JKW-KABUM-01-KA-002-125

From Khyentse Lineage - A Tsadra Foundation Project
Revision as of 14:05, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABUM-01-KA-002-125

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 125, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག། འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་བསྙན་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་ཞབས་བརྟན་དུ་གསོལ་བའི་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ང༷ག་གིས་མཚོན་མིན་ཀུན་མཁྱེན་ཡེ་ཤེས་སྐུ། །ང༷ག་ཚིག་དྲི་མེད་ཉིན་མོར་བྱེད་པའི་འོད། །ང༷ག་ལ་དབང་འབྱོར་པདྨ་རྒྱས་པའི་སྤྱན། །ང༷ག་གི་དབང་ཕྱུག་ཆེན་པོར་འཚོ་གཞེས་གསོལ། །དབ༷ང་བཅུ་མངའ་བ་རྣམས་ཀྱི་ཡེ་ཤེས་དང་། །དབ༷ང་བཅུའི་དཔལ་གྱིས་འབྱོར་པའི་ཟིལ་དངར་གྱིས། །དབ༷ང་མཆོག་གྲུབ་པ་རྡོ་རྗེའི་རྒྱལ་ཐབས་ལ། །དབ༷ང་བསྒྱུར་འཆི་མེད་མགོན་པོར་འཚོ༴ ལེག༷ས་པའི་ལམ་ལས་དོན་གཉིས་མཐར་སོན་ཏེ། །ལེག༷ས་བྱས་གྲགས་དཀར་སྲིད་ན་གསལ་བའི་ཕྱིར། །ལེག༷ས་བཤད་བྱེ་བའི་ཟླ་ཤེལ་གཅིག་པུ་པ། །ལེག༷ས་གསུངས་རྒྱ་མཚོའི་དཔྱིད་དུ་འཚོ༴ གྲུ༷བ་པའི་རིགས་དང་མཁས་པ་མཐའ་དག་གིས། །གྲུ༷བ་པའི་བདུད་རྩི་བཞིན་དུ་བསྟེན་འོས་པ། །གྲུ༷བ་པའི་དཔལ་དང་མཁས་ཤིང་བཙུན་པའི་ཕུལ། །གྲུ༷བ་པའི་རྡོ་རྗེའི་དབྱིག་ཏུ་འཚོ་གཞེས་གསོལ། །མདོར་ན་སྲས་བཅས་རྒྱལ་བའི་ཆོས་ཀྱི་ཁྲིར། །གྲངས་མེད་བསྐལ་པའི་སྲིད་དུ་ཞབས་བརྟན་ཅིང་། །ཕྲིན་ལས་སྣང་བ་དམ་པས་འཇིག་རྟེན་ན། །ཀུན་མཁྱེན་གཉིས་པའི་སྙན་པ་བཟུང་གྱུར་ཅིག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བཀྲ་ཤིས་ཟླ་བའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་དང་པོས་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །།
[edit]

zhabs brtan gsol 'debs 'chi med grub pa'i bden tshig/ 'jam pa'i dbyangs ngag dbang legs grub bsnyan brgyud bstan pa'i rgyal mtshan dpal bzang por zhabs brtan du gsol ba'i 'chi med grub pa'i bden tshig ces bya ba bzhugs so/__/oM swasti sid+d+haM/__ngaXg gis mtshon min kun mkhyen ye shes sku/__/ngaXg tshig dri med nyin mor byed pa'i 'od/__/ngaXg la dbang 'byor pad+ma rgyas pa'i spyan/__/ngaXg gi dbang phyug chen por 'tsho gzhes gsol/__/dbaXng bcu mnga' ba rnams kyi ye shes dang /__/dbaXng bcu'i dpal gyis 'byor pa'i zil dngar gyis/__/dbaXng mchog grub pa rdo rje'i rgyal thabs la/__/dbaXng bsgyur 'chi med mgon por 'tsho=__legaXs pa'i lam las don gnyis mthar son te/__/legaXs byas grags dkar srid na gsal ba'i phyir/__/legaXs bshad bye ba'i zla shel gcig pu pa/__/legaXs gsungs rgya mtsho'i dpyid du 'tsho=__gruXb pa'i rigs dang mkhas pa mtha' dag gis/__/gruXb pa'i bdud rtsi bzhin du bsten 'os pa/__/gruXb pa'i dpal dang mkhas shing btsun pa'i phul/__/gruXb pa'i rdo rje'i dbyig tu 'tsho gzhes gsol/__/mdor na sras bcas rgyal ba'i chos kyi khrir/__/grangs med bskal pa'i srid du zhabs brtan cing /__/phrin las snang ba dam pas 'jig rten na/__/kun mkhyen gnyis pa'i snyan pa bzung gyur cig_/ces pa'ang 'jam dbyangs mkhyen brtse'i dbang po kun dga' bstan pa'i rgyal mtshan dpal bzang pos bkra shis zla ba'i dkar po'i phyogs kyi rgyal ba dang pos dngos po kun gyis btud de gsol ba btab pa de de bzhin du 'grub par byin gyis brlab tu gsol//__//

Footnotes

Other Information