JKW-KABUM-01-KA-002-165

From Khyentse Lineage - A Tsadra Foundation Project
Revision as of 15:05, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 165, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
རྒྱལ་རོང་ཀུན་བཟང་ཐེག་མཆོག་རྡོ་རྗེ་ལ་ཞབས་བརྟན་ཀུན་བཟང་དགོངས་པའི་རྩལ་ཆེན་མ། ཨོཾ་སྭསྟི་སིདྡྷཾ་ཛཱི་བནྟུ། ཀུན༷་བཟ༷ང་དགོངས་པའི་རྩལ་ཆེན་མངོན་དུ་གྱུར། །ཐེག་མཆོག་ཆོས་ཀྱི་སྲིད་ལ་རང་དབང་བསྒྱུར། །རྡོ༷་རྗེ༷་འཛིན་པ་ཡོངས་ཀྱི་གཙུག་གི་རྒྱན། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག །ཚེ་མཐའ་ཡས་པའི་ངོ་བོར་བྱང་ཆུབ་སྐུ༷། །དམ་ཆོས་ཆར་འབེབས་ཡིད་བཞིན་འཁོར་ལོའི་གསུང༷་། །སྲིད་ཞིའི་ཕྱོགས་ལས་རྣམ་པར་རྒྱལ་མའི་ཐུགས༷། །གསང་གསུམ་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། །མཁས་བཙུན་བཟང་པོའི་རྣམ་ཐར་རྒྱུན་གྱིས་རྟག །མཁྱེན་བརྩེ་ནུས་པའི་ཡོན་ཏན་སྲིད་ན་ཁྱབ། །འཆད་རྩོད་རྩོམ་པའི་ཕྲིན་ལས་ལྷུན་གྱིས་གྲུབ། །ཕན་བདེའི་དགེ་མཚན་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་དཀར་པོ། །འཆི་མེད་སྐུ་གསུམ་ཐུགས་རྡོ་རྗེའི་སྣང་བརྙན། བཅས་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་འདི་དག་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ། ༈
[edit]

rgyal rong kun bzang theg mchog rdo rje la zhabs brtan kun bzang dgongs pa'i rtsal chen ma/__ oM swasti sid+d+haM dzI ban+tu/__kunaX bzaXng dgongs pa'i rtsal chen mngon du gyur/__/theg mchog chos kyi srid la rang dbang bsgyur/__/rdoX rjeX 'dzin pa yongs kyi gtsug gi rgyan/__/bskal pa rgya mtshor zhabs pad brtan gyur cig__/tshe mtha' yas pa'i ngo bor byang chub skuX/__/dam chos char 'bebs yid bzhin 'khor lo'i gsungaX /__/srid zhi'i phyogs las rnam par rgyal ma'i thugasaX/__/gsang gsum rdo rje'i khams su 'tsho gzhes gsol/__/mkhas btsun bzang po'i rnam thar rgyun gyis rtag__/mkhyen brtse nus pa'i yon tan srid na khyab/__/'chad rtsod rtsom pa'i phrin las lhun gyis grub/__/phan bde'i dge mtshan mchog tu rgyas gyur cig__/ces rtse gcig gus pas gsol ba 'debs mtshon bkra shis pa'i lha gos dkar po/__/'chi med sku gsum thugs rdo rje'i snang brnyan/__bcas bkra shis rtags kyi grangs ldan 'di dag bya bral chos rje 'jam dbyangs mkhyen brtse'i dbang pos bsam pa dag cing sbyor ba gus pas 'bul lam zhus pa ji ltar gsol ba btab pa'i don thams cad yid bzhin du 'grub par bla ma rgyal ba sras dang bcas pas byin gyis brlab tu gsol/__/_!

Footnotes

Other Information