DKYD-KABUM-04-NGA-032

From Khyentse Lineage - A Tsadra Foundation Project
Revision as of 09:46, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 4, Text 32, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། །སྔགས་རྒོད་ལོཀྟྲི་པཱ་ལའི་བསྙེན་སྒྲུབ་སྲུང་བཟློག་བསད་ལས་བསྒྲུབ་ཐབས་སྙིང་པོའི་བཅུད་བསྡུས་བཞུགས། །

༄༅། །དཔལ་ལྡན་དྲེགས་པའི་སྤྲུལ་པ་ལས། །དྲང་སྲོང་དྲི་མེད་ལོཀ་ཏྲི་ཞེས། །དྷརྨཱ་ཨ་ཤྭའི་ཐུགས་ཀྱི་བཅུད། །ཉམས་སུ་ལེན་པའི་རིམ་པ་བསྟན། «།ཐོག་མར་སྔོན་འགྲོའི་རིམ་པ་ལ། སྐྱབས་འགྲོ་ནི། »རྩ་གསུམ་འདུས་པའི་ངོ་བོ་གསང་བའི་བདག །ཞི་བའི་དྲང་སྲོང་སྐུར་བསྟན་དྲི་མ་མེད། །སྡེ་བརྒྱད་གཉེན་པོར་ལོཀ་ཏྲི་ཁྲོ་བོའི་རྒྱལ། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། «ལན་གསུམ། སེམས་བསྐྱེད་པ་ནི།» འགྲོ་བའི་དོན་དུ་རང་རིག་ཀུན་ཏུ་བཟང༌། །རང་ཞལ་མངོན་སུམ་བལྟ་ལ་སྒྲིབ་བྱེད་ཀྱི། །ལས་ཉོན་རྣམ་རྟོག་འཁྲུལ་ངོར་ཤར་བའི་བགེགས། །འདུལ་ཕྱིར་སྔགས་རྒོད་ལོག་ཏྲི་བསྒྲུབ་པར་བྱ། «གསུམ་པ་རྒྱུན་བཤགས་ནི། »རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།« སོགས། གཉིས་པ་དངོས་གཞིའི་རིམ་པ་ནི། »རང་ལུས་ཐ་མལ་དྷུ་ཏིའི་ནང༌། །སྙིང་ཐད་པདྨ་འདབ་བཞིའི་དབུས། །ཉི་ཟླའི་གདན་ལ་ཨ་དཀར་པོ། །དེ་ལས་འོད་འཕྲོས་སྡིག་སྒྲིབ་སྦྱངས། །རྩ་གསུམ་འདུས་མདོར་པདྨ་ནི། །དམར་པོ་འདབ་མ་བཞི་སྟེང་དུ། །ཨ་ཡིག་རི་བོང་འཛིན་པའི་མདོག །འོད་འཕྲོས་ལུས་ངག་སྒྲིབ་པ་སྦྱངས། །སྐད་ཅིག་རང་ཉིད་དྲང་སྲོང་ནི། །སྐུ་མདོག་སྔོ་སྐྱ་ཀེང་རུས་གཟུགས། །སྨིན་མ་ཨག་ཚོམ་རྒྱ་མདོར་སླེབ། །རས་དཀར་སྨད་དཀྲིས་སྟོད་གཡོགས་ཅན། །སྐྱིལ་ཀྲུང་ཚུལ་བཞུགས་གནྡྷེ་བསྣམས། །འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། སྙིང་ཁར་ཉི་ཟླའི་གདན་སྟེང་དུ། །སྲོག་གི་སྙིང་པོ་ཧཱུྃ་མཐིང་ནག །ཏྲང་དུའི་སྔགས་ཀྱིས་བསྐོར་བར་བསམ། །ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿ «ཁྲི་ཚོ་གཅིག་སོགས་གོང་བསྙེན་འབད། དེ་ནས་ཚེ་སྒྲུབ་ཁ་བསྒྱུར་ནི། »རང་ཉིད་དྲང་སྲོང་དྲི་མེད་སྐུར་གསལ་བའི། །ཐུགས་ཀའི་ས་བོན་སྔགས་བཅས་གནས་བསྒྱུར་ཏེ། །ཉི་ཟླའི་གའུ་དབུས་སུ་ཏྲང་དཀར་པོ། །སྔགས་ཀྱིས་བསྐོར་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་མཐུ་དང༌། །བརྟན་གཡོ་སྣོད་བཅུད་ཚེ་དཔལ་ཕུན་ཚོགས་ཀུན། །བསྡུས་ཏེ་ས་བོན་ཐུགས་ཀའི་སྔགས་ཕྲེང་ལ། །ཐིམ་པས་བདག་ཉིད་བཀྲག་མདངས་གཟི་བརྗིད་རྒྱས། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་དམིགས། །ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛ་ཛཿ མ་མ་ཨཱ་ཡུཿཚེ་བྷྲཱུཾ་རྣྲྀ་ཛཿ «ཞེས་ཅི་ནུས་བཟླ། དེ་ནས། »ཆོས་ལོངས་སྤྲུལ་སྐུ་དྲང་སྲོང་དྲི་མ་མེད། །འབྱུང་བ་ལྔ་ལ་དབང་བསྒྱུར་ལྷ་མོའི་ཚོགས། །རྣལ་འབྱོར་བདག་གི་ཚེ་དང་བསོད་ནམས་སྤེལ། །སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་དུ། །འབྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག །སྣང་སྲིད་སྡེ་བརྒྱད་བགེགས་རིགས་ཚོགས་རྣམས་ཀྱི། རྐུ་དང་འཕྲོག་དང་ཁྱེར་བའི་ཚེ་ཁུག་ཅིག །འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས། །ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཅིག །ཧད་ཀྱིས་དངངས་དང་ཡུད་ཀྱིས་བརྒྱལ་བ་དང༌། །ཧུར་གྱིས་འགྲོགས་པའི་ཚེ་དང་དཔལ་གསོས་ཅིག །ཚེ་ཁུག་དཔལ་བསྐྱེད་དངོས་གྲུབ་བདག་ལ་སྩོལ། །འབྱུང་བ་འོད་ལྔ་འབར་བས་ཚེ་བཅུད་བསྟིམ། །འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། «།ཞེས་གསོལ་བ་གདབ་པར་བྱའོ། དངོས་གཞི་ཉམས་ལེན་འདི་ལྟ་སྟེ། »རང་ཉིད་དྲང་སྲོང་ཞི་བ་རུ། །གསལ་བ་འོད་དུ་ཞུ་བ་ལས། །རབ་དཀར་བྱང་ཆེན་མཆོད་རྟེན་ནི། །གདན་ཁྲི་བང་རིམ་བུམ་པ་བྲེ། །ཆོས་འཁོར་ཉི་ཟླ་ཏོག་གིས་མཛེས། གསལ་འཚེར་འོད་ཟེར་ཕྱོགས་བཅུར་འབར། །བུམ་ནང་རང་ལུས་གནམ་ལྕགས་ཀྱི། །རྡོ་རྗེ་རྩེ་དགུའི་ཡར་རྩེའི་ནང༌། །བླ་མ་སངས་རྒྱས་བྱང་སེམས་བཞུགས། །རྩེ་མོར་ཁྱུང་ནག་སྦྲུལ་འཛིན་འབར། །འོག་གཞི་སྲིད་པ་ཨེ་དབྱིངས་སུ། །དུག་གསུམ་ལས་གྱུར་བཙོན་ཁང་ནང༌། །མར་རྩེ་བྱད་མའི་ལྕེའི་བྲང་ཁེབས། །སྙིང་དབུས་རྣྲྀ་ཡི་དཀྱིལ་དུ་གཟིར། །ཕ་རོལ་ལྷ་སྲུངས་རྩེ་འོག་ནས། །ལྟེ་བར་གསེར་འཁོར་རྩིབ་བརྒྱད་དབུས། །རང་ཉིད་རྫུས་སྐྱེས་ཁྲོ་བོ་ནི། །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས་ཐོ་བ་དང༌། རལ་གྲི་འབར་བ་རབ་ཏུ་གདེངས།« འདི་བཟློག་བསད་དྲག་པོའི་དབང་དུ་བྱས་པ་སྟེ། རྒྱུན་དུ་བསྲུང་བ་ལ། མཐའ་གཉིས་མཆོད་རྟེན་ནམ་མཁར་བཏེགས་ཞེས་དང༌། བཟློག་པ་ལ། མཐའ་གཉིས་གནམ་ལྕགས་ཐལ་མོ་རྡེབ། མནན་པ་ལ། མཐའ་མ་གཉིས་ཀྱིས་རི་རབ་བཏེགས།» མཐའ་གཉིས་གནམ་ལྕགས་ལག་མཐིལ་ལ། སོར་མོ་ལྕགས་སྡིག་མགོ་དགུ་འཕྱར། «ཟོར་ལ། མཐའ་གཉིས་དྲག་པོའི་ཟོར་རྫས་ཐོག །གཞན་ཡང༌། མཚ»ོ«ན་ཆ་ཐུན་རྫས། མེ་འཁོར། ཆུ་འཁོར། རླུང་འཁོར། གཏད་དམིགས་འཁོར་ལོ་སོགས་རིག་པས་འཁྲུལ་ཤེས་དགོས། མན་ངག་ཡོད།» ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས། །ཉི་ཟླའི་གདན་ལ་བརྐྱང་བསྐུམ་བསྒྲད། །ཤིན་ཏུ་ཁྲོ་ཞིང་མི་སྡུག་པ། །བརྒྱན་མེད་མེ་དཔུང་དབུས་ན་བཞུགས། །སྤྱི་བོར་དྲང་སྲོང་དྲི་མེད་དང༌། །རིགས་བདག་ཐོད་ཕྲེང་ཡབ་ཡུམ་བཞུགས། ཐུགས་ཀར་གསེར་གྱི་ཙཀྲ་ནི། །རྩིབ་བརྒྱད་དབུས་སུ་ཡེ་ཤེས་སེམས། །བཛྲ་པ་ཎིའི་སྙིང་དབུས་སུ། །རིན་ཆེན་གུར་སྨུག་ཟུར་བརྒྱད་ནང༌། །རང་སེམས་དྲི་མ་མེད་པ་ནི། །ཉི་ཟླར་ཐུགས་སྲོག་ཧཱུྃ་མཐིང་གསལ། །སྨྲ་བྱེད་གནམ་ལྕགས་རྡོ་རྗེ་ནི། །རྩེ་དགུའི་ལྟེ་བར་ཧཱུྃ་གིས་མཚན། །ལྕེ་རྩར་ཨཱཿལས་ཟླ་བ་གནས། །རྩེ་དགུ་ཁོང་གསེང་ཡོད་པའི་རྩེར། །འཆོང་བཅག་འདྲ་བའི་ཕཊ་དགུས་མཚན། སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས། བྱང་ཆུབ་མཆོད་རྟེན་ཕྱི་རོལ་དུ། །རྩེ་མོར་རྣམ་སྣང་བྲེ་ངོས་བཞིར། །མི་བསྐྱོད་རིན་འབྱུང་སྣང་མཐའ་ཡས། །དོན་གྲུབ་ཆོས་འཁོར་སངས་རྒྱས་སྟོང༌། །བྱང་སེམས་སྤྲིན་གཏིབ་ལྟ་བུས་བསྲུངས། །གདན་ཁྲིར་བསྟན་སྲུང་དྲེགས་ཚོགས་བསྐོར། །སླར་ཡང་ཧཱུྃ་ལས་འབྲུ་བཅུ་འཕྲོས། ཨོཾ་ཧཱུྃ་སྭཱ་ཨཾ་ཧ་ཡཾ་རཾ་བཾ་ལཾ་ཨེ། འཁོར་ལོ་«དཀར་»རྡོ་རྗེ་«སྔོ་»རིན་ཆེན་«སེར་»དང༌། པདྨ་«དམར་»རལ་གྲི་«ལྗང་»རླུང་མེ་ཆུ། ནམ་མཁའ་གནམ་ལྕགས་གུར་ཁང་རྣམས། །ཟླུམ་པོ་སྲ་ཞིང་འཁྲེགས་པས་བསྐོར། །བར་མཚམས་རིགས་མཐུན་མཚོན་ཆ་ཅན། །ཁྲོ་ཚོགས་གཏམ་ཞིང་དུག་རླངས་འཁྲིགས། །འཛབ་དམོད་ཚིག་གིས་ང་རོ་སྒྲོག །གཞོམ་གཞིག་མེད་པའི་གུར་དུ་གྱུར། །ཕྱི་རོལ་རང་སྔགས་དབྱངས་གསལ་དང༌། །རྟེན་འབྲེལ་སྙིང་པོའི་སྔགས་ཀྱིས་བསྐོར། །སྙིང་གའི་ཧཱུྃ་གི་འོད་ཟེར་ལས། །རི་བོ་ཀུན་འདུས་རྩེ་མོ་ནས། །དྲང་སྲོང་འཁོར་བཅས་སྤྱན་དྲངས་ཐིམ། །ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿ «བསྐུལ་བ་ནི། »སངས་རྒྱས་བསྟན་པ་བསྲུང་བ་དང༌། །ལས་ངན་དགྲ་བགེགས་བསྒྲལ་བ་དང༌། །བར་ཆད་རྒྱལ་འགོང་འདུལ་བ་དང༌། །བྱད་མ་རྦོད་གཏོང་བཟློག་པ་དང༌། །ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར། །དྲང་སྲོང་ཆེན་པོ་རབ་ཁྲོས་ཤིང༌། །ཉོན་མོངས་དུག་གསུམ་འཇོམས་པའི་ཕྱིར། །དུས་གསུམ་སངས་རྒྱས་འཁོར་བཅས་བཞེངས། །ཞེ་སྡང་དུག་ལྔ་གཞོམ་པའི་ཕྱིར། །རིགས་ལྔ་སངས་རྒྱས་འཁོར་བཅས་བཞེངས། མི་དགེ་བཅུ་རྣམ་འདུལ་བའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་འཁོར་བཅས་བཞེངས། །ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར། །དྲང་སྲོང་འཁོར་བཅས་ཐམས་ཅད་བཞེངས། །བར་ཆད་ལོག་འདྲེན་འདུལ་བའི་ཕྱིར། །ཕྱག་མཚན་ཐམས་ཅད་མཚོན་ཆར་བཞེངས། །བཞེངས་ཤིག་དྲང་སྲོང་ཆེན་པོའི་ཚོགས། །འདིར་བྱོན་མཆོད་གཏོར་འདི་བཞེས་ལ། །བསྟན་པ་བསྲུང་བའི་ལས་མཛོད་ཅིག །འཕྲིན་ལས་བཅོལ་བའི་དུས་ལ་བབས། །བྱད་ཁ་བཟློག་པའི་དུས་ལ་བབས། །རྒྱལ་འགོང་འདུལ་བའི་དུས་ལ་བབས། །དགྲ་བགེགས་འདུལ་བའི་དུས་ལ་བབས། །རྒྱལ་འགོང་འདུལ་བའི་དུས་ལ་བབས། །དགྲ་བགེགས་འདུལ་བའི་དུས་ལ་བབས། «གནས་པ་རྩལ་ལ་ཤེས་པར་བྱ། »རང་གི་ལྕེ་ནི་གནམ་ལྕགས་ཀྱི། །ཁྲོ་བོ་རྡོ་རྗེ་རྩེ་དགུ་པའི། །ལྟེ་བར་ཉི་མའི་གདན་སྟེང་དུ། །ཧཱུྃ་ལས་བསྙེན་སྔགས་རིང་མོ་ཡིས། །གཡས་བསྐོར་འོད་ཟེར་འཕྲོ་བར་བསམ། །ལྕེ་རྩར་ཨཱཿལས་ཟླ་བ་ཡི། །དཀྱིལ་འཁོར་ཨཱཿཡིས་མཚན་པའི་མཐར། ཞི་བའི་སྔགས་ཀྱིས་གཡས་བསྐོར་དུ། །འགལ་མེ་ལྟར་འཁོར་འོད་ཟེར་འཕྲོས། །རྡོ་རྗེའི་ལྟེ་བ་ཧཱུྃ་ཡིག་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། སྡེ་བརྒྱད་སྙིང་ནས་དབང་མེད་དྲངས། །མདུན་དུ་བཀུག་པའི་སྤྱི་བོ་རུ། །རྡོ་རྗེ་རྒྱ་གྲམ་བཞག་པ་ཡིས། །འགུལ་བསྐྱོད་སྤངས་ཏེ་འདར་བར་བསམ། «ཀུན་ལས་ཆེ་བའི་ང་རྒྱལ་བསྐྱེད། »ཧཱུྃ་ང་ནི་མ་མོ་ཀུན་གྱི་ཡབ། །ང་ནི་གཤིན་རྗེ་ཀུན་གྱི་ཡུམ། །ང་ནི་ཁམས་སུམ་ཀུན་གྱི་བདག །ང་ནི་དབང་ཕྱུག་ཆེན་པོ་སྟེ། །ང་ནི་སྲོག་གཅོད་ཀུན་གྱི་རྗེ། །ང་ནི་སྲིད་པ་ཀུན་གྱི་བདག །ང་ནི་སྐྱེ་འགྲོ་ཀུན་གྱི་བདག །ང་ནི་སྙིང་ཁྲག་ཀུན་གྱི་བདག །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །ཧཱུྃ་སངས་རྒྱས་ཐམས་ཅད་གཟུ་དང་དཔང༌། དམ་ཆོས་རིན་ཆེན་གཟུ་དང་དཔང༌། །དགེ་འདུན་འདུས་པ་གཟུ་དང་དཔང༌། །དཀོན་མཆོག་གསུམ་པོ་གཟུ་དང་དཔང༌། །ཆོས་སྐྱོང་བསྲུང་མ་གཟུ་དང་དཔང༌། །རྒྱལ་འགོང་ཆེན་པོ་འདུལ་བའི་ཕྱིར། །དྲང་སྲོང་ཆེན་པོ་དྲི་མེད་ཁྱོད། །སྐུ་ནི་མི་འགྱུར་བརྟན་པ་ལ། །ཕྱག་མཚན་འཁོར་ལོ་བསྒྱུར་བཞིན་དུ། །དགྲ་བགེགས་མགོ་ལ་འཁོར་ལོ་བསྐོར། །སྡེ་བརྒྱད་སྲོག་ལ་འཁོར་ལོ་བསྐོར། །འཁོར་ལོ་གཡས་སུ་བསྐོར་ཙ་ན། །རྒྱལ་འགོང་སྙིང་ལ་འཁོར་ལོ་རྒྱོབ། །འཁོར་ལོ་གཡོན་དུ་བསྐོར་ཙ་ན། །མོ་གདོན་སྙིང་ལ་འཁོར་ལོ་རྒྱོབ། «འདྲེན་པ་དཀྱིལ་གྱི་དོན་ཉིད་ནི།» ཡང་ཅིག་ཧཱུྃ་ལས་འོད་འཕྲོས་པས། སྡེ་བརྒྱད་སྲོག་ཡིག་སྙིང་གནས་རྣམས། །མདུན་བཀུག་སྙིང་པོ་བགྲངས་པ་ཡིས། །ཕྱག་འཚལ་ཅི་གསུང་བགྱིད་འཚལ་ཞེས། །རང་རང་ས་བོན་ཚུར་དྲངས་ཏེ། །རྡོ་རྗེ་ལྟེ་བའི་གདན་དུ་བསམ། །ཨོཾ་ལོ་ཀ་ཏྲི་པཱ་ལ་ནན། ས་ག་པ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙིར་ཙིར་ཙིར། བཾ་རུ་ལུ་བཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་ས་ཏི་ནན། འཁོར་བ་དུལ། གནོད་བྱེད་འབྱུང་པོ་ཀཱ་ཝ་ཙི་བརླག་བརླག «།ཅེས་པ་རྩ་བའི་བསྙེན་པའོ། བསྲུང་བཟློག་བསད་གསུམ་ཁ་བསྒྱུར་ལས། བསྲུང་བའི་དམིགས་རིམ་ཁྱད་པར་ནི།» ཡི་དམ་ཐུགས་ཀར་རིན་པོ་ཆེའི་གུར་ཁང་ནང་གི་དབུས་དག་ཏུ། རང་སེམས་དྲི་མེད་འོད་ཟེར་བསྒོམ། །མདུན་དུ་བླ་མ་དཀོན་མཆོག་བསམ། །གཡས་སུ་ཕོ་དང་གཡོན་དུ་མོ། །རྒྱབ་ཏུ་བསྲུང་བྱ་ནོར་སོགས་གསལ། །འོག་ཏུ་ས་མཁར་ཡུལ་ཞིང་རྣམས། །གསལ་ལ་མ་འདྲེས་རྫོགས་པར་གྱུར། །སྨྲ་བྱེད་རྡོ་རྗེའི་ཡིག་འབྲུ་ལས། འོད་ཟེར་ཕོ་ཉའི་ཚོགས་སྤྲོས་པས། །རང་གཞན་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་སྲོག་རྐུས་ཤིང་འཕྲོག་པ་དང༌། །ཡར་ཞིང་འཁྱམས་པ་ཐམས་ཅད་དང༌། །སྣོད་བཅུད་ཡོན་ཏན་མ་ལུས་པ། །ཚུར་བསྡུས་བདག་དང་བསྲུང་བྱ་ལ། །བསྟིམ་པས་བཀྲག་མདངས་གཟི་བརྗིད་འབར། །འོད་འཕྲེང་བསྲུང་བའི་གུར་ཁང་གིས། །ཅིས་ཀྱང་མི་ཤིགས་པ་རུ་བསྒོམ། །ཨོཾ་ལོཀ་ཏྲི་པཱ་ལ་ནན་སྲུངས། ས་ག་པཱ་ཤ་ནན་སྲུངས། །ནཱ་ག་དུ་དུ་ནན་སྲུངས། མ་མཾ་མ་མཾ་སྲུངས། ཙིར་ཙར་ཙིར་ཙར་སྲུངས། བམ་རུ་ལུ་བཾ་རུ་ལུ་སྲུངས། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སྲུངས། ཧོ་ར་ཧོ་ར་སྲུངས། ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོ་ཀཱ་ཝ་ཙི་རླག་རླག་རྣྲྀ་བྷྲཱུཾ་ཧཱུྃ་ཛཿ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ།« ཞེས་པའི་བཟླས་སྒོམ་རྩེ་གཅིག་ཏུ་བྱའོ། གཉིས་པ་བཟློག་པའི་དམིགས་པ་འདི་ལྟར་བྱ། »རང་ཉིད་ཞེ་སྡང་རྡོ་རྗེ་ཡི། །སྨྲ་བྱེད་རྡོ་རྗེ་ར་དགུའི་རྩེར། །ཕཊ་དམར་མེ་ཡི་ཚྭ་ཚྭ་ནི། །རྣོ་ངར་ཤུགས་དྲག་འཕྲོ་བ་དང༌། །ཐ་ཕྱག་གནམ་ལྕགས་ལག་པའི་མཐིལ། །སྡིགས་མཛུབ་དབུས་སུ་དགྲ་བགེགས་ནི། །བྱད་མ་ལྷར་བཅས་གསལ་བ་དང༌། །གཙོ་བོ་བདག་དང་གུར་ཁང་གི། །ལྷ་ཚོགས་ཐམས་ཅད་ཕྱིར་གཟིགས་ནས། །དྲག་སྔགས་དམོད་མོ་ཆེར་སྒྲོག་པས། །སྐུ་ཡི་བ་སྤུའི་བུ་ག་ནས། །སྤྲུལ་པའི་ཕོ་ཉ་མཚོན་ཆ་ཅན། །ནམ་མཁའ་གང་བར་སྤྲོས་པ་ཡིས། །བྱད་མ་མེ་ལྕེར་སྦྲང་བུ་བཞིན། །བཅད་བསྲེག་ཐལ་བ་ཉིད་བྱས་ནས། །སྐྱོབས་པའི་ལྷ་བསྲུང་ཁོ་རང་གི། །གཤེད་དུ་བབ་ཅིང་རླུང་བསྐྱོད་ཀྱིས། །ཤིང་བལ་བཞིན་དུ་མཐར་བསྐྲད་གྱུར། ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ས་པཱ་ཤ་ནན་བྷྱོ་ཟློག །ནཱ་ག་དུ་དུ་ནན་བྷྱོ་ཟློག །མ་མཾ་མ་མཾ་བྷྱོ་ཟློག །ཙིར་ཙར་ཙིར་ཙར་བྷྱོ་ཟློག །བཾ་རུ་ལུ་བཾ་རུ་ལུ་བྷྱོ་བཟློག །རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་ཟློག །ཧོ་ར་ཧོ་ར་བྷྱོ་ཟློག །ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ་གནོད་བྱེད་འབྱུང་པོ་ཀཱ་ཝ་ཙི་རླག་རླག །དགྲ་བགེགས་བྱད་མ་ལྷ་བསྲུང་དང་བཅས་པ་མཱ་ར་ཡ་བྷྱོ་ཡ་བྷྱོ་ཟློག «།ཅེས་པའི་སྒོམ་བཟླས་རྩེ་གཅིག་བྱ། །དེ་ནས་ཐལ་མོ་བརྡབས་པ་ཡིས། །དགྲ་བགེགས་བྱད་མ་ཁོ་རང་གི། །ལྷ་སྲུང་དག་གིས་ཟོས་པར་བསམ། །ཐམས་ཅད་རྩ་སྦུར་བསྲེགས་པ་ལྟར། །རྗེས་ཤུལ་མེད་པ་བསྲེགས་པར་བསྒོམ། གསུམ་པ་དགྲ་བགེགས་བསད་པའི་དམིགས་པ་ནི། »རང་ཉིད་ཁྲོ་བོའི་ལག་མཐིལ་དབུས། །གནོད་བྱེད་གཟས་པ་ཕོ་མོ་ནི། །གང་ཡིན་མངོན་སུམ་ཇི་བཞིན་གསལ། ན་མོ་དཀོན་ཆོག་གསུམ་དང་རྩ་བ་གསུམ། ཡི་དམ་ལྷ་ཡི་བདེན་པའི་མཐུས། སྡང་དགྲ་«ཡང་ན་ཆེ་གེ་མོ་ཞེས་མིང་སྤེལ། བགེགས་ལ་གནོད་བྱེད་ཆེ་གེ་མོ་སོགས།» དམ་ཉམས་ལས་ངན་པ། སྐད་ཅིག་ཙམ་གྱིས་རྟེན་འདིར་ཁུག «།འགུགས་སྔགས་བཟླ་བ་ནི། »ཨོཾ་ལོཀྟྲི་པཱ་ལ་ནན་ཛཿ ས་ག་པཱ་ཤ་ནན་ཛཿ ན་ག་དུ་དུ་ནན་ཛཿ མ་མམ་མ་མམ་ཛཿ ཙིར་ཙར་ཙིར་ཙར་ཛཿ བམ་རུ་ལུ་བམ་རུ་ལུ་ཛཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཛཿ ཧོ་ར་ཧོ་ར་ཛཿ ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། ཡི་དམ་ལྷ་དང་དྲང་སྲོང་གི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་«ཆཻ་གེ་མོ་»ཨཾ་ཀུ་ཤ་ཛཿ «འགུགས་པ་གསུམ་རེའི་མཚམས་སྔགས་བདུན་རེའོ། »ཛཿཧཱུྃ་བཾ་ཧོ། «འགུགས་གཞུགས་དམིགས་པ་དྲག་ཏུ་བྱ། »བསད་སྔགས་བཟླས་པས་སོར་སྡིག་རྣམས། ཟ་རྔམས་ཁ་གདངས་མཆེ་གཙིགས་ཏེ། དགྲ་བོའི་ཤ་ཟོས་ཁྲག་འཐུངས་ཏེ། གནམ་ལྕགས་ཐལ་མོས་མིང་རུས་རྣམས། རྡུལ་ཕྲན་བཞིན་དུ་བརླག་པར་བསམ། ཨོཾ་ལོཀྟྲི་པཱ་ལ་ནན་སོད། ས་ག་པཱ་ཤ་ནན་སོད། ནཱ་ག་དུ་དུ་ནན་སོད། མ་མཾ་མ་མཾ་སོད། ཙིར་ཙར་ཙིར་ཙར་སོད། བཾ་རུ་ལུ་བཾ་རུ་ལུ་སོད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སོད། ཧོ་ར་ཧོ་ར་སོད། ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་ཡ་ཏི་ནན། འཁོར་བ་དུལ། «ཆེ་གེ་མོ་»ཀཱ་ཝ་ཙི་རླག་རླག «།མིང་ཞབས་ཀཱ་ཝ་ཙི་རླག་སྦྱར། བསད་པའི་སྔགས་ཀྱི་ཤམ་བུ་ལ། »ཆཻ་མོ་མཱ་༡ར་༢ཡཱ་༣མཱ་༤ར་༥ཡཱ་༦རྦ་༧རྦད་རྦད་༨། «མིང་རུས་བཅུག་པའི་ཤམ་བུ་ལ། གཅོད་བྱེད་མཚོན་ཆ་འབྲུ་བརྒྱད་ཡོད། བསད་པའི་དུས་སུ་གདགས་པར་བྱ། ཚངས་པའི་ཚེ་དང་ལྡན་ཡང་འཆིང་གོང་གི་སྔགས་ལ་»བཾཿ«བཏགས་ཤམ། »མིང་རུས་ཆེ་གེ་མོ་བཾ་༡མྱོགས་༢འཐིབས་༣ཿ «ཆུ་ཡི་སྙིང་པོ་འབྲུ་གསུམ་གྱིསཿ སྦྱོང་ཞིང་གནོད་བྱེད་མྱོས་པར་བྱེད། »རཾ་«བཏགས་ཤམ། མིང་རུས་ཆེ་གེ་མོ་»ཛྭ་༡ལ་༢རཾ་༣པ་༤ཿ «མེ་ཡི་སྙིང་པོ་འབྲུ་བཞི་ཡིས། བསྲེག་ཅིང་བརླག་པར་བྱས་པ་ཡིན། »ཡཾ་«བཏགས་ཤཾ། མིང་རུས་ཆེ་གེ་མོ་»ཡཾ་༡སྥ་༢ར་༣ཎ་༤ཕཊ་༥ཿ «རླུང་གི་སྙིང་པོ་འབྲུ་ལྔ་ཡིས། གཏོར་ཞིང་སྐྲོད་པར་བྱེད་པ་ཡིན། »ནནཿ«བཏགས་ཤམ། མིང་རུས་ཆེ་གེ་མོ་»སྟྭཾ་༡བྷ་༢ཡ་༣ནན་༤ཿ «མནན་པའི་སྙིང་པོ་འབྲུ་བཞི་ཡིས། གནོད་བྱེད་གནོན་ཅིང་ལྡང་མི་ནུས། »ཛཿ«བཏགས་ཤམ། མིང་རུས་ཆེ་གེ་མོ་»ཨང་༡ཀུ་༢་ཤ་༣ཛ་༤ཿ «དགུག་པའི་སྙིང་པོ་འབྲུ་བཞི་ཡིས། དགྲ་བགེགས་གནས་ནས་དགུག་པར་བྱེད། »བཟློགཿ«བཏགས་ཤམ། མིང་རུས་ཆེ་གེ་མོ། »རྦོད་༡ཟོར་༢བཟློག་༣བྷྱོ་༤ཡ་༥ཿ «བཟློག་པའི་ཤམ་བུ་འབྲུ་ལྔ་ཡིས། སྔགས་དང་རྦོད་གཏོང་ཕུར་ཁ་བཟློག །བསད་སྔགས་ཤམ། མིང་རུས་ཆེ་གེ་མོ་»མཱ་༡ར་༢ཡ་༣ཕཊ་༤ཿ «དགྲ་འདྲེ་འཆི་བར་ཐེ་ཚོམ་མེད། འདི་ལྟར་སྔགས་ཀྱིས་མཐའ་བསྒྱུར་ན། ལས་རྣམས་གང་འདོད་འགྲུབ་པར་འགྱུར། མཆོད་རྟེན་ནང་ཁོངས་རང་ལུས་རྡོ་རྗེའི་མདུན། »མདུན་དུ་ཏིང་འཛིན་ལས་གྲུབ་པའི། ཨེ་ལས་ལྕགས་ཁང་གྲུ་གསུམ་པ། དུག་གི་མུན་འཁྲིགས་བསྐལ་མེ་འབར། ནད་ཀྱི་ན་བུན་མཚོན་ཆར་འབབ། གཤིན་རྗེ་ཕོ་མོ་གཉིས་ཀྱི་བར། དམིགས་བྱ་རྣྲྀ་ཏྲི་ཡོངས་གྱུར་ལས། དམ་ཉམས་དགྲ་«བགེགས་ལ་གནོད་བྱེད་ཆེ་གེ་»བོ་ཉམ་ཐག་པ། སྔོ་བམ་ཡན་ལག་ལྕགས་སྒྲོག་བཅིངས། རྣག་ཁྲག་བུ་ག་དགུ་ནས་འཛག །ཤིན་ཏུ་རིད་ཅིང་མི་སྡུག་བསམ། རྡོ་རྗེའི་ལྟེ་བའི་ཧཱུྃ་ཡིག་ལས། འོད་ཟེར་ཕོ་ཉ་དཔག་མེད་འཕྲོས། དམིགས་བྱ་གནོད་བྱེད་གང་ཡིན་པའི། རྣམ་པར་ཤེས་པ་བླ་སྲོག་རྣམས། ཐོགས་པ་མེད་པར་མྱུར་བཀུག་གྱུར། «བདེན་སྟོབས་བརྗོད་ཅིང་འགུགས་སྔགས་བཟླ། »ཛཿཧཱུྃ་བཾ་ཧོཿ «ས་དབྱེར་མེད་བསྟིམས། གཅོད་པ་རྩེའི་དོན་ཉིད་ནི། »རྡོ་རྗེའི་རྩེ་མོའི་ཕཊ་རྣམས་ལས། །གནམ་ལྕགས་རྡོ་རྗེ་མེ་འབར་བ། །མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པས། །གནོད་བྱེད་དགྲ་བགེགས་རྣམས་ལ་ཕོག །ཚག་སྒྲ་དང་བཅས་བསྲེགས་པ་ཡིས། །ཐམས་ཅད་རྡུལ་དུ་བརླག་པར་བསམ། «སྤུ་གྲིའི་དྲག་སྔགས་བཟླ་བ་ནི།» ཨོཾ་ལོཀྟྲི་པཱ་ལ་ནན་རྦད་ཐུམ། ས་ག་པཱ་ཤ་ནན་རྦད་ལིང༌། ནཱ་ག་དུ་དུ་ནན་རྦད་ཕཊཿ མ་མམ་མ་མམ་རྦད་མྱོགས། ཙིར་ཙར་ཙིར་ཙར་རྦད་རྦད། བམ་རུ་ལུ་བམ་རུ་ལུ་རྦད་ཐུམ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོས། ཧོ་ར་ཧོ་ར་རྦད་ཤམ། ཙི་དུ་སོད་ཙི་དུ་སོད་རྦད་ཐིབས། ཤིག་ལྷུ་རུ་གཏུབས་རྦད་མྱོགས། །ཧ་ལ་པ་ཏི་ནན་ག་ན་པ་ཏི་རྦད་རྨུགས། འཁོར་བ་དུལ་རྦད་ཆོམ། དགྲ་བགེགས་གནོད་བྱེད་འབྱུང་པོ«འི་ཆེ་གེ་མོ་»ཀཱ་ཝཱ་ཙི་རླག་རླག་རྦད་ཧུར། «ཆེ་གེ་མོ་སྤྱིར་ལ་དགྲ་བགེགས་གནོད་བྱེད་ཀྱི་»སྲོག་ལ་མ་ར་ཡ་རྦད་རྦད། ༈ གནོད་བྱེད་རྒྱལ་པོ་ཐམས་ཅད་ར་ཙ་ཧབ་ལེ་ཧབ་ལེ་སོད། ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོད། འབྱུང་པོ་ཐམས་ཅད་ཀ་ཏྲི་ཀུ་ཏྲི་སོད། བགེགས་ཐམས་ཅད་འགུག་གེ་འགུག་གེ་སོད། གཟའ་ཐམས་ཅད་ཐེ་ཙེ་ཐེ་ཙེ་སོད། ཐེའུ་རང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོད། བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་མཱ་ར་ཡ་སོད། གྲི་བོ་གྲི་མོ་ཐམས་ཅད་སུམ་ཏྲི་སུམ་ཏྲི་མཱ་ར་ཡ་སོད། གནོད་བྱེད་དགྲ་བགེགས་«ཆེ་གེ་མོ་»མཱ་ར་ཡ་སོད་སོད་རྦད་རྦད་ཛཿཛཿ «སྤུ་གྲིའི་དྲག་སྔགས་ཁོལ་བུར་ཕྱུང་བའོ། སྲོག་གི་སྤུ་གྲིའི་ཐུན་སྔགས་རིང་མོ་ནི། »ཨོཾ་ལོཀྟྲི་པཱ་ལ་ནན་རྦད་ཐུམས། འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ས་ག་པ་ཤ་ནན་རྦད་ལིང༌། ས་བདག་གི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ནཱ་ག་དུ་དུ་ནན་རྦད་ཕཊཿ ཀླུ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མ་ར་ཡ་ཐུན་བྷྱོ་རྦད། མ་མམ་མ་མམ་རྦད་མྱོགས། མ་མོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཙིར་ཙར་ཙིར་ཙར་རྦད་རྦུད། བཙན་གྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། བམ་རུ་ལུ་བམ་རུ་ལུ་རྦད་ཐུམས། བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོས། གཟའ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཧོ་ར་ཧོ་ར་རྦད་ཤག །རྒྱལ་འགོང་གི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ༈ རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། བསེན་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། པེ་ཧར་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གཙང་ཐེལ་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གནོད་བྱེད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། དགྲ་བགེགས་འབྱུང་པོའི་ཆེ་གེ་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཙི་དུ་སོད་ཙི་དུ་སོད་རྦད་ཐིབས། ཤིག་ལྷུ་རུ་གཏུབས་རྦད་མྱོགས་ཧ་ལ་པ་ཏ་ནན་ག་ན་པ་ཏི་རྦད་རྨུགས། འཁོར་བ་དུལ་རྦད་ཆོམ། གནོད་བྱེད་འབྱུང་པོའ«མ་ཆེ་གེ་མོ། »ཀཱ་ཝ་ཙི་རླག་རླག་རྦད་ཧུར། «ཆེ་གེ་མོའི་»སྤྱི་ལ་དགྲ་བགེགས་གནོད་བྱེད་ཀྱི་སྲོག་ལ་མཱ་ར་ཡ་རྦད་རྦད། གནོད་བྱེད་རྒྱལ་པོ་ཐམས་ཅད་ར་ཙ་ཧབ་ལེ་ཧབ་ལེ་སོད། ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོད། འབྱུང་པོ་ཐམས་ཅད་ཀ་ཏྲི་ཀུ་ཏྲི་སོད། བགེགས་ཐམས་ཅད་འགུག་གེ་འགུག་གེ་སོད། གཟའ་ཐམས་ཅད་ཐེ་ཙེ་ཐེ་ཙེ་སོད། ཐེའུ་རང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོད། བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་མཱའ་ར་ཡ་སོད། གྲི་བོ་གྲི་མོ་ཐམས་ཅད་སུམ་ཏྲི་སུམ་ཏྲི་མཱ་ར་ཡ་སོད། གནོད་བྱེད་དགྲ་བགེགས་«ཆེ་གེ་མོ་»མཱ་ར་ཡ་སོད་སོད་རྦད་རྦད་ཛཿཛཿ «སྐབས་དང་སྦྱར་ཏེ་བཟླ་བར་བྱ། »ལག་པ་རྡོ་རྗེ་བྲག་རི་ལྟར། སྲ་མཁྲེགས་མཐའ་ཕྱག་མཐིལ་ཉི་ཟླ། སོར་མོ་ལྕགས་སྡིག་མགོ་དགུས་མཚན། བརྡབས་པས་དགྲ་བགེགས་རྡུལ་ཕྲན་བཞིན། བཅོམས་ནས་ཤ་ཁྲག་སོར་མོ་ཡི། སྡིག་པ་རྣམས་ཀྱིས་ཟོས་པར་གྱུར། «སྐབས་སུ་འདི་ལྟར་བཀའ་ཡང་བསྒོ། »བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདི་རུ་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་རྩེ་ནས་ཤིག་ཅིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་བའི་མེས་བསྲེགས་ཤིག །དམ་ཚིག་གི་དམོད་པས་སྡིགས་ཤིག །བཀའི་ཆད་པས་ཆོད་ཅིག །གནམ་ལྕགས་ཐོག་གི་རལ་གྲིས་སྤྱི་བོའི་གཙུགས་ནས་ཁོས་ཤིག །སུམ་བྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་རྡོ་རྗེ་མེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། སྦྱོར་བ་ངན་པ་ཐམས་ཅད་ཐུལ་ཅིག «།དེ་ལྟར་བཀའ་བསྒོ་དྲག་ཏུ་བྱ། »བཀའ་བསྒོ་འདི་ཡི་ནུས་པ་ཡིས། །ཐལ་ཕྱེ་རླུང་གིས་གཏོར་བ་ལྟར། །གནོད་བྱེད་དེ་རུ་གནས་མི་འགྱུར། །དྲང་སྲོང་དམོད་དེས་བཟློག་ཏུ་མནན། «ཞེས་དང༌། »ནམ་མཁའ་མེད་པར་གྱུར་ན་ཡང༌། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། «།བརྗོད་ནས་ཡིད་ཆེས་ངེས་ཤེས་བསྐྱེད། །ཞེ་སྡང་མ་ཡེངས་མཐུ་ཡི་མཆོག །མན་ངག་སེམས་པ་ཤེས་པའི་དོན།» སྙིང་ནང་ཉི་མའི་གདན་ལ་ཧཱུྃ། །མཐིང་ནག་ཞིག་ལ་སེམས་གཏད་དེ། །མ་བཅོས་རང་སར་བཞག་པའི་ངང༌། །ཀ་དག་ཆོས་སྐུའི་རང་ཞལ་བལྟ། «བརྗོད་ཅིང་དོན་ལ་མཉམ་པར་བཞག ༈ སྐབས་སུ་ཟོར་སྔགས་བཟླ་བ་ནི། རིག་འཛིན་དམིགས་པ་གསལ་བའི་ངང༌། »རྦད་ཐུམ་རིལ་ལི་ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་བཟློག་སོད། རྦད་ཐུམ་རིལ་ལི་ས་ག་པཱ་ཤ་ནན་བྷྱོ་བཟློག་སོད། རྦད་ཐུམ་རིལ་ལི་ས་ནཱ་ག་དུ་དུ་ནན་བྷྱོ་ཟློག་སོད། རྦད་ཐུམ་རིལ་ལི་མ་མཾ་མ་མཾ་བྷྱོ་བཟློག་སོད། རྦད་ཐུམ་རིལ་ལི་ཙིར་ཙར་ཙིར་ཙར་བྷྱོ་བཟློག་སོད། རྦད་ཐུམ་རིལ་ལི་བཾ་རུ་ལུ་བཾ་རུ་ལུ་བྷྱོ་བཟློག་སོད། རྦད་ཐུམ་རིལ་ལི་རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་བཟློག་སོད། རྦད་ཐུམ་རིལ་ལི་ཧོ་ར་ཧོ་ར་བྷྱོ་བཟློག་སོད། ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་«ཆེ་གེ་མོ་»ཀཱ་ཝ་ཙི་རླག་རླག །གནོད་བྱེད་དགྲ་བགེགས་«ཆེ་གེ་མོ་»ལྷ་བསྲུངས་དང་བཅས་པ་མཱ་ར་ཡ་བྷྱོ་ཟློག་སོད། རིལ་ཤག་སྲོག་ཁྱེར་བྷྱོ། ཏྲིག་མྱགས་ས་ཀ་པ་ཡཱ།« ཟོར་བསྒྲུབ་བཟླས་པའི་མན་ངག་གོ། །ཐུན་མཚམས་གཏོར་མ་འབུལ་བ་ནི། །ཞི་དྲག་སྐབས་སུ་གང་བབ་བྱ། །ཞི་བའི་བསྙེན་ཚད་རབ་བྱེ་བ། །འབུམ་དྲུག་འབྲིང་ལ་འབུམ་གསུམ་ཐ། །ཁྲོ་བོའི་བསྙེན་ཚད་ཞི་བར་མཚུངས། །ཐ་མའང་ཆིག་འབུམ་བཟླ་བའོ། །བསྲུང་བཟློག་བསད་གསུམ་སྐབས་དང་སྦྱར། །སྤུ་གྲི་ལན་གཅིག་བརྒྱ་རྩ་བརྒྱད་ཐུན་སྔགས་ཉེར་གཅིག་མང་མི་བྱ། །བསྲེག་སྦྱང་གཏོར་མནན་བསད་བཟློག་སོགས། །སྐབས་སུ་གང་བབ་རིག་པས་འཕྲུལ། །ཡུང་དཀར་ཡུང་ནག་སྐེ་ཚེ་དང༌། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ལ། །དུག་ཁྲག་ངར་བཏབ་ཐུན་རྫས་སྔགས། །བྱ་སྔགས་དང་ཁྱི་ལ་བཏབ་ན་ཡང༌། །ལིང་གིས་སོང་ན་འགྲུབ་པའི་རྟགས། །དེ་ཚེ་གང་བྱེད་ལས་ལ་སྦྱར། །སྤྲོས་མེད་ཨ་ཏི་ཡོ་གའི་ལུགས། །ཆོས་ཉིད་དོན་གྱི་རྣལ་འབྱོར་པས། །བསྒྲུབས་རྟགས་འབྲས་བུ་མངོན་དུ་གྱུར། །སྤྲོས་བཅས་རིམ་པ་གཞུང་ན་གསལ། །ཏིང་འཛིན་དང་ལྡན་ཐེ་ཚོམ་བྲལ། །འདི་ཡིས་འགྲུབ་པར་སོམ་ཉི་མེད། །ས་མ་ཡཱཿ གསུམ་པ་རྗེས་ཀྱི་རིམ་པ་ནི། »ཧཱུྃ་དྲང་སྲོང་ཞི་ཁྲོའི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །ཉམས་ཆགས་ཉེས་ལྟུང་མ་ལུས་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། «།དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད། །ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། །རྗེས་སུ་རང་བསྲུང་དམིགས་པ་ནི། »རང་ལུས་གནམ་ལྕགས་རྡོ་རྗེ་ནི། །ཡར་རྩེ་ནམ་མཁའི་མཐོངས་ལ་ཐུག །མར་རྩེ་དབང་ཆེན་གཞི་ལ་རེག །རྩེ་མོ་རབ་ཏུ་རྣོ་ངར་ལྡན། །བྱད་མའི་ལྕེ་ཡིས་བྲང་ཁེབས་དབུས། །སྙིང་དབུས་རྣྲི་བཅས་དཀྱིལ་དུ་གཟིར། །རྩེ་མོའི་ནང་དུ་བྱད་མ་ཡི། །ཆོས་སྐྱོང་ལྷ་སྲུང་ཕོ་ཉར་བསམ། །ལྟེ་བར་ཞེ་སྡང་རྡོ་རྗེ་ནི། །སེམས་དཔའ་སུམ་བརྩེགས་ལྟ་བུའི་ཚུལ། །ཕྱག་རྡོར་དྲང་སྲོང་དང་བཅས་བསམ། །ཡར་གྱི་རྭ་རྩེའི་ནང་དུ་ནི། །བླ་མ་སངས་རྒྱས་བྱང་སེམས་དང༌། །རྩེ་མོར་བྱ་ཁྱུང་ནག་པོ་ནི། །སྦྲུལ་གདུག་བཟུང་ཞིང་འབར་དབུས་གནས། །ཐམས་ཅད་བདག་ལ་བསྲུང་བ་ཡི། །འདུན་པ་རྩེ་གཅིག་ངང་དུ་བཞག «།དྲང་དུ་ལོཀྟྲི་བརྒྱ་བརྩས་བརྟན། །དམིགས་མེད་ཁྱབ་བརྡལ་ཆེན་པོའི་ངང༌། །མཐའ་མར་དམ་ཚིག་དམིགས་པའི་དོན། »ཆོས་ཉིད་སྟོང་པའི་རང་གདངས་ལས། སླར་ཡང་ཞལ་ཕྱག་ཡོངས་རྫོགས་སྐུ། དྲི་མེད་འོད་ཟེར་ཉིད་ཀྱི་ངང༌། །སྒོམ་ཉལ་ཆུ་ལ་ལྡང་ན་མེ། །འདུག་ན་བྲག་ལ་འགྲོ་ན་རླུང༌། །གསལ་བ་ངར་ལྡན་སྤྱོད་ལམ་སྐྱོང༌། «ཤིན་ཏུ་ཡང་གཟབ་གདམས་པའི་མཆོག །སྔགས་རྒོད་ལོཀྟྲི་བསྒྲུབ་པའི་ཐབས། །དྲག་སྔགས་ཀུན་ཀྱི་སྙིང་ཁུ་འདི། །ཕུང་བྱེད་ཤནྟིཾ་གརྦྷ་དང༌། །པདྨ་འབྱུང་གནས་ཐུགས་ཀྱི་བཅུད། །མཆོག་གཉིས་གཏེར་ཁ་གོང་འོག་དང༌། །གྲུབ་བརྙེས་གདམས་པའི་འོ་མཚོ་ཡི། །བཅུད་བསྡུས་སྙིང་པོའི་ཡང་ཞུན་འདི། །བདག་འདྲ་སྔགས་ནག་སྨྱོན་པ་ཡིས། །ལོན་འདི་འགྲོ་མགོན་ཉང་རལ་དྲིན། །མཐུ་རྩལ་རྣོ་མྱུར་གནམ་ལྕགས་ཐོག །གང་ལའང་ཐོགས་མེད་ཞོ་འཐུང་གི། །རུས་པའི་མཚོན་ཆ་ཇི་བཞིན་ཏེ། །བདེན་རྫུན་ལག་ཏུ་ལོངས་དང་ཤེས། །ཁྲག་འཐུང་རྡོ་རྗེའི་སྙིང་ནོར་སྟེ། །མ་གཟའ་སྡེ་བརྒྱད་དྲེགས་པས་སྲུངས། །གཅིག་བརྒྱུད་ལས་གཞན་དམ་ཚིག་རྒྱ། །ས་མ་ཡཱ། །དགེའོ།། །།