལ་ཆུའི་གཞུང་ལས། ཚད་ལྡན་སྦྱར་བའི་བཅུད་ལེན་འདི། །ཀུན་ཏུ་ཚོགས་པར་སྤྱད་གྱུར་ན། །ཉི་ཟླ་གཟའ་སྐར་གནས་ཀྱི་བར། །ཚེ་ཡི་རིག་འཛིན་རྙེད་པར་འགྱུར། །ཅེས་དངུལ་ཆུས་ནུས་པས་ཚེ་ཡི་རིག་འཛིན་གྲུབ་པ་དང་། ཐིག་ལེར་དར་ཡ་ཀན་ཞེས་པ། །ཡུངས་འབྲུ་ཙམ་ཞིག་སེམས་ཅན་རྣམས། །སུས་མྱོང་མཁའ་ལ་སྤྱོད་བའི་རྟེན། །ཡོན་ཏན་མཆོག་གིས་བརྒྱན་པ་ཐོབ། །ཅེས་མཁའ་སྤྱོད་གསུམ་གྱི་གོ་འཕང་འགྲུབ་བར་གསུངས་པ་སོགས་རྒྱ་ཆེར་འབྱུང་ངོ་། །གཉིས་པ་རིན་ཆེན་རིལ་ནག་ཆེན་མོའི་ཕན་ཡོན་ནི། རིན་ཆེན་རྟག་པའི་བསྟན་བཅོས་གང་། །རྟོག་ལ་མཁས་པས་རྡོ་རྗེ་འཆང་། །ཚེ་ཡི་ནོར་བུ་འཆང་བ་འང་རུང་། །དེ་བཞིན་ནོར་བུ་སྣ་ཚོགས་འཆང་། །ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང་། །འཆང་བ་བྱེད་པས་འཆི་བ་ཀུན། །བཟློག་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་རིན་པོ་ཆེའི་ནུས་པས་ནད་གདོན་ཞི་ཞིང་ཚེ་བསྲིང་བ་དང་། དཔལ་ལྡན་རྒྱུད་ལས། ཁྲག་མཁྲིས་བད་རླུང་བཞི་བརྒྱ་རྩ་བཞིའི་ནད། །མགོ་དང་བྱང་ཁོག་ཡན་ལག་རྨ་རྣམས་དང་། །རྨུ་འོར་མཛེ་འབྲས་གག་ལྷོག་གཉན་ནད་དང་། །ཀླུ་གཉན་རྒྱལ་པོ་ལ་སོགས་འབྱུང་པོའི་གདོན། །རིན་པོ་ཆེ་ཡིས་མི་སེལ་འགའ་ཡང་མེད། །ནད་གཞི་མེད་པའི་མི་ལ་བཅུད་ལེན་འགྱུར། །ཞེས་ལེགས་པར་སྦྱར་བའི་ནུས་པས་འཚོ་དཀའ་བའི་ནད་ཐམས་ཅད་སེལ་ཞིང་ཚེ་དང་ལུས་ཀྱི་བཅུད་ལེན་དུ་འགྱུར་བ་དང་། རྟོག་པ་ལས། ནོར་བུ་སྨན་དང་སྔགས་གྲུབ་དང་། །བཅུད་ལེན་སྟོབས་ཀྱིས་བདག་ཉིད་ནི། །འཆི་བདག་ཕ་རོལ་གདོན་མཐོང་སྟེ། །རིག་འཛིན་གྲུབ་པ་ཇི་བཞིན་ནོ། །ཞེས་གསུངས་པའི་ཡོན་ཏན་ཐམས་ཅད་འདི་ལ་ཚང་བ་སྟེ། སྨན་དང་། ནོར་བུ་རིན་པོ་ཆེའི་རིགས་དང་། བཅུད་ལེན་གྱི་རྫས་གྲུབ་པའི་དངུལ་ཆུ་དང་། སྒྲུབ་པའི་སྔགས་ཆེན་པོས་བྱིན་གྱིས་བརླབ་པས་ནུས་ལྡན་ཁྱད་པར་འཕགས་པ་དང་། དཔལ་ལྡན་ཟུར་མཁར་བ་ཆེན་པོ་དྷརྨ་སྭ་མིས། སྦྱོར་བ་འདི་ནི་རིལ་ནག་ཆེན་མོ་ཞེས་བྱ་སྟེ་ཡོན་ཏན་བརྗོད་ཀྱི་མི་ལང་བ་དང་ལྡན་པས་རྒྱལ་ཁམས་ཡོངས་ལ་གྲགས་པའོ། །དམ་ཚིག་དང་ལྡན་པས་བསྟེན་ན་ནད་མེད་པ་ལ་སྲུང་བའི་མཆོག་ཏུ་འགྱུར་ཏེ། མི་ཚེ་འདིའི་དུག་རིགས་ཐུབ། འཁྲུགས་དང་ཚད་རྙིང་སོགས་གཞན་གྱིས་གསོ་བར་དཀའ་བའི་ནད་ཐམས་ཅད་སྦྱོར་བ་འདིས་མི་སེལ་བ་འགའ་ཡང་མེད་དོ། །ཞེས་གསུངས། སྦྱར་དུག་གཙོར་གྱུར་ནད་ཐམས་ཅད་ཀྱི་གཉེན་པོ་འགྲན་ཟླ་མེད་པ་དང་། གདོན་གྱི་རིགས་ཐམས་ཅད་འཇོམས་པར་ནུས། བཅུད་ལེན་གྱི་རྒྱལ་པོ་དང་ཁྱད་པར་ཁོང་ནད་ཚ་ཤས་ཅན་དང་། སྨན་གཞན་གྱིས་གསོ་དཀའི་རིགས་ཐམས་ཅད་ལ་ཟབ། མགུལ་དུ་འཆང་ན་སྲུང་བ་ཀུན་གྱི་རྒྱལ་པོ་ཡིན་ནོ། །རྟེན་གྱི་ནང་གཞུགས་དང་། བདུད་རྩི་ཆོས་སྨན་སོགས་ཀྱི་ཕབ་གཏར་བསྲེ་བ་དང་། ནོར་བུམ་གྱི་སྙིང་པོར་གཞུགས་པར་བྱས་ན་རིན་ཆེན་འདུས་པའི་རྒྱལ་པོ་ཡིན་པས་མཆོག་ཏུ་བསྔགས་སོ། །གཉིས་པ་མང་སྦྱོར་གྱི་ཕན་ཡོན་ནི། གོང་དུ་ཕྲིན་ལས་རྒྱུད་ཀྱི་ལུང་དྲངས་པ་ལྟར་དུག་རིགས་ཐམས་ཅད་ལ་ཟབ་ཅིང་། སྔར་བཤད་པའི་ཕན་ཡོན་ཕལ་ཆེར་འདིར་ཡང་ཡོད་པས་ནུས་པ་བསམ་གྱིས་མི་ཁྱབ་པ་སྟེ། ཇི་སྐད་དུ། དུག་གི་ནད་ལ་མང་སྦྱོར་ཆེན་མོ་ནི། །སྦྱར་དུག་གྱུར་དུག་རང་བཞིན་དངོས་ཀྱི་དུག །མཐོང་རེག་ཉི་ཟེར་ཁ་རླངས་ལ་སོགས་པའི། །ས་སྟེང་དུག་གི་ནད་རིགས་ཡོད་དོ་ཅོག །མ་ལུས་དྲུང་འབྱིན་སྨན་གྱི་རྒྱལ་པོ་སྟེ། །གབ་ཚད་ཚད་རྙིང་གཏིང་འདོན་མན་ངག་མཆོག །ཤིན་ཏུ་བཅོས་རྡུག་ནད་ཀྱི་རྩ་བ་འབྱིན། །རིན་ཆེན་མང་སྦྱོར་ཞེས་བྱ་བླ་ན་མེད། །ཅེས་རྒྱ་ཆེར་བསྔགས་པ་དོན་དང་ལྡན་པར་མ་ཟད་རིལ་ནག་གི་གྲང་རླུང་གི་ཁམས་མཐོ་བ་དང་། བྱིས་པ་དང་རྒན་པོ་ལ་འཕྲོད་དཀའ་ཡང་འདི་ནི་བསིལ་དྲོད་སྙོམ་པས་ཁོང་ནད་ཀྱི་རིགས་ཕལ་ཆེར་ལ་མཆོག་ཏུ་ཕན་ཆེ་བ་མྱོང་བས་གྲུབ་པར་དྲང་སྲོང་ཚེ་རིག་ཆེན་པོ་རྣམས་ཀྱིས་གསུངས་སོ། །གསུམ་པ་ཡང་ཟབ་ནི། ཐུར་མཁར་ཆོས་རྗེས་གོང་དུ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་ལུང་དེ་ཉིད་འདིར་ཡང་དྲན་པར་བྱས་ནས། ལུས་སྟོབས་རྒྱས་ཤིང་། མདངས་གསལ། སྐྲ་དཀར་ཉུང་ངུར་འགྲོ། གཉེར་མའང་རང་ཞིར་འགྲོ། སོ་ཚག་དམ་དུ་འགྲོ། མིག་ལ་སོགས་པའི་དབང་པོ་གསལ། ཚ་གྲང་བཀྲེས་སྐོམ་བཟོད་པ་སོགས་ཡོན་ཏན་མང་དུ་འབྱུང་། ནང་དུ་རྩ་ཁམས་འཛིན་སྡོམ་བྱེད། སྟེང་འོག་གི་གདོན་ཐམས་ཅད་དང་རིམས་ཐམས་ཅད་སྲུང་། ཐ་ན་ཆམ་པས་ཀྱང་མི་གནོད། ནད་ཇི་ལྟར་ཆེ་བ་དང་། ནད་རྙིང་དང་། སྨན་གཞན་གྱིས་ནུས་པ་ཟད་པ་སོགས་ཉེས་ཇི་ཙམ་ཆེ་བ་ལ་འདི་དེ་ཙམ་ཟབ་ཅིང་ཕན་པ་ནི་ཐུན་མོང་གི་ཡོན་ཏན་དང་། ཐུན་མིན་རྡོ་རྗེའི་ཚིག་ལས། འདི་ཡི་རིམ་པའི་ནང་ལ་ཡང་། །སྲོག་རྩོལ་དྷཱུ་ཏིའི་ལམ་དུ་འཆིང་། །ཞེས་རླུང་སེམས་དབུ་མར་ལྡམ་ནས་མཆོག་གི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ཀྱི་གྲོགས་སུ་བསྔགས་སོ། །ལྔ་པ་དབང་རིལ་ཤེལ་དཀར་མཆོད་རྟེན་གྱི་ཕན་ཡོན་ནི། དུག་རིགས་ཤ་སྦྱོར་རྩིར་སྦྱོར་དང་། །སྔོ་སྦྱོར་སྤུ་སྦྱོར་ས་རྡོའི་སྦྱོར། །ཤིང་སྦྱོར་རིན་པོ་ཆེ་ཡི་སྦྱོར། །ཆུ་སྦྱོར་ཚྭ་སྦྱོར་གྲང་སྦྱོར་སོགས། །མདོར་ན་དུག་རིགས་གང་ཡིན་ཀྱང་། །མི་ཐུབ་གཅིག་ཀྱང་ཡོད་མ་ཡིན། །གསོ་དང་བསྲུང་བ་གཉིས་ཀ་བྱེད། །གསོ་ན་གང་ལ་བབས་པ་ཡི། །དོན་སྣོད་སོ་སོའི་ཁ་འཛིན་བསྡེབ། །སྲུང་བ་ཡོད་དུས་ལྟོར་སོང་ན། །ཞུ་ལོང་མེད་པ་འཛག་སྐྱུག་བྱེད། །དྲི་ལྡན་སྐྱུག་པ་བྱུང་གྱུར་ན། །བསད་པའམ་སྦྱོངས་པའི་ལས་ལ་སྦྱར། །གཉེན་པོ་འདི་ཡིས་སྲོག་ཕྲོག་གི །གསོ་སྲུང་འདི་ལས་ལྷག་པ་མེད། །འཛམ་བུ་གླིང་གི་ནོར་སྣ་ལ། །འདི་བས་ལྷག་པའི་ནོར་གཞན་མེད། །འདྲེད་ཀྱི་ཕ་ཝང་སྣུམ་འདྲེད་འདྲ། །བསྲུབ་བ་བཙན་པོའི་མཁར་ཞུགས་འདྲ། །སོ་བ་བྱང་ཤར་བཞག་པ་འདྲ། །བྷི་ཥ་དགྲ་ཡི་དཔུང་མི་ཚུག །ཤ་དུག་རེ་རལ་དཔའ་བོ་སེར། །བྱེའུ་ལ་ཕུག་འོམ་བུ་ཡི། །ཁུ་བ་དག་དང་བསྡེབ་ལ་གཏང་། །བཙན་དུག་ཨ་རུ་ར་དང་སྡེབ། །བ་མོར་ཉི་མ་ཕོག་པ་བཞིན། །ཐེངས་པས་ཆོག་པའི་མན་ངག་ཡིན། །ཅེས་སོགས་རྒྱ་ཆེར་བསྔགས་པའོ། །དྲུག་པ་རཏྣ་བསམ་འཕེལ་ནི། ཇི་སྐད་དུ། རིན་ཆེན་སྨན་གྱི་སྦྱོར་བ་ཁྱད་པར་ཅན། །འདི་ཡི་ཕན་ཡོན་བརྗོད་ཀྱི་མི་ལང་ཡང་། །མདོར་བསྡུས་ཚ་གྲང་འདུ་བ་འཁྲུགས་པའི་ནད། །ཡུན་རིང་གསོ་དཀའ་སྨན་པས་བོར་བ་དང་། །ཁྱད་པར་རྩ་དཀར་རེངས་འཁུམས་འཁྲུགས་པ་འཇོམས། །བྱེར་བ་བསྡུ་ཞིང་རྙིང་པ་གཏིང་ནས་འདོན། །མཁལ་ཚད་རྩ་འགྲམ་ཁྲག་རླུང་ཟེར་མདའ་གཅོག །སྟེང་གདོན་གཟའ་དང་བར་གདོན་རྒྱལ་པོ་བཙན། །འོག་གདོན་ཀླུ་ཡི་རིགས་རྣམས་ཐམས་ཅད་སེལ། །རྨ་རྙིང་སུཪྻ་རྐང་འབམ་ཞ་འཁུམ་སོགས། །ཕྱི་ནང་ཕལ་ཆེའི་ནད་ལ་བསྔགས་པ་སྟེ། །མགུལ་དུ་འཆང་ན་སྲུང་བའི་རྒྱལ་པོ་འགྱུར། །དྲི་ཚོར་ཙམ་གྱིས་གདོན་བགེགས་འབྱུང་པོ་འབྲོས། །དེ་ཕྱིར་བསམ་འཕེལ་ཡིད་བཞིན་རིན་པོ་ཆེ། །སྨན་གྱི་ནོར་བུ་རྒྱུན་ཤེལ་སྨན་པའི་ལུགས། །གསོ་རིག་རྒྱ་མཚོ་འདུས་པའི་བདུད་རྩི་སྟེ། །དྲང་སྲོང་འཚོ་ཐབས་ཤེས་པའི་སྙིང་ནོར་ཡིན། །ཅེས་འབྱུང་བ་ལྟར་ནད་གདོན་སྤྱི་དང་། ཁྱད་པར་རྩ་དཀར་གྲིབ་ཤས་ཅན་ལ་མཆོག་ཏུ་ཟབ་བོ། །དྲུག་པ་ཟླ་ཤེལ་ཆེན་མོའི་ཕན་ཡོན་ནི། ཟུར་མཁར་བ་ཆེན་པོས། དུག་དང་སྨུག་པོ་ཁྲག་ཏུ་འཁྲུ་སྐྱུག་དང་། །གབ་ཚད་ཚད་རྙིང་འགྲམ་འཁྲུགས་འཐབས་པ་དང་། །མ་ཞུ་གླང་ཐབས་སྲིན་དང་ཆུ་སེར་སྐྲན། །ལྡན་འདུས་ནད་རྣམས་འཇོམས་པའི་རྡོ་རྗེ་སྟེ། །ཞེས་དང་། བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་པ། །འདི་ཡིས་མི་སེལ་བ་ནི་ག་ལ་ཡོད། །ཁྱད་པར་ཁྲག་མཁྲིས་བད་ཀན་སྨུག་པོ་དང་། །རྨུ་འོར་སྐྱ་བབས་དྲེག་གྲུམ་ཚ་བ་རྙིང་། །རྩ་དཀར་ཆུ་སེར་དངོས་དང་སྦྱར་དུག་རྣམས། །སེལ་བྱེད་འཆི་མེད་བདུད་རྩི་མངོན་སུམ་མོ། །ཞེས་དང་། གཞན་ཡང་འདི་ཡི་ཡོན་ཏན་ནི། །ནད་རྙིང་རྩི་ལྟར་ཞེན་པ་འདག །ཟུང་བདུན་སྐྱོན་བྲལ་འདུ་བ་སྙོམས། །མིག་གསལ་ཡིད་བདེ་གདོན་ཀུན་ཞི། །རྒྱུན་དུ་སྟེན་ན་བཅུད་ལེན་འགྲུབ། །ལུས་སེམས་ནད་དུ་འགྱུར་རོ་ཅོག །གང་ལ་བཏང་ཡང་ངེས་པར་ཕན། །དྲང་སྲོང་རིག་འཛིན་ཐུགས་རྗེའི་མཐུ། །སྨན་གྱི་ནོར་བུ་འདི་ཡོད་ན། །སྨན་གཞན་ཅི་ཡང་མེད་ཀྱང་སླ། །སྨན་གཞན་རྡུགས་ཀྱང་འདི་ཡིས་སེལ། །འདི་ཡི་ཡོན་ཏན་ཚད་མེད་ཀྱང་། །བཤད་ན་ཕལ་པས་ཡིད་ཆེས་དཀའ། །ཚེགས་ཆུང་དོན་ཆེ་ཀུན་ལས་འཕགས། །བདེན་རྫུན་ལག་ཏུ་ལེན་གྱིས་དང་། །ངོ་མཚར་མཐོང་བའི་ལམ་དུ་གསལ། །ཞེས་ཡོན་ཏན་ཤིན་ཏུ་མང་པོས་རྒྱ་ཆེར་བསྔགས་པ་དང་ལྡན་པ་འདི་ཉིད་སྨན་སྦྱོར་ངོ་མཚར་བླ་ན་མེད་པའོ། །དེ་ལྟ་བུའི་སྨན་འདི་རྣམས་རྒྱུན་དུ་བཅང་ཚུལ་ནི། འཚོ་བྱེད་གྲུབ་པས། ལེགས་པར་སྦྱར་བའི་སྨན་མཆོག་རྣམས། །རིན་ཆེན་ཟེའུ་འམ་རྭ་ཟེ་རུ། །ག་པུར་འབྲས་དང་ལྷན་ཅིག་བཞུགས། །སྤྲ་ཚིལ་དག་གིས་ཞལ་བ་བྱ། །ཕྱི་ལ་ཁ་ཤའམ་གླ་བ་ཡི། །རྐྱལ་པ་སྲུབས་མེད་བཟང་པོར་བཅངས། །ཞེས་གསུངས་པ་ལྟར་རླུང་མི་འཆོར་བའི་སྣོད་བཟང་པོར་དྲི་བཟང་ཕོན་མང་དང་། ག་བུར་ཉུང་ངུ་ཐུམ་བུར་བྱས་ཏེ་དཀྱིལ་དུ་འཇོག་ཅིང་དམ་ཚིག་དང་མི་ལྡན་པ་དང་། གྲིབ་ཅན། གདོལ་པ། རྨེ་ཕོ། ཁྱི་དང་། བུད་མེད་སོགས་ཀྱི་གཏན་ནས་མི་རེག་པ་དང་། ནམ་མཁའ་དང་། ཉི་ཟེར་ལ་མི་སྟོན་པ་སོགས་སྤང་བླང་གི་བསླབ་བྱ་ལ་གཅེས་སྤྲས་དང་། ཇི་ལྟར་བསྟེན་པའི་ཐབས་ལ། སྲུང་བ་ལྟར་བསྟན་པ་དང་། གསོ་བའི་བསྟན་ཚུལ་གཉིས། ཕྱི་མ་ལ་རྒྱས་པར་དང་པོ་ཐང་གིས་བྱེར་བ་བསྡུད་དང་བར་དུ་བསད་པ། ཐ་མ་སྦྱོངས་བའི་སྒོ་ནས་གསོ་ཚུལ་སྨན་གཞུང་མན་ངག་བཅས་ལས་ཤེས་པར་བྱ་དགོས་ཤིང་། ཐུན་མོང་དུ་རྒྱུན་དུ་གཏོང་ཚུལ་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རབས་བདུད་རྩིའི་ཟླ་སྣང་ལྟར་བློ་ལྡན་རྣམས་ཀྱི་ལག་ལེན་ཐེབས་པར་བྱ་བ་གལ་ཆེ་བ་ལགས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཕྲིན་ལས་ནི། །དག་དང་མ་དག་སྣ་ཚོགས་སྣང་བ་རྣམས། །ཀུན་ཀྱང་འགྲོ་ལ་ཕན་པ་ཉེར་སྒྲུབ་པའི། །ཐབས་མཁས་འདི་ནི་བྱང་ཆུབ་སྤྱོད་པ་ལགས། །མིག་གསུམ་གཙུག་ནོར་ཟླ༷་བ་ཆུ་ཤེལ༷་གྱི། །བདུད་རྩི་ཡིད་ཅན་རྒྱ་མཚོ་མཐའ་ཀླས་པའི། །བཞི་བརྒྱ་རྩ་བཞིའི་ནད་ཀུན་དྲུང་འབྱིན་སླད། །སྦྱིན་པས་སྦྱིན་པའི་ཕ་རོལ་མཆོག་ཏུ་སོན། །འདོད་འབྱུང་བས༷མ་འཕེལ༷་དབང་གི་རྒྱལ་པོ་གང་། །འཕོ་མེད་མཆོག་ཏུ་དག་པའི་ཚུལ་ཁྲིམས་ཀྱི། །རང་བཞིན་ལེགས་བརྒྱའི་དཔལ་སྐྱེས་ཉེས་ཀུན་སེལ། །འགྱུར་བཅས་སྐྱོན་རྣམས་མ་ལུས་སྡོམ་པར་བྱེད། །དུག་གསུམ་ཉེས་པའི་ཚང་ཚིང་ལས་རླུང་གིས། །ཤུགས་དྲག་བསྐྱོད་པའི་མེ་ལྕེ་བཟོད་དཀའ་བ། །སྐབས་གསུམ་དབང༷་པོས་རིལ༷་བུ་ཤེལ༷་དཀ༷ར་གྱིས། །མཆོད་སྡོང་ཆེ་ལས་དག་བྱེད་ཁྲུས་ཆར་འབེབས། །འབད་པ་བརྒྱ་ཕྲག་དག་གི་བརྩོན་པ་ལས། །ནད་སེལ་སྨན་གྱི་རྣམ་གྲངས་འབུམ་ཕྲག་གི །ཡང༷་བབ༷་འདི་ནི་སྟེང་འོག་འབྱུང་པོའི་གདོན། །བྱེ་བ་སྙེད་ལ་མི་ལྡོག་དཔའ་ཞིང་གཏུལ། །མ་འཁྲུལ་རྒྱུད་ལུང་གྲུབ་པའི་མན་ངག་ལ། །རྩེ་གཅིག་སེམས་ཀྱིས་གོམ་པའི་འབྲས་བུ་ནི། །རིན༷་ཆེན༷་རྣམ་མ༷ང་སྦྱོར༷་བའི་ཏིང་འཛིན་གྱིས། །སྒོ་མོ་བརྒྱ་ཕྲག་འབྱེད་པས་དུག་རྣམས་འཇོམས། །སྲིད་པའི་རྩེ་མོར་མངོན་པར་མཐོ་བ་ཡི། །རིན༷་ཆེན༷་གནམ་སྔོན་བཞུས་པའི་རིལ༷་ནག༷་ནི། །ལན་བརྒྱར་བརྟག་ཀྱང་རང་བཞིན་བརྗོད་དཀའ་བ། །འཕགས་པའི་ཤེས་རབ་སྤྱན་གྱི་འབྲས་བུར་ངེས། །འཕྲོག་བྱེད་ས་བོན་ཤིན་ཏུ་སྦྱངས་པ་ཡིན། །བདུད་རྩི་རྒྱལ་པོ་དར༷་ཡ༷་ཀན༷་བཙོ་བཀྲུ། ཉིད་ནི། ཀུན་ལ་ཁྱབ་པས་ཐབས་སྟོབས་སྨོན་ལམ་དང་། །ཡེ་ཤེས་རྒྱ་མཚོའི་མཛོད་དུ་སོམ་ཉི་བྲལ། །དེ་ལྟར་ཕ་རོལ་ཕྱིན་བཅུའི་བདག་ཉིད་ཀྱི། །ཨ་མྲྀ་ཏཱ་ཡི་སྦྱོར་བ་འདི་རྣམས་ལ། །རྣལ་འབྱོར་ནང་གི་ཐབས་ལྡན་གྱིས་བསྙེན་ན། །རབ་ཏུ་དགའ་སོགས་ས་བཅུ་བསྒྲོད་པར་འགྱུར། །རྫས་སྔགས་ཏིང་འཛིན་ནུས་ལྡན་འགའ་ཞིག་གི །སྐད་ཅིག་ཙམ་གྱིས་མཁའ་སྤྱོད་མཐོན་པོར་བསྙེགས། །ཐུན་མོངས་གྲུབ་བརྒྱད་དངོས་གྲུབ་ཕྲ་མོ་ཡང་། །རིལ་བུ་སོགས་ཀྱི་སྦྱོར་བས་གྲུབ་པའོ། །ཚ་གྲང་ནད་སེལ་ཡོན་ཏན་བརྒྱད་ལྡན་པའི། །རྒྱ་མཚོ་དགའ་ཟླ་བ། བའི་ནོར་བུ་རིན་ཆེན་རྣམས། །གུས་པས་གཙུག་གི་རྒྱན་དུ་བསྐུར་བྱས་ནས། །ཚེ་རིང་ནད་མེད་དཔལ་ནི་ཐོབ་པར་འགྱུར། །ཞེས་སྐབས་དོན་བསྡུ་བའོ། །དེ་རྣམས་ཀྱིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། རིན་ཆེན་སྨན་གྱི་རྟོགས་པ་བརྗོད་པ་རེ་ཞིག་རྫོགས་སོ། །སླར་སྨྲས་པ། འདི་ལྟར་བདག་གཞན་ལྷག་པའི་བསམ་པ་ཟླ་བ་ཀུ་མུད་ལྟར་དཀར་བས། །རིང་དུ་བརྩོན་པའི་ལེགས་བྱས་དགེ་ཚོགས་ཆར་ལྡན་སྤྲིན་གྱི་ཕུང་པོ་འདི། །ཀུན་མཁྱེན་བླ་མའི་ཟབ་དགོངས་རྫོགས་ཕྱིར་སྒོ་གསུམ་དངོས་པོ་ཀུན་གྱིས་མཆོད། །ཚེ་རབས་ཀུན་ཏུ་མགོན་དེས་རྗེས་བཟུང་དམ་ཆོས་སྨན་མཆོག་ལ་སྤྱོད་ཤོག །གཞན་ཡང་དགེ་འདིས་བསྟན་འཛིན་སྐྱེས་རྣམས་ཞབས་པད་བསྐལ་པ་བརྒྱ་ཕྲག་བརྟན། །བསྟན་ལ་གནོད་བྱེད་མིང་ཙམ་མི་གྲགས་ཁྱད་པར་ལྷ་མིན་འབྱུང་པོའི་ཚོགས། །བསིལ་ལྡན་ལྗོངས་ཀྱི་བདེ་སྐྱིད་པད་ཚལ་ཕྲོག་པར་དོགས་པའི་སེམས་ལྡན་རྣམས། །རྒྱ་མཚོའི་མཐར་བསྐྲད་རྫོགས་ལྡན་གསར་པའི་དཔལ་གྱི་འདབ་བརྒྱ་གྲོལ་གྱུར་ཅིག །སྣང་བའི་མཛོད་ཀྱི་གཉེན་དང་འགྲོགས་པས་དགེ་ལེགས་འོད་སྟོང་སྲིད་གསུམ་ཁྱབ། །འཇིག་རྟེན་དགེ་བཅུའི་ཆོས་ལ་སྤྱོད་ཅིང་སྣོད་བཅུད་རྩི་ཤིང་ལོ་ཏོག་རྒྱས། །ནད་ཡམ་མུ་གེ་འཁྲུགས་པ་ཀུན་ཞི་བྱམས་པའི་སེམས་ལ་རབ་གནས་ཤིང་། །ཕྱོགས་བཅུའི་དགེ་འདུན་དར་ཤིང་རྒྱས་ཏེ་བསླབ་གསུམ་ཁྲིམས་ལ་གནས་པར་ཤོག །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད་ཅིང་ལྷག་བསམ་དཀར་པོའི་བ་དན་བསྒྲེངས། །བདུད་དང་བདུད་ཀྱི་རིས་ཀྱིས་མི་ཕྱེད་དགེ་ལ་འདུན་པའི་སྟོབས་ཤུགས་རྒྱས། །འདུས་པའི་སྡེ་ཚོགས་མཁའ་ལ་འཁོར་བའི་རྒྱུ་སྐར་གྲངས་ཀྱིས་མི་ཆོད་བཞིན། །དར་ཤིང་རྒྱས་ལ་འགྲོ་བའི་ལས་ཉོན་རྣམ་མང་རྦ་རླབས་ཞི་བར་ཤོག །ཀུན་འབྱུང་འབྲས་བུ་སྡུག་བསྔལ་ཞི་ཤིང་ཁྱད་པར་འཕེལ་ཟད་འཁྲུགས་པའི་ནད། །མཐའ་དག་ཞི་ནས་ཀུན་ཀྱང་བདེ་དགའི་དཔལ་ཡོན་ཆེ་ལ་སྤྱོད་པ་དང་། །བཅོམ་ལྡན་བདེ་གཤེགས་སྨན་གྱི་བླ་མའི་ཐུགས་བསྐྱེད་རྒྱ་མཚོ་བསྲུབས་པ་ལས། །བྱུང་བའི་དཔལ་ལྡན་རྒྱུད་བཞིའི་ལྷུན་པོ་མི་ཉམས་ཡུན་དུ་བརྟན་གྱུར་ཅིག །འཕགས་བོད་གསོ་བ་རིག་པའི་བཤད་པ་དང་། །མན་ངག་ལག་ལེན་བྱེད་པའི་ཚེ་རིག་ཀྱིས། །འཛིན་མའི་ཁྱོན་ཀུན་ཁྱབ་ཅིང་ཕན་བདེ་སྦྱིན། །ཕྲིན་ལས་སྣང་བ་རྟག་ཁྱབ་ལྷུན་གྲུབ་ཤོག །དེ་ལྟར་རིན་ཆེན་སྨན་གྱི་རྟོགས་པ་བརྗོད་པ་འདིའང་རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ཡི་ལོར་བཙོ་བཀྲུ་ཆེན་མོ་དང་སྨན་ཆེན་གྱི་སྦྱོར་སྡེབ་རྣམས་ལ་རྣམ་དཀར་གྱིས་བརྩོན་པ་བགྱིད་པའི་སྐབས་སུ་འཇམ་དབྱངས་བླ་མ་མཁྱེན་བརྩེའི་ཞབས་ཀྱི་ཕྲིན་ལས་འཛིན་སྐྱོང་སྤེལ་བར་སྨོན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨིན་དྲུག་ཟླ་བ་བཅུ་པའི་ཚེས་བཅུ་གཉིས་ལ་རྫོགས་པར་བྲིས་པ་ཡི་གེའི་བྱེད་པོ་དགེ་སློང་ཤེས་རབ་ཕུན་ཚོགས་ཀྱིས་བགྱིས་པ་འདིས་ཀྱང་གསོ་བ་རིག་པའི་བསྟན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་ཤིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱ་ཎཾ་སུ་ཤྲི་ཡོ་བྷ་ཝ་ཏུ། མངྒ་ལཾ།། །།
[edit]

@#/__/rin chen sman gyi sbyor ba chen mo'i rtogs pa brjod pa tsin+ta ma Ni'i gter mdzod ces bya ba bzhugs so/__/ oM a tha/__na mo gu ru bai DUR+Ya rA dza ya/__sngon gyi smon lam rgya chen mtha' klas shing /__/dug gsum rgyu 'bras nad rnams sel mdzad pa/__/bcom ldan thugs rje'i rang bzhin sman gyi bla/__/bde bar gshegs pa'i rgyal pos shis pa stsol/__/gang mtshan thos pas 'jigs dang sdug bsngal zhi/__/khyod gsung snang ba dran pa de yi mod/__/srid pa'i rim brgyad ma lus zhi ba'i gnyen/__/kun mkhyen ma hA gur Na'i zhabs la 'dud/__/ye shes DA ki'i thugs kyi sras su bskrun/__/rnal 'byor lam gyi bgrod pa mthon por gshegs/__/'chi med bdud rtsi'i bcud kyi zhal lung gi__/grub pa'i dpal ster rin chen dpal des skyongs/__/rgyal ba nyid dang rnam dbyer mi phyed cing /__/rgyal ba'i dgongs pa ji bzhin thugs la mnga'/__/rgyal ba'i dbang po dpal ldan karma pa/__/rgyal mchog rang byung rdo rjer gus pas mchod/__/khyad par snyigs dus byams mgon mi yi gzugs/__/zhi ba'i blo can 'jam dpal thugs mtshor rol/__/shes bya kun gzigs thams cad mkhyen dngos grags/__/chos kyi 'byung gnas bka' drin yang yang dran/__/de yi zhal lung bai DU'i bum bzang gi__/'chi med bdud rtsi rdzogs par lto bar bskyil/__/skal bzang yongs la 'beb mkhas chos kyi rje/__/'jam mgon rnam gsum zhabs pad spyi bos mchod/__/grags dang 'gran pa'i rtog pa ma yin par/__/kun phan 'gro ba'i don la blos gzhol te/__/sman mchog rin chen dbyig gi rgyal po nyid/__/ji ltar sbyor tshul nyung ngu'i ngag gis dbye/__/de la 'dir 'gro ba mchog dman thams cad kyi legs tshogs kun gyi gzhi rten mtho ris kyi yon tan bdun gyis 'byor pa ste/__slob dpon dbyig gnyen gyis/__/tshe ring de bzhin nad med dang /__/gzugs dang bskal ba bzang dang rig__/nor dang shes rab dag dang bdun/__/ces pa'i ya gyal dang por bsgrangs ba tshe ring po 'tsho ba'i thabs kyi khyad par bla na med pa mi shig rdo rje'i srog gi dpal ster zhing 'chi ba med pa'i bcud len gyi rdzas mchog thams cad kyi nang nas 'gran zla dang bral ba rin chen ril bu zhes ming tsam thos pas kyang /__mchog tu dkon pa'i gces nor/__yid bzhin gyi nor bu ltar gus pas 'dzin zhing mkhas blun gyi 'gro ba thams cad nas dka' spyad chen pos btsal ba'i 'os su gyur pa 'di nyid ji ltar 'du bgyid pa'i tshul la phun sum tshogs pa lnga yi gleng bas sgo phyes nas sngon 'gro dngul chu btso bkru ji ltar sbyar ba dang /__dngos gzhi rin chen sman sbyor gyi bye brag so sor dbye ba dang /__de dag gi phan yon brjod pa dang gsum gyi/__dang po sngon 'gro dngul chu btso bkru chen mo ji ltar sbyor ba'i tshul las brtsams ste 'chad pa la/__de yang sems can rgya mtshor 'dul byed kyi ston pa mtha' yas pa'i zhing dang sku yi bkod pa 'jam klas shing phyogs dus mu mtha' bral ba'i tshad med pa las/__bye brag stong gsum mi mjed 'jig rten khams kyi nang gses gling bzhi pa'i 'jig rten gyi khams las skal bzang gi sangs rgyas rnams byang chub brnyes pa'i lho gling dbus ma dzaM bu gling zhes grags pa'i yul dbus/__rgya gar rdo rje gdan gyi byang phyogs gangs ri'i phreng bas bskor ba'i b+ho tra'i ljongs su grags pa 'phags pa spyan ras gzigs kyi zhing khams/__o rgyan gyi slob dpon chen po nas zhabs kyis bcag pa'i gnas kyi lte ba lha gdan gru 'dzin gyi pho brang chen po dang /__sprul pa'i gtsug lag ra sa 'phrul snang gi shar phyogs bde chen ljongs kyi sa yi thig le gser ldan chu klung chen po dang /__byang zla'i spos chu dal 'bab kyi bar 'bri zla zal mo sgang zhes su grags par/__'phags mchog gsang ba'i bdag po 'gar stong btsan gyi brgyud las byon pa'i sprul pa'i chos rgyal chen po sde dge zhes mtshan gyi grags snyan ring du 'phro ba de yi chos srid kyi rgyal khab lugs brgya'i 'dun sa dpal ldan lhun grub steng gi shar rta bdun rgyal po'i 'od kyi snang bas dang por khyab pa'i shar ka phyogs zhes rdzong chen gcig gi mnga' 'og shod chen bco brgyad kyi ya gyal/__smad shod ces yul gyi dge bcu g.yang du 'khyil pa'i sa 'dzin gyi lte bar shrIHrdzong sar bkra shis lha rtse'i chos grwa zhes gna' bo'i dus jo bo bka' gdams pa'i ring lugs 'dzin pa/__bar skabs khams gsum 'gro ba'i mgon po chos kyi rgyal po 'phags pa rin po che rgya nag tu lan rjes mar byon pa'i yar phebs lam zhabs kyis bcag ste/__thugs dam gyi mgon sku gnang de phyin dpal ldan sa skya pa'i chos brgyud 'dzin par gyur/__gzhan yang 'gro mgon phag gru/__chos rje kaHthog pa dam pa bde gshegs/__grub dbang thang stong rgyal po/__rgyal mchog bskal bzang rgya mtsho/__ngor gyis mkhan rab sde dger phebs pa rim byon dang /__gnas sar rdo rje 'chang sogs/__si tu mi pham phrin las rab brtan/__chos kyi 'byung gnas sogs dam pa'i skyes bu mang po dang /__khyad par snyigs dus rdzogs pa'i sangs rgyas kun gzigs mkhyen brtse'i dbang pos sku tshe hril por bshad sgrub kyi mdzad phrin rgyun mi chad pa dang /__o rgyan dngos byon gter chen mchog gyur gling pa/__'jam pa'i dbyangs blo gros mtha' yas/__gsang ba'i bdag po 'jam dbyangs blo gter dbang po/__gangs can smra ba'i seng ge mi pham 'jam dbyangs rnam rgyal sogs mkhas dang grub pa'i rnam dpyod mtshungs zlar 'os pa 'ga' yang ma mchis pa mang pos zhabs pad yun ring du bkod de byin gyis brlab par mdzad pa'i chos sde chen po'i/__shar stag skya bo/__lho g.yu 'brug__/nub kyi bya dmar/__byang gi rus sbal te sa yi bsrung bzhi tshang zhing /__yang rigs dpyad kyi dbang du byas na/__shar phyogs rta mchog gyen rgyugs/__lho rma bya 'jing bsnol/__nub g.yu 'brug gyen 'phyo/__byang rgya stag mthur rgyug__/shar spos ri ngad ldan/__lho g.yu 'brug gi kha chu/__nub khyung stag seng gebyang mi 'gyur ma hA gser gyi rus sbal gyi dbyibs can gyi pha waM/__shar na bkra shis pa'i mtshan bzang du ma'i dbyibs can gyi brag dil dkar po/__lho 'bras dil spung pa/__nub sA la'i nags tshal/__byang g.yu mtsho sngon mo/__shar phyes/__lho spungs/__nub 'dan/__byang dar dkar gyi yol ba bres 'dra/__mdun na yan lag brgyad ldan gyi chu klung dngul gyi bye ma 'dren pa/__phyogs mtshams kun tu bkra shis pa'i rtags brgyad dang gter chen gyi bum pa bzang po la sogs sa yi dpyad ma tshang ba med pa/__phyogs dang phyogs mtshams rnams su rdo rje'i gnas chen grangs med pas skor ba chos nor 'dod thar te sde bzhi'i dpal gyis mngon par mtho ba'i gnas phun sum tshogs pa gang der/__gtsug lag khang thub bstan skal bzang chos kyi dga' tshal dang 'dabs 'byor bar/__rje bla ma'i gzim khang bkra shis 'chi med grub pa'i dga' tshal zhes bya bar sku gsum ston pa dpag med til gyi gang bu bzhin rgyas par mkha' dbyings gshegs bzhud bral bar chu nang gi zla gzugs lta bu'i rten mchog ngo mtshar rmad du byung ba bsgrang las yas pa bzhugs pa'i nang nas rgyal mtshan gyi tog ltar mngon par mtho ba bdag cag gi ston pa shAkya'i rgyal po'i snang brnyan lha sras ye shes rol pa rtsal gyi thugs dam gyi rten dang /__rdo rje'i bla ma pad+ma kA ra'i zhal skyin nang sku tshab thams cad kyi nang nas slob dpon rang nyid kyis che thang du bsngags pa'i mchog gi sku tshab dngos grub dpal 'bar dang /__'jam mgon bla ma rnam gnyis dngos dang dbyer med pa'i snang brnyan byin rlabs kyi dpal dang gzi 'od 'phro ba'i spyan sngar kho bo gtsug lags lung rig nyi ma smra ba'i seng+ge thub bstan bshad sgrub rgyal mtshan du 'bod pa yang rten mchog de dag gi sri zhu dang /__bskur bsti bgyis pa po dang /__rje bla ma'i chos kyi khri 'phang mthon po nyid gus sbyor dang rtag sbyor gyi brtson 'grus drag pos bshad dang sgrub pa'i sgo nas bsrung ba la lhag pa'i bsam pa ma smad pas/__skabs 'dir yang rje thams cad mkhyen gzigs many+dzu g+ho Shas me 'brug lor rin chen mang sbyor bsdu bar mdzad nas/__slar yang sman chen rgyas pa rab sdu rgyu'i thugs bzhed kyi sku tshegs chen pos sman rnams rtsol sgrub dang /__phal cher thum byang zhal gsal srang tshad bcas mdzad nas 'jogs pa gnang na'ang /__rtag 'dzin can rnams ngor gzugs sku'i spros pa bsdus te dgongs pa chos dbyings su gshegs rjes sman chen sdud chas rin po che'i rigs rnams rgyal dbang karma bco lnga pa chen por phul bas bgyi ba don ldan du gyur/__'phros rnams phal cher srin bu'i zos pa sogs kyis 'thor zag gyur na'ang 'phros sdod yod rigs thams cad chud zos mi 'gro ba dang /__gtso bor kun mkhyen gong ma'i thugs bzhed kyi cha shas bskang ba'i phyir du sgo gsum gyi brtson pa bgyi ba na/__khyad par gyi phyag bzhes mdzad pa po'i slob dpon ni/__sman gyi rgyud chen las/__gzhan rig mngon shes byams ldan drang por srong /__/gnang rig rjes sbyangs las gol 'gro ba'i gnyen/__/ces dang gdung btsun blo dang ldan zhing dam la gnas/__/gzhung gi don mkhas man ngag gnad du rdeg__/goms thog gtso bor chos gnyer 'dod pa spangs/__/dul zhing bzo mkhas 'gro la byams sems che/__/g.yel med gzhan gyi don la rang don sems/__/gso dpyad kun la rmongs med sman pa mchog__/'gro ba nad pa rnams kyi mgon cig pu/__/rig 'dzin drang srong rnams kyi brgyud 'dzin sras/__/'tsho mdzad sman pa'i rgyal po'i sprul par bshad/__/ces gsungs pa ltar gyi yon tan du mas mngon par 'byor pa sde dge mchod yon gyi bla sman pa chen po snyigs dus kyi gso rig 'dzin pa bye ba'i gtsug nor rgyud gzhung man ngag lag len bcas pa shin tu mkhas shing goms pa a tshang zhes yongs su grags shing mtshan gzhan karma dge legs yar 'phel nyid kyis sman gyi drang srong chen po bla ma dkar bstan dbang phyugs dang /__mi pham 'jam pa'i dbyangs/__tshe dbang don 'grub sogs sman gyi rig byed 'dzin pa mang po'i zhal lung gi bcud 'thung bas lus stobs rgyas pa/__khyad par rdo rje 'chang blo gros mtha' yas dang /__mi pham rin po che'i zhal snga nas sman rgyud kyi bshad pa zhib rgyas lan gnyis/__dogs gcod sogs zhus pas rgyud gzhung man ngag rgya mtshor myong ba 'phrigs su tshud cing mi 'phrog pa'i spobs pa brtan pa de nyid kyi zhal snga nas/__rab byung bcu drug pa thog mar zugs nas bsgrangs bya drug 'das pas dpal gdong zhes pa chu mo bya ba'i lo'i skar rtsis ba'i dbyar tha gro bzhin gyi zla ba sna tshogs shing rta seng ge'i khyim du 'byor zhing 'byung rtsis pa'i ston tha chung khyi che ba'i dmar phyogs kyi rdzogs pa gsum pa'i tshes sum cu rgyu sbyor ba po'i bla gza' bkra shis mig dmar dang shing drang srong r-i Shi thog mar 'char ba'i nyin par nas las mgo tshugs tsam gyis/__ston ra khrums kyi zla ba'i dkar phyogs kyi dga' ba dang po nas btso bkru chen po'i las la zhugs pa na/__gnyug mar gnas pa'i dge slong gi dge 'dun gyi tshogs brgya phrag dang /__sde snod gsum la 'chad nyan gyi mang thos tshul ldan mang pos sngon 'gro nyes sel gyi 'bum sde lnga sgrog pa dang /__lha bsangs sogs kyi rim gror brtson par mdzad cing /__gnas mchog gwa gu byang chub shing gi nags khrod du sdom brtson sde snod 'dzin pa chen po 'jam dbyangs rgyal mtshan nas kyang legs pa'i dbug dbyungs dang sbrags sman chen phab rta bzang po khyad du 'phags pa stsal zhing /__gzhan yang mi snang ba'i 'dus pa'i 'khor chos skyongs srung ma dang /__dpa' bo mkha' 'gro/__sman gyi srung ma drang srong /__rig 'dzin lha sman/__klu dang gnod sbyin sogs bsgrangs las 'das pa dang /__snang ba'i 'khor la lugs brgya'i 'dun sa lhun grub steng gi chos sde chen po'i mkhan ye shes blo gros nas sman bla dang rma bya chen mo'i bum sgrub/__gser gzungs sogs kyi gsung zlas rgyun chad med pa dang /__'tsho mdzad chen mo'i zhabs phyir bkri ba/__kaHthog rdo rje gdan gyi chos grwa chen po'i sman pa dge slong tshe ring chos 'phel dang /__chos sde 'di'i 'tsho byed rdor 'dzin chen po mkhas dbang kun dga' seng+ge dang /__lha rje tshe ring phun tshogs/__dngul chu'i lag len la mthong brgyud gom 'dris can dpal spungs nas dge nor dga' dang /__gser ljang gi tshe rig pa mkhas grub seng+ge/__dge rab gnyer chen sogs mo'i mdun lhad karma 'jam dbyangs dang /__de las gzhan pa'i sman gyi las byed shin tu mang ba dang bcas/__chos kyi che ba ni dpal ldan dus kyi 'khor lo'i rgyud dang /__'grel chen las/__gser las nyi ma khab len lcags dang /__sogs kyi don 'grel chen du gser la ste rnam par dag pa'i gser la nyi ma zhes pa zangs dang khab len lcags dang pa tra las skyes zhes pa lhang tsher gyis lcags dang /__lcags zhes pa rnon po ste so sor mnyam pa'i cha gzung ba 'di dag rnams kyi cha dang gser mnyam pa'o/__/mA k+Shi ka yi phye mar rab tu btab pa kha phye ba'i gong bur rlung drag po'i sbud par byas te/__ji srid du gser gnas pa'o/__/de nyid ni sa bon te sa bon de phyed kyis zhes pa gser srang gnyis kyi dngul gyi chu srang bzhi'o/__/dri ma dag dang bral ba zhes pa ni lan bdun gyi bar du sbyang bar byas pas te bskongs pas srang ni drug tu bya'o/__/de nas ba yi dar ba mar dang bral ba drag po'i rtse mo can gyis zhes pa mi bzang pa'i mes bsad nas bsad pa de ras kyi btsags te snyigs mdor ba shin tu dwang ba'i dwangs ma bzung bar bya'o/__/dwangs ma de nyid khab len gyi snod du gser gyi gong bu dang lhan cig bskol bar bya ste ji srid phyed kyi tshad du gyur pa'o/__/de nas rab tu blangs te dag pa'i kar srang brgyad ces pa la de ni rgyal po la sogs pa ma yin pa rnams kyis zas yongs su 'ju ba'i dbang gis dgu la sogs pa dang bdun la sogs pa yang ngo /__/pho ba ris kyi phye ma ka ra'i drug cu rtsa bzhi cha yang de la bsre bar bya'o/__/de nyid thams cad dus su bza' bar bya ste kha zas rnam spangs bgrod pa ji srid nyid du'o/__/zla ba drug gis lha yi lus te skra dkar gnyer ma bral ba 'di yis 'chi med nyid du 'gyur/__'dir btung ba la twam b+hu la bza' ba bsgrub ste twam b+hu la'i snyigs ma dor nas so/__/de ni dus thams cad du bza' bar bya zhes pa ni dwangs ma de nyid cho ga des bza' bar bya ste/__gser gyi gong bus rnam pa dman pa longs spyod par bya'o/__/zhes pa'i dgongs don 'phags bod kyi mkhas grub mang pos phyag bzhes su mdzad pa la ye shes DA ki'i snyan brgyud mkhas grub o rgyan pa chen pos bka' srol rgyal dbang rang byung rdo rje la bka' bab/__de nas rim par kun mkhyen chos kyi 'byung gnas kyi bar du brgyud de paN+Di ta chen po de nyid kyis phyag len ma dag pa'i cha rnams bsal/__brgyud pa'i phyag bzhes gtsang ma la 'phags bal gyi mkhas pa'i zhal rgyun dpyad gsum dag pas gtan la 'bebs pa de lag len ji lta ba sman rgyal bde bar gshegs pa 'od kyi rgyal po dngos byon blo gros mtha' yas kyi gsung rab 'tsho byed mkhas pa'i snying bcud bzhin ma hA paN+Di ta mi pham rgya mtsho las dmar khrid mthong brgyud kyi brgyan te gtan la phab ste dngul chu legs par sbyangs shing g.ya' dang lci 'big gi dug thams cad bsal bar byas so/__/de skad du yang grub thob o rgyan pas/__zla ba g.yo ba'i gzugs 'dzin pa/__/tsha ba'i dbug can klu de yi/__/zhag can rab tu 'bar ldan pa/__/de yi ro bcud mtha' dag zos/__/nam mkha'i mdog can grub pa'i gzugs/__/rang gi chung ma kha sbyor ldan/__/bu yang rang gi 'dod pa 'dzin/__/zhes sogs kyis dgongs don rma med par phyag bzhes su ji ltar mdzad pa la g.ya' phyi ba/__lci 'bigs brtso bkrus 'dul ba/__dgra dang sprad na rang gzugs su bsgyur ba gsum gyi dang po la g.ya' phyi ba dang /__g.ya' khu 'don pa gnyis kyi dang po tsha ba gsum gyi g.ya' phyi/__hor zla brgyad pa'i tshes gsum nas brtsams nyin gsum dang /__tshwa bu phyi ba nyin gnyis so/__/gnyis pa la/__na ra k+Sha ra ste byis pa lo brgyad pa'i dri chu dang 1a shwa k+Sha ra ste rta sreb sngon po'i gcin dang 2go ba k+Sha ra ste ba dmar zal gyi chu=__3a rdzi ka k+Sha ra ste mtshur nag gi chu dang 4kar+Na k+Sha ra ste skyes dar ma'i dri chu dang 5ba tshwa'i chu zhes tsha sna gang 'dzom dang 6star bu/__ba chu/__chang skyur/__mtshur chu bzhi dang 7so phag ste lha jo'i dum bu bcag pa'i tshags phye dang 8kyis nyin re re sbyangs shing /__de rjes a tsa ra'i man ngag chang sgog shar mar bzhis nyin drug sbyangs pas ston ka'i ri bong 'dzin pa ltar ches dkar ba sogs kyi rtags bzang po dang /__gnyis pa lci 'big btso bkrus 'dul ba dngos la gsum/__btso chen/__btso 'bring /__btso chung gsum gyis/__dang po ni dag pa byas pa'i bdud rtsi dar ya kan nyid/__rdo khog gi snod du cong zhi rigs gsum khrol bur blugs pa dang 'ju byed kyi tshil lnga gzhung nas 'byung ba ltar blugs nas lci ba gser ka'i me du ba med pas nyin zhag bzhi bar ma chad pa btsos shing /__gnyis pa ni/__za byed khams brgyad kyi drungs chu la bong dmar phye ma btab pa dang /__skyur gsum gyi chu sogs kyis nyin zhag gnyis bar med du btsos/__gsum pa ni/__khams chen po de nyid lcags brgyad kyi thal ba'i grung chu/__/dan rog gi snum bsres pa'i snum nag tu bong nga'i phye ma cung zad bsres nas nyin zhag gcig btsos/__de dag gi mtshams rnams su bkru bshal sogs yang yang zhib bca' byas pa'o/__/de ltar yang stod sman gzhon nus/__/de ltar byas pas tshos pa'i tshad/__/rod rod gnyer ma khrig ge ba/__/khab dang shing bu btsugs pa 'dzin/__/nus pa gzhom zhing rtsi bsad par/__/gsungs pa'i man ngag gdams pa yin/__/zhes pa ltar gyi mtshan nyid gsal ba byung ngo /__/gsum pa dgra dang sprad nas rang gzugs su bsgyur ba la/__dngul chu'i rang ljid dang mnyam pa'i mu zi dug phral dang lhan cig sbyar nas nam mkha' dang nyi zer ma reg pa'i gnas khang du dge slong sdom ldan gyi bdud rtsi sgrub pa'i dzab[i] dbyangs sgrog bzhin pas rdo gtun drod can du nyin bzhin la btul bas mthing nag nam mkha' dwangs pa'i mdog can du gyur pa nyid/__slar yang khams bco brgyad dang lcags brgyad kyi grung chus brlan phabs te khro rnying gi snod gnyis su 'dur khang dbub pa'i 'phrul gyis 'dams thag nyin phyed gsum la sngags rgyun sgrogs bzhin bar mtshams su snod mer cung bsro ba dang /__gong gi grung chu nyung ngu res sbol ba dang /__nyin phyi ma nas rang shugs kyis skam par gyur gyi bar btul bas legs par grub pa'o/__/phun tshogs shar ri'i phrag nas thon pa yi/__/lhag bsam zla ba gsar pa'i lang tsho ni/__/ma smad snying rje'i mkha' dbyings rol pa las/__/skye rgur phan bde'i bdud rtsi'i bcud 'di 'jo/__/gang na chos 'byor snang bas khyab pa der/__/dkon mchog rin chen gsum gyis gdugs dkar pos/__/yongs su khebs pas dad mos spro ba'i tshal/__/'jug 'dod skal bzang rgyu tshogs mang du snang /__/legs par spyad pa'i rin chen rdul brtsegs la/__/nyes mang mun pa'i rlung gis ma bskyod cing /__/kun gsal lha rdzas bzang pos phyis pa las/__/mchog tu dge zhing brtan pa'i lhun po mdzes/__/rnam mang ring po'i dus nas srid pa 'phyan/__/sdug bsngal brgya phrag mang pos dub pa bdag__/da res 'jam mgon thugs rje'i 'od zer gyis/__/mngon mtho'i them rkas bzang po'i sne mor drongs/__/rgyal rnams dman la brtse ba chos nyid gshis/__/rtag par mkhyen brtse'i bdud rtsi lhungs ba las/__/lhag bsam dge ba'i sa bon cha tsam bskrun/__/de yi phrin las nor bu'i thag pa yi/__/cha shas bdag gi skal bar nges par byin/__/mchog grub rgyal po'i skye ba bcu gsum pa/__/bka' bab bdun ldan 'jam dpal chos bshes gnyen/__/gang gis gsang ba gsum gyis byin brlab pa/__/'og min chen po'i zhing khams 'di ru 'phos/__/mig stong ldan pa'i rnam rgyal khang bzang dang /__/gtsang ma'i gnas kyis phyogs cha'ang mi mtshon pa'i/__/gsang sngags bstan pa rgya mtsho'i 'byung gnas ni/__/rdo rje'i chos rdzong gsar pa 'di ko rmad/__/bkra shis dge mtshan bye ba'i gtams pa'i gzhir/__/bkra shis lha rtse'i gzhal med khang chen po/__/bkra shis bskal bzang chos kyi dga' tshal du/__/bkra shis 'chi med grub pa'i ba gam brjid/__/de na sman rgyal bla ma bai DUR+Ya/__/'od kyi rgyal po'i rnam 'phrul g.yu thog pa/__/gu Na nA tha dgyes par rol pa'i gnas/__/sman gyi sprin chen nyon mongs gdungs sel 'khrigs/__/'chi med bkod pa'i gnas der 'khor 'das kyi/__/sman rnams gcig tu spungs pa'i ma Ni ka/__dge legs 'dod dgu 'jo ba'i gru char des/__/dug gsum rgyu 'bras nad rnams sel bar byed/__/rgyud dang man ngag lag len brgyud ldan gyi/__/mkhas pa'i zhal lung snying dbus sim pa las/__/'chi bdag gshed po la yang mi snum pa'i/__/tshe rig dpa' bo chen po'ang gnas der lhag__/'gro ba'i srog gi gshed mar gyur pa yi/__/dug gi sgye'u thog pa'i sman pa dang /__/mtshungs min 'tsho byed drang srong chen po 'di/__/snyigs dus zur mkhar chos rje gnyis par byon/__/sman gyi ro nus zhu rjes la mkhas shing /__/'phel zad 'khrug pa'i nad kyi mtshan nyid shes/__/'jigs rung bzhi brgya rtsa bzhi'i dpung tshogs kyi/__/gnyen por zla med sman rgyal chen por bsngags/__/khyod kyi mngon sum gyur pa'i lag khrid gser bzang mi pham rgyal po'i dgongs don dang /__/'jam mgon bla ma'i legs bshad zung 'brel ji bzhin nyams su bstar pa las/__/rang bzos 'ching bus dbyen sbyor ma zhus drang srong bden pa'i bka' stsal bzhin/__/blangs dor rtags tshang zla shel me long gsal bar 'char las 'bras bzang rnyed/__/tsha zer can ni sman legs khyim du zhugs/__/ri bor 'dzin pa 'dod pa'i lha mo ni/__/khrum dang rtse ba'i zla ba ces byar grags/__/lha yi drang srong a gah+ya 'char ba/__/de la rtsi bcud sman sbyor thams cad kyang /__/gser 'gyur rtsi yi sbyor ba ji bzhin du/__/'chi gsos lha yi bdud rtsi 'gyur ba ru/__/gna' bo'i 'jig rten chen po rnams kyis bstan/__/phyogs bcu'i khams kyi bdud rtsi ji snyed pa/__/ma lus gcig tu bsdu la dus ring po/__/bskal pa yang zhag phung po bsdud byed pa'i/__/ngo mtshar thabs kyi che ba su yis rtogs/__/'dzin par dga' zhing rgod 'dar rang bzhin can/__/rdzas kyi gzeb tu tshud pas shin tu g.yung /__/kun tu zhi ba'i rang bzhin mthong ba 'dis/__/sems ldan rnams la bag yod bsten pa'i gnyen/__/shin tu mi bsrun srog gi 'jigs sbyin pa/__/dug chen drag po dug med par byed cing /__/dri med zla shel bdud rtsi kun dga'i gsos/__/mthong na bde ba'i ngang tshul 'dis kyang rtogs/__/lci 'big rtsi yi nyes bral zad byed brgyad/__/bcud ldan 'ching bar byed pa'i lcags brgyad dang /__/drag po'i me yi shugs kyis bskyod pa na/__/glog dmar 'khyug 'dra'i mer mer shig shig g.yo/__/dag pa'i khams de rin chen yol go ru/__/zlum por 'khyil bas chu shel can nyid dang /__/yas man 'gran pa lta bur chas pas na/__/sra mkhreg be con 'dzin 'dis khyad par 'phags/__/mi rgyu ha la'i gtso bo ba rA dA/__dngul chu/__gang la sngon gyi dus nas dgrar ldang ba/__/btsun mo mu zi ma yi dbyen sbyos pas/__/da lta'ang khyod nyid rnam par brgyan zhes grags/__/thabs kyis sgrub pa'i ro mchog chen po de/__/shes rab dga' mar snyoms par zhugs pa las/__/'chi ba med pa'i bdud rtsi a mr-i ta/__/srid pa'i 'jigs 'phrog 'pho med bde ba'i dpyid/__/sgrib pa'i bag chag 'joms pa'i ro chen pos/__/dus sbyor bcu gnyis rlung rnams dbu mar 'gags/__/gtsug tor nam mkha'i dkyil 'khor kun d+ha'i gzugs/__/thig le gcig tu 'khyil ba'ang 'di yi mthu/__/sngon byon grub chen bA+e ta li ba dang /__/klu yis 'dud pa'i dpal ldan klu sgrub sogs/__/sngon byon skal par 'chi med grub brnyes pa/__/de kun dngul chu'i bcud kyis grub par grags/__/rnam bcas bde ba'i ro 'dzin haM yig zhu ba'i thig le 'di/__/rnam med stong par 'jug pas nor bu mthon ka'i 'od 'phro ba/__/kun phan bdud rtsi'i zeg ma 'bum du 'phro bas nad kun sel/__/rdo rje'i lang tsho grub pa'i rdzas mchog 'di yis shis gyur cig__/de ltar legs par sbyangs pa'i dngul chu btso bkru chen mo 'di nyid rkyang pa zos pas kyang yon tan chen po thob par 'gyur te/__shrI ka la tsakra'i rgyud las/__zla ba drug gi lha yi lus te skra dkar gnyer ma dang bral 'di yi 'chi med nyid du 'gyur/__zhes zla ba drug tu bsten pas shin tu dwangs pa'i sgrib bral 'ja' lus rdo rje'i sku mngon du byed nus par gsungs shing /__grub chen o rgyan pa'i brgyud 'dzin stong sman mkhas pa gzhon nu grub kyis/__dug dang bral ba'i bcud rgyal des/__/dbang gsal tshe dang lus zungs 'phel/__/rgas sra mnan gtad byad rbod sogs/__/gdug pa'i gdon gyis mi tshugs shing /__/gdug cing gso dka'i nad rnams 'joms/__/khyad par dug chen gso dka' rnams/__/'di med rtsad nas 'byin mi nus/__/'di yi grogs ldan sman gzhan rnams/__/nus skyed yun ring lo 'das kyang /__/mi 'chor mi 'grib gnyen po mchog__/ces gsung pa ltar/__tshe 'phel/__lus stobs bskyed/__rtsa khams dwangs/__dbang po gsal ba sogs dang /__steng gdon byad kha rbod gtong bzlog pa la srung ba'i mchog tu bshad cing /__gso dka' ba'i nad rnams la 'dis gso bar nus pa dang /__mthar thug mkha' spyod kyi zhing du 'gro ba sogs phan yon mtha' yas pa 'byung ba'o/__/de ltar btso kru'i zhar byung du de nyid dang /__rin po che dngos gzhir med du mi rung ba'i 'ching byed lcags brgyad ni/__gser dngul zangs lcags mkhar ba ra gan gsha' dkar/__ti tsha ste zha nye dkar nag gnyis rnams la gser dngul zangs gsha' ti tsha rnams sbrang shog srab mo dang gzhan rnams sag brdar gyis drud pa'i phye ma rnams bsreg sgom me thub mar/__so so'i bsreg rdzas rnams gzhung bzhin byas nas bsreg pas rang mdog 'gyur shing ha cang thal ba'ang ma yin pa rang rang gi mtshan nyid dngos 'byed pa tsam du bsreg la ma tshig pa dang /__tshig ches pa dang /__'dril ba sogs kyis skyon med par byung ngo /__/de bzhin za byed khams brgyad ni/__gser rdo/__dngul rdo/__khab len rdo/__chu skyur rdo/__ba bla/__ldong ros/__pha waM long bu/__lhong tsher bcas brgyad po dag kyang zhib btul tshags su btsags nas/__sreg rdzas dang /__lhan cig kong bur sreg pa'i thal ba ste de ltar za 'ching gi rdzas de rnams dngul chu dang sbyar ba'i yon tan ni/__dngul chu grub pa las/__gser ni dngul chur bsres gyur na/__/yon tan bye bar 'gyur bar bshad/__/dngul dang bcud rgyal bsres gyur na/__/yon tan khri tsho 'gyur du bshad/__/zangs dang dar ya kan sbyar bas/__/yon tan khri tsho phyed du 'gyur/__/lcags dang dngul chu bsres gyur na/__/stong phrag 'gyur du nus pa thon/__/ces dang /__lhang tsher byin pa'i stobs kyis ni/__/yon tan brgyad 'gyur thob par 'gyur/__mu zi dang ni sbyar ba yi/__/yon tan drag 'gyur thob par 'gyur/__/gser dang mnyam par sbyar ba yi/__/ma 'gags nam mkha'i lam la 'gro/__/zhes gsungs so/__/rin chen mchog gi nus pa bsam mi khyab/__/tshangs dang dbang phyug byed pos bskrun min kyang /__/rgyu rkyen rten 'brel bsam gyis mi khyab pa'i/__/chos nyid 'di ni thams cad mkhyen pa'i yul/__/rdzas sngags nus pa rang bzhin mi dpog ces/__/grags pa 'di ni mi bslu tshad ma mthong /__/'phrog byed sa bon klu chen brgyad kyis zos/__/shi bar za byed dang ni dug myos pa/__/drang srong chen po brgyad kyis bkyig par grags/__/de ni 'ching byed brgyad po yin no zhes/__/'jig rten drang srong rgan po'i gtam gyi tshogs/__/ma brtag nyams dga' dpyad na brag rtsa bzhin/__/'dus byas dngos po skye 'jig 'gyur ba can/__/skad cig skad cig phan dang dgra gshed byed/__/nus pas nus pa 'phrog dang bskyed cing sdud/__/bcud kyi snying po 'chi med bdud rtsi'i zas/__/lus ni shin tu dwangs shing sra mkhreg rdo shel dkar po'i lhun po la/__/lang tsho 'bar ba'i gzi 'od dag ni nyi ma gzhon nus 'khyud pa rnams/__/dga' bde bsam gtan ting 'dzin sbrang chu yid kyi bu ga'i gcer bkug nas/__/nyin mtshan phyed min rtag tu dge zhing shis pa'i 'od snang mchog tu rgyas/__/gnyis pa dngos gzhi rin chen sman gyi sbyor ba dngos ji ltar sdud pa'i rnam grangs la ril nag chen mo dang rin chen mang sbyor/__rin chen yang zab/__dbang ril shel dkar mchod rten/__rat+na bsam 'phel/__zla shel chen mo bcas rgyal ba'i sras po sems dpa' chen po rnams kyis thabs mkhas kyi spyod pa phar phyin drug gi grangs nges su bsdus pa ste/__de yang rgyal ba rnams ni thabs mkhas dang thugs rje tshad med pas sems can la dngos dang brgyud pa'i sgo nas phan bde mtha' yas par 'phral dang yun du sbyin pa las/__'dir sman sbyor thams cad kyi rgyal po rdo rje btsun mo wa ra his mkhas grub o rgyan par snyan brgyud du gdams pa'i rin chen ril nag chen mo zhes yongs su grags pa de nyid kyi sman ji ltar bsdu ba'i tshul/__de yi dug 'don phyag len/__bsre brtags kyi tshul/__ril bu byed lugs bcas bzhi las/__dang po ni/__dngul chu grangs 'dur chen mo mu zi 'dres pa srang /__4 000la gzhi blang nas/__a b+h+ra ha ra ste lhang tsher nag po btul ma/__1 000gser srang 1 dang zho 1gis lhag par gser rdo bsreg pa'i thal bas kha skongs ba bcas/__4 50dngul thal/__5 00zangs/__3 00lcags/__3 00rag3 00mkhar/__3 00zha nye/__3 00gsha'/__3 00rnams kyi thal ba/__khams brgyad re re la srang gsum re brtsis pas khyon/__24 00a ru lcags rtsi zla 'od/__18 00lcags rtsi dkyus ma/__12 00rgya mtsho spos shel ser smug shin tu dwangs pa dang /__sbur len ste spos shel dkyus ma bcas/__3 10bye ru/__7 20khyung skyug10 20dung /__2 00nal rdog17mu men/__4 50g.yu bzang po/__8 40rang byung shel rdog18shel mo rdog1 50zur brgyad shel ltar dwangs ba'i pha lam rdog1kha dog ljang gu'i ma rgad rdog1sngo skya dwangs ba'i maN+Di ni la/__1mchin kha pad+ma ra ga20ser dwang mar khu'i mdog gi puSh+pa rA ga1g.yu sprug1nya phyis sab pa'i mu tig5 80smug po sbal rgyab/__1 00ti se'i gangs thig1 00gangs thig dkyus ma/__1 00rwa ris yod cing kha dog nag pa'i many+dzu'i ra/__1 00mdung rtse dkar po/__1 00sbal mdung 'dren pa'i mdung rtse dmar/__1 00khab len/__1 00pho cong /__1 00mo cong sul zhib can/__1 00cong zhi dmar po/__1 00cong zhi ser po/__1 00dkar sob ma ning cong zhi/__1 00mtshal dkar/__1 00lcags rdo/__1 00chu bcad tshwa la/__1 00mgron bu sbo can rog tsam bsreg pa/__1 30tsan+dan dkar/__10 00tsan+dan dmar/__10 00ar nag1 000lho sug min pa'i sug smel/__6 00li shi/__6 00smyug cu gang 'dres pa'i cu gang /__6 00kha che gu rguM/__6 00dza ti/__6 00ka ko la kog phral/__6 00g+hi waM/__6 00gla rtsi/__10 00ko byi rdog2 20/__ga bur/__5 00rgya gar bong dkar/__7 00rgya gar bong dmar/__7 00bong ser/__7 00dpa' bo dkar po/__7 00dpa' ser/__7 00dpa' rgod/__7 00su mi smug po/__7 00su mi ser po/__3 00yo 'bog shing /__7 00yug shing khaN+Da/__7 00char nyung khaN+Da/__7 00gang+ga chu/__7 00be skyes re ral khaN+Da/__7 00bya rgod spos/__7 00brag ja me tog7 00byi'u la phug7 00stag sha7 00a b+hi Sha/__7 00spang rgyan dkar po/__7 00kyi lce dkar po/__7 00lung thang rdog35spyi bzhur/__7 00bse ru dkar po/__7 00rma bya'i mdongs/__24sgang thur sor bzhi pa/__200stag gi sma ra bub/__13bu mo stag lo ma'i gri mchin phon che ba la phag mar gsar gyi mchin pas kha skang ba bcas/__8 00skyes pa grir shi ba'i lag pa'i nya sha2 00sha ba'i tshil/__1 00seng ge'i tshil gsungs pa gter byon seng ge'i sha dang 'dam 'di nas ma dpe ma thob pas dpe gzhan nas seng tshil/__1 00stag gi 'o ma/__1 00gri sha1 00mi'i phya tshan/__1 00rta yi phya tshan/__1 00khyi'i phya tshan/__1 00bud med dang nyi mas ma reg zhing lo bcu gnyis lon pa'i yungs kar/__2 000yungs gzhi/__26 00pad kha'i 'bru/__2 50skyer pa'i bar shun/__7 00ser rgod par shun/__7 00'am bu'i bar shun/__7 00dbyar nyi ma ldog gang gi srad nag10 00a ru gser mdog gi sha10 00bcas rtsa ba'i sman sna brgya dang gcig go/__gnyis pa 'khor sman la/__brag zhun khaN+Da/__5 00khyung sder smug po/__7 00khyung sder dkar po/__5 00spu shel rtse/__5 00par pa ta/__5 00ut+pal/__5 00de wa g.yu chung /__5 00spang rtsi/__5 00sgang thog pa'i 'bru/__5 00rtsi dmar/__5 00phur nag lo sib can/__5 00lcags kyu pa/__5 00gser me/__5 00tig ta/__5 00stor ri zil ba/__5 00tang ku lo sib can/__5 00dwa lis me tog5 00spri yang+ku dus btus/__5 00shug tsher/__5 00snya lo'i rtsa ba/__5 00bud med stag lo ma'i spyi mchan spu/__0 50bcas 'khor sman nyer gcig go/__gsum pa de steng o rgyan pa'i kha tshar gyi sman la/__a ru gser mdog gi rus pa/__5 00rgya ru/__0 75kha sha'i rwa/__0 75sha ba'i ga dor/__0 75ser po rgu drus/__4 00ma nu/__8 00'u su/__1 60zi ra nag po/__1 60zi ra dkar po/__1 60la la phung /__2 60dug mo nyung /__4 00bse yab/__4 00sle tres/__4 00btsod khrag8 00phag khrag8 00a 'bras/__0 40sra 'bras/__0 40'jam 'bras/__0 40star khaN/__5 00spos dkar/__4 00thal ka rdo rje/__4 00so ma rA dza/__4 00gu gul/__4 00dbang lag4 00si ling /__2 00pho ril/__1 60rin chen snyag snum ldan/__2 40gtsang rus/__4 80skyu ru'i sha8 00ba ru'i sha8 00sga dmar/__1 60lcags sbrul/__3 00bya zer mo'i sgro/__1 00stag gi mche ba/__0 50nya rus/__0 50sram brun/__0 50rma bya'i sha4 00rma bya'i mkhris pa/__0 10g.ya' kyi/__4 00lug ru smug po'am glang sna/__4 00bcas kha tshar sman sna bzhi bcu'o/__/de steng khyad par gyi gsang sman gsum bcas dril bas khyon sman gyi rnam grangs brgya dang drug cu rtsa lnga'o/__/gnyis pa de yi dug 'don gyi phyag len ni/__a ru gser mdog gi sha zhib par btag te sdom ldan gi chus skyo ma gar ba tsam lcags snod du g.yos nas kheb brgyab nas bsnyal ba kha dog mthing 'tsher can zla 'od la bzhag pa dang /__ma bzhag pa'i lcags rtsi dkyus ma phyag len bzhin bzos/__rin chen rigs rnams dug 'don la/__rin chen yongs rdzogs kyi ljid mnyam ze tshwa dang tshwa la chu gcod/__rin po che'i sum cha be skyes re ral dang be ljang bdud rtsi/__gang+gA chung /__rin po che'i phyed cha star khaN/__a ru dang 'gron thal/__gla rtsi gsum so sor tshwa 'debs tsam bcas khrob brdung byas pa lo brgyad chu la btab nas btsos pa'i chur rin chen rnams khram khrum brdung pa ras khug tu blugs nas bye ru mdog ma 'gyur bar btsos/__slar yang chang skyur du yun du btsos nas chu grang gis lan gsum btso bshal byas so/__/rdo sman rnams tshwa la dang ze tshwa dang mnyam 'thag cung zad dgos/__ko byi la spu bzhar te chu brdung nyin gsum byas/__ga bur cu gang dang bsres te btags/__bse ru dkar po mer rtsi hrog tsam bsreg ste chu brdar byas/__rma bya'i mdangs/__stag gi sma ra/__zer mo'i sgro/__bud med kyi skyi mchan spu rnams ni so sor li sder phyis legs nang du mar me bzhag__/de'i me lce'i 'od kyis bsreg go/__gsum pa bsre 'thag ni/__sman rnams so sor dug 'don tshul bzhin bgyis te rtsi bzhin zhib par btags nas so sor kha byang bcas legs par grub nas so sor sbyor tshad ltar srang la gzhal/__de nas bsre 'thag dngos/__mu dngul/__srad nag__/bcas dang /__phabs rgyun skor rgyal chen in+d+ra b+hU ti'i rin chen ril bu dang /__gzhung sa chen po/__karma pa/__si tu chos 'byung /__mkhyen brtse'i dbang po/__'jam mgon mi pham rnams kyi rin chen ril nag chen mo sogs kyi 'phar rgyun sbyar ba bcas 'dam 'thag nyin gnyis/__sman gzhan rnams cu gang ga bur bsres pa dang /__de nas rim bzhin bong dkar sogs bsres te skams 'dul nyin gnyis/__de nas dngul chu dang srad nag bsres pa'i sman 'dam dang /__gzhan sman phye rnams dang khaN+Da rigs bcas bsres nas 'dam thag nyin gnyis/__de nas lo brgyad chus 'dam 'thag nyin gnyis/__de nas se 'bru'i chus 'dam 'thag nyin mtshan kha sbyor bdun la byas/__de skabs bsre 'thag 'gos bzungs nas sman 'dul mkhan rnams dang /__sman bla longs sku'i sgrub mchod 'jugs cing sngags rgyun mkhan thun bzung ste/__oM sarba pany+tsa a mr-i ta ra sa ya na ta na rA dzA ya g+hu pa sid+d+hi hU~M hrIHTha/__zhes dang rang gzhung gi sman gzungs sogs ril bu'i bya ba ma rdzogs bar rgyun ma chad par byas so/__/bzhi pa ril bu byed lugs ni/__sman zan spos thur ltar btsir bar gam tshad kyis ril tshad sran ma 'phos pa nyis log tsam du dril te ril rtsi sogs zin bris sngar ma rnams ltar byas so/__/rgyud rgyal dus kyi 'khor lo sogs/__/rgyud sde rnams kyi dgongs pa'i mthil/__/dpal ldan rdo rje mkha' 'gro mas/__/o rgyan dpal la snyan brgyud du/__/stsal ba'i rin chen sbyor sde 'di/__/snyan nas snyan du brgyud byas te/__/mkha' 'gro'i zhal rlangs ma yal ba/__/deng gi bar du bzhugs 'di rmad/__/zhes kyang smras so/__/rin chen mang sbyor chen mo'i sbyor sde la/__sbyor tshad dang 'dam chu sogs bshad pa gnyis las/__dang po/__a ru gser mdog gi sha lcags rtsi zla 'od byas pa/__6 00dngul chu btso bkru chen mo/__5 00bse ru/__2 00gser bye/__2 00sdig srin/__2 00lcam 'bru/__2 00dza ti/__2 00smyug cu gang /__2 00kha che gur gum/__2 00sug smel/__2 00li shi2 00ko la/__2 00ru rta/__2 00a 'bras/__2 00sra 'bras/__2 00'jam 'bras/__2 00tsan dan dkar po/__2 00rang byung mtshal dkar/__2 00char nyung khaN+Da/__2 00gi waM/__2 00bye'u la phug2 00rgyal po re ral/__2 00be skyes re ral/__2 00bre gu gser thig2 00brag skya ha bo'i me tog2 00phya tshan gsum/__2 00nya rus/__2 00sram brun/__2 00dam mkhris/__2 00bong dkar/__2 00bong dmar/__2 00dpa' rgod/__2 00dpa' bo ser po/__2 00yungs ba ser po/__2 00ko byi/__2 00go yu/__2 00brag zhun khaN+Da/__2 00su mi smug po/__2 00su mi ser po/__2 00ba ru'i sha2 00skyu ru'i sha2 00g.yu/__2 00bye ru/__2 00mu tig2 00nya phyis/__2 00mu men/__2 00ba sha ka2 00gla rtsi/__1 50bcas sman sna zhe bdun la dug 'don sogs phal cher gong dang 'dra zhing /__ko byi spu bzhar nas mdzo mo na gzhon gyi 'o mar btsos te cha gsum 'thag par byas pas dug khral dang /__'dam btag la/__se 'bru bzang po/__2 00zhan pa/__2 00bcas khrom khrum brdung ba chu bre bzhi bkol ba la cha gcig 'thag gi bar bsdus khu tshags la dwangs nas sman phye rnams gar sla zho tsam byas par/__sku zhabs si tu rin po che'i phyag sdud mang sbyor chen mo dang /__rab yid me 'brug lor 'jam dbyangs mkhyen brtse'i dbang pos bsdu sgrub mang sbyor bcas la gong gi 'phel gdung /__dam rdzas bdud rtsi chen mo dang /__dbang ril 'khrul med rdog gnyis bcas sbyar nas bsre btag nyin bzhi byas rjes ril bu sran 'phos nyis 'gyur tsam du dril nas ril chags them par byas pa'o/__/gso dka' bi Sha'i nad ces pa/__/ming tsam thos pas sngangs byed na/__/mthong dang myong ba'i 'jigs ster la/__/nges pa som nyi su zhig mchis/__/sman gyi sbyor ba 'di nyid la/__/che thang bsngags par mdzad pa'ang /__/dug 'joms lhag par zab phyir na/__/yon tan brjod pa'ang de la dgongs/__/rgyud kyi dgongs pa'i snying phyung ba/__/man ngag myong bas legs bsdebs pa/__/kun mkhyen nyin mor byed de yi/__/drin las da lta'ang nyam mi nga /__/zhes kyang smras so/__/rgyal ba rang byung zhabs kyi dgongs pa yang zab rin chen ril bu zhes shin tu khyad par 'phags pa de nyid bsdu thabs/__dug 'don thabs/__'thag tshul dang gsum las/__dang po ni/__dngul chu grang 'dul chen mo srang /__16 00lhong tsher btul ma/__10 00a ru gser mdog sha rkyang /__10 00li shi/__1 70kha che gur rgum/__1 70sug smel/__1 70smyug chu gang 'dres pa'i cu gang /__1 70dza ti/__1 70ko la lkogs phral/__1 70srang nag8 00rma bya'i mdangs/__stag gi sma ra/__ldum stag pho mo/__12 00yungs bzhi/__1 00yungs dkar/__1 00bong dkar/__1 00bong dmar/__1 00bong ser/__1 00sgang thur/__1 00phya tshan gsum so sor/__1 00nya rus/__1 00sram brun/__1 00g.yu/__1 00mu tig la nya phyis 'dres pa/__1 00sbur len/__1 00mu men/__1 00gi waM/__1 00dpa' dkar/__1 00dpa' ser/__1 00stag lo mo'i mchin pa/__2 00khyim bya de pho'i ze ba/__2 00phyi sder te ting 'dzer cha/__21sbrul mig cha/__3dom mkhris/__0 50gla rtsi/__0 50bu mo'i so dang po brjes pa/__bu lo bcu bdun pa dang /__bu mo lo bcu gnyis can gyi pho g.yas mo g.yon gyi mchin rtsa ru thung gtar ba'i khrag 'khyor ba re la bzang drug btab nas skam du bcug pa/__kha skang gi sman la/__bse ru dkar po/__1 00rtsa brgyad stong sbyar/__1 00sran chung zhes sngon mo chab 'dren/__1 00sran dkar/__1 00sgang thog1 00pu shud sgang chung /__1 00gser dngul zangs lcags bzhi'i thal ba so sor/__1 00khyung skyug1 00nal/__1 00nya phyis/__1 00rma bya'i sha0 50khyung sder dkar po/__0 50khyung sder smug po/__0 50thag sbrul gyi stod lpags/__0 50mgron thal/__0 50ne tso'i mkhris pa/__0 50bya zer mo'i stod sha0 50co ga'i sgang chu/__0 50chu bya'i khrag0 60spra ba'i me tog0 60gla spu'i gzhob/__0 60tis lo'i klad pa/__0 80gnam ma mthong ba'i chu rdel/__0 80gla mche/__1 00stag gi sder mo/__1 00spre'u'i mkhris pa/__0 40sgog pa chig skyes kyi thal ba/__0 60shu dag dkar po/__0 60mtshal dkar/__0 40phag mchin/__0 80te sman sna bdun cu rtsa bdun legs par bsdus pa'o/__/gnyis pa ni/__a ru gser mdog rus pa ma dor gong rgya skag chags pa'i shing thal chur btab pa'i nang zhag gcig sbangs nas dor la btags/__gzi mdang srad nag med pa'i rgyal po dang /__srad chung /__srad dkar rnams lcags snod so sor blugs/__chang nem tsam gtor/__bul tog sman thun tsam btab la rta rmig gis so sor btags/__rma bya'i mdong ni li sder la phag tshil byug pa mer bsreg pa'i nang sgro thig rkyang pa gzhob/__stag gi sma ra yang de mtshungs/__ldum stag pho mo spu bzhar la ra'i 'o mar bskol/__'o ma thag la khad dus sman blangs nas 'o ma dug can sar sbar zhing sman nyid chus bshal te rlon brdung byas/__yungs dkar nag gnyis lo bcu gnyis lon pa'i bud med kyis ma reg pa zangs snod du/__tshig sgra ma byung bar rngo/__sgang thur sur dkar gyi thal tshan la rtse rting ser hrog bsreg__/g.yu ni sgang thog pa khrob brdungs byas pa rlangs par brtsos pa'i snum gyis byug la me nyob tu reg mi bzod tsam bsreg__/mu tig mu men phag tshil byug nas shing so ba'i me nyob tu gong bzhin bsreg__/sbur len hrob brdungs kyi ras nang btum nas bong bu'i rmig pa brdungs phye chur btab pa'i nang lhog gcig gnyis btso/__bya pho'i ze ba/__phyir sder la snum nag byug te mer ser tsam bsreg__/sbrul gyi phyi lpags gnyis ni/__ze tsha/__gla rtsi/__bong bu'i rmig pa gsum gyis phye mar chur btab par lhog gcig bskol nang yun ring tsam sbangs/__bu mo'i so ba so'i phye ma dang mnyam du rgyangs rtsam btso/__khye'u pho mo'i mchin rtsa ma gtar ba'i zhag gnyis gsum nas gi waM dang /__gar chang blud/__bse ru dkar po rtsi hrog bsreg zhib 'thag kyi chu 'dur nyin mang bar byas/__sgang chu rnams 'dam 'thag skabs kyi sman phye dang lhan cig bsre/__gla spu lcags sder snod mer bsreg nang gzhob/__gnam ma mthong ba chu rdel khams brgyad ltar btso mi sreg__/glang mche dang /__stag gi sder mo gnyis sgog pa nus bsreg rdog gsum dang bsre 'dul bya'o/__/gsum pa ni/__khro rnying gi snod gtsang mar/__dngul chu grang 'dul dang /__lhang tsher/__'phel gdung /__bdud rtsi/__sku zhabs si tu rin po che/__karma pa bcu bzhi pa theg mchog rdo rje rnams kyi yang zab ril bu phab gta' sbyar nas star khu'i khaN+Da chus sbyangs gar sla zho sla brtsam la 'dam 'thag ja yun re dang /__de nas bu mo'i so/__bya pho'i ze ba/__phyir sder/__sbrul mig sgo nga gnyis/__tis klad/__gla spu'i gzhob/__ne tsho dang spre 'khris/__zer mo'i sha/__chu bya po tho'i khrag__/rma bya'i sha bcas kyi phye mar btab/__de rjes bong nga gsum/__dpa' bo gnyis/__su mi rnams btab/__de brgyab a ru ldum stag pho mo/__srad dkar nag__/de rjes yungs dkar nag__/sgang thog gi waM/__gla rtsi/__sgang thur/__stag gi smar gzhob/__dom mkhris phye ma/__de rgyab rin po che bzhi/__thal sman bzhi/__khyung skyug__/nal nya phyis/__de rjes phya tshan gsum dang tshab bcas dang /__phag mchin sogs btab/__de rgyab khye'u pho mo'i khrag__/de rjes sman gzhan gang yod dang nyin gcig bsre 'thag rjes/__se 'bru/__lo brgyad chur bsdus kyi khu ba tshags su drangs pa'i nang du gar sla zho tsam byas nas 'dam 'thag nyin bdun la sngags rgyun bcas btag nas ril bu blang dang nye ba na/__sman zan je skam du 'gro bar byas te/__ril nag chen mo ltar ril bu blangs la ril tshags them ba dang /__zar ma sbangs pa'i drung chur gar mo sbu ba byung tsam bsros nas rtsi gsol bar byas so/__/kye ho/__thar 'dod skyes bu'i nyer 'tsho'i gzhi rten tshe ring pa ni dge ba ste/__/mngon par mtho ba'i nor gyi mchog gyur legs rgu brgya phrag 'byung ba'i gnas/__/de phyir de la thabs tshul khyad 'phags gus pas rtag tu brtson byas nas/__/kun dga'i lang tsho zla ba dang ni nyin byed ji bzhin mtshungs pa med/__/de yang zhi bsil sman gyi ri bo las/__/sngon byon mes pos tsha grangs re bsdeb nas/__/sman dang sbyar ba'i nang nas 'jog po yi/__/gtsug brgyan yang zab 'di ni khyad par 'phags/__/rang byung rdor rje grags pa'i sman gyi rgyal/__/mi bskyod cod paN 'chang ba'i rgyal ba des/__/ring nas brtse ba'i bdud rtsi gsog pa las/__/zug rngus mnar ba'i 'gro la bcud du sbyin/__/lus kun spyan stong bkra zhing lto zhal bsgrad/__/mi zad dud kha'i mdog can ke ta'i dug__/yid tsam shin tu myur ba'i glog zhags kyi/__/snang ba min pa'i grong la 'khrid de yang /__/yang zab sbas pa'i ril bu mun po'i mdog__/phyag na rdo rje'i stobs 'chang pha lam 'dis/__/reg pa'i mod la 'thor rlung drag po yis/__/gdon gyi sprin nag rgya mtsho'i pha mthar bskrad/__/gzhan yang 'di yi yon tan rnam mang po/__/brjod pa'i ngal ba chen pos ci zhig bya/__/rtag tu mi 'bral mgul pa'i rgyan byas na/__/gang byung tshe na thengs pas chog pa yin/__/zhes ched du brjod pa'o/__/bzhi pa dbang ril la/__rdo rje mkha' 'gro sogs kyi dgongs pa grub thob o rgyan pa'i phyag bzhes shel dkar mchod rten dang /__lha rje dge ba 'bum/__dar ma mgon po/__byang pa rig ldan sogs kyi phyag bzhes rin chen d+ha ri ma gnyis las/__de lam man ngag gi bka' bab khyad par du 'phags pa o Di ya nar gshegs pa'i rnal 'byor dbang phyug chen po'i phyag bzhes ltar 'du bgyis pa ste/__de la yang sman gyi rnam grangs dang /__dug 'don/__bsre 'thag ril bu bcas bya tshul dang gnyis las/__dang po ni grub pa'i dbang ril la/__rgyal rigs dang /__rje'u rigs/__blon po'i rigs te rigs kyi dbye ba gsum dang /__'byung khungs gi sgo nas srog chags du ma las byung ba yod kyang /__'dir rma bya/__sbrul/__gla ba/__bya gar/__'bri/__mdzo mo/__ba glang /__ra bcas kyi dbang ril rdog bco brgyad la srang /__31dngul chu grangs 'dul chen mo/__10 00gser thal/__1 05dngul thal/__5 00zangs thal/__5 00lcags thal/__5 00g.yu drug dmar/__0 02drug dkar/__0 03g.yu rnying sna tshogs/__2 00mu men/__2 00mu tig0 50nya phyis/__1 00bye ru/__1 50me shel/__1 50chu shel/__1 30sbu len bzang ba/__0 35sbur len dkyus ma/__1 15khyung skyug1 00g+hi waM/__1 00gla rtsi/__0 50a ru gser mdog sha rkyang gis blangs pa'i lcags rtsi zla 'od/__7 00gser mdog kyus ma rdog53lhang tsher dmar po'i thal ba/__5 00dzA ti/__2 00sug sme/__2 00cu gang la smyug cu gang 'dres ma/__2 00kha che/__2 00li shi1 47ko la/__3 00dung /__2 00dom mkhris/__0 50bya rgod 'khris pa/__0 50bsre ru dkar po/__2 00rdum stag rdog50tsan+dan dkar po/__2 00tsan+dan dmar po/__2 00bong nga dkar po/__2 00bong nga dmar po/__2 00khyung sder dkar po/__2 00khyung lder smug po/__2 00dug nyung /__2 00dpa' rgod/__1 00dpa' dkar/__2 00dpa' ser/__2 00mi yi phya tshan/__1 00rta yi phya tshan/__1 00khyi yi phya tshan/__1 00skyes dar ma grir shi ba'i lag gnyis/__1 00sha tshil/__1 00rma bya'i sha0 50ze mo'i stod sha0 50bu mo stag lo ma'i mchin pa/__1 00phag mar gsar mchin pa/__1 00phag khrag0 50dom mchin/__0 50stag mche/__1 00phyi mchin/__0 50rus sbal nag po'i sha0 50rma bya'i sgro mdangs/__24gzu mo byi thur/__40chang nyung khaN+Da gnam ma mthong ba/__13yu gu shing gi khaN+Da/__1 30brag zhun khaN+Da/__1 50mgron thal/__1 00yungs dkar dang yungs gzhi 'dres ma/__2 00skyer pa'i bar shun/__1 00su mi smug po/__2 00yungs ba/__2 00cong zhi sum 'dres/__2 00rdo dkar po chig thub/__1 50gangs thig1 50mtshar dkar dang rgya mtshal 'dres ma/__2 00srad nag2 30sgog chig thal ba/__0 50re ral/__1 50pu shud sgong nga /__0 17co ga'i sgong nga /__0 17sbrul gyi mig rdog3khyim bya'i ze khrag__/ne tso'i mkhris pa gcig gi sum cha/__sbrel mkhris gnyis kyi sum cha gcig__/khye'u pho mo'i mchin khrag gsum cha/__bu mo stag lo'i so gcig__/de'i spyi bo'i skra/__stag gi kha spu/__chu bya'i khrag__/sbal nag khrag__/gnam ma mthong ba'i chu rdil/__khyi gu mig ma bye ba'i rgyu ma gnam ma mthong ba/__bdud rtsi chos sman khungs ldan/__dpal sa skya'i bdud rtsi ril bu bcas sman sna brgyad cu rtsa brgyad legs par 'du byas pa'o/__/gnyis pa dug 'don bsre 'thag ril bu blang tshul ni/__ji skad du dbang ril dkar po mdzo mo'i 'o mar btso/__ser po btsos zan nang bsreg dmar po ni/__/rgod sha'i nang du leg par 'tshod la btul/__zhes pa ltar nam mkha' mi mthong sar g.ya' med pa'i snod du drod bab tsam btso/__dbang ril sngo ljang yod na chang gis btul bar gsungs/__zhes pa ltar dkar yol gtsang mar kha che g+hi waM/__gla rtsi/__li shi/__dzA ti rnams dbang ril srang gang la/__zho re'i bungs tshod kyis zhib par btul ba dang /__byis pa ming bkra legs pas chu mig kha shar bstan nas skyog gis bcus pa'i chu dang /__dbang ril phye ma lan cig zhag gcig gi bar du 'bras dkar gyi g.yung drung bris pa'i khar bkod/__dar dkar gyis kha bcad de bzhag__/g.yu rigs rnams sgang thog 'bru ras thums byas te rlangs pa'i khar btsos pa'i snum gyis byug la me nyob tu lag pas reg mi phod rtsam bsreg__/mu tig dang /__mu men la phag tshil byug nas so ba'i me nyob tu bsreg__/sbur len khrob brdungs bong bu'i rmig pa chur drod phab sbangs pa'i nang ja yun tsam btso/__gla rtsi/__gi wang gnyis kyi phye ma chang bzang gi sbang la btag__/a ru gser mdog rdog po rnams rgya skyeg kyi shing mer bsregs kyi thal ba gro changs su drod phog kyi nang du zhag gcig sbang la rus pa dor nas grib skam bya/__ldum stag pho mo spu bzhar la bong bu'i 'o mar lhog gsum bzhi bskol te 'o ma 'thag la khad tshur blangs nas 'o ma la dug yod pas sar sbas ldum stag chu gtsang gis bkru/__skyes dar ma grir shi ba'i nya sha dang /__sha tshil/__rma bya'i sha/__zer mo'i stod sha/__rus sbal nag po'i sha rus rnams/__go bo'i sha phye ma thun che dang /__gla rtsi thun bzang 'bras bu gsum gyi phye ma so sor nas thun bzang re bcas chur btab pa'i nang du sha rnams bcug ste bton la tshag sha'i bar du bcug ste mer tshag sha se hrog tsam bsreg nas 'don/__stag gi mche sder/__mgron bu nus ldan bsreg thal/__rma bya'i mdong thig la phag tshil byug ste mer bsreg pa'i 'od la gzhob/__gzugs ngan srad nag lcags snod du chang bzang nem nges dang /__bul rtog thun gsum btab ste rtil rmig gi nag seng ma byung bar bsnur nas grib skam bya/__sbrul mig ni ze tshwa gla rtsi thun re btab pa'i chur zhag gcig sbangs/__stag lo ma'i so ba so'i phye ma cung zad dang lhan du yun ring rtsam du btsos la bshal/__bud med kyi spyi skra dang stag gi kha spu me shel 'od bsregs kyis gzhob bya/__chu bya'i khrag__/khyim bya'i zer khrag__/sbal khrag__/phag khrag rnams rang rang gi phyed lan gyis gla rtsi chur sbangs/__khyim bya'i phyir sder snum nag tu ser tsam bsreg__/phag dang phyi ba dom gyi mchin pa rnams gla rtsi'i chur sbang slar bton nas grib skam bya/__mkhris pa rnams zhib btul gyi chur sbang nas bsre/__gnam ma mthong ba'i chu rdo khrob brdungs la mtshur chur bskol la zhag gcig bsnyal/__phyir nang de ltar bkol nas mtshur chu pho/__chu grang gis yang yang bshal/__khyi gu'i rgyu ma rta rmig gzhob phye'i chur sbang la ci'i mer bsreg__/byi ru/__khyung skyug me shel/__chu shel rnams rang mnyam gyi ze tshwa dang /__chu bcad tshwa la/__sum cha'i be skyes re ral/__be ljang bdud rtsi/__gang+gA chu/__rin chen phyed kyi star khaN/__a ru sha rus zhib btag srang gang /__mgron thal srang gang /__gla rtsi zho bzhi bcas so sor brdungs nas lo brgyad dri chu dang gar chang bsres nas/__rin chen bzhi po khrob brdungs kyi so sor ras khug tu blug nas byi ru mdog ma 'gyur bar dang /__btso rjes chu grang gis yang yang bshal bar bya'o/__/lcags rtsi zla 'od sogs phal cher gong ma dang 'dra/__bsre 'thag dngos la khro nang du dngul chu btso bkru chen mor lhang tsher thal ba bcas skam 'dul ja yun tsam dang /__ston pa'i 'phel gdung /__sde dges bsdus pa'i dbang ril phab gta' sbyar/__star bu khyor ba nyi shu'i bab kyis khaN+Da'i chus 'dam 'thag ja yun tsam dang /__de nas mkhris sna rnams dang /__de rjes sbrul mig__/ze khrag__/phyir sder/__stag lo ma'i so'u/__sha tshil/__sha sna/__khrag sna/__mchin rigs rnams btab/__de nas bang dkar dmar/__dpa' bo gsum/__su mi smug po/__de rjes/__a ru/__srad nag__/ldum stag__/de nas yungs gnyis/__gi waM/__gla rtsi/__dam mkhris/__de rgyab rin chen rnams/__de nas phya tshan gsum dang stag lo'i mchin pa/__phag mchin/__de nas bzang drug__/khye'u khrag__/de 'phros sman lhag thams cad dang /__khaN+Da sbangs pa rnams btab/__de rnams kyang snga ma snga ma rnams 'dres nges kyi ja yun ring tsam re 'dur nas se 'bru khyor ba sum cu tsam lo brgyad dri chu dang /__sdom ldan gyi chur sbangs te bsdus pa'i khu ba tshag drangs kyi dwangs mar gar sla zho tsam bya ste nyin lnga la 'dam 'thag byas pa'o/__/de ga'i skabs su sman dzapra[i] kyi sngags rgyun kyang sgrogs/__'dam 'thag them nas sman zan ril tshad kyis bcad nas legs par bsgril shing ril rtsi sogs snga ma bzhin du legs par sbyar bar bya'o/__/phyir na rten 'brel nus pa'i mthu brtas pas/__/nang gi 'byung ba'i ro bcud chen po rnams/__/dpal gyi khyab 'jug bdag pos legs par bzhus pa las/__/sngon med dbang po'i ril bu zhes grags pa/__/kha dog ma nges cir yang 'char ba 'dis/__/'gro ba rnams kyi srog rten dbang po bzhin/__/phan 'dog grub pa'i mthu stobs khyad 'phags pa/__/de nyid rtsi sman tshogs dang legs sbyar shing /__/shin tu gzhung pa'i sbyor ba bsten pa las/__/bcud ldan bdag po'i 'chi med ril bu 'di/__/shel dkar rdul mang brtsegs pa'i mchod rten zhes/__/lha dang bcas pa'i 'jig rten dbyig gi mchog__/nges par lha min gyis bskrun smyo chu rnams/__/'di yi ming tsam thos pas bros 'gyur zhing /__/ba mo la ni nyi 'od ji bzhin du/__/'joms byed bdud kyi dgra ste bdud rtsi 'di/__/kye ma de ring sa steng skye rgu rnams/__/dug gi myos pa 'thib po bsal ba'i phyir/__/'dzum pa'i bzhin mdangs pad+ma ltar gsal zhing /__/ut+pal 'khri shing gsar pas 'di longs shig__/ces kyang smras so/__/lnga pa rin chen rat+na bsam 'phel zhes sman gzhung rgya mtsho'i dgongs don snying bo bsdus pa nyid ji ltar bsdu ba'i sman gyi rnam grangs ni/__mu tig dang /__de'i 'byung gnas nya phyis 'dres pa/__2 40g.yu/__0 60byi ru/__1 20gzi khra bo/__1 20gzi dkar/__0 40gzi dmar/__1 20gzi smug5 60g.yang Ti/__0 60mu men/__1 20zhun mig0 40na la/__0 20margad/__0 80ma na ho/__0 80phra men/__0 80gser thal/__1 20dngul thal/__1 20zangs thal/__1 20lcags thal/__1 20zhan thal/__1 20gsha' thal/__1 20ti tsha/__1 20ra gan/__1 20mkhar/__1 20bcas kyi thal ba/__mu zi/__0 48ba bla/__0 40ldang ros/__0 48dngul rdo/__0 48rdo khab len/__0 48spang rdo/__0 48mthing rdo/__0 48sbal mdung /__0 48bcas khams brgyad thal ba dang /__kha che/__1 20dzA ti/__1 20shing tshwa/__1 20cu gang /__1 20gi waM/__1 20bse ru dkar po/__1 20gza' dug dkar po/__1 20gza' dug nag po/__1 20ka ko la/__1 20li shi/__1 20zi ra dkar po/__1 20zi ra nag po/__1 20a ru/__1 20ba ru/__1 20skyu ru/__1 20sdig pa dkar po/__0 08sdig pa nag po/__0 88pi pi ling /__1 20thar skar rdo rje/__1 20so ma ra dza/__1 20spos dkar/__1 20sug smel/__1 20tsan+dan dkar/__1 20tsan+dan dmar po/__1 20a ga ru/__1 20ri snying /__0 40'bri rta/__0 80shing mngar/__1 20gu gul/__1 20nya phyis/__0 80klu bdud/__0 80lcam 'bras/__0 60thog lcags/__1 20dngul dngos/__1 20gla rtsi/__0 44sga skya/__0 60gri sha0 40ti lo'i sha1 20rgya tsha/__1 20bdud rtsi chos sman dang /__rje mkhyen brtse'i phyag bsdud bsam 'phel rat+na phab gta' sbyar nas rin po che dang /__dug 'don dgos pa rnams ril nag chen mo'i nang bzhin byas te sman rnams rim bzhin btab nas lo brgyad dri chu dang /__se 'bru mang tsam gyi khu bas 'dam 'thag yun ring bar byas nas ril bu blangs nas 'od 'byin par byas pa'o/__/rin chen sna tshogs khams ni bltar mi mngon/__/rang rang nus pa gcig la gcig 'gran bzhin/__/gang zhig gsod ka'i nad dang rmugs byed kyis/__/grib rigs rnams kyi gnyen por gyur pa 'di/__/drang srong chen po rnams kyi thugs la brnag__/shin tu zab pa'i bsam 'phel rat+na zhes/__/ming gi rgyu mtshan 'di la dpyad pas chog__/tsi ra yu Sha lha yi ming /__\u0f7flegs par bskrun pa yi/__/ril bu gzi 'od 'bar ba mtho ris nas/__/bsod nams bdag po'i lag pa'i mthil du lhungs/__/gang zhig ha nus nye bar 'khums pa rnams/__/bag yang lhod por 'dod la 'di sbyin no/__/zhes brjod pa'o/__/drug pa zla shel chen mo'i sbyor ba la/__dngul chu grang 'dul chen mo mang tsam bsres pa'i dkar 'dul cong zhi khrob brdungs kyi chu tshan du ja yun tsam btso nas yang yang bshal/__mdzo 'or nyin gsum 'dam 'thag byas pa/__8 0040 00gi waM/__1 44des mtshon te bzang drug so sor/__0 60tsan+dan dkar po/__0 70tsan+dan dmar po/__0 80gla rtsi/__0 24gser me/__1 20dug nyung /__2 60tig ta/__0 80rgya gar dang bod kyi bong dkar 'dres ma/__1 44na sha ka1 44ru rta rgya bod 'dres ma/__1 68a ru ra/__4 40skyu ru ra/__1 20se 'bru/__2 00pi ling /__0 40brag zhun/__2 16dom mkhris/__0 72lcags phye/__4 40pri yang ku/__2 16gangs thig1 68khur rtsa/__2 60chu rtsa/__2 60mi sogs thal ba/__0 40dri chen/__0 16ko byi la/__1 32hong len/__3 20ma nu/__3 88lug ru dmar po/__2 88gu gul/__2 36ut+pal/__10 00bcas sman sna byang phyogs so bdun gyi grangs ldan la slar 'tsho mdzad sman pa'i rgyal po thams cad mkhyen pa many+dzu go Sha'i dgongs nyams kyi 'chi med bdud rtsi ril bu'i kha tshar gyis sdebs khyad par 'phags pas bzhi brgya rtsa bzhi'i nad rnams 'jam pa'i sman mchog nyid phye mar 'thags zin pa rnams se 'bru dang /__star bu spyi bzhur gsum gyi khu bas legs par dril nas bi lcags bi pA ra'i rtsi yi bklubs nas 'od snang 'byin pa nyid do/__/e ma deng dus snyigs ma'i yang mthar lhung ba rnams/__/sna tshogs rnams mang nad kyis 'gro ba'i lus sems gtses/__/de la 'jigs pa med pa'i gnas de sman gyi bla/__/de yi byin rlabs zla shel bdud rtsi 'chi med bcud/__/gong bu 'di yi nus pa ni/__/dpag par dka' ba'i brjod mi nus/__/nad rnams gang la'ang ma brtag par/__/gtong rung 'di kho na nyid do/__/dag dngul chu/__pa'i khams dang sbyar ba yi/__/yon tan lhag par lci ba nyid/__/gshin rje rnams la dgra zla ste/__/de rnams lho yi phyogs su yibs/__/'gro ba'i srog ni mar me bzhin/__/til mar zad pa 'dis gsos pas/__/bskal pa'i bar du 'grib med pa/__/snang ba'ang sman gyis nus pas so/__/de ltar pha rol tu phyin pa drug gi grangs ldan gyi 'gro ba'i srog 'tsho bar byed pa'i sman chen po rnams la dpal ldan rgyud nas gsungs pa'i byin brlab sogs kyang bzhugs na'ang 'dir kun mkhyen bstan pa'i nyin byed kyi phyag rgyun la zur mkhar mnyam nyid rdo rje'i dag snang sman bla longs sku'i sgrub pa mdzad cing /__sman la rab gnas dkyil 'khor gyi cho ga dang 'brel bar mdzad pa'i phyag rgyun bzhin/__smin drug zla ba'i tshes bcu la sman bla longs sku'i bdag bdun bskyed bzlas dang 'brel bum pa sgrub cing sbyongs khrus rgyas pa sngon du 'gro ba'i ril bu rnams sman blar bskyed cing spyan drangs bstim dbang bskur spyan dbye rnams byas rjes ril bur bsgyur nas sman gzungs/__dngos grub bsdu sngags sogs dang /__mchod bstod sogs kyis mnga' dbul/__stong chen rab 'byams nas gsungs pa'i smon lam dang /__shis brjod sogs byas nas/__slar yang tshes bcu gcig nas bdag cag dpon slob bcu bzhis mkhas grub g.yu thog pa chen po'i snying thig gi bla sgrub zab mos sgrub mchod dang 'brel ril bur dmigs bzlas skabs phyed par byas te zhag bdun phrag gcig tu sgrub par legs par bgyis pas kyang byin brlab kyis dge mtshan 'bum du 'jo zhing rgyu 'bras kyi nad rnams 'jom pa la mthu nus lhag par ldan pa the tshom ma mchis so/__/gangs can skyobs pa g.yu thog pa'i/__/thugs kyi ti ka snying thig che'i/__/bla sgrub zab mo 'di nyid ni/__/bskyed rdzogs gsum gyis dgongs pa'i bcud/__/sa steng 'gran bral gser chos kyi/__/byin brlabs nyams pa med pa yi/__/tsan+d+ra d+harmas bran pa ltar/__/grub pa'i nus pa 'bum du 'jo/__/'chi bdag 'jom pa'i bdud rtsi ste/__/byang chub sems ni 'phel ba'i rten/__/khams drug ldan pa'i lang tsho ni/__/mi bskyod rdo rje sgrub byed pa'o/__/rtsa ba'i gsum pa de dag gi phan yon brjod pa la spyi dang bye brag gnyis las dang po spyi yi phan yon ni/__paN+Di ta ngag dbang grags pas/__grub pa'i sman ni gzhan dag kyang /__/nges par bsten par gyur pa yis/__/tshe 'phel nad dang rgas pa ni/__/zad pas 'chi ba mi mthong ngo /__/zhes dang /__sman rnams kyi ni mthu la yang /__/som nyi bya ba rigs min te/__/gang phyir sman gyi nus pa ni/__/bsam mi khyab par kun tu snang /__/zhes gsungs pa ltar/__tshe zad pa rnams 'phel ba dang /__rgas sra zhing skra dkar gnyer ma med pa sogs yon tan mtha' yas pa dang ldan zhing dam chos 'dul ba las sman gyi gzhi rgya cher bshad pa dang /__mdo sde las kyang mang du 'byung zhing /__khyad par sngags rgyud rnams las sman gyi sbyor ba bsam gyis mi khyab par gsungs pas lung dang rig pa ldan pa ste/__dper na bkres skom sel ba'i ched bza' btung byas pas de sel ba la yid mi ches pa su zhig yod/__de bzhin nad sman legs par 'phrod pas nad de sel ba ni tshad mas grub pa'o/__/sman gyi sbyor sdeb mang po gcig tu 'dus pa la yon tan yod pa bshad kyis mi ldang ste/__dper na a ru ra gcig gi yon tan kyang /__dpal ldan rgyud las/__rlung mkhris bad kan 'dus pa'i nad rnams sel/__/khyad par bkra shis don kun grub pas bzang /__/zhes dang /__bdud rtsi mchog gi lung las/__ro nus yon tan kun ldan pa/__/rnam par rgyal ba'i dri tsam yang /__/gang gi mthong tshor myong ba na/__/nad 'phrog gdon zhi bgegs kun 'dul/__/bsam kun 'grub cing bkra shis byed/__/sman gyi nor bu chen po yin/__/ces dang /__khyad par dngul chu'i sbyor ba'i yon tan ni/__dpal rdo rje mkha' 'gro'i rgyud las/__rig pa de dag lha mo che/__/sbyor ba kun gyi dam pa yin/__/tshangs pa brgya byin sogs grub na/__/gzhan dag la lta smos ci dgos/__/ces grub pa'i rdzas sbyor thams cad kyi dam par rdo rje 'chang dpal he ru ka chen po nas zab mo'i rgyud sder bsngags pa dang /__bshad rgyud nus pa rkyang sel gyi skabs nas sman so so'i nus pa rgya cher bshad pa dang /__skabs 'di rnams su 'gro ba'i sman gyi nus pa mdor bsdus tsam 'god na/__ji skad du/__rdo rje'i nus pas thog kun bzlog par byed/__/g.yu yis dug dang mchin tshad sel bar byed/__/in+d+ra nI las nad kun ma lus sel/__/nor bu rin chen baiDUR+Ya rigs kyis/__/'od dang 'chang bas nad kun sel bar byed/__/pad+ma ra gas nad dang gdon kun grol/__/chu snying me yis 'jig srung skyobs pa nus/__/chu chung nI la yang ni de dang 'dra/__/sa rig dug dang 'byung po'i gdon kun bsrung /__/mar gad nad rnams kun la mchog tu phan/__/gin+d+has sa gdon mdze yi nad la phan/__/rdo yi snying pos mchin pa'i dug rnams sel/__/tsu tas dri gdon rmi ltas ngan pa bzlog__/sbrul gyis nor bu'i dug srung nad la phan/__/nal gyis dug tshad sbyar dug mchin nad sel/__/me shel grang ba'i nad dang gza' rnams 'joms/__/chu shel klu gdon tshad pa zhi bar byed/__/khyung skyug dug sogs nad kun 'joms pa'i mchog__/phra men gza' nad 'byung po'i gdon kun thub/__/shel gyis snying dbying 'thib dang rmongs pa sel/__/bye rus mchin tshad rtsad nad dug tshad sel/__/mu men dug dang mchin tshad mdze nad sel/__/gzi snying gza' yi nad dang gdon gzer 'joms/__/mchong dang margad dag kyang de dang 'dra/__/sbur len mig gi rab rib dag la phan/__/mu zi klad pa 'dzag gcod dug nad sel/__/nya phyis mu tig nus pa khyad par med/__/dung gi rnag skem mjing 'big rus tshad sel/__/gla ba'i nor bus sbrul sogs dug srungs byed/__/ces sogs dang /__char nyung khaN+Dal pho ba 'dzin/__/rnying pa bsdud la gsar pa sbyongs/__/phag khrag ba lang gson khrag gis/__/skyer pa dug sha'i sha khrag la/__sbyar ba'i dug dang dug rigs ni/__/phar cher bsdud par byed pa yin/__/se ba'i me tog lug ru dmar/__/shing dug sngo dug bsdud par byed/__/tshad las dug rigs phal cher bsdud/__/sngags chus ngan sngags rbod gtong las/__/byung ba'i dug rnams bsdud pa dang /__/gdon gyi rgyab byas nad las grol/__/rin chen gser gyis dbyig dug sel/__/drug dkar gyis ni mchin pa'i sbyar dug dang /__/rdo rje pha lam rta byas dug rnams sel/__/drug dmar gyis ni rin chen baiDUR+Ya/__/rta byas dug rigs rnams ni 'joms par byed/__/mu tig gis ni mgron bu nya skyogs dang /__/dung dang nya phyis pho dang mo yis ni/__/mo yis pho dang glang chen rus pa dang /__/nya rus rnams la rta byas dug rnams sel/__/bye ru dkar dmar gyis ni ldum rigs dang /__/sran ma'i rigs la rta byas dug rigs sel/__/mu men gyis ni rdo dug thams cad 'joms/__/dbang sngon gyis ni rin chen rta sbyar sel/__/sbur len sbrul gyi nor bus sbyar dug sel/__/spang dug la sogs srog chags dug rnams sel/__/lcags gnyen zangs sbyar zangs gnyen lcags sbyar sel/__/rdo dreg dmar pos dug rigs rnying pa 'gog__/brag zhun rigs lngas sa yi dug dang ni/__/rin chen sogs kyi dug rnams sel bar byed/__dzA tis snying dang gur gum mchin pa dang /__/cu gang glo dang li shis srog rtsa dang /__/sug sme mkhal rtsa ka ko las mtsher bar/__/zhugs pa'i dug rigs rnams ni bsal bar byed/__/dpa' bo dkar ser bu ga lcags sa rnams/__/rim pa bdun la zhugs par sel ba byed/__/ser pos khu ba'i rigs la sbyar ba dang /__/rus pa la ni zhugs pa 'joms par byed/__/khyung sder dkar pos gza' nad sgrib pa dang /__/dmar pos mdze nad 'dra ba gzhom par 'gyur/__/su mi dkar sos dug rigs thams cad sel/__/dmar pos sman gyi ngar ni skyed par byed/__/pho yi thig le mo yi rak+ta dang /__/lus dbang ma rungs pa rnams sel bar byed/__/ldug stag gyis ni dngul chu rta byas pa/__/mchin pa la zhugs dug nad sel bar byed/__/go snyod kyis ni spos rnams la sbyar dang /__/rgya spos gzi dug slangs dug reg pa'i dug__/mgo la zhugs pa'i dug rnams sel bar byed/__/g.yer ma dbang po lnga la zhugs pa dang /__/sha la rta byas dug rigs thams cad sel/__/bye'u la phug chang skyur rtsa rta byas/__/lud ba sa rul nang du sbas pa yi/__/sha dug thams cad 'di yis 'jom par 'gyur/__/sgang thog sa yi chu yis dri chu dang /__/dkar la rta byas dug rnams sel bar byed/__/a b+hi Sha yis bu ram ka ra sogs/__/shing thog rigs la sbyar ba'i dug rnams dang /__/thang chu 'o ma'i rtsi la sbyar ba dang /__/yan lag rnams la zhugs pa'i dug rnams sel/__/bong dkar gyis ni mkhris pa la sbyar dang /__/mkhris pa la bab sha ya nag po sel/__/bong nga dmar pos btsan dug rigs bcu sel/__/mu zi la sogs sa yi dug rnams dang /__/na lugs cham 'khrugs 'dra ba'i dug rnams sel/__/stag shas dug mda' la sbyar rma rigs sel/__/yu gu shing gis rma rigs thams cad dang /__/dug gi skyon ni nang du rma byung sel/__/re ral gnyis kyi phra men bu mo yi/__/smon lam las byung thig le sna tshogs bkra/__/rtsa 'khrugs 'dra dang le mar 'bar ba 'dra/__/phra men gyis byas dug rigs sum cu sel/__/spang rgyan dkar pos mdze tshar rta byas dang /__/gre bar babs pa'i dug rnams sel bar byed/__/a byag tshil la rta byas tshil zhugs sel/__/spang rtsis snying tshad smug po khrag skran dang /__/mo nad 'dra ba'i dug rnams sel bar byed/__/rgya spos pa dang tang kun spang spos kyis/__/lan mang skyar ba'i dug rnams thams cad sel/__/brag skya ha bos thang phrom 'dzin pa la/__/rta byas dug rigs rnams ni sel bar byed/__/gi waM gis ni bse zho'i dug rnams dang /__/shrI khaN+Da'i dug dang ba glang dang /__/ma he'i sha la sbyar ba'i dug rnams sel/__/ma gi ta yi dug rigs thams cad 'joms/__/mi dang rta dang khyi yi phya tshan gyis/__/rang rang la sbyar dug rigs thams cad sel/__/dam mkhris gyis ni mkhris pa'i rigs rnams la/__/rta byas dug rigs rnams ni 'joms pa yin/__/mdangs ldan mkhris pas sgo nga'i dug rnams sel/__/ga bur tsan+dan gnyis kyis dug rigs kyi/__/tshad pa thams cad skad cig nyid la 'joms/__/dngul chus sman gzhan nas pa brgyar 'gyur bskyed/__/ces sogs rgya cher 'byung ngo /__/gnyis pa bye brag so so'i phan yon la/__dang po btso bkru chen mo'i phan yon sngar yang mdo tsam smros shing 'dir yang /__'chi bdag bslu ba'i rtogs pa las/__/de ni zos shing bsten pa yis/__/tshe dang nad med phun sum tshogs/__/rim 'di rtag tu bsten byas na/__/lo ni sum brgyar 'tsho 'gyur zhing /__/skra dkar dang ni gnyer ma sel/__/bstan bcos kun la 'jigs med 'gyur/__/ces sogs dang /__dngul chu'i gzhung las/__tshad ldan sbyar ba'i bcud len 'di/__/kun tu tshogs par spyad gyur na/__/nyi zla gza' skar gnas kyi bar/__/tshe yi rig 'dzin rnyed par 'gyur/__/ces dngul chus nus pas tshe yi rig 'dzin grub pa dang /__thig ler dar ya kan zhes pa/__/yungs 'bru tsam zhig sems can rnams/__/sus myong mkha' la spyod ba'i rten/__/yon tan mchog gis brgyan pa thob/__/ces mkha' spyod gsum gyi go 'phang 'grub bar gsungs pa sogs rgya cher 'byung ngo /__/gnyis pa rin chen ril nag chen mo'i phan yon ni/__rin chen rtag pa'i bstan bcos gang /__/rtog la mkhas pas rdo rje 'chang /__/tshe yi nor bu 'chang ba 'ang rung /__/de bzhin nor bu sna tshogs 'chang /__/in+d+ra nI la rin chen sogs/__/nor bu chen po gzhan dag kyang /__/'chang ba byed pas 'chi ba kun/__/bzlog par 'gyur ba the tshom med/__/ces rin po che'i nus pas nad gdon zhi zhing tshe bsring ba dang /__dpal ldan rgyud las/__khrag mkhris bad rlung bzhi brgya rtsa bzhi'i nad/__/mgo dang byang khog yan lag rma rnams dang /__/rmu 'or mdze 'bras gag lhog gnyan nad dang /__/klu gnyan rgyal po la sogs 'byung po'i gdon/__/rin po che yis mi sel 'ga' yang med/__/nad gzhi med pa'i mi la bcud len 'gyur/__/zhes legs par sbyar ba'i nus pas 'tsho dka' ba'i nad thams cad sel zhing tshe dang lus kyi bcud len du 'gyur ba dang /__rtog pa las/__nor bu sman dang sngags grub dang /__/bcud len stobs kyis bdag nyid ni/__/'chi bdag pha rol gdon mthong ste/__/rig 'dzin grub pa ji bzhin no/__/zhes gsungs pa'i yon tan thams cad 'di la tshang ba ste/__sman dang /__nor bu rin po che'i rigs dang /__bcud len gyi rdzas grub pa'i dngul chu dang /__sgrub pa'i sngags chen pos byin gyis brlab pas nus ldan khyad par 'phags pa dang /__dpal ldan zur mkhar ba chen po d+harma swa mis/__sbyor ba 'di ni ril nag chen mo zhes bya ste yon tan brjod kyi mi lang ba dang ldan pas rgyal khams yongs la grags pa'o/__/dam tshig dang ldan pas bsten na nad med pa la srung ba'i mchog tu 'gyur te/__mi tshe 'di'i dug rigs thub/__'khrugs dang tshad rnying sogs gzhan gyis gso bar dka' ba'i nad thams cad sbyor ba 'dis mi sel ba 'ga' yang med do/__/zhes gsungs/__sbyar dug gtsor gyur nad thams cad kyi gnyen po 'gran zla med pa dang /__gdon gyi rigs thams cad 'joms par nus/__bcud len gyi rgyal po dang khyad par khong nad tsha shas can dang /__sman gzhan gyis gso dka'i rigs thams cad la zab/__mgul du 'chang na srung ba kun gyi rgyal po yin no/__/rten gyi nang gzhugs dang /__bdud rtsi chos sman sogs kyi phab gtar bsre ba dang /__nor bum gyi snying por gzhugs par byas na rin chen 'dus pa'i rgyal po yin pas mchog tu bsngags so/__/gnyis pa mang sbyor gyi phan yon ni/__gong du phrin las rgyud kyi lung drangs pa ltar dug rigs thams cad la zab cing /__sngar bshad pa'i phan yon phal cher 'dir yang yod pas nus pa bsam gyis mi khyab pa ste/__ji skad du/__dug gi nad la mang sbyor chen mo ni/__/sbyar dug gyur dug rang bzhin dngos kyi dug__/mthong reg nyi zer kha rlangs la sogs pa'i/__/sa steng dug gi nad rigs yod do cog__/ma lus drung 'byin sman gyi rgyal po ste/__/gab tshad tshad rnying gting 'don man ngag mchog__/shin tu bcos rdug nad kyi rtsa ba 'byin/__/rin chen mang sbyor zhes bya bla na med/__/ces rgya cher bsngags pa don dang ldan par ma zad ril nag gi grang rlung gi khams mtho ba dang /__byis pa dang rgan po la 'phrod dka' yang 'di ni bsil drod snyom pas khong nad kyi rigs phal cher la mchog tu phan che ba myong bas grub par drang srong tshe rig chen po rnams kyis gsungs so/__/gsum pa yang zab ni/__thur mkhar chos rjes gong du rdo rje mkha' 'gro'i rgyud kyi lung de nyid 'dir yang dran par byas nas/__lus stobs rgyas shing /__mdangs gsal/__skra dkar nyung ngur 'gro/__gnyer ma'ang rang zhir 'gro/__so tshag dam du 'gro/__mig la sogs pa'i dbang po gsal/__tsha grang bkres skom bzod pa sogs yon tan mang du 'byung /__nang du rtsa khams 'dzin sdom byed/__steng 'og gi gdon thams cad dang rims thams cad srung /__tha na cham pas kyang mi gnod/__nad ji ltar che ba dang /__nad rnying dang /__sman gzhan gyis nus pa zad pa sogs nyes ji tsam che ba la 'di de tsam zab cing phan pa ni thun mong gi yon tan dang /__thun min rdo rje'i tshig las/__'di yi rim pa'i nang la yang /__/srog rtsol d+hU ti'i lam du 'ching /__/zhes rlung sems dbu mar ldam nas mchog gi ye shes mngon du byed pa'i thabs kyi grogs su bsngags so/__/lnga pa dbang ril shel dkar mchod rten gyi phan yon ni/__dug rigs sha sbyor rtsir sbyor dang /__/sngo sbyor spu sbyor sa rdo'i sbyor/__/shing sbyor rin po che yi sbyor/__/chu sbyor tshwa sbyor grang sbyor sogs/__/mdor na dug rigs gang yin kyang /__/mi thub gcig kyang yod ma yin/__/gso dang bsrung ba gnyis ka byed/__/gso na gang la babs pa yi/__/don snod so so'i kha 'dzin bsdeb/__/srung ba yod dus ltor song na/__/zhu long med pa 'dzag skyug byed/__/dri ldan skyug pa byung gyur na/__/bsad pa'am sbyongs pa'i las la sbyar/__/gnyen po 'di yis srog phrog gi__/gso srung 'di las lhag pa med/__/'dzam bu gling gi nor sna la/__/'di bas lhag pa'i nor gzhan med/__/'dred kyi pha wang snum 'dred 'dra/__/bsrub ba btsan po'i mkhar zhugs 'dra/__/so ba byang shar bzhag pa 'dra/__/b+hi Sha dgra yi dpung mi tshug__/sha dug re ral dpa' bo ser/__/bye'u la phug 'om bu yi/__/khu ba dag dang bsdeb la gtang /__/btsan dug a ru ra dang sdeb/__/ba mor nyi ma phog pa bzhin/__/thengs pas chog pa'i man ngag yin/__/ces sogs rgya cher bsngags pa'o/__/drug pa rat+na bsam 'phel ni/__ji skad du/__rin chen sman gyi sbyor ba khyad par can/__/'di yi phan yon brjod kyi mi lang yang /__/mdor bsdus tsha grang 'du ba 'khrugs pa'i nad/__/yun ring gso dka' sman pas bor ba dang /__/khyad par rtsa dkar rengs 'khums 'khrugs pa 'joms/__/byer ba bsdu zhing rnying pa gting nas 'don/__/mkhal tshad rtsa 'gram khrag rlung zer mda' gcog__/steng gdon gza' dang bar gdon rgyal po btsan/__/'og gdon klu yi rigs rnams thams cad sel/__/rma rnying suR+Ya rkang 'bam zha 'khum sogs/__/phyi nang phal che'i nad la bsngags pa ste/__/mgul du 'chang na srung ba'i rgyal po 'gyur/__/dri tshor tsam gyis gdon bgegs 'byung po 'bros/__/de phyir bsam 'phel yid bzhin rin po che/__/sman gyi nor bu rgyun shel sman pa'i lugs/__/gso rig rgya mtsho 'dus pa'i bdud rtsi ste/__/drang srong 'tsho thabs shes pa'i snying nor yin/__/ces 'byung ba ltar nad gdon spyi dang /__khyad par rtsa dkar grib shas can la mchog tu zab bo/__/drug pa zla shel chen mo'i phan yon ni/__zur mkhar ba chen pos/__dug dang smug po khrag tu 'khru skyug dang /__/gab tshad tshad rnying 'gram 'khrugs 'thabs pa dang /__/ma zhu glang thabs srin dang chu ser skran/__/ldan 'dus nad rnams 'joms pa'i rdo rje ste/__/zhes dang /__bzhi brgya rtsa bzhi'i nad rnams ma lus pa/__/'di yis mi sel ba ni ga la yod/__/khyad par khrag mkhris bad kan smug po dang /__/rmu 'or skya babs dreg grum tsha ba rnying /__/rtsa dkar chu ser dngos dang sbyar dug rnams/__/sel byed 'chi med bdud rtsi mngon sum mo/__/zhes dang /__gzhan yang 'di yi yon tan ni/__/nad rnying rtsi ltar zhen pa 'dag__/zung bdun skyon bral 'du ba snyoms/__/mig gsal yid bde gdon kun zhi/__/rgyun du sten na bcud len 'grub/__/lus sems nad du 'gyur ro cog__/gang la btang yang nges par phan/__/drang srong rig 'dzin thugs rje'i mthu/__/sman gyi nor bu 'di yod na/__/sman gzhan ci yang med kyang sla/__/sman gzhan rdugs kyang 'di yis sel/__/'di yi yon tan tshad med kyang /__/bshad na phal pas yid ches dka'/__/tshegs chung don che kun las 'phags/__/bden rdzun lag tu len gyis dang /__/ngo mtshar mthong ba'i lam du gsal/__/zhes yon tan shin tu mang pos rgya cher bsngags pa dang ldan pa 'di nyid sman sbyor ngo mtshar bla na med pa'o/__/de lta bu'i sman 'di rnams rgyun du bcang tshul ni/__'tsho byed grub pas/__legs par sbyar ba'i sman mchog rnams/__/rin chen ze'u 'am rwa ze ru/__/ga pur 'bras dang lhan cig bzhugs/__/spra tshil dag gis zhal ba bya/__/phyi la kha sha'am gla ba yi/__/rkyal pa srubs med bzang por bcangs/__/zhes gsungs pa ltar rlung mi 'chor ba'i snod bzang por dri bzang phon mang dang /__ga bur nyung ngu thum bur byas te dkyil du 'jog cing dam tshig dang mi ldan pa dang /__grib can/__gdol pa/__rme pho/__khyi dang /__bud med sogs kyi gtan nas mi reg pa dang /__nam mkha' dang /__nyi zer la mi ston pa sogs spang blang gi bslab bya la gces spras dang /__ji ltar bsten pa'i thabs la/__srung ba ltar bstan pa dang /__gso ba'i bstan tshul gnyis/__phyi ma la rgyas par dang po thang gis byer ba bsdud dang bar du bsad pa/__tha ma sbyongs ba'i sgo nas gso tshul sman gzhung man ngag bcas las shes par bya dgos shing /__thun mong du rgyun du gtong tshul ni 'jam dbyangs mkhyen brtse'i dbang po'i gsung rabs bdud rtsi'i zla snang ltar blo ldan rnams kyi lag len thebs par bya ba gal che ba lags so/__/sangs rgyas byang chub sems dpa'i phrin las ni/__/dag dang ma dag sna tshogs snang ba rnams/__/kun kyang 'gro la phan pa nyer sgrub pa'i/__/thabs mkhas 'di ni byang chub spyod pa lags/__/mig gsum gtsug nor zlaX ba chu shelaX gyi/__/bdud rtsi yid can rgya mtsho mtha' klas pa'i/__/bzhi brgya rtsa bzhi'i nad kun drung 'byin slad/__/sbyin pas sbyin pa'i pha rol mchog tu son/__/'dod 'byung bsaXm 'phelaX dbang gi rgyal po gang /__/'pho med mchog tu dag pa'i tshul khrims kyi/__/rang bzhin legs brgya'i dpal skyes nyes kun sel/__/'gyur bcas skyon rnams ma lus sdom par byed/__/dug gsum nyes pa'i tshang tshing las rlung gis/__/shugs drag bskyod pa'i me lce bzod dka' ba/__/skabs gsum dbangaX pos rilaX bu shelaX dkaXr gyis/__/mchod sdong che las dag byed khrus char 'bebs/__/'bad pa brgya phrag dag gi brtson pa las/__/nad sel sman gyi rnam grangs 'bum phrag gi__/yangaX babaX 'di ni steng 'og 'byung po'i gdon/__/bye ba snyed la mi ldog dpa' zhing gtul/__/ma 'khrul rgyud lung grub pa'i man ngag la/__/rtse gcig sems kyis gom pa'i 'bras bu ni/__/rinaX chenaX rnam maXng sbyoraX ba'i ting 'dzin gyis/__/sgo mo brgya phrag 'byed pas dug rnams 'joms/__/srid pa'i rtse mor mngon par mtho ba yi/__/rinaX chenaX gnam sngon bzhus pa'i rilaX nagaX ni/__/lan brgyar brtag kyang rang bzhin brjod dka' ba/__/'phags pa'i shes rab spyan gyi 'bras bur nges/__/'phrog byed sa bon shin tu sbyangs pa yin/__/bdud rtsi rgyal po daraX yaX kanaX btso bkru/__nyid ni/__kun la khyab pas thabs stobs smon lam dang /__/ye shes rgya mtsho'i mdzod du som nyi bral/__/de ltar pha rol phyin bcu'i bdag nyid kyi/__/a mr-i tA yi sbyor ba 'di rnams la/__/rnal 'byor nang gi thabs ldan gyis bsnyen na/__/rab tu dga' sogs sa bcu bsgrod par 'gyur/__/rdzas sngags ting 'dzin nus ldan 'ga' zhig gi__/skad cig tsam gyis mkha' spyod mthon por bsnyegs/__/thun mongs grub brgyad dngos grub phra mo yang /__/ril bu sogs kyi sbyor bas grub pa'o/__/tsha grang nad sel yon tan brgyad ldan pa'i/__/rgya mtsho dga' zla ba/__ba'i nor bu rin chen rnams/__/gus pas gtsug gi rgyan du bskur byas nas/__/tshe ring nad med dpal ni thob par 'gyur/__/zhes skabs don bsdu ba'o/__/de rnams kyis dngul chu btso bkru chen mo dang /__rin chen sman gyi rtogs pa brjod pa re zhig rdzogs so/__/slar smras pa/__'di ltar bdag gzhan lhag pa'i bsam pa zla ba ku mud ltar dkar bas/__/ring du brtson pa'i legs byas dge tshogs char ldan sprin gyi phung po 'di/__/kun mkhyen bla ma'i zab dgongs rdzogs phyir sgo gsum dngos po kun gyis mchod/__/tshe rabs kun tu mgon des rjes bzung dam chos sman mchog la spyod shog__/gzhan yang dge 'dis bstan 'dzin skyes rnams zhabs pad bskal pa brgya phrag brtan/__/bstan la gnod byed ming tsam mi grags khyad par lha min 'byung po'i tshogs/__/bsil ldan ljongs kyi bde skyid pad tshal phrog par dogs pa'i sems ldan rnams/__/rgya mtsho'i mthar bskrad rdzogs ldan gsar pa'i dpal gyi 'dab brgya grol gyur cig__/snang ba'i mdzod kyi gnyen dang 'grogs pas dge legs 'od stong srid gsum khyab/__/'jig rten dge bcu'i chos la spyod cing snod bcud rtsi shing lo tog rgyas/__/nad yam mu ge 'khrugs pa kun zhi byams pa'i sems la rab gnas shing /__/phyogs bcu'i dge 'dun dar shing rgyas te bslab gsum khrims la gnas par shog__/bshad sgrub rgyal mtshan rtse mor bkod cing lhag bsam dkar po'i ba dan bsgrengs/__/bdud dang bdud kyi ris kyis mi phyed dge la 'dun pa'i stobs shugs rgyas/__/'dus pa'i sde tshogs mkha' la 'khor ba'i rgyu skar grangs kyis mi chod bzhin/__/dar shing rgyas la 'gro ba'i las nyon rnam mang rba rlabs zhi bar shog__/kun 'byung 'bras bu sdug bsngal zhi shing khyad par 'phel zad 'khrugs pa'i nad/__/mtha' dag zhi nas kun kyang bde dga'i dpal yon che la spyod pa dang /__/bcom ldan bde gshegs sman gyi bla ma'i thugs bskyed rgya mtsho bsrubs pa las/__/byung ba'i dpal ldan rgyud bzhi'i lhun po mi nyams yun du brtan gyur cig__/'phags bod gso ba rig pa'i bshad pa dang /__/man ngag lag len byed pa'i tshe rig kyis/__/'dzin ma'i khyon kun khyab cing phan bde sbyin/__/phrin las snang ba rtag khyab lhun grub shog__/de ltar rin chen sman gyi rtogs pa brjod pa 'di'ang rab byung bcu drug pa'i chu mo bya yi lor btso bkru chen mo dang sman chen gyi sbyor sdeb rnams la rnam dkar gyis brtson pa bgyid pa'i skabs su 'jam dbyangs bla ma mkhyen brtse'i zhabs kyi phrin las 'dzin skyong spel bar smon pa 'jam dbyangs blo gros rgya mtshos smin drug zla ba bcu pa'i tshes bcu gnyis la rdzogs par bris pa yi ge'i byed po dge slong shes rab phun tshogs kyis bgyis pa 'dis kyang gso ba rig pa'i bstan pa phyogs kyi tha gru kun tu dar shing rgyas pa'i rgyur gyur cig__/sarba dA ka l+ya NaM su shri yo b+ha wa tu/__mang+ga laM//___//

Footnotes

Other Information