JKW-KABUM-01-KA-002-134

From Khyentse Lineage - A Tsadra Foundation Project
Revision as of 15:05, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 134, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
ཡང་ཞབས་བརྟན་རིན་ཆེན་བསོད་ནམས་བརྒྱ་ཡི་མཚན་འབར་བ་ཞེས་པ། ཤྲཱི་སྭསྟི་བི་ཛ་ཡནྟུ། །རིན༷་ཆེན༷་བསོད་ནམས་བརྒྱ་ཡི་མཚན་འབར་བ། །བློ༷་གས༷ལ་མིག་གི་དཔྱིད་གྱུར་རྡོ་རྗེའི་སྐུ། །བསྟ༷ན་སྐྱོང༷་རྒྱལ་བའི་མྱུ་གུ་མཐའ་ཡས་པའི། །གཙུག་གི་ནོར་བུའི་མཆོག་ཏུ་འཚོ་གཞེས་གསོལ། །རིན༷་ཆེན་དམ་པའི་ཆོས་ཀྱི་དབྱངས་སྙན་པོས། །བློ༷་གས༷ལ་རྣ་བའི་དཔལ་སྟེར་རྡོ་རྗེའི་གསུ༷ང་། །བསྟ༷ན་སྐྱོང༷་མཁས་པའི་ཚོགས་རབ་བྱེ་སྙེད་ཀྱི། །ཤིང་རྟ་ཆེན་པོའི་མཆོག་ཏུ་འཚོ་གཞེས་གསོལ། །རིན༷་ཆེན༷་དྲི་མེད་གཉུག་མའི་བེཌཱུཪྻ། །བློ༷་གས༷ལ་ཡིད་ལ་བྱིན་རློབས་རྡོ་རྗེའི་ཐུགས། །བསྟ༷ན་སྐྱོང༷་གྲུབ་པ་རྒྱ་མཚོའི་དཔྱིད་གཅིག་པུ། །རིགས་བརྒྱའི་ཁྱབ་བདག་མཆོག་ཏུ་འཚོ་གཞེས་གསོལ། །རིན༷་ཆེན༷་རིན་ཐང་བྲལ་བས་མཚོན་མིན་པའི། །བློ༷་གས༷ལ་འདོད་པ་འཇོ་བའི་ཡོན་ཏན་ཕུལ། །བསྟ༷ན་སྐྱོང༷་འཕགས་དང་རྣམ་དཔྱོད་མིག་ཐོབ་པ། །ཀུན་གྱིས་བསྔགས་འོས་མཆོག་ཏུ་འཚོ་ཞེས་གསོལ། །རིན༷་ཆེན༷་རྣམ་གསུམ་དགྱེས་པའི་ལེགས་སྤྱད་ཀྱིས། །བློ་གསལ་གདུལ་བྱ་ཚིམ་མཛད་ཕྲིན་ལས་རྒྱུན། །བསྟ༷ན་སྐྱོང༷་གཞན་ལ་སྨན་ཕྱིར་ས་གསུམ་ན། །འཆི་མེད་རྟག་པའི་མཆོག་ཏུ་འཚོ་གཞེས་གསོལ། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཟུང་འཇུག་སངས་རྒྱས་རིན༷་ཆེན༷་ཟ་མ་ཏོག །བློ༷་འད༷ས་འོད་གསལ་སེམས་ཀྱི་རྡོ་རྗེ་དང་། །དབྱེར་མེད་བསྟ༷ན་པ་སྐྱོང༷་མཛད་རྟག་བཞུགས་གསོལ། །རི༷ན་ཆེན༷་གསུམ་དངོས་དཔལ་ལྡན་བླ་མ་ཡིས། །བློ༷་གས༷ལ་གདུལ་བྱ་རྒྱ་མཚོ་རྗེས་བཟུང་མཐུས། །བསྟ༷ན་སྐྱོང༷་མཁས་གྲུབ་ནམ་མཁའི་མཐར་ཁྱབ་ནས། །སྲིད་ཞིའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་དངོས་པོ་ཀུན་ཀྱིས་བཏུད་དེ་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར། བྱང་ཆུབ་སེམས་དཔའ་ཆེན་པོ་ཙནྡྲ་པྲ་བྷཱ་ཀུ་མཱ་ར་དང་དབྱེར་མེད་པར་སྐུ་ཚེ་དང་ཕྲིན་ལས་དབང་འབྱོར་བའི་རྟེན་འབྱུང་དུ་འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་རང་གཟུགས་བཅས་བཀའ་སློབ་ཀྱི་ཐ་ཆུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་བཅུའི་ཉི་ཤར་ལ་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །
[edit]

yang zhabs brtan rin chen bsod nams brgya yi mtshan 'bar ba zhes pa/__ shrI swasti bi dza yan+tu/__/rinaX chenaX bsod nams brgya yi mtshan 'bar ba/__/bloX gsaXl mig gi dpyid gyur rdo rje'i sku/__/bstaXn skyongaX rgyal ba'i myu gu mtha' yas pa'i/__/gtsug gi nor bu'i mchog tu 'tsho gzhes gsol/__/rinaX chen dam pa'i chos kyi dbyangs snyan pos/__/bloX gsaXl rna ba'i dpal ster rdo rje'i gsuXng /__/bstaXn skyongaX mkhas pa'i tshogs rab bye snyed kyi/__/shing rta chen po'i mchog tu 'tsho gzhes gsol/__/rinaX chenaX dri med gnyug ma'i beDUR+Ya/__/bloX gsaXl yid la byin rlobs rdo rje'i thugs/__/bstaXn skyongaX grub pa rgya mtsho'i dpyid gcig pu/__/rigs brgya'i khyab bdag mchog tu 'tsho gzhes gsol/__/rinaX chenaX rin thang bral bas mtshon min pa'i/__/bloX gsaXl 'dod pa 'jo ba'i yon tan phul/__/bstaXn skyongaX 'phags dang rnam dpyod mig thob pa/__/kun gyis bsngags 'os mchog tu 'tsho zhes gsol/__/rinaX chenaX rnam gsum dgyes pa'i legs spyad kyis/__/blo gsal gdul bya tshim mdzad phrin las rgyun/__/bstaXn skyongaX gzhan la sman phyir sa gsum na/__/'chi med rtag pa'i mchog tu 'tsho gzhes gsol/__/de ltar mi phyed gus pas gsol btab mthus/__/zung 'jug sangs rgyas rinaX chenaX za ma tog__/bloX 'daXs 'od gsal sems kyi rdo rje dang /__/dbyer med bstaXn pa skyongaX mdzad rtag bzhugs gsol/__/riXn chenaX gsum dngos dpal ldan bla ma yis/__/bloX gsaXl gdul bya rgya mtsho rjes bzung mthus/__/bstaXn skyongaX mkhas grub nam mkha'i mthar khyab nas/__/srid zhi'i dge legs 'phel ba'i bkra shis shog__/ces dngos po kun kyis btud de rtse gcig gus pas gsol ba 'debs mtshon bkra shis pa'i lha gos rab dkar/__byang chub sems dpa' chen po tsan+d+ra pra b+hA ku mA ra dang dbyer med par sku tshe dang phrin las dbang 'byor ba'i rten 'byung du 'chi med sku gsung thugs rdo rje'i rang gzugs bcas bka' slob kyi tha chung 'jam dbyangs mkhyen brtse'i dbang pos chu stod zla ba'i dkar po'i phyogs kyi tshes bcu'i nyi shar la phul ba de de bzhin du 'grub par byin gyis brlab tu gsol/__/

Footnotes

Other Information