JKW-KABUM-01-KA-002-178

From Khyentse Lineage - A Tsadra Foundation Project
Revision as of 15:05, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 178, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
ས་དབང་ཕུ་ལུང་པར་སྩལ་བའི་ཕར་ཕྱིན་དྲུག་གི་ཤིས་བརྗོད་འཇིག་རྟེན་དབང་ཕྱུག་སྙིང་རྗེའི་ཉི་མ། ཨོཾ་སྭ་སྟི་ཛཱི་བཾ་ཏིཥྛནྟུ། འཇིག་རྟེན་དབང་ཕྱུག་སྙིང་རྗེའི་ཉི་མ་ནི། །སྲིད་ན་སྲིད་པ་བཞིན་དུ་འཇུག་བརྩོན་པས། །ཕན་བདེའི་སྣང་བ་སྦྱིན༷་པ༷འི་གྲགས་དཀར་ཅན། །རྣམ་ཀུན་འཆི་མེད་གྲུབ་པ་ཉིད་གྱུར་ཅིག །ཚུལ་གནས་ཁྲིམ༷ས་ཀྱི་མཐོ་རིས་དགའ་ཚལ་དུ། །བསླབ་གཞིའི་ནོར་བུའི་སྙེ་མ་གཡུར་ཟ་བས། །ས་གསུམ་སྐྱེ་རྒུའི་རྒུད་པ་ཀུན་སེལ་བའི། །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། ༢ །སྙིགས་མའི་འགྱུར་བས་རབ་གཟིངས་ངང་ཚུལ་གྱིས། །མི་འཁྲུགས་བཟོ༷ད་པ༷འི་གོ་ཆ་བརྟན་པ་ལས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་བའི། །དགེ་མཚན་ནམ་ཡང་ནུབ་པ་མེད་གྱུར་ཅིག ༣ ། གཅིག་ཏུ་གཞན་དོན་ཁོ་ནར་རབ་དགྱེས་པའི། །དཀར་པོའི་ཡོན་ཏན་བྱེ་བའི་བརྩོན་འགྲུས་མཐུ། །སྲས་བཅས་རྒྱལ་བ་ཀུ ན་དང་སྙོམས་འཇུག་པ། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པར་གསོལ། ༤ །ཟག་མེད་བས༷མ་གཏ༷ན་བདུད་རྩིས་དགེ་བྱས་པའི། །ཏིང་འཛིན་སྒོ་བརྒྱར་འཇུག་ཅིང་ལྡང་བ་ཡིས། །མི་བཟད་ཉི་བུའི་དཔུང་པ་མཐར་བྱས་ནས། །འཆི་མེད་གྲུབ་པའི་རྒྱལ་རྔ་བརྡུང་གྱུར་ཅིག ༥ །གཟོད་ནས་སྐྱེ་བའི་ཚུ་རོལ་ལས་འདས་ཕྱིར། །མཐར་གྱིས་འགགས་པའི་ཕ་མཐར་སུ་ཞིག་དྲངས། །དེ་སླད་ཤེས་རབ་ཟབ་མོའི་སྒེག་འཆང་བའི། །གཟིགས་པས་བསིལ་ལྡན་འགྲོ་འདིར་གཅིག་ཏུ་དགོངས། ༦ །ལྷག་པར་གྲུབ་པས་བསྙེན་པའི་གནས་མཆོག་ཏུ། བཞེད་རྒུའི་ལེགས་མཛད་གེགས་མེད་སྤེལ་ནས་སླར། །ཕྱོགས་འདིར་དགྱེས་པའི་ཟླ་ཤེལ་སྣང་བ་ཡིས། །དོན་གཉིས་ཀུ་མུད་ཁོང་ནས་རྒྱས་པར་མཛོད། ༧ །བདག་ཀྱང་ཡེ་ཤེས་ཆེན་པོའི་འཇུག་པ་ཡིས། །རྣམ་པ་ཀུན་ཏུ་རྗེས་སུ་བཟུང་བ་ལས། །ལམ་བཟང་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །སྲིད་ཞིའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་སྩོལ། ༨ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།ཤུབྷཾ།། །།
[edit]

sa dbang phu lung par stsal ba'i phar phyin drug gi shis brjod 'jig rten dbang phyug snying rje'i nyi ma/ oM swa sti dzI baM tiSh+Than+tu/__'jig rten dbang phyug snying rje'i nyi ma ni/__/srid na srid pa bzhin du 'jug brtson pas/__/phan bde'i snang ba sbyinaX paX'i grags dkar can/__/rnam kun 'chi med grub pa nyid gyur cig__/tshul gnas khrimaXs kyi mtho ris dga' tshal du/__/bslab gzhi'i nor bu'i snye ma g.yur za bas/__/sa gsum skye rgu'i rgud pa kun sel ba'i/__/zhabs pad rdo rje'i khams su 'tsho gzhes gsol/_2__/snyigs ma'i 'gyur bas rab gzings ngang tshul gyis/__/mi 'khrugs bzoXd paX'i go cha brtan pa las/__/yid srubs dpung bcas phyogs las rnam rgyal ba'i/__/dge mtshan nam yang nub pa med gyur cig_3_/__gcig tu gzhan don kho nar rab dgyes pa'i/__/dkar po'i yon tan bye ba'i brtson 'grus mthu/__/sras bcas rgyal ba ku_na dang snyoms 'jug pa/__/rtag cing khyab dang lhun gyis grub par gsol/__4__/zag med bsaXm gtaXn bdud rtsis dge byas pa'i/__/ting 'dzin sgo brgyar 'jug cing ldang ba yis/__/mi bzad nyi bu'i dpung pa mthar byas nas/__/'chi med grub pa'i rgyal rnga brdung gyur cig__5__/gzod nas skye ba'i tshu rol las 'das phyir/__/mthar gyis 'gags pa'i pha mthar su zhig drangs/__/de slad shes rab zab mo'i sgeg 'chang ba'i/__/gzigs pas bsil ldan 'gro 'dir gcig tu dgongs/__6__/lhag par grub pas bsnyen pa'i gnas mchog tu/__bzhed rgu'i legs mdzad gegs med spel nas slar/__/phyogs 'dir dgyes pa'i zla shel snang ba yis/__/don gnyis ku mud khong nas rgyas par mdzod/__7__/bdag kyang ye shes chen po'i 'jug pa yis/__/rnam pa kun tu rjes su bzung ba las/__/lam bzang sgrub pa'i 'gal rkyen kun zhi zhing /_/srid zhi'i dge legs rgyas pa'i bkra shis stsol/__8__/sarba dA ka l+yA NaM b+ha ba tu//__//shub+haM//___//_

Footnotes

Other Information