JKW-KABUM-01-KA-002-009

From Khyentse Lineage - A Tsadra Foundation Project
Revision as of 14:04, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 9, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བསྟོད་པ་གྲུབ་གཉིས་ཕན་བདེའི་དཔལ་སྟེར་ནོར་བུའི་ཕྲེང་བ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བསྟོད་པ་གྲུབ་གཉིས་ཕན་བདེའི་དཔལ་སྟེར་ནོར་བུའི་ཕྲེང་བ་ཞེས་བྱ་བ། །ན་མོ་བུདྡྷ་གུ་ཧྱ་བཛྲ་པཱ་ཎི་ཡེ། ཀཱ༷་ཧ་ཀཱ་ཧ་དགོད་པའི་སྟོབས་ཅན་འབྱུང་པོ་ཀུན་ལ་ཆེར་ཁྲོས་ཞལ། །ཁ༷་ཙམ་མ་ཡིན་གུས་པས་རབ་བསྒྲུབས་རྗེས་སུ་ཞུགས་པའི་རྣལ་འབྱོར་ལ། །ག༷་བུར་དབང་པོའི་རྡུལ་ཕྲེང་ལས་ལྷག་གྲུབ་གཉིས་བདུད་རྩིའི་བགོ་བཤར་གྱིས། །ང༷་བདག་གཟུང་འཛིན་ཚ་གདུང་ཀུན་བཅིལ་མཆོག་གི་བཅུད་ལེན་སྦྱིན་དེར་འདུད། ༡ །ཅ༷་རེ་འདྲེན་བྱེད་ཕལ་གྱིས་ལྟ་བར་བཟོད་པར་མི་ནུས་གཟུགས་ཀྱི་སྐུ། །ཆ༷་ཡིས་ཆ་ཡང་གཞལ་བར་རབ་དཀའ་གནམ་སྔོན་བཞུ་བའི་ལང་ཚོ་ཅན། །ཇ༷་རིལ་སྐྲ་ཅན་ཚོགས་ཀྱང་འཇིགས་མཛད་རྡོ་རྗེ་དྲིལ་བུས་མཚན་པའི་ཕྱག །ཉ༷་རྒྱས་ཟླ་བའི་དཔལ་ཡོན་འཕྲོག་ལྟའི་གཟི་བྱིན་མཚུངས་མེད་ལྡན་དེར་འདུད། ༣ །ཏ༷་ཐཱ་ག་ཏས་ལེགས་པར་གསུངས་པའི་སྡེ་སྣོད་གསུམ་དང་རྒྱུད་དོ་ཅོག །ཐ༷་དད་མོས་པའི་རྗེས་སུ་འགྲོ་བས་བསམ་གྱིས་མི་ཁྱབ་གསང་བ་ཀུན། །ད༷་ལྟ་མ་འོངས་འདས་པའི་དུས་ནི་ཁྱོད་ཀྱི་སྒྱུ་འཕྲུལ་ཁོ་ན་ཡིན། །ན༷་མར་སྡུད་པའི་མཐུ་སྟོབས་མངའ་ཞེས་བདེན་པར་ལག་ན་རྡོ་རྗེའི་དབང་བསྐུར་བའི་རྒྱུད་སོགས་ནས་བསྟན། གསུངས་དེར་རབ་ཏུ་འདུད། ༤ །པ༷་ར་མི་ཏ་ཀུན་གྱི་དེ་ཉིད་རྣམ་ཐར་སྒོ་གསུམ་ཡེ་ཤེས་ནི། །ཕ༷་རོལ་ཚུ་རོལ་མཐའ་ལ་མི་གནས་བསམ་སྤྱོད་ལས་འདས་སྤྲོས་བྲལ་དོན། །བ༷་མཆོག་དགོས་འབྱུང་གཏེར་ལས་ལྷག་པའི་མཁྱེན་བརྩེའི་རང་གཟུགས་དང་འགྲོགས་པས། །མ༷་ལུས་རྒྱལ་ཀུན་ཐུགས་ཀྱི་ཐིག་ལེར་རོ་གཅིག་བཟླུམས་པ་ཁྱོད་ལ་འདུད། ༥ །ཙ༷་མ་ར་ལྟར་ཁེངས་པའི་སེམས་ལྡན་སྣ་ཚོགས་གནོད་སྦྱིན་འབྱུང་པོའི་སྡེ། །ཚ༷་ཟེར་ཅན་བཞིན་སྲིད་འདིར་རབ་གྲགས་ཚངས་དབང་བདེ་འབྱུང་གོ་བིནྡཱ། །ཛཱ༷་ཏིའི་མེ་ཏོག་གཞོན་ནུ་ལྟར་སྡུག་ཡིད་སྲུབས་སྒེག་མོའི་ཚོགས་རྣམས་ཀྱང་། །ཝ༷་ལྟར་རབ་ཞུམ་ཞབས་ཀྱི་འཁོར་ལོར་སྤྱི་བོའི་བསྟི་སྟང་བསྟབ་ལ་འདུད། ༦ །ཞ༷་རེངས་དུཿཁའི་འབིགས་བྱེད་རབ་གཡོ་ལག་འགྲོའི་གདེངས་ཀ་ཅན་ལ་སོགས། །ཟ༷་ལྟར་རྩུབ་པའི་བསམ་སྦྱོར་གདུག་པས་ལུས་ཅན་འཆིང་བའི་དཔལ་ཡོན་གྱིས། །འ༷་ཅག་འགྲོ་རྣམས་སྡུག་བསྔལ་ལ་སྦྱར་འབར་བའི་སྤྱན་གྱིས་ལྟ་སྟང་གིས། །ཡ༷་མཚན་མྱུར་དུ་བསྲེག་པར་མཛད་པའི་ཧེ་རུ་ཀ་དཔལ་ཁྱོད་ལ་འདུད། ༧ །རྭ༷་མ་ཎ་ཡི་ཉག་ཕྲན་སྦྱོར་བས་ལངྐའི་དབང་ཕྱུག་འཇོམས་པ་དེར། །ལ༷་ལ་ངོ་མཚར་ཆུ་གཏེར་འཕྱུར་ཡང་འདིར་ནི་ཁྱོད་ཀྱི་ཐུགས་རྗེའི་མདས། །ཤ༷་ཁྲག་བྲལ་བའི་གཟུང་འཛིན་འབོད་སྒྲོགས་འོད་གསལ་དབྱིངས་སུ་བསྒྲལ་བྱས་ཏེ། །ས༷་བཅུའི་སི་ཏཱ་རྩེ་དགར་རོལ་པའི་རྨད་བྱུང་མཛད་པ་མཆོག་དེར་འདུད། ༨ །ཧ༷་ལའི་ཙནྡན་འཁྲི་ཤིང་གཞོན་ནུའི་ལང་ཚོ་མཛེས་པའི་མཚར་སྡུག་གིས། །བྲལ་བས་ཉེན་པའི་འགྲོན་པོ་དག་ལ་ཀུན་ཏུ་གདུང་བས་བསྐྱེད་པ་ལྟར། །ཨཱ༷་དཪྴ་ལྟར་རབ་དྭངས་སྙིང་རྗེའི་འཛུམ་དཀར་ངོམ་པའི་ཁྱོད་ཐུགས་ཀྱང་། །མི་སྲུན་རྣམས་ལ་འབར་བའི་ཉམས་ཅན་སྣ་ཚོགས་སྒྱུ་འཕྲུལ་རོལ་པར་འདུད། ༩ །འདི་ན་ཚད་མེད་རྟོག་པའི་རྗེས་མཐུན་ལས་ཀྱི་ཆུ་གཏེར་རབ་གཡོ་བར། །བརྒྱད་གཉིས་འཇིགས་པའི་སྣང་ཚུལ་མི་བཟད་ཐུགས་རྗེའི་གྲུ་བོས་བསྒྲལ་ནས་ཀྱང་། །ཚེ་བསོད་དཔལ་འབྱོར་ཤེས་རབ་ལ་སོགས་མངོན་མཐོའི་ནོར་བུའི་འབྱོར་པ་ཡིས། །རེ་བའི་ཡོལ་གོ་ཕྱུར་བུར་འགེངས་བྱེད་ཐུན་མོང་གྲུབ་པའི་དགའ་སྟོན་སྩོལ། ༡༠ །ཁྱད་པར་སྐལ་བཟང་ཟ་མ་ཏོག་གྱུར་བྲམ་ཟེ་ཆེན་པོ་མདའ་བསྣུན་ཞབས། །མངོན་སུམ་རྗེས་བཟུང་གསང་རྒྱུད་རྒྱ་མཚོའི་དབུགས་དབྱུང་སྩལ་བའི་དེ་མ་ཐག །ཟུང་འཇུག་མཆོག་གི་གོ་འཕང་རོལ་བཞིན་བདག་ཀྱང་ཐུགས་རྗེས་རབ་བསྐྱངས་ནས། །རྟག་ཏུ་ཞལ་གྱི་བདུད་རྩིས་ཉེར་གསོས་སྐུ་བཞིའི་ལང་ཚོ་རྒྱས་མཛོད་ཀྱེ། ༡༡ །དེ་ལྟར་དཔལ་གསང་བ་འཛིན་པའི་བདག་ཉིད་ལག་ན་རྡོ་རྗེ་འཆང་བ་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི་གཞོན་ནུ་ཨ་བྷཱ་ཡས་རང་གཞན་གྱི་དོན་དུ་ཉེ་བར་དམིགས་ཏེ་གང་ཤར་མྱུར་དུ་སྦྱར་བ་ཛ་ཡནྟུ།། །། ༈
[edit]

gsang ba'i bdag po lag na rdo rje la bstod pa grub gnyis phan bde'i dpal ster nor bu'i phreng ba/__ gsang ba'i bdag po lag na rdo rje la bstod pa grub gnyis phan bde'i dpal ster nor bu'i phreng ba zhes bya ba/__/na mo bud+d+ha gu h+ya badz+ra pA Ni ye/__kAX ha kA ha dgod pa'i stobs can 'byung po kun la cher khros zhal/___/khaX tsam ma yin gus pas rab bsgrubs rjes su zhugs pa'i rnal 'byor la/__/gaX bur dbang po'i rdul phreng las lhag grub gnyis bdud rtsi'i bgo bshar gyis/__/ngaX bdag gzung 'dzin tsha gdung kun bcil mchog gi bcud len sbyin der 'dud/__1_/caX re 'dren byed phal gyis lta bar bzod par mi nus gzugs kyi sku/__/chaX yis cha yang gzhal bar rab dka' gnam sngon bzhu ba'i lang tsho can/__/jaX ril skra can tshogs kyang 'jigs mdzad rdo rje dril bus mtshan pa'i phyag__/nyaX rgyas zla ba'i dpal yon 'phrog lta'i gzi byin mtshungs med ldan der 'dud/__3__/taX thA ga tas legs par gsungs pa'i sde snod gsum dang rgyud do cog__/thaX dad mos pa'i rjes su 'gro bas bsam gyis mi khyab gsang ba kun/__/daX lta ma 'ongs 'das pa'i dus ni khyod kyi sgyu 'phrul kho na yin/__/naX mar sdud pa'i mthu stobs mnga' zhes bden par lag na rdo rje'i dbang bskur ba'i rgyud sogs nas bstan/__gsungs der rab tu 'dud/__4__/paX ra mi ta kun gyi de nyid rnam thar sgo gsum ye shes ni/__/phaX rol tshu rol mtha' la mi gnas bsam spyod las 'das spros bral don/__/baX mchog dgos 'byung gter las lhag pa'i mkhyen brtse'i rang gzugs dang 'grogs pas/__/maX lus rgyal kun thugs kyi thig ler ro gcig bzlums pa khyod la 'dud/__5__/tsaX ma ra ltar khengs pa'i sems ldan sna tshogs gnod sbyin 'byung po'i sde/__/tshaX zer can bzhin srid 'dir rab grags tshangs dbang bde 'byung go bin+dA/__/dzAX ti'i me tog gzhon nu ltar sdug yid srubs sgeg mo'i tshogs rnams kyang /__/waX ltar rab zhum zhabs kyi 'khor lor spyi bo'i bsti stang bstab la 'dud/__6__/zhaX rengs duHkha'i 'bigs byed rab g.yo lag 'gro'i gdengs ka can la sogs/__/zaX ltar rtsub pa'i bsam sbyor gdug pas lus can 'ching ba'i dpal yon gyis/__/'aX cag 'gro rnams sdug bsngal la sbyar 'bar ba'i spyan gyis lta stang gis/__/yaX mtshan myur du bsreg par mdzad pa'i he ru ka dpal khyod la 'dud/__7__/rwaX ma Na yi nyag phran sbyor bas lang+ka'i dbang phyug 'joms pa der/__/laX la ngo mtshar chu gter 'phyur yang 'dir ni khyod kyi thugs rje'i mdas/__/shaX khrag bral ba'i gzung 'dzin 'bod sgrogs 'od gsal dbyings su bsgral byas te/__/saX bcu'i si tA rtse dgar rol pa'i rmad byung mdzad pa mchog der 'dud/__8_/haX la'i tsan+dan 'khri shing gzhon nu'i lang tsho mdzes pa'i mtshar sdug gis/__/bral bas nyen pa'i 'gron po dag la kun tu gdung bas bskyed pa ltar/__/AX daR+sha ltar rab dwangs snying rje'i 'dzum dkar ngom pa'i khyod thugs kyang /__/mi srun rnams la 'bar ba'i nyams can sna tshogs sgyu 'phrul rol par 'dud/__9__/'di na tshad med rtog pa'i rjes mthun las kyi chu gter rab g.yo bar/__/brgyad gnyis 'jigs pa'i snang tshul mi bzad thugs rje'i gru bos bsgral nas kyang /__/tshe bsod dpal 'byor shes rab la sogs mngon mtho'i nor bu'i 'byor pa yis/__/re ba'i yol go phyur bur 'gengs byed thun mong grub pa'i dga' ston stsol/__10_/khyad par skal bzang za ma tog gyur bram ze chen po mda' bsnun zhabs/__/mngon sum rjes bzung gsang rgyud rgya mtsho'i dbugs dbyung stsal ba'i de ma thag__/zung 'jug mchog gi go 'phang rol bzhin bdag kyang thugs rjes rab bskyangs nas/__/rtag tu zhal gyi bdud rtsis nyer gsos sku bzhi'i lang tsho rgyas mdzod kye/__11__/de ltar dpal gsang ba 'dzin pa'i bdag nyid lag na rdo rje 'chang ba la bstod pa'i rab tu byed pa 'di ni gzhon nu a b+hA yas rang gzhan gyi don du nye bar dmigs te gang shar myur du sbyar ba dza yan+tu//___//__!

Footnotes

Other Information