DKYD-KABUM-06-CHA-006

From Khyentse Lineage - A Tsadra Foundation Project
Revision as of 08:43, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 6, Text 6, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
ཧྲྃ།« འཕགས་མཆོག་གར་དབང་སྒྲུབ་སྐོར་ལསཿ ལས་ཚོགས་ཡིད་བཞིན་གཏེར་མཛོད་བཞུགསཿ »ཧྲཾ།༔ «གར་གྱི་དབང་ཕྱུག་སྙིང་»རྗ«ེའི་གཏེརཿ འཁོར་བ་ཡོངས་སྒྲོལ་ལྷ་ལ་འདུདཿ དམ་ཚིག་ལྡན་པའི་རྣལ་འབྱོར་པསཿ སློ»བ«་དཔོན་མཚན་ལྡན་ཐོད་ཁུར་ཞིང་ཿ དབང་ནོད་བསྐྱེད་རྫོགས་མཐར་ཕྱིན་ཅིངཿ བསྙེན་བསྒྲུབ་ཚད་དུ་འ»ཁྱོ«ལ་བའི་མཐརཿ རང་གཞན་དོན་དུ་མན་ངག་གནདཿ ལས་ཚོགས་བདུད་རྩིའི་སྙིང་ཁུ་བསྟནཿ »སྒྲུ«བ་རྟེན་དངུལ་དཀར་མེ་»ལོང«་དང་ཿ རང་བྱུང་ཤེལ་དང་རིན་ཆེན་ལྔཿ དུང་གཡུ་ཕ་ཝང་ལོང་བུ་མཚལཿ ཁབ་ལེན་རྡོ་དང་འབྲུ་སྣ་ལྔཿ ཟ་འོག་ཁུགས་མར་འདུ་བྱའོ»ཿ« ལྷ་བསྐྱེད་ཡི་གེ་དྲུག་མ་བཟླཿ དགུག་གཞུག་སྲིད་གསུམ་བླ་རྡོའོཿ འཁོར་ལོ་ལ་བརྟེན་མན་གང་ནིཿ གྲོ་ག་འམ་ནི་རྒྱ་ཤོག་ངོསཿ དམ་གཙང་དཀར་དམར་ཁམས་ཀྱིས་ནིཿ དབུས་སུ་སྲིད་པའི་སྲོག་ཡིག་ནིཿ ན༷ཏྲ༷།ཿ དེ»འི«་མཐར་རྩ་གསུམ་སྙིང་པོ་དངཿ སྲིད་བའི་ཡི་གེ་འབྲུ་བརྒྱད་བྲིཿ མཐའ་བསྐོར་པདྨ་འདབ་བརྒྱད་དབུསཿ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ མཁའ་འགྲོ་འབུམ་གྱི་སྙིང་པོ་དངཿ དེའི་མཐར་དབའ་བོ་འབྲུ་ལྔ་པཿ ཉེར་གཅིག་མཐའ་མར་པདྨ་ནིཿ འདབ་མ་བཅུ་དྲུག་ལྟེ་བ་རུཿ མུཾ་ལཾ་མཾ་བཾ་ཏཾ་དང་ནིཿ དེའི་མཐར་ཌཱཀྐི་ཆོས་སྐྱོང་སྔགསཿ མཐའ་མར་འོད་ལྔའི་»དྲྭ«་བས་སྤྲེལཿ དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་ཿ འོད་ཕྲེང་ལྕགས་ཀྱུའི་རྣམ་པ་བསྐོརཿ བསྐྱེད་ཆོག་སྒྲུབ་བཟླས་རྩ་གསུམ་འགུགཿ རིགས་བཟང་ཕོ་མོའི་ལྕང་ལོས་བཅིངསཿ རབ་ཏུ་གནས་ཤིང་མགུལ་དུ་འདོག»ཿ« རྩ་བ་གསུམ་གྱི་བླ་རྡོ་སྟེཿ དཔའ་བོ་ཌཱཀྐི་སྤྲིན་བཞིན་འདུཿ འཇིག་རྟེན་མཁའ་འགྲོས་མི་ཚུག་ཅིང་ཿ བདུད་དང་ལོག་འདྲེན་ལྟ་ཅི་སྨོསཿ ཡེ་ཤེས་མཁའ་འགྲོའི་ཞལ་མཐོང་ཞིང་༔ ལུང་སྟོང་ཕན་ཡོན་བསམ་ལས་འདསཿ བདུད་རྩི་ལྔ་ཡི་ཕབ་»རྒྱུ«ན་ལཿ འབྲས་»གསུ«མ་བཟང་དྲུག་དྲི་ལྔ་དངཿ དབང་ལག་ག་དུར་རྩ་བ་ལྔ »ཿ«རིན་ཆེན་ལྔ་ཡི་ཕྱེ་མ་བཅསཿ སྐྱེ་བདུན་སྐུ་ཤ་དང་བསྲེས་པཿ རིན་ཆེན་བུམ་པར་ལེགས་བཀང་ཞིང་ཿ དར་སྣས་བཀབ་ཅིང་མཆོད་བས་བསྐོརཿ བསྒྲུབ་ཅིང་རྟགས་ཐོན་བར་དག་ཏུཿ བསྐྱེད་བསྟིམ་འོད་ཟེར་སྤྲོ་བསྡུ་བྱཿ བྱིན་རླབས་འོད་ཞུ་མཆོད་ཅིང་བསྟོདཿ མྱོང་གྲོལ་དམ་རྫས་བླ་མེད་པ༔ ཡོན་ཏན་ནུས་པ་བརྗོད་ལས་འདསཿ ས་མ་ཡཱཿ དཔྱིད་ར་སྟག་གི་ཚེས་གཅིག་ཉིནཿ ཤར་ནས་ཉི་དཀྱིལ་གསལ་མ་ཐགཿ རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམཿ ཉི་དཀྱིལ་དབུས་སུ་པད་འདབ་བརྒྱདཿ དབུས་སུ་འཕགས་པའི་སྐུར་བསྒོམ་ཞིང་ཿ འདབ་བརྒྱད་སྙིང་པོ་འབྲུ་བརྒྱད་འགོདཿ སྤྱན་འདྲེན་མཆོ»ད«་བསྟོད་བརྟན་པར་བྱཿ ཡི་གེ་བརྒྱད་ལས་འོད་འཕྲོས་པསཿ འཕགས་མཆོད་བྱིན་རླབས་དངོས་གྲུབ་བསྡུསཿ འོད་ཀྱིས་འགྲོ་དྲུག་ཀུན་ལ་ཁྱབཿ ལས་ཉོན་སྡུག་བསྔལ་སྡིག་སྒྲིབ་སྦྱངཿ འབྱུང་པོའི་བསམ་ངན་གདུག་རྩུབ་ཞིཿ སྟོང་གསུམ་འཇིག་རྟེན་འཕགས་པའི་ཞིང་ཿ ནང་བ»ཅུད«་སེམས་ཅན་ལྷ་ཡི་སྐུཿ སྒྲ་གྲགས་ཡི་གེ་དྲུག་མ་ལཿ དྲན་རྟོག་ཐུགས་ཀྱི་རང་གདངས་བསྒོ»མ«ཿ ཡི་གེ་དྲུག་མ་»ཁྲ«ི་བཟླ་ཞིང་ཿ ཉ་སྟོང་དུས་སུ་དམིགས་པ་གསོཿ ལོ་ཟད་སྟོང་ལ་བསྡུ་ཆོག་བྱཿ ཉི་མ་མཁའ་ཁྱབ་མན་ངག་སྟེཿ ཡོན་ཏན་ཕན་ཡོན་བརྗོ»ད«་མི་ལོངསཿ ཉི་མ་མ»ཐོང་ཚེ«་གྲོལ་བར་གསུངསཿ ས་མ་ཡཱཿ ས་ག་ཟླ་བའི་ཚེས་བརྒྱད་ཉིནཿ རྡོ་ལ་པདྨ་འདབ་དྲུག་བཀོདཿ དབུས་སུ་ཧྲཱིཿ་དང་འདབ་དྲུག་ལཿ ཡི་གེ་དྲུག་མ་བཀོད་བྱ་ཞིངཿ རིན་པོ་ཆེ་ཡི་ན་བཟའ་གསོལཿ དཀྱིལ་འཁོར་དབུས་སུ་བཞུགས་གསོལ་ཞིང་ཿ འཕགས་པའི་སྐུ་རུ་བསྒོམས་བྱས་ལཿ ཞག་བདུན་བསྐྱེད་ཆོག་བཟླས་མཆོད་དང་ཿ འོད་ཟེར་»སྤྲ«ོ་བསྡུ་»བྱ«ིན་བསྟིམ་བྱཿ དེ་མཐར་འོ»ད«་ཞུ་རབ་ཏུ་གནསཿ ཡི་གེ་དྲུག་མ་ལས་བྱུང་བའིཿ ཡེ་ཤེས་བདུད་རྩིའི་རྒྱུན་བབ་ཅིངཿ »ཆེ«་ཆན་བདུད་རྩིའི་རྒྱ་མཚོ་ལཿ མྱོང་ཚད་སྡུག་བསྔལ་ཀུན་ཞི་ཞིང་ཿ འཕགས་པའི་ཞིང་དུ་བཀོད་པར་བསྒོམཿ ཉ་ལ་ཆུ་ཆ»ེ«ན་དབུས་སུ་དོརཿ ཆུ་བོ་དབྱིངས་སྒྲོལ་གདམས་པ་སྟེཿ ཤིན་ཏུ་ཟབ་པའི་མན་ངག་གོཿ ས་མ་ཡཱཿ གྲོ་གའམ་ནི་ཤིང་ཤུན་ལཿ འདབ་དྲུག་དབུས་སུ་ཧྲཱིཿ»ཡིག«་དངཿ འདབ་མར་ཡི་གེ་དྲུག་མ་བཀོདཿ དེ་མཐར་འབྲུ་བརྒྱད་ཧྲཱིཿབཅུ་དྲུགཿ དབྱངས་གསལ་རྟེན་འབྲེལ་སྙིང་པོ་བཀོདཿ ཤེས་རབ་མ་ཡི་མཚ»ལ«་གྱིས་བྱུགཿ བརྒྱ་རྩ་བརྒྱད་དམ་ཉེར་གཅིག་གྲངསཿ ཞག་བདུན་བར་དུ་བསྐྱེད་བསྟིམ་དང་ཿ བཟླས་བརྗོ»ད«་རབ་ཏུ་གནས་བྱས་ནསཿ ཡི་གེ་དྲུག་མའི་འོད་ཟེར་ཚོགསཿ རླུང་གི་རྣམ་པར་རྡུལ་»སྙེ«ད་གྲངསཿ འཇིག་རྟེན་ཁམས་ཀུན་ཡོངས་ཁྱབ་ཅིངཿ འགྲོ་བའི་ལས་ཉོན་སྡུག་བསྔལ་བཅོམ ཀུན་ཀྱང་ཤོག་སྐྱ་རླུང་བསྐྱོད་བཞིནཿ བཙན་ཐབས་འཕགས་པའི་ཞིང་དུ་བཀོདཿ འཁོར་བ་དོང་ནས་»སྤྲུ«གས་བསྒོམས་ལཿ འཁོར་ལོ་རླུང་ལ་བསྐོར་བྱ་ཞིང་ཿ རླུང་ཆེན་དྲག་པོའི་དུས་དང་སྦྱརཿ རླུང་ཕ»ོ«ག་ཙམ་གྱི་གྲོལ་བ་སྟེཿ དྲག་པོའི་རླུང་སྒྲོལ་མན་ངག་གོཿ ས་མ་ཡཱཿ ས་ཞག་དཀར་དམར་སྨན་སྣ་དང་ཿ དྲི་བཟང་བསྲེས་པའི་སཱཙྪ་གདལཿ ས་ཞག་ཡུངས་འབྲུ་རྡུལ༌༑༑༑ཿ ཡི་གེ་དྲུག་མ་ཉེར་གཅིག་རེཿ བཟླས་པའི་དབུས་སུ་རྒྱ་སོག་༡༔ མཚལ་དང་ཤུ་རྟས་ཡིག་དྲུག་བྲིསཿ གཟུངས་འབུལ་དཀྱིལ་འཁོར་»དབུས«་སུ་གཞུགཿ འཕགས་མཆོག་སྐུར་བསྒོམ་བཟླས་མཆོད་བྱཿ ༔འོད་ཞུ་རབ་ཏུ་གནས་བྱ་ཞིང་ཿ རྡུལ་སྙེད་གྲགས་མཉམ་འཕགས་པའི་སྐུའིཿ འགྲོ་བའི་ལས་ཉོན་ཡོངས་སྦྱངས་ནསཿ བདེ་སྐྱིད་བསོད་ནམས་ལོངས་སྤྱོད་»སྤེ«ལཿ མངའ་ཐང་འབྱོར་བ་ཡོངས་རྒྱས་བསམཿ རྟེན་ཉིད་ས་ཡི་དཀྱིལ་དུ་»སྦ«ཿ བཀྲ་ཤིས་རྟགས་ཀྱིས་མཐའ་བརྒྱན་ནོཿ ས་སྙིང་སྭཱཙྪའི་མན་ངག་གོཿ དངུལ་དཀར་མེ་ལོང་དག་གི་དབུསཿ གསེར་གྱི་པདྨ་འདབ་བརྒྱད་པའིཿ དབུས་སུ་ཧྲཱི༔ཡིག་འདབ་བརྒྱད་ལཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔་ཛཿ འབྲུ་བདུན་འགུག་པའི་མཐའ་རྟེན་བཅསཿ ལེགས་བཀོད་ཐ་མར་བསྡུ་སྔགས་བྲིསཿ བྱང་སེམས་དཀར་དམར་ལི་ཁྲི་བྱུགཿ བསྐྱེད་བཟླས་ད»གུག་«གཞུག་དམིགས་པས་བསྒྱུརཿ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིནཿ ཁམས་གསུམ་སྙིང་རྗེ་ཆེན་པོས་བཀུགཿ ཀུན་ཀྱང་འཕགས་པའི་ཞི»ང«་བཀོད་བསམཿ དམིགས་གནད་བླ་མའི་ཞལ་ལས་ཤེསཿ མེ་ལོང་བསྡུ་བྱེད་མན་ངག་གོཿ ས་མ་ཡཱཿ སྟོན་ཟླ་ར་བའི་དུས་ཀྱི་ཚེཿ མཁའ་དབྱིངས་རྣམ་པར་དག་པའི་ཀློང་ཿ པོ་ཊ་ལ་ཡི་བརྒྱན་བཀོད་དང་ཿ འཕགས་པའི་སྐུར་བསྒོམ་ཐུགས་ཀ་རུཿ ཟླ་སྟེང་ཧྲཱིཿཡིག་དཀར་པོའི་མཐརཿ སྔགས་ཀྱིས་བསྐོར་བའི་»འོད«་ཟེར་གྱིསཿ རྒྱལ་མཆོད་བྱིན་བ»སྡུ«་འགྲོ་བ་དྲུགཿ ལས་ཉོན་བག་ཆགས་ཡོངས་བཅོམས་ཤིངཿ ཀུན་ཀྱང་རྣམ་དག་བདེ་ཆེན་ཞིང་ཿ སྣོད་བཅུད་ཡེ་ནས་མ་»གྲུ«བ་པསཿ འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ འཁོར་འདས་རང་གྲོལ་»ངང«་དུ་བསྒོམཿ ནམ་མཁའ་རྣམ་དག་མན་ངག་གོཿ ས་མ་ཡཱཿ གྲོ་གའམ་ནི་ཤིང་ཤུན་ལཿ འཁོར་ལོ་རྩིབ་དྲུག་ལྟེ་བ་རུཿ ཧྲཱིཿདང་རཾ་གྱིས་མཚན་པ་ལཿ རྩིབ་དྲུག་འབྲུ་དྲུག་རྩེ་མོར་ཕཊཿ རྩིབ་མཆན་རཾ་ཛ་བྷྱོ་ཧཱུྃ་ཕྲཊཿ དེ་མཐར་རཾ་ཡི»ག«་»ཉེ«ར་བདུན་དངཿ གྲི་གུག་འབར་བས་ཐ་མར་བསྐོརཿ མེ་»རླུང་«འཐབ་པས་ཡོངས་བསྐོར་ཞིང་ཿ ལན་ཚ་ལི་ཁྲི་རཀྟ་བྱུགཿ ཉི་ཤུ་རྩ་བརྒྱད་གྲངས་ལྡན་པཿ ཞག་བདུན་བར་དུ་བསྒྲུབ་པར་བྱ༔ བསྐྱེད་བསྟིམ་རབ་ཏུ་གནས་བྱ་ཞིང་ཿ དྲག་པོའི་མཚོན་ཆ་མེ་ཡི་འཁོརཿ དེ་ལས་བྱུང་བའི་ཡེ་ཤེས་ཀྱིཿ མེ་ལྕེས་སྟོང་གསུམ་འཇིག་རྟེན་»ཁྱ«བཿ གདུག་བ་ཅན་གྱི་ནུས་སྟོབས་བསྲེགསཿ དབང་མེད་བརྟན་པ་བྲལ་བ་རུ»ཿ «འཕགས་པའི་ཞིང་དུ་བཀོ»ད«་ནས་ཀྱང་ཿ འགྲོ་ཀུན་སྡུག་བསྔལ་ཡོངས་བྲལ་བསམཿ འབྱུང་བ་མེ་ཡི་འཁོར་ལོ་བསྐོརཿ དམི»ག«ས་གནད་དྲག་པོ་ལྡན་པར་བྱཿ དྲག་པོ་མེ་འཁོར་མན་ངག་གོཿ ས་མ་ཡཱ༔ ཙནྡན་དམར་པོའི་སམ་བུ་ཊཿ སྦྱོར་བྱེད་མཁའ་འགྲོ་བདེ་སྟེར་མཿ བྷ་གར་བདུད་རྩིའི་རྒྱུན་བབ་ཅིངཿ པདྨ་འདབ་བཞིའི་ལྟེ་བ་རུཿ ཧྲཱིཿམཐར་ཡི་གེ་དྲུག་མས་བསྐོརཿ འདབ་བཞིའི་དབུས་སུ་གསང་བའི་སྔགསཿ པཉྩ་ཨ་ནན་ཧ་ཨུ་ཨུ་མ་ཧཱ་ཧྲིངཿ འོག་ཏུ་གསང་བའི་ཡི་གེ་ནིཿ ༑༑༑༑༑༑༑༑༑༑༑༑༑༔ འབྲུ་བདུན་བཀོད་ལ་བདུད་རྩི་ལྔཿ དབང་ལག་ཅོང་ཞི་ཅུ་གང་དང་ཿ སིནྡྷུ་ར་སོགས་རྫས་སྦྱ»ར«་བསཿ ལེགས་པར་བྱུགས་ཤིང་ཆུས་འཇིགས་སྐྱོབསཿ བྲག་རྩིའི་ན་བཟའ་ལེགས་པར་གསོལཿ དུམ་གཅིག་ཐོད་པའི་ནང་ཉིད་དུཿ འབྲུ་སྣ་ལྔ་ཡི་དབུས་སུ་གཞུགཿ དར་དམར་བཀབ་པ་དཀྱིལ་འཁོ»ར«་གྱིཿ དབུས་སུ་སྒྲུབ་»རྫ«ས་རྟེན་བཀོད་ལཿ ཐ་མར་གཏོར་ཚོགས་མཆོ»ད«་པས་བསྐོརཿ ཟླ་གཅིག་བར་དུ་བསྒྲུབ་པར་བྱཿ མདུན་བསྐྱེད་གར་གྱི་དབང་ཕྱུག་ལྷཿ དམར་གསལ་ཕྲེང་བ་སྤྱི་བླུགས་འཛིནཿ གསང་ཡུམ་དཔའ་མོ་དགའ་སྟེ»ར«་མཿ བདུད་རྩི་ཐོད་པ་འཛིན་པས་འཁྱུདཿ ཐུགས་ཀར་སྔགས་»ཕྲ«ེང་འོད་ཟེར་གྱིསཿ རྒྱ་མཆོ»ད«་བྱིན་རླབས་ནུས་བཅུད་བསྡུསཿ སྐྱེ་འགྲོའི་སྒྲིབ་སྦྱང་འབྱུང་བ་ལྔའི༔ དྭངས་མ་བསྡུས་ཤིང་བྷ་གའི་ཀློང་ཿ སྟོབས་འབྱོར་བ»ཅུད«་བསྡུས་བདུད་རྩིས་བཀངཿ མེར་མེར་»ལྟེ«མ་»ལྟ«ེམ་ཡེ་ཤེས་ཆུས༔ བྱད་ཕུར་གནོད་པས་མི་ཚུགས་ཤིང་ཿ མྱོང་ཚད་ཉོན་མོངས་མེ་ཚོགས་གཞིལཿ ནད་གདོན་སྡིག་སྒྲིབ་ཀུན་འཇོམས་གྱུརཿ ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པཉྩ་ཨ་ནན་ཏ་ཨུ་ཨུ་མ་ཧཱ་ཧྲིངཿ བཟླ་ཞིང་ནུས་ལྡན་སྒྲུབ་པའི་ལྷཿ བསྟིམ་ཞིང་རབ་ཏུ་གནས་པར་བྱཿ བདུད་རྩི་ཆང་གིས་ལན་གསུམ་བཀྲུསཿ དཔའ་མོའི་མཁའ་ལས་བབ་པ་ཡིཿ མྱོང་གྲོལ་བདུད་རྩིའི་རྒྱ་མཚོར་མོསཿ མྱོང་ཚད་གྲོལ་ཞིང་ནད་གདོན་བྱདཿ འཇོམས་ཤིང་ཡོན་ཏན་བསམ་ལས་འདསཿ ཆང་ཁྲུས་གསང་བའི་མན་ངག་གོཿ ས་མ་ཡཱཿ དངུལ་དཀར་ཀོང་བུར་རྒྱ་ཤོག་ལཿ གསེར་གྱི་ཡིག་དྲུག་བྲིས་པ་ཡིཿ སྡོང་བུར་རས་བལ་ན་བཟའ་གསོལཿ འབྲུ་མར་བཅུད་གྱིས་ལེགས་བལྟམས་པསཿ འཕགས་པའི་སྐུར་གསལ་མཆོད་བསྟོད་བྱཿ ལྡེ་མིག་ཐུགས་ཀའི་འོད་»ཟེ«ར་གྱིསཿ འགྲོ་བའི་མ་རིག་མུན་པ་བསལཿ ཡོངས་གྲོལ་རྣམ་དག་ཞིང་དུ་བཀོད༔ མངོན་ཤེས་ཐོག་པ་མེད་གསལ་ཞིངཿ སངས་རྒྱས་དགོངས་པ་རྟོགས་པར་བསམཿ ཡིག་དྲུག་བཟླ་ཞ»ིང«་དམིགས་གནད་གསལཿ སྣང་གསལ་མར་མེའི་མན་ངག་གོཿ ས་མ་ཡཿ རང་ཉིད་ཐུགས་རྗེ་ཆེན་པོའི་སྐུརཿ གསལ་བའི་སྐུ་ལས་བདུད་རྩིའི་རྒྱུནཿ བབ་པས་ཡི་དྭགས་ཀུན་ཚིམ་ཞིངཿ སྡུག་བསྔལ་ཀུན་བྲལ་བདེ་»ལྡ«ན་བསམཿ དྲི་ཆུས་འགྲོ་དོན་འབྱུང་བར་འགྱུརཿ གཞན་ཡང་ལུས་ངག་ཡིད་གསུམ་གྱིཿ བྱ་སྤྱོ»ད«་རྣམ་པ་ཐམས་ཅད་ཀུནཿ འཕགས་པའི་ཐུགས་ཀྱི་རོལ་གར་དུཿ མོ»ས«་པས་འགྲོ་དོན་རྒྱ་ཆེར་སྤྱོདཿ རང་གི་ཟས་གོས་ལོངས་སྤྱོ»ད«་སོགསཿ འདོད་པའི་ཡོན་ཏན་ལོངས་སྤྱོ»ད«་ཚེཿ རང་ཉིད་འཕགས་པའི་སྐུར་བསྒོམས་ལཿ མཆོ»ད«་པའི་ཚུལ་དུ་ཕུལ་བྱས་ནཿ བསོད་»ན«མས་ཚོགས་ཆེན་རྫོགས་པར་འགྱུརཿ གླུ་གར་རྩེ་འཇོ་གཏམ་གླེང་སོགསཿ འཕགས་པའི་ཐུགས་ཀྱི་རོལ་གར་བསམཿ སེམས་ཅན་དོན་བྱེད་མན་ངག་གོཿ གར་དབང་མན་ངག་ལས་ཚོགས་གནདཿ མཁའ་འགྲོའི་སྙིང་བ»ཅུད«་ཟབ་མོ»འོ«ཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཡི་གེ་མེད་པའི་ལས་ཚོགས་ཀུནཿ དམ་ལྡན་རྣལ་འབྱོར་ཐུགས་རྒྱུད་དེཿ ས་མ་ཡཿ གུ་ཧྱཿ མཐོང་གྲོལ་འཁོར་ལོ་ཆེན་མོ་ནིཿ གཙང་མའི་གཞི་ལ་འཁོར་ལོ་ནིཿ མུ་ཁྱུད་རིམ་པ་བཅུ་གསུམ་བསྐོརཿ དབུས་སུ་འཕགས་པའི་སྐུ་ཚད་ལྡནཿ མུ་ཁྱུད་གཉིས་པ་ལྷ་མོ་བཞིཿ གསུམ་པར་གསང་པའི་ཡི་གེ་དང་ཿ བཞི་པར་སེམས་དཔའ་བཅུ་དྲུག་བཀོདཿ ལྔ་པར་དམ་པ་རིགས་བརྒྱའི་སྔགསཿ དྲུག་པར་པདྨའི་འཁོར་ལོ་བརྒྱདཿ བདུན་པར་སངས་རྒྱས་སྟོང་གི་གཟུགསཿ བརྒྱད་པར་ཐིག་ལེ་བཞི་བཅུ་གཉིསཿ དགུ་པར་ཕྱག་མཚན་བརྒྱ་རྩ་བརྒྱདཿ བཅུ་པར་དཔའ་མ»ོ«འི་ཐིག་ལེ་བརྒྱདཿ བཅུ་གཅིག་འོད་ཀྱི་ཐིག་ལེ་དང་ཿ བཅུ་གཉིས་རྡོ་རྗེའི་»ཕྲ«ེང་བ་སྟེཿ བཅུ་གསུམ་འཇའ་འོད་འཁྱིལ་བའོཿ ཟུར་བཞིར་སེམས་དཔའ་ཆེན་པོ་བཞིཿ ལེགས་བཀོད་བདུད་རྩི་ལྔ་དང་ནིཿ ཆོས་སྨན་བྱུགས་ཤིང་ན་བཟའ་གསོལཿ ཞག་བདུན་སྒྲུབ་ཅིང་རབ་ཏུ་གནསཿ མཐོང་ཚད་སྐྱེ་བ་གསུམ་ནས་གྲོལཿ དང་པོ་སྐྱེས་ཚད་དོན་ལྡན་ཞིང་ཿ ཚེ་འདིར་འབྲས་བུ་ཐོབ་བར་ངེསཿ མཐོང་གྲོལ་འཁོར་ལོའི་མན་ངག་གོཿ ཧྲིདཿ གཤིན་པོ་རྗེས་སུ་འཛིན་པ་ལཿ རུས་པའམ་ནི་མཚན་བྱང་ལཿ འགུག་བསྟིམ་ཁྲུས་དང་སྦྱང་ཆོག་བྱཿ སྡིག་སྒྲིབ་ཀུན་འཇོམས་སྙིང་པོས་སྦྱངཿ དབང་བསྐུར་ཟས་གཏད་གནས་སྤར་རོཿ གཞན་ཡང་ལས་ཕྲན་དཔག་མེད་པ༔ གཏེར་སྟོན་ཆོས་བདག་ལས་ལྡན་བུསཿ སྐབས་སུ་གང་བབ་པདྨ་ངསཿ བྱིན་རླབ་ལས་འབྱུང་ཐེ་ཚོམ་མེདཿ ཤིན་ཏུ་ཡང་ཟབ་མན་ངག་གནདཿ མཁའ་འགྲོའི་ཐུགས་བཅུད་ཡང་ཟབ་ཆོསཿ མ་འོངས་རྗེས་འཇུག་དོན་དུ་སྤཿ ལས་ཅན་བུ་དང་འཕྲད་པར་ཤོགཿ སྙིང་གི་བུ་ལས་ཤོར་ར་རེཿ སྔགས་ཀྱི་སྲུང་མས་མེལ་ཚེ་གྱིསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ ཁྲག་འཐུང་ལས་ཀྱི་དཔའ་བོས་མཁའ་ཀློང་པདྨ་རཀྟའི་ཀློང་ནས་སྤྱན་དྲངས་ཤིང་དག་པར་ཕབ་པ་བསྐྱེད་རིམ་ཀྱི་ལས་མཐའ་འོཿ ཡི་གེ་པ་ནི་རང་སློབ་དམ་ལྡན་དཔལ་གྱི་སེང་གེས་བགྱིས་པའི།།