ཀུན་མཁྱེན་རྒྱལ་བ་རང་བྱུང་རྡོ་རྗེ་ལ་བསྟོད་པ་རྡོ་རྗེ་སྒྲ་མའི་རྒྱུད་དབྱངས།

From Khyentse Lineage - A Tsadra Foundation Project
Revision as of 08:20, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-02-KHA-102
Wylie title kun mkhyen rgyal ba rang byung rdo rje la bstod pa rdo rje sgra ma'i rgyud dbyangs JKCL-KABUM-02-KHA-102.pdf
Location chos kyi blo gros bka' 'bum
Volume 2, Text 102, Pages 723-727 (Folios 1a1 to 3a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People རང་བྱུང་རྡོ་རྗེ་ (Karmapa, 3rd)
Citation 'jam dbyangs mkhyen brtse chos kyi blo gros. kun mkhyen rgyal ba rang byung rdo rje la bstod pa rdo rje sgra ma'i rgyud dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 723-727. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

ཅེས་པའང་རྗེ་འདི་ཉིད་ལ་དད་པ་བརྟན་པོར་ཐོབ་པ་རྨོངས་བརྟུལ་ཆོས་ཀྱི་བློ་གྲོས་པས་ཤྲཱི་ནཱ་ལེནྡྲ་གཉིས་པ་བཀྲ་ཤིས་ལྷ་རྩེའི་གཟིམས་བསྐྱིལ་དུ་རྩེ་གཅིག་གསོལ་བ་བཏབ་པ་སིདྡྷི་རསྟུ། །

ces pa'ang rje 'di nyid la dad pa brtan por thob pa rmongs brtul chos kyi blo gros pas shrI nA len+d+ra gnyis pa bkra shis lha rtse'i gzims bskyil du rtse gcig gsol ba btab pa sid+d+hi rastu/

1 Texts in this Section (sde tshan or chos tshan)

[edit]
ཀུན་མཁྱེན་རྒྱལ་བ་རང་བྱུང་རྡོ་རྗེ་ལ་བསྟོད་པ་རྡོ་རྗེ་སྒྲ་མའི་རྒྱུད་དབྱངས་ཅེས་བྱ་བ་བཞུགས་སོ། །རྣམ་དག་དོན་དམ་ཆོས་ཀྱི་སྐུ། །ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་། །སྣ་ཚོགས་གང་འདུལ་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རྗེ་ལ་བསྟོད། ༡། སྲིད་དང་ཞི་བའི་ཆོས་རྣམས་ཀུན། །དབུ་མའི་དབྱིངས་སུ་འུབ་ཆུབ་ཅིང་། །སྤྲོས་མཐའ་གང་ལའང་མི་གནས་པའི། །ནམ་མཁའ་ལྟ་བུའི་བླ་མར་བསྟོད། ༢། ཟག་དང་བཅས་པའི་ཆོས་ཀུན་ཟད། །ཟག་མེད་ཡོན་ཏན་གྱིས་བསྐྱེད་པའི། །གདན་གསུམ་ཚང་བའི་དཀྱིལ་འཁོར་པ། །སྤྲོ་བསྡུའི་བྱེད་པོ་ཁྱོད་ལ་བསྟོད། ༣། ཁྱོད་སྐུ་རིགས་ལྔའི་ངོ་བོར་རྫོགས། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །ཕྲིན་ལས་ཕ་མཐའ་ཡས་པའི་བདག །བསམ་གྱིས་མི་ཁྱབ་ཁྱོད་ལ༴༤། དམན་པའི་གནས་ལས་རིང་དུ་འཕགས། །བྱམས་པའི་སྤྱན་རས་ཡངས་པས་གཟིགས། །འགྲོ་རྣམས་ཕྱག་གིས་མི་གཏོང་ཞིང་། །སྙིང་རྗེའི་དབང་ཕྱུག་ཁྱོད་ལ༴༥། ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན། །ཡེ་ཤེས་གཟིགས་པ་རྣམ་དག་པས། །ཆོས་ཀུན་མ་འདྲེས་སོ་སོར་རྟོགས། །འཇམ་དབྱངས་བླ་མ་མཆོག་ལ༴༦། རྒྱལ་ཀུན་གསང་བའི་མཛོད་འཛིན་ཅིང་། །ཡེ་ཤེས་རྡོ་རྗེ་རྩེ་བརྒྱ་པས། །ལྷ་མིན་བདུད་ཀྱི་དཔུང་ཚོགས་འཇོམས། །མཐུ་སྟོབས་དབང་ཕྱུག་ཁྱེད༴༧། འཆད་མཁས་དཔལ་ལྡན་ཀླུ་དབང་དང་། །རྩོད་པའི་རིགས་པ་ཆོས་ཀྱི་གྲགས། །རྩོམ་པ་དཔའ་བོའི་རྗེས་སུ་འགྲོ། །སྨྲ་བའི་དབང་པོ་ཁྱོད་ལ༴༨། མང་དུ་ཐོས་ལ་དབྱིག་གི་གཉེན། །བསམ་བྱུང་རིགས་པས་གཏན་དབབ་པའི། །བསྒོམ་པ་ས་ར་ཧ་པ་དངོས། །མཁས་གྲུབ་གཙུག་རྒྱན་ཁྱོད༴༩། ཚུལ་ཁྲིམས་བསླབ་པའི་དྲི་བསུང་འཐུལ། །ཏིང་འཛིན་རྒྱ་མཚོར་འཇུག་ཅིང་སྤྱོད། །སྐྱེས་སྦྱང་ཤེས་རབ་མཁའ་དང་མཉམ། །སྟོན་མཆོག་གཉིས་པར་གྱུར་པས་བསྟོད། ༡༠། ཚད་མེད་རྣམ་བཞིའི་ས་གཞི་ལ། །བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས། །ཕན་བདེའི་སྦྱིན་པའི་འབྲས་སྩོལ་བ། །རྒྱལ་སྲས་དཔའ་བོ་ཁྱོད༴༡༡། མདོ་འདུལ་ཆོས་མངོན་ཤིང་རྟ་ཆེ། །འདྲེན་ལ་གཞན་དྲིང་མི་འཇོག་ཅིང་། །མཁས་པ་བྱེ་བའི་ཁེངས་པ་བསྙིལ། །ཁྱོད་གསུངས་ཚད་མར་གྱུར་ལ༴༡༢། འཕགས་པ་ཀླུ་ཐོགས་རྣམ་གཉིས་ཀྱི། །ལྟ་བའི་བཞེད་གཞུང་བཙལ་བ་ན། །རྟག་ཆད་མཐའ་སྤངས་དབུ་མ་ཆེའི། །ལམ་བཟང་གསལ་བར་དགྱེས་ལ༴༡༣། བྱ་བ་སྤྱོད་པ་རྣལ་འབྱོར་གྱི། །རྒྱུད་ཀྱི་དགོངས་དོན་བཀྲལ་བ་ན། །སངས་རྒྱས་གསང་བ་གངས་ཅན་ལྗོངས། །དངོས་སུ་བྱོན་མཚུངས་ཁྱོད་ལ༴༡༤། ཁྱད་པར་རྣལ་འབྱོར་ཆེན་པོ་ཡི། །རྒྱུད་གསུམ་སྦས་དོན་འབྱེད་པ་ན། །བསྡུ་མཛད་ལག་ན་རྡོ་རྗེ་ཅན། །གསང་བདག་གཉིས་པ་ཁྱོད་ལ༴༡༥། རྒྱུད་སྡེ་རྒྱ་མཚོར་གནས་བཅས་ཤིང་། །ལུང་རིགས་མན་ངག་ཁང་བཟང་དུ། །རིམ་གཉིས་འབྱོར་པའི་དཔལ་གྱིས་ཕྱུག །གྲུབ་པའི་ཏོག་གིས་མཛེས་ལ་བསྟོད། ༡༦། ཡོད་མེད་བསམ་བརྗོད་ཀུན་ལས་འདས། །ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེ། །རིག་པ་སྐུ་གསུམ་འདུ་འབྲལ་མེད། །རྣལ་འབྱོར་བཞི་མཐར་ཕྱིན་ལ་བསྟོད། ༡༧། རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ། །རྩ་རླུང་ཐིག་ལེའི་མ་དག་སྦྱོང་། །རྟེན་འབྲེལ་བཅུ་གཉིས་རང་འགགས་པའི། །རྣལ་འབྱོར་དབང་ཕྱུག་ཁྱོད་ལ་བསྟོད། ༡༨། ངོ་བོ་ཀ་དག་གཏིང་གསལ་ལ། །ལྷུན་གྲུབ་འོད་ཁྱིམ་མདངས་མ་འགགས། །དབྱིངས་དང་རིག་པ་འདུ་འབྲལ་མེད། །ཆོས་ཟད་བློ་འདས་ཆེན་པོར་བསྟོད། ༡༩། བདེ་སྟོང་དེ་ཉིད་མཐར་སོན་ཅིང་། །རགས་ལུས་དྭངས་མའི་འོད་སྐུར་སྨིན། །བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ། །ཀུན་ཏུ་བཟང་པོ་ཁྱོད་ལ་བསྟོད། ༢༠། ཇི་སྲིད་ནམ་མཁའ་གནས་ཀྱི་བར། །དེ་སྲིད་འགྲོ་བ་རྒྱུན་མི་ཆད། །གང་འདུལ་ཕྲིན་ལས་མཐའ་ཡས་པས། །སེམས་ཅན་སྒྲོལ་མཛད་ཁྱེད་ལ་བསྟོད། ༢༡། ཡང་དག་ལེགས་པའི་མཆོག་སྦྱིན་ཅིང་། །རྡོ་རྗེ་གསུམ་གྱི་རྒྱལ་ཐབས་ཉིད། །ཅི་དགར་གཞན་ལ་སྟེར་མཛད་པའི། །ལས་ཀྱི་སེམས་དཔའ་ཁྱོད་ལ་བསྟོད། ༢༢། ཁྱོད་འདྲར་འཇིག་རྟེན་འདི་ན་དཀོན། །ཨུ་དུམ་ཝ་ར་ཆོས་མཚུངས་ཤིང་། །རྣམ་ཐར་ཡིད་ལ་བྱེད་པ་ན། །ཡང་ཡང་དད་པའི་བ་སྤུ་གཡོ། ༢༣། ཁྱེད་ཀྱི་ཐུགས་རྗེའི་ཆ་ཙམ་ཞིག །གང་ལ་རེག་པ་དེ་ཡི་མོད། །སེམས་མེད་པ་ཡང་གཡོ་ནུས་ན། །སེམས་དང་ལྡན་པ་ལྟ་ཅི་སྨོས། ༢༤། སངས་རྒྱས་ཞིང་ཁམས་བྱེ་བ་བརྒྱར། །རྣམ་འཕྲུལ་དུ་མས་སེམས་ཅན་འདུལ། །གང་ལ་ཚད་བཟུང་དང་བྲལ་བཞིན། །བདག་ཀྱང་བློ་ཡི་སྐྱེ་བ་ཟད། ༢༥། ཁྱོད་སྐུ་མཐོང་བས་ཡིད་འཕྲོག་ཅིང་། །ཁྱོད་གསུངས་ཐུབ་པ་ཁོ་ན་འདྲ། །ཁྱོད་ཀྱི་ཡོན་ཏན་བསྐལ་པ་བརྒྱར། །བརྗོད་ཀྱང་ཕོངས་པ་ག་ལ་སྲིད། ༢༦། ཕྱོགས་བཅུའི་རྒྱལ་རྣམས་ཁྱོད་ལ་དགྱེས། །ཆགས་དང་འཛུམ་དང་རབ་བཞད་ཅིང་། །ཉིད་ཀྱང་སངས་རྒྱས་རྣམས་ལས་བྱུང་། །དེ་ཕྱིར་རྒྱལ་དང་རྣམ་དབྱེར་མེད། ༢༧། ཁྱོད་ལ་བསྟོད་པ་འདི་བགྱིས་པས། །བདག་ཀྱང་བྱང་ཆུབ་མ་ཐོབ་བར། །རང་བྱུང་རྒྱལ་བས་རྗེས་སུ་བཟུངས། །ཟབ་རྒྱས་ཤེས་རབ་གཏེར་མཛོད་བརྡོལ། ༢༨། གསུང་རབ་ཀུན་ལ་ཆགས་ཐོགས་བྲལ། །གཞན་ལ་འཆད་ཅིང་རྩོད་པ་དང་། །རྩོམ་པའི་དབང་ཕྱུག་ཆེར་གྱུར་ཏེ། །བསྟན་ལ་བྱ་བ་བྱེད་གྱུར་ཅིག༢༩། ཐུན་མོང་བསྐྱེད་པའི་རིམ་པ་དང་། །མྱུར་བདེའི་རྫོགས་རིམ་ལ་བརྟེན་ནས། །དམ་པ་དང་པོའི་སངས་རྒྱས་ཉིད། །ཚེ་འདི་ཉིད་ལ་མངོན་བྱེད་ཤོག༣༠། ཅེས་པའང་རྗེ་འདི་ཉིད་ལ་དད་པ་བརྟན་པོར་ཐོབ་པ་རྨོངས་བརྟུལ་ཆོས་ཀྱི་བློ་གྲོས་པས་ཤྲཱི་ནཱ་ལེནྡྲ་གཉིས་པ་བཀྲ་ཤིས་ལྷ་རྩེའི་གཟིམས་བསྐྱིལ་དུ་རྩེ་གཅིག་གསོལ་བ་བཏབ་པ་སིདྡྷི་རསྟུ། ། །།
[edit]

kun mkhyen rgyal ba rang byung rdo rje la bstod pa rdo rje sgra ma'i rgyud dbyangs ces bya ba bzhugs so/____/rnam dag don dam chos kyi sku/____/kha sbyor bdun ldan rdo rje 'chang /____/sna tshogs gang 'dul sprul pa'i sku/____/sku gsum dbyer med rje la bstod/__1/__srid dang zhi ba'i chos rnams kun/____/dbu ma'i dbyings su 'ub chub cing /____/spros mtha' gang la'ang mi gnas pa'i/____/nam mkha' lta bu'i bla mar bstod/__2/__zag dang bcas pa'i chos kun zad/____/zag med yon tan gyis bskyed pa'i/____/gdan gsum tshang ba'i dkyil 'khor pa/____/spro bsdu'i byed po khyod la bstod/__3/__khyod sku rigs lnga'i ngo bor rdzogs/____/yon tan rgya mtsho'i gling na bzhugs/____/phrin las pha mtha' yas pa'i bdag__/bsam gyis mi khyab khyod la=4/__dman pa'i gnas las ring du 'phags/____/byams pa'i spyan ras yangs pas gzigs/____/'gro rnams phyag gis mi gtong zhing /____/snying rje'i dbang phyug khyod la=5/__ji lta ji snyed chos kun mkhyen/____/ye shes gzigs pa rnam dag pas/____/chos kun ma 'dres so sor rtogs/____/'jam dbyangs bla ma mchog la=6/__rgyal kun gsang ba'i mdzod 'dzin cing /____/ye shes rdo rje rtse brgya pas/____/lha min bdud kyi dpung tshogs 'joms/____/mthu stobs dbang phyug khyed=7/__'chad mkhas dpal ldan klu dbang dang /____/rtsod pa'i rigs pa chos kyi grags/____/rtsom pa dpa' bo'i rjes su 'gro/____/smra ba'i dbang po khyod la=8/__mang du thos la dbyig gi gnyen/____/bsam byung rigs pas gtan dbab pa'i/____/bsgom pa sa ra ha pa dngos/____/mkhas grub gtsug rgyan khyod=9/__tshul khrims bslab pa'i dri bsung 'thul/____/ting 'dzin rgya mtshor 'jug cing spyod/____/skyes sbyang shes rab mkha' dang mnyam/____/ston mchog gnyis par gyur pas bstod/__10/__tshad med rnam bzhi'i sa gzhi la/____/byang chub sems kyi myu gu 'khrungs/____/phan bde'i sbyin pa'i 'bras stsol ba/____/rgyal sras dpa' bo khyod=11/__mdo 'dul chos mngon shing rta che/____/'dren la gzhan dring mi 'jog cing /____/mkhas pa bye ba'i khengs pa bsnyil/____/khyod gsungs tshad mar gyur la=12/__'phags pa klu thogs rnam gnyis kyi/____/lta ba'i bzhed gzhung btsal ba na/____/rtag chad mtha' spangs dbu ma che'i/____/lam bzang gsal bar dgyes la=13/__bya ba spyod pa rnal 'byor gyi/____/rgyud kyi dgongs don bkral ba na/____/sangs rgyas gsang ba gangs can ljongs/____/dngos su byon mtshungs khyod la=14/__khyad par rnal 'byor chen po yi/____/rgyud gsum sbas don 'byed pa na/____/bsdu mdzad lag na rdo rje can/____/gsang bdag gnyis pa khyod la=15/__rgyud sde rgya mtshor gnas bcas shing /____/lung rigs man ngag khang bzang du/____/rim gnyis 'byor pa'i dpal gyis phyug__/grub pa'i tog gis mdzes la bstod/__16/__yod med bsam brjod kun las 'das/____/zab gsal dbyer med phyag rgya che/____/rig pa sku gsum 'du 'bral med/____/rnal 'byor bzhi mthar phyin la bstod/__17/__rdo rje phung po'i grong khyer du/____/rtsa rlung thig le'i ma dag sbyong /____/rten 'brel bcu gnyis rang 'gags pa'i/____/rnal 'byor dbang phyug khyod la bstod/__18/__ngo bo ka dag gting gsal la/____/lhun grub 'od khyim mdangs ma 'gags/____/dbyings dang rig pa 'du 'bral med/____/chos zad blo 'das chen por bstod/__19/__bde stong de nyid mthar son cing /____/rags lus dwangs ma'i 'od skur smin/____/brtan g.yo 'khor 'das kun la khyab/____/kun tu bzang po khyod la bstod/__20/__ji srid nam mkha' gnas kyi bar/____/de srid 'gro ba rgyun mi chad/____/gang 'dul phrin las mtha' yas pas/____/sems can sgrol mdzad khyed la bstod/__21/__yang dag legs pa'i mchog sbyin cing /____/rdo rje gsum gyi rgyal thabs nyid/____/ci dgar gzhan la ster mdzad pa'i/____/las kyi sems dpa' khyod la bstod/__22/__khyod 'drar 'jig rten 'di na dkon/____/u dum wa ra chos mtshungs shing /____/rnam thar yid la byed pa na/____/yang yang dad pa'i ba spu g.yo/__23/__khyed kyi thugs rje'i cha tsam zhig__/gang la reg pa de yi mod/____/sems med pa yang g.yo nus na/____/sems dang ldan pa lta ci smos/__24/__sangs rgyas zhing khams bye ba brgyar/____/rnam 'phrul du mas sems can 'dul/____/gang la tshad bzung dang bral bzhin/____/bdag kyang blo yi skye ba zad/__25/__khyod sku mthong bas yid 'phrog cing /____/khyod gsungs thub pa kho na 'dra/____/khyod kyi yon tan bskal pa brgyar/____/brjod kyang phongs pa ga la srid/__26/__phyogs bcu'i rgyal rnams khyod la dgyes/____/chags dang 'dzum dang rab bzhad cing /____/nyid kyang sangs rgyas rnams las byung /____/de phyir rgyal dang rnam dbyer med/__27/__khyod la bstod pa 'di bgyis pas/____/bdag kyang byang chub ma thob bar/____/rang byung rgyal bas rjes su bzungs/____/zab rgyas shes rab gter mdzod brdol/__28/__gsung rab kun la chags thogs bral/____/gzhan la 'chad cing rtsod pa dang /____/rtsom pa'i dbang phyug cher gyur te/____/bstan la bya ba byed gyur cig29/__thun mong bskyed pa'i rim pa dang /____/myur bde'i rdzogs rim la brten nas/____/dam pa dang po'i sangs rgyas nyid/____/tshe 'di nyid la mngon byed shog30/__ces pa'ang rje 'di nyid la dad pa brtan por thob pa rmongs brtul chos kyi blo gros pas shrI nA len+d+ra gnyis pa bkra shis lha rtse'i gzims bskyil du rtse gcig gsol ba btab pa sid+d+hi rastu/__/____//_

Footnotes

Other Information