JKW-KABUM-01-KA-002-011

From Khyentse Lineage - A Tsadra Foundation Project
Revision as of 14:03, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABUM-01-KA-002-011

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 11, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
རྗེ་བཙུན་སྒྲོལ་མ་ལ་བསྔགས་པ་འདོད་དོན་འགྲུབ་པའི་ཤིས་བརྗོད། རྗེ་བཙུན་སྒྲོལ་མ་ལ་བསྔགས་པ་འདོད་དོན་འགྲུབ་པའི་ཤིས་བརྗོད་ཅེས་བྱ་བ་བཞུགས་སོ། །ན་མསྟཱ་ར་ཡེ། ཁྱོད་མཚན་ཐོས་པ་ཙམ་གྱིས་ཀྱང་། །འགྲོ་རྣམས་འཁོར་མཚོ་ལས་སྒྲོལ་བའི། །ངོ་མཚར་ཁོ་ནར་ཡིད་ཆགས་པས། །རྩེ་་གཅིག་གུས་པས་གསོལ་འདེབས་ན། །རབ་མཛེས་མརྒད་བྱེ་བའི་རྡུལ། །གཅིག་ཏུ་སྤུངས་པའི་དགེ་མཚན་ཅན། །མཛེས་སྐུ་བདག་གི་མིག་ལམ་དུ། །ཞི་འཛུམ་ཉམས་བརྒྱས་རོལ་པར་མཛོད། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་རིན་ཆེན་རྒྱ་མཚོའི་དབྱིག །རིག་པའི་གསང་སྔགས་གྲུབ་པ་ལས། །ས་གསུམ་ཕན་བདེ་སྦྱིན་གྱུར་ཅིག །ཟབ་ཅིང་མཆོག་ཏུ་ཞི་བའི་དབྱིངས། །ཕྱོགས་དང་ཆ་ལས་རྣམ་གྲོལ་བས། །བྱིན་གྱིས་བརླབས་པའི་སྐད་ཅིག་ལ། །གཟུང་འཛིན་དབུ་མར་ཐིམ་མཛད་གསོལ། །ཁྱད་པར་སྙིགས་ལས་ཆེར་སྙིགས་པའི། །དུས་ཀྱི་རྒུད་པས་རབ་སྐྲག་རྣམས། །ཉིན་མཚན་མེད་པར་རྒྱལ་བའི་ཡུམ། །ཁྱོད་ལས་སྐྱབས་གཞན་སེམས་པ་བྲལ། །དེ་སླད་ཐུགས་རྗེའི་ཕྱག་བརྐྱངས་ནས། །འཇིགས་པ་མཐའ་དག་བསལ་བ་དང་། །ཀུན་དགའི་གནས་སུ་དབུགས་དབྱུང་བའི། །སྐལ་པ་བཟང་པོ་གྲུབ་པར་མཛོད། །སླར་ལ་གནས་སྐབས་སྡེ་བཞི་ཡི། །ཡོན་ཏན་མེ་ཏོག་མཛེས་འབར་བར། །མཐར་ཐུག་སྐུ་གསུམ་མི་ཕྱེད་པའི། །ཟུང་འཇུག་སྙེ་མ་དུད་མཛད་གསོལ། །མདོར་ན་འདི་ནས་བྱང་ཆུབ་བར། །འཕགས་མ་དགྱེས་པའི་སྤྱན་ཟུར་དང་། །ནམ་ཡང་མི་འབྲལ་འགྲོགས་པ་ལས། །འདོད་དགུའི་རེ་ཁཱ་རྫོགས་གྱུར་ཅིག །ཅེས་པའང་དུས་ཀྱི་རྒུད་པས་སྐྲག་པའི་ཡིད་ཅན་རྣམས་དབུགས་དབྱུང་བའི་སླད་དུ་གསོལ་འདེབས་ཤིས་བརྗོད་ཀྱི་མེ་ཏོག་ཅུང་ཟད་འཐོར་བ་པོ་ནི་རིག་པ་འཛིན་པ་མཉྫུ་གྷོ་ཥ་སྟེ་ཇི་ལྟར་སྨོན་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། །། ༈
[edit]

rje btsun sgrol ma la bsngags pa 'dod don 'grub pa'i shis brjod/__ rje btsun sgrol ma la bsngags pa 'dod don 'grub pa'i shis brjod ces bya ba bzhugs so/__/na mastA ra ye/__khyod mtshan thos pa tsam gyis kyang /__/'gro rnams 'khor mtsho las sgrol ba'i/__/ngo mtshar kho nar yid chags pas/__/rtse gcig gus pas gsol 'debs na/__/rab mdzes margad bye ba'i rdul/__/gcig tu spungs pa'i dge mtshan can/__/mdzes sku bdag gi mig lam du/__/zhi 'dzum nyams brgyas rol par mdzod/__/'jig rten 'jig rten 'das pa yi/__/dngos grub rin chen rgya mtsho'i dbyig__/rig pa'i gsang sngags grub pa las/__/sa gsum phan bde sbyin gyur cig__/zab cing mchog tu zhi ba'i dbyings/__/phyogs dang cha las rnam grol bas/__/byin gyis brlabs pa'i skad cig la/__/gzung 'dzin dbu mar thim mdzad gsol/__/khyad par snyigs las cher snyigs pa'i/__/dus kyi rgud pas rab skrag rnams/__/nyin mtshan med par rgyal ba'i yum/__/khyod las skyabs gzhan sems pa bral/__/de slad thugs rje'i phyag brkyangs nas/__/'jigs pa mtha' dag bsal ba dang /__/kun dga'i gnas su dbugs dbyung ba'i/__/skal pa bzang po grub par mdzod/__/slar la gnas skabs sde bzhi yi/__/yon tan me tog mdzes 'bar bar/__/mthar thug sku gsum mi phyed pa'i/__/zung 'jug snye ma dud mdzad gsol/__/mdor na 'di nas byang chub bar/__/'phags ma dgyes pa'i spyan zur dang /__/nam yang mi 'bral 'grogs pa las/__/'dod dgu'i re khA rdzogs gyur cig__/ces pa'ang dus kyi rgud pas skrag pa'i yid can rnams dbugs dbyung ba'i slad du gsol 'debs shis brjod kyi me tog cung zad 'thor ba po ni rig pa 'dzin pa many+dzu g+ho Sha ste ji ltar smon bzhin du 'grub par byin gyis brlab tu gsol/__/sarba dA shre yo b+ha ba tu//___//__!_

Footnotes

Other Information