DKYD-DZINDROL-046

From Khyentse Lineage - A Tsadra Foundation Project
Revision as of 14:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ྈ ྈྈྈྈྈྈྈྈྈ ྈ

  ༄། །སཾ གུ ཧྱ མ ངྒྲ ཧ ཎཾ སྭོ ྅ ཀྵ རཱ ཏྐོ ཊི ཀ སྶ མ རྦི ཏ ཿ ཀྲྀ ཥྞ བ ནྡྷུ ཤྩ ཏྭཱ ར ར ཎོ ཛི ན བི ཧ ར ཏི སྨ ། །།         ྈ ཡང་གསང་འཛིན་པ་རང་གྲོལ་ལསཿ མཐའ་གཏད་བདུད་བཞིའི་གཡུལ་རྒྱལ་བཞུགས་སོཿ ཿ

ྈྈྈྈ མ་ཅིག་ཡུམ་ཆེན་ཁྲོས་མའི་རྒྱལཿ ལོག་འདྲེན་འདུལ་ཕྱིར་གུས་པས་འདུདཿ ཡང་གསང་འཛིན་པ་རང་གྲོལ་གྱིཿ ལས་ཀྱི་མཐའ་སྡུད་རིམ་པ་འདིཿ ལས་ངན་དབང་གྱུར་འགྲོ་བ་འགའཿ འཁྲུལ་སྣང་དྲག་པོའི་མཐུས་བསྐྱེད་པསཿ ལོག་པའི་ལམ་ཞུགས་དམ་ལས་ཉམསཿ བྱང་ཆུབ་སེམས་ཀྱིས་མ་ཐུལ་ནཿ གཏད་པ་དྲག་པོ་བྱ་བ་ནིཿ རི་རྩེ་འམ་ནི་ཐང་ཆེན་དཀྱིལཿ རི་གཉན་བྲག་གཉན་ལམ་འདུས་མདོཿ འཁུ་འཕྲིག་སྐྱེ་བའི་གནས་དག་ཏུཿ གདོན་གྱིས་ཟིན་པའི་ནད་པ་འམཿ བསྲུང་བྱར་གྱུར་ཀུན་དེར་ཁྲིད་ལཿ ཐོག་མར་ཁྲོས་མའི་ང་རྒྱལ་གྱིསཿ མལ་ནས་དབང་སྡུད་ཟིལ་གནོན་བྱཿ ལམ་དུ་ཞུགས་པའི་དུས་ཉིད་དུཿ བརྟུལ་ཞུགས་སྤྱོད་པའི་རྔམ་འགྲོས་ཀྱིསཿ གདོན་ཆེན་དམིགས་པའི་ཡུལ་གྱུར་གཙོསཿ ཡུལ་དེའི་ལྷ་འདྲེ་གདུག་པ་ཅནཿ སྟོང་གསུམ་འཇིག་རྟེན་ཁམས་འདི་ནཿ གནས་པའི་མཁའ་དང་ས་ལ་རྒྱུའིཿ འདྲེ་གདོན་རིགས་གྱུར་ཀུན་འདུས་ཤིངཿ གཉན་སར་དབང་མེད་དེད་པར་བསམཿ གནས་དེར་སླེབ་མ་ཐག་ཉིད་དུཿ ཁྲོས་མ་ནག་མོའི་དམག་ཚོགས་ཀྱིསཿ གདོན་རིགས་རྐང་པ་ནས་བཟུང་སྟེཿ ནམ་མཁར་ཕྱར་ཞིང་བར་སྣང་གཡུགསཿ ལྕགས་སྲེག་གཞི་ལ་བརྡབས་པ་ཡིསཿ དྲན་པ་ཉམས་ཤིང་བརྒྱལ་བར་བསམཿ དེ་ནས་གཉན་འབོད་བྱ་བ་ནིཿ ཕཊཿ བདག་ཉིད་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀཿ དམ་པ་ནག་པོ་རི་རབ་ཙམ་དུ་གྱུརཿ སྤྱི་བོར་མ་ཅིག་དབྱིངས་ཀྱི་ཡུམ་ཆེན་མོཿ གསང་བ་ཡེ་ཤེས་ཤིན་ཏུ་ཁྲོས་པའི་ཉམསཿ ཅང་ཏེའུ་འཁྲོལ་ཞིང་མི་རྐང་གླིང་བུ་འབུདཿ དམར་གསལ་གཟི་འོད་འབར་ཞིང་གར་སྟབས་མཛདཿ སྐུ་གསུམ་ཞིང་མན་ན་རག་དམྱལ་ཁམས་ཡནཿ ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུགཿ དབང་དུ་བསྡུས་ཤིང་ཟིལ་གྱིས་གནོན་པར་གྱུརཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ ང་ནི་ཡེ་ནས་འཁྲུལ་མ་མྱོང་བ་སྟེཿ ཀུན་བཟང་ཧེ་རུ་ཀཿདང་གཉིས་སུ་མེདཿ མངལ་སྐྱེས་ཤ་ཁྲག་འབྱུང་བཞིར་བརྟེན་པའི་ལུསཿ སྣང་སྲིད་ལྷ་འདྲེའི་ཚོགས་ལ་ཟས་སུ་སྦྱིནཿ རང་རིག་ཡེ་ནས་དམ་པ་ནག་པོའི་སྐུཿ ཁམས་གསུམ་དབང་བསྒྱུར་ཆེ་བཙན་འགྲན་ཟླ་བྲལཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ མི་རྐང་གླིང་བུ་དྲག་ཏུ་འབུད་ཅིངཿ ཀྱཻཿ སྟོང་གསུམ་སྟོང་གི་འཇིག་རྟེན་ཆེན་པོ་ནཿ སྐྱེ་མཆེད་མུ་བཞི་གཟུགས་ཁམས་གནས་བཅུ་བདུནཿ འདོད་ལྷ་རིགས་དྲུག་ཆ་རུ་གཏོགས་པ་ཡིཿ ཚངས་པ་གདོང་བཞི་དབང་ཕྱུག་ཁྱབ་འཇུག་དངཿ བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་ལྷ་ཕྲན་ཡནཿ དྲི་ཟ་གྲུལ་བུམ་མི་འམ་ཅི་དང་ནིཿ དྲང་སྲོང་སེམས་དཔའི་ཚོགས་ཀུན་འདིར་འདུས་ཤིགཿ མཐུ་ལྡན་གཉན་ཆེན་གནོད་སྦྱིན་སྡེ་རིགས་བཅུཿ གཟའ་དང་རྒྱུ་སྐར་ལོ་ཟླ་ཞག་དུས་ལྷཿ སྡེ་བརྒྱད་དྲེགས་ལྡན་འབྱུང་བ་ལྔ་ཡི་བདགཿ ལྟོ་འཕྱེ་ས་བདག་ཀླུ་ཆེན་བརྒྱད་དང་ནིཿ རྒྱལ་རིགས་རྗེའུ་རིགས་དམངས་དང་གདོལ་པའི་རིགསཿ མཐུ་སྟོབས་ལྡན་པའི་དམགས་ཚོགས་འདིར་འདུས་ཤིགཿ བག་ཆགས་འཁྲུལ་པའི་དབང་གྱུར་བདུད་ཀྱི་རིགསཿ སྟོང་ཕྲག་བརྒྱད་ཅུའི་ཚོགས་དང་འཕྲོག་མའི་ཚོགསཿ གདོན་ཆེན་བཅོ་ལྔ་ཟ་འདྲེ་ཤི་གཤེད་དངཿ སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་པཿ གསོན་བདུད་གཤིན་ལྕག་ཤི་འདྲེ་གདུག་པ་ཅནཿ ཕོ་གདོན་རྒྱལ་པོ་མོ་གདོན་བསེན་མོ་དངཿ དམ་སྲི་ཐེའུ་རང་གྲོང་རྒྱུག་འདྲེ་མོའི་རིགསཿ རང་དབང་མེད་པར་གཉན་ཁྲོད་འདིར་འདུས་ཤིགཿ ཁྱད་པར་སྡུག་བསྔལ་འགྲོ་བ་འདི་དག་ལཿ སྔོན་ལས་འཕྲལ་རྐྱེན་དབང་གིས་གནོད་བྱེད་པའིཿ ཐོག་མར་མི་འདོད་རྐྱེན་གྱི་སྣ་འདྲེན་ཞིངཿ བར་དུ་བསམ་སྦྱོར་ངན་པའི་གདོན་ཚང་བཅའཿ ཐ་མར་ཚེ་དང་སྲོག་ལ་རློམས་པ་ཀུནཿ མྱུར་དུ་ཁུག་ལ་ཤ་ཁྲག་ལུས་ལ་སྟིམསཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མཿ མ་ཅིག་གསང་བ་ཡེ་ཤེས་ཐུགས་རྗེའི་གཏེརཿ མ་ཡི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའིཿ མ་སྤྲུལ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ མ་ཚོགས་བྱེ་བ་འབུམ་འབུམ་འཁོར་དང་བཅསཿ དབྱིངས་སྣང་ཡེ་ཤེས་ལྔ་ལས་སྤྲུལ་པ་སྟེཿ རབ་འཇིགས་ཨུ་ཙ་ལ་ཡི་དུར་ཁྲོད་ནསཿ རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས་སུ་གསོལཿ སྣང་སྲིད་ལྷ་འདྲེའི་དམག་ཚོགས་མཐའ་བསྐོར་ཞིངཿ བྲོས་ཤིང་འཁྱམས་པའི་དབང་མེད་ཟིལ་གྱིས་གནོནཿ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབསཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ བསྲུང་བྱའི་རྣམ་ཤེས་སྤར་བ་ནིཿ ཕཊཿ བསྲུང་བྱའི་ལུས་དབུས་རྣམ་པར་ཤེས་པ་དངཿ ཚེ་བསོད་ངོ་བོ་འོད་ཀྱི་ཐིག་ལེ་ནིཿ དཀར་དམར་འདྲེས་པ་མ་སར་སྒོ་ང་ཙམཿ སྙིང་གར་འདུས་ཤིང་དབུ་མའི་ལམ་བརྒྱུད་དེཿ སྐར་མདའ་ཆད་བཞིན་ནམ་མཁར་བཞུགས་པ་ཡིཿ ཡུམ་ཆེན་གསང་བ་ཡེ་ཤེས་མཁའ་འགྲོ་མའིཿ ཐུགས་ཀློང་འདྲེས་ཤིང་སླར་ཡང་ཁྲོས་མར་གྱུརཿ ཕཊཿ རང་ཉིད་མ་ཅིག་ཁྲོས་མ་ནག་མོ་ཡིསཿ སྟོང་གསུམ་ཁྱབ་པའི་བེམ་པོའི་པགས་པ་བཤུསཿ ས་གཞི་ཁྱབ་བཏིང་སྒྱུ་ལུས་ཤ་དང་ཁྲགཿ རུས་རྐང་ལྷ་ཚིལ་དཔག་མེད་སྤུངས་པ་ལཿ གནས་གདོན་ལུས་གདོན་དམ་ལ་མི་གནས་པའིཿ བཀའ་འགལ་གདུག་པའི་རིགས་གྱུར་དབྱེར་མེད་སྟིམསཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུརཿ མང་དུ་བརྗོད་ཅིང་དམིགས་པ་གཅུནཿ དེ་ནས་གཏད་ཅིང་བཏབ་པ་དངོས་ནིཿ ཕཊཿ ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་དབུསཿ རབ་འཇིགས་ཨུ་ཙ་ལ་ཡི་དུར་ཁྲོད་ནསཿ མ་ཅིག་བདུད་འདུལ་ཁྲོས་མ་ནག་མོ་ནིཿ མཐིང་ནག་རབ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ དུར་ཁྲོད་ཆས་རྫོགས་གྲི་གུག་ཐོད་ཁྲག་འཛིནཿ ཧ་ཧའི་གད་རྒྱངས་སྒྲོག་ཅིང་གར་སྟབས་སྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ དབུས་ཕྱོགས་ལྷ་ཀླུའི་དམག་ཚོགས་འཁོར་དང་བཅསཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་དངཿ བཀའ་འགལ་དམ་ཉམས་གནས་གདོན་ལུས་གདོན་དངཿ བྱད་མ་སྔོན་ལས་འཕྲལ་རྐྱེན་ལས་བྱུང་གདོནཿ ཞལ་དུ་བསྟབ་བོ་ལྷག་མ་མེད་པར་རོལཿ འདྲེ་གདོན་རྣམ་ཤེས་གཏད་དོ་མ་ཤོར་ཅིགཿ ཇི་སྲིད་གྲོལ་བའི་འབྲས་བུ་མ་ཐོབ་བརཿ གདོན་འདི་འགུགས་འཆིང་སྡོམ་མྱོས་རྨོངས་ཤིང་འཐུམཿ ཐར་མེད་མུན་པ་གླིང་དགུའི་ནང་དུ་ཁྱེརཿ བཅོལ་པའི་རྟགས་དང་མཚན་མ་མ་མཐོང་ནཿ ང་ཉིད་དམ་པ་ནག་པོ་རབ་ཁྲོས་ནསཿ སྣང་སྲིད་ལྷ་འདྲེའི་གནས་རྟེན་བརླག་ཏ་རེཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ མང་དུ་བརྗོད་ཅིང་སྣང་བ་གཏད་མེད་ངངཿ གར་སྟབས་མཆོང་རྒྱུག་བརྟུལ་ཞུགས་སྣ་ཚོགས་བྱཿ ཐོ་ཅོར་མ་སོང་རང་གི་ཉམས་དང་སྦྱརཿ ཕཊཿ ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་གྱིཿ ཤར་ཕྱོགས་མངོན་པར་སྒྲ་སྒྲོག་དུར་ཁྲོད་ནསཿ མ་ཅིག་བདུད་འདུལ་བདེ་ཆེན་དཀར་མོ་ནིཿ ཁྲོ་མོ་རབ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ ལྕགས་ཀྱུ་ཐོད་ཁྲག་འཛིན་ཅིང་ཁྲོ་མོའི་ཆསཿ ཧ་ཧའི་གད་རྒྱངས་སྒྲོག་ཅིང་གང་སྟབས་སྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ ཤར་ཕྱོགས་དྲི་ཟ་མེ་ལྷའི་ཚོགས་དང་བཅསཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་དངཿ བཀའ་འགལ་དམ་ཉམས་གནས་གདོན་ལུས་གདོན་དངཿ བྱད་མ་སྔོན་ལས་འཕྲལ་རྐྱེན་ལས་བྱུང་གདོནཿ ཞལ་དུ་བསྟབ་བོ་ལྷག་མ་མེད་པར་རོལཿ འདྲེ་གདོན་རྣམ་ཤེས་གཏད་དོ་མ་ཤོར་ཅིགཿ ཇི་སྲིད་གྲོལ་བའི་འབྲས་བུ་མ་ཐོབ་བརཿ གདོན་འདི་འགུགས་འཆིང་སྡོམ་མྱོས་རྨོངས་ཤིང་འཐུམཿ ཐར་མེད་མུན་པ་གླིང་དགུའི་ནང་དུ་ཁྱེརཿ བཅོལ་པའི་རྟགས་དང་མཚན་མ་མ་མཐོང་ནཿ ང་ཉིད་དམ་པ་ནག་པོ་རབ་ཁྲོས་ནསཿ སྣང་སྲིད་ལྷ་འདྲེའི་གནས་རྟེན་བརླག་ཏ་རེཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ ཕཊཿ ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་གྱིཿ ལྷོ་ཕྱོགས་འོད་རབ་འབར་བའི་དུར་ཁྲོད་ནསཿ མ་ཅིག་བདུད་འདུལ་སེར་མོ་དོན་གྲུབ་ནིཿ སེར་ནག་རབ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ གྲི་གུག་ཞགས་པ་འཛིན་ཅིང་ཁྲོ་མོའི་ཆསཿ ཧ་ཧའི་གད་རྒྱངས་སྒྲོག་ཅིང་གར་སྟབས་སྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ ལྷོ་ཕྱོགས་གཤིན་རྗེ་སྲིན་པོའི་དམག་ཚོགས་བཅསཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་དངཿ བཀའ་འགལ་དམ་ཉམས་གནས་གདོན་ལུས་གདོན་དངཿ བྱད་མ་སྔོན་ལས་འཕྲལ་རྐྱེན་ལས་བྱུང་གདོནཿ ཞལ་དུ་བསྟབ་བོ་ལྷག་མ་མེད་པར་རོལཿ འདྲེ་གདོན་རྣམ་ཤེས་གཏད་དོ་མ་ཤོར་ཅིགཿ ཇི་སྲིད་གྲོལ་བའི་འབྲས་བུ་མ་ཐོབ་བརཿ གདོན་འདི་འགུགས་འཆིང་སྡོམ་མྱོས་རྨོངས་ཤིང་འཐུམཿ ཐར་མེད་མུན་པ་གླིང་དགུའི་ནང་དུ་ཁྱེརཿ བཅོལ་པའི་རྟགས་དང་མཚན་མ་མ་མཐོང་ནཿ ང་ཉིད་དམ་པ་ནག་པོ་རབ་ཁྲོས་ནསཿ སྣང་སྲིད་ལྷ་འདྲེའི་གནས་རྟེན་བརླག་ཏ་རེཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ ཕཊཿ ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་གྱིཿ ནུབ་ཕྱོགས་གད་རྒྱངས་སྒྲོག་པའི་དུར་ཁྲོད་ནསཿ མ་ཅིག་བདུད་འདུལ་དམར་མོ་སྒྲ་སྒྲོག་མཿ དམར་ནག་རབ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ དགྲ་སྟྭ་ལྕགས་སྒྲོག་འཛིན་ཅིང་ཁྲོ་མོའི་ཆསཿ ཧ་ཧའི་གད་རྒྱངས་སྒྲོག་ཅིང་གར་སྟབས་སྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ ནུབ་ཕྱོགས་ཆུ་ལྷ་རླུང་ལྷའི་དམག་ཚོགས་བཅསཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་དངཿ བཀའ་འགལ་དམ་ཉམས་གནས་གདོན་ལུས་གདོན་དངཿ བྱད་མ་སྔོན་ལས་འཕྲལ་རྐྱེན་ལས་བྱུང་གདོནཿ ཞལ་དུ་བསྟབ་བོ་ལྷག་མ་མེད་པར་རོལཿ འདྲེ་གདོན་རྣམ་ཤེས་གཏད་དོ་མ་ཤོར་ཅིགཿ ཇི་སྲིད་གྲོལ་བའི་འབྲས་བུ་མ་ཐོབ་བརཿ གདོན་འདི་འགུགས་འཆིང་སྡོམ་མྱོས་རྨོངས་ཤིང་འཐུམཿ ཐར་མེད་མུན་པ་གླིང་དགུའི་ནང་དུ་ཁྱེརཿ བཅོལ་པའི་རྟགས་དང་མཚན་མ་མ་མཐོང་ནཿ ང་ཉིད་དམ་པ་ནག་པོ་རབ་ཁྲོས་ནསཿ སྣང་སྲིད་ལྷ་འདྲེའི་གནས་རྟེན་བརླག་ཏ་རེཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ ཕཊཿ ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་གྱིཿ བྱང་ཕྱོགས་གཏུམ་དྲག་རོལ་པའི་དུར་ཁྲོད་ནསཿ མ་ཅིག་བདུད་འདུལ་སྣ་ཚོགས་དྲག་མོ་རྒྱལཿ ལྗང་ནག་རབ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ སྤུ་གྲི་དྲིལ་བུ་འཛིན་ཅིང་ཁྲོ་མོའི་ཆསཿ ཧ་ཧའི་གད་རྒྱངས་སྒྲོག་ཅིང་གར་སྟབས་སྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ བྱང་ཕྱོགས་གནོད་སྦྱིན་བདུད་ཀྱི་དམག་ཚོགས་བཅསཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་དངཿ བཀའ་འགལ་དམ་ཉམས་གནས་གདོན་ལུས་གདོན་དངཿ བྱད་མ་སྔོན་ལས་འཕྲལ་རྐྱེན་ལས་བྱུང་གདོནཿ ཞལ་དུ་བསྟབ་བོ་ལྷག་མ་མེད་པར་རོལཿ འདྲེ་གདོན་རྣམ་ཤེས་གཏད་དོ་མ་ཤོར་ཅིགཿ ཇི་སྲིད་གྲོལ་བའི་འབྲས་བུ་མ་ཐོབ་བརཿ གདོན་འདི་འགུགས་འཆིང་སྡོམ་མྱོས་རྨོངས་ཤིང་འཐུམཿ ཐར་མེད་མུན་པ་གླིང་དགུའི་ནང་དུ་ཁྱེརཿ བཅོལ་པའི་རྟགས་དང་མཚན་མ་མ་མཐོང་ནཿ ང་ཉིད་དམ་པ་ནག་པོ་རབ་ཁྲོས་ནསཿ སྣང་སྲིད་ལྷ་འདྲེའི་གནས་རྟེན་བརླག་ཏ་རེཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ ཕཊཿ ལས་དང་དམ་ཚིག་ཤ་ཟ་མཁའ་འགྲོའི་ཚོགསཿ དབང་ཕྱུག་འབར་མ་གིང་དང་ལང་ཀའི་སྡེཿ དེད་དཔོན་སུམ་ཅུ་དྲེགས་པའི་དམག་ཚོགས་འཁོརཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་རྣམས་བཅསཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་དངཿ བཀའ་འགལ་དམ་ཉམས་གནས་གདོན་ལུས་གདོན་དངཿ བྱད་མ་སྔོན་ལས་འཕྲལ་རྐྱེན་ལས་བྱུང་གདོནཿ ཞལ་དུ་བསྟབ་བོ་ལྷག་མ་མེད་པར་རོལཿ འདྲེ་གདོན་རྣམ་ཤེས་གཏད་དོ་མ་ཤོར་ཅིགཿ ཇི་སྲིད་གྲོལ་བའི་འབྲས་བུ་མ་ཐོབ་བརཿ གདོན་འདི་འགུགས་འཆིང་སྡོམ་མྱོས་རྨོངས་ཤིང་འཐུམཿ ཐར་མེད་མུན་པ་གླིང་དགུའི་ནང་དུ་ཁྱེརཿ བཅོལ་པའི་རྟགས་དང་མཚན་མ་མ་མཐོང་ནཿ ང་ཉིད་དམ་པ་ནག་པོ་རབ་ཁྲོས་ནསཿ སྣང་སྲིད་ལྷ་འདྲེའི་གནས་རྟེན་བརླག་ཏ་རེཿ དེ་བས་ལམ་ལོག་ཞུགས་པའི་དམ་འགལ་རིགསཿ འགྱུར་ལྡོག་འཕར་ལྡང་མགོ་བསྐོར་རྗེས་སྙོག་མཁནཿ མིང་གི་ལྷག་མ་ཙམ་ཡང་མེད་པར་རོལཿ ཁྱེད་རྣམས་མཐུ་སྟོབས་ནུས་རྩལ་མ་ཕྱུང་ནཿ གཞན་གྱི་སྡུག་བསྔལ་རང་ཐོག་བབས་གྱུར་ནསཿ མནར་མེད་དམྱལ་བའི་སྡུག་བསྔལ་མྱོང་ཏ་རེཿ འོཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་དམག་ཚོགས་སྡེ་བརྒྱད་ལྷ་ཀླུ་གཉན་གསུམ་འཇིག་རྟེན་ཤ་ཟ་ལས་དང་དམ་ཚིག་མཁའ་འགྲོ་ཁྱེད་རྣམས་ལ་ལུས་གདོན་འབྱུང་པོ་གདུག་པ་ཅན་འདི་རྣམས་གཏད་པ་ཡིན་པས་མ་ཤོར་ཅིགཿ ཟུངས་ཤིག་ཆིངས་ཤིག་སྡོམས་ཤིག་མྱོས་པར་གྱིས་ཤིགཿ ཁྱེད་རྣམས་ཀྱིས་དེ་ལྟར་མ་བྱས་ནཿ ངས་སྲིད་པ་རུ་ལོག་གི་ཕྱག་རྒྱས་ཁྱེད་རྣམས་རྟེན་དང་བརྟེན་པ་ཐལ་བར་བརླག་ནས་སྲོག་སྙིང་བཀས་ཤིང་རྣམ་ཤེས་མནར་མེད་ཆེན་པོར་འཕང་སྟེ་བསྐལ་ཆེན་འབུམ་ཕྲག་ཏུ་སྡུག་བསྔལ་མྱོང་བར་གདོན་མི་ཟ་བས་རང་བརླག་གི་རྒྱུར་མི་འགྲོ་བར་རང་ནུས་ཡོད་པའི་ལས་འཕྲལ་དུ་སྒྲུབ་པར་གྱིས་ཤིགཿ ཕཊཿ བརྗོད་ཅིང་རོ་སྙོམས་ཆེན་པོའི་ངང་དུ་དར་ཅིག་ཉལཿ སླར་དམིགས་མེད་ཀྱི་ངང་ནས་འཁོར་རྣམས་རང་གནས་སུ་ལྡོགཿ རང་ཉིད་དར་ཅིག་མཉམ་པར་བཞག་ཅིངཿ ཕཊཿ སླར་ཡང་རང་ལས་དམ་པ་ནག་པོ་གྲངས་མེད་པས་ཧཱུྃ་ཕཊ་ཀྱི་གད་རྒྱངས་སྒྲོག་ཅིང་བྲོ་གར་བསྒྱུར་པས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཡོམ་ཡོམ་ཤིག་ཤིག་སྟོང་པར་སྦྱངསཿ མཐར་གཅིག་ལ་གཅིག་ཐིམ་གྱིས་རང་ཉིད་ལ་ཐིམ་པར་བསམཿ ཡང་མཁའ་འགྲོ་དམར་མོས་འཇིག་རྟེན་ཁམས་ཀྱི་དྭངས་མ་དང་ཚེའི་བཅུད་བསྡུས་ཤིང་བམ་རིལ་ཐོད་པར་བདུད་རྩི་དཀར་དམར་གྱི་རྣམ་པར་བསྐྱིལ་ཞིང་རང་ལ་ཕུལ་བས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམ་ཞིང་ལྟ་བའི་ངར་བསྐྱེད་དེ་རང་གནས་སུ་ལྡོགཿ བསྲུང་བྱའི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་དམར་སྤྱི་བོའི་ཡུམ་ཆེན་གསང་བ་ཡེ་ཤེས་ཀྱི་ཐུགས་ཀ་ནས་མར་བྱུང་བསྲུང་བྱའི་སྙིང་དབུས་སུ་ཞུགསཿ དེའི་འོད་ཀྱིས་ཟག་བཅས་ཀྱི་བག་ཆགས་སྦྱངས་ཤིང་ཌཱ་ཀི་དམར་མོར་ལམ་གྱིས་གསལ་བར་གྱུར་པར་བསམཿ རྗེས་ཀྱི་རིམ་པ་གཞུང་ལྟར་བྱཿ གཉན་ཆེན་མཐའ་གཏད་རྗེས་གཅོད་ཟབ་མོ་འོཿ རྒྱལ་འགོང་དམ་སྲི་ཤི་འདྲེ་གདུག་པ་ཅནཿ ཤི་གསོན་འདྲེ་མོ་བྱད་མ་ཀླུ་གདོན་སོགསཿ གཉན་ཐོག་གཉན་དབབ་མཚོ་ཆུར་གཏད་པ་ནིཿ ནད་པ་འམ་ནི་ཁང་ཁྱིམ་འདྲེ་ཡིས་བཟུངཿ དཀྱུས་མའི་མི་ལ་ལྷན་སྐྱེས་གདོན་དང་འགྲོགསཿ རིགས་ངན་བུད་མེད་གསོན་འདྲེའི་རིགས་གྱུར་པསཿ འགྲོ་ལ་གནོད་པའི་རིགས་སུ་གྱུར་པ་ཀུནཿ དངོས་སམ་ལུས་ལ་འབྱར་བའི་རྫས་ཀྱང་རུངཿ ཡང་ན་ཁྱིམ་གྱི་འདྲེ་གདོན་འཁོར་བའི་རྫསཿ མཚོ་འམ་ཆུ་བོ་ཆེན་པོ་ལུད་པའི་ཁརཿ བརྟུལ་ཞུགས་ངར་མའི་གདེངས་དང་ལྡན་པར་ཕྱིནཿ དམིགས་བྱའི་རྫས་ཀུན་ཞགས་པ་འདོམ་དགུས་བཅིངསཿ ཕཊཿ བསྒྲུབ་བྱའི་སྙིང་དབུས་རྣམ་པར་ཤེས་པ་ནིཿ འོད་ཀྱི་ཐིག་ལེ་ལྔ་ལྡན་སྒོ་ང་ཙམཿ དབུ་མའི་ལམ་བརྒྱུད་ཡུམ་ཆེན་ཐུགས་ཀར་འཕོསཿ གདོན་དང་བེམ་པོ་དབྱེར་མེད་གཅིག་ཏུ་འདྲེསཿ མི་ལྤགས་སྒྲོ་བ་རླུང་འཐུམས་ནང་དུ་ཚུདཿ སྦྲུལ་ནག་ཞགས་པ་འདོམ་དགུས་ཁ་བསྡམས་ཤིངཿ ལས་བྱེད་མཁའ་འགྲོ་དམར་མོའི་ཞབས་འོག་མནནཿ འོ་དོད་འབོད་ཅིང་སྡུག་བསྔལ་ཉམས་མྱོང་བསམཿ ཕཊཿ འོཿ ཆུ་གཏེར་མུན་པ་གླིང་དགུའི་གཏིང་རུམ་ནསཿ གདུག་པ་ཀླུ་ཡི་དམག་ཚོགས་ཀུན་གྱི་རྗེཿ ནཱ་ག་རཀྴ་རབ་ཁྲོས་སྲིན་པོའི་གཟུགསཿ མགོ་དགུ་ལག་པ་བཅོ་བརྒྱད་མཚོན་ཆ་བསྣམསཿ སྐུ་སྨད་སྦྲུལ་མཇུག་འཁྱིལ་བས་རྒྱ་མཚོ་དཀྲུགསཿ ཀླུ་ཡི་དམག་ཚོགས་བྱེ་བ་འབུམ་གྱིས་བསྐོརཿ ཁྱེད་ནི་གདུག་པའི་ལུས་ལ་བྱང་ཆུབ་སེམསཿ དགྲ་གདོན་མ་རུངས་ལོག་འདྲེན་འདུལ་བའི་གཤེདཿ གདོན་འདི་གཏད་པ་ཡིན་ནོ་མ་ཤོར་ཅིགཿ འཆོར་མེད་དྲྭ་བར་སྡོམས་ལ་ཞགས་པས་ཆིངསཿ ཆུ་གཏེར་མུན་པ་གླིང་དགུའི་ནང་དུ་སོངཿ བྱང་ཆུབ་སེམས་ཀྱི་འབྲས་བུ་མ་འཐོབ་བརཿ ནམ་ཡང་མ་གཏང་མ་ཤོར་རྨོངས་སུ་ཆུགསཿ དམ་ལས་འདས་ན་སྲོག་སྙིང་འགས་ཏ་རེཿ ཞེས་བརྗོད་ཅིང་བསྒྲུབ་བྱའི་སྐྲ་སེན་དང་དྲི་ཁུས་སྦྲུས་པའི་བམ་གཟུགས་ཆུ་དཀྱིལ་འཕངཿ ནད་པ་སོགས་གདོན་ཅན་ཐག་པས་ཁྲིད་ཅིང་ཆུ་ནང་དུ་བསྲུབས་ཏེ་ཆུ་ལྕག་གིས་བྲན་པས་དྲན་པ་ཉམས་པར་གྱུར་པའི་ཚེ་ཕྱིར་ཕྱུངཿ འོཿ ཆུ་བདག་དམག་ཚོགས་ཁྱེད་རྣམས་ལ་གནོད་བྱེད་གདོན་བགེགས་འདི་གཏད་པ་ཡིན་པས་མ་ཤོར་ཅིགཿ གལ་ཏེ་གཏང་བར་གྱུར་ན་བདག་ཉིད་དམ་པ་ནག་པོས་རི་རབ་ཙོག་པོར་འཕེནཿ རྒྱ་མཚོ་ཧུབ་ཀྱིས་དྲངསཿ མཛེ་ཤ་དང་དུག་ཁྲག་གིས་ཆུ་གནས་གཏིང་ནས་སྐེམཿ ཁྱེད་ཅག་གནས་རྟེན་རྡུལ་དུ་བརླག་པར་གདོན་མི་ཟའོཿ དེ་ལྟར་མི་བྱེད་ཀ་མེད་གདོན་ཆེན་གདུག་པ་འདིའི་རྐྱེན་ལས་བྱུང་བ་ཡིན་པས་ཉེས་ཅན་འདི་ལ་ཆད་པ་དྲག་པོ་ཆོད་ཅིགཿ ཕཊཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ ཕཊཿ ཕཊཿ ཅེས་བརྟུལ་ཞུགས་ངར་དང་ལྡན་པས་ཕྱོགས་བཅུར་རྒྱུག་ཅིང་གར་སྟབས་བྱ་ལ་ཧཱུྃ་ཕཊ་གད་རྒྱངས་སྒྲོག་ཅིང་ལྟ་བ་གཏད་མེད་གཏངཿ བསྒྲུབ་བྱ་དང་རོག་ཀུན་ཕྱིར་ལྡོགཿ རང་ཉིད་བརྟུལ་ཞུགས་རོ་ཉལ་གྱིས་གཞན་ཅི་ཡང་མི་བྱ་བར་དམ་པ་ནག་པོ་རི་རབ་ཙམ་གྱིས་ཆུ་གཏེར་གཏིང་ནས་ནོན་པར་སྒོམསཿ ནུབ་གཅིག་དེར་ཆོད་ཚད་རྟགས་མཚན་མངོན་དུ་འབྱུང་ངོཿ རང་ཉིད་སྤྱན་རས་གཟིགས་ཁ་སརྤ་ཎ་བསྒོམ་ཞིངཿ ཕཊཿ རང་ཉིད་ཐུགས་རྗེ་ཆེན་པོའི་ཕྱག་སོར་ལསཿ བདུད་རྩི་འོ་མའི་ཆུ་རྒྱུན་བབས་པ་ལསཿ གཉན་སའི་ཀླུ་གཉན་ས་བདག་ཀུན་ཚིམས་ཤིངཿ དམ་འོག་ཚུད་ཅིང་ཁས་བླངས་དམ་བཅས་ནསཿ དགོས་འདོད་ཡིད་བཞིན་ནོར་བུ་ཕུལ་བར་བསམཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བརྒྱ་རྩ་བཟླས་ཤིང་དམིགས་མེད་ངང་ལ་གཞགཿ རང་གནས་ལོག་ཅིང་ཕྱི་མིག་མི་བལྟ་འོཿ གནས་གདོན་ལུས་གདོན་གང་ཡང་འདི་ཡིས་གྲོལཿ ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པཿ འཕྲལ་རྐྱེན་གདོན་བགེགས་སུམ་བརྒྱ་དྲུག་ཅུ་དངཿ ཤི་གསོན་འདྲེ་ཡི་རིགས་གྱུར་ཐུབ་པར་ངེསཿ རིགས་ངན་བདུད་མོ་མི་ཡི་རྫུར་ཞུགས་པསཿ ལུས་སེམས་འཕྲལ་བར་སྲིད་པས་ཐོག་མར་བརྟགསཿ ཁ་ན་མ་ཐོ་སྤང་ཕྱིར་སྨྲ་མཁས་བྱཿ འདི་ཉིད་ཤིན་ཏུ་གཉན་ཞིང་སྡིག་ཆེ་བསཿ ཤིན་ཏུ་དོ་གལ་ཆེ་ཞིང་སེམས་ཅན་དོནཿ ལས་གཞན་རང་ཆེ་འབྱིན་དང་ཟས་ནོར་ཕྱིརཿ མི་བྱ་དམ་ཚིག་བཀའ་རྒྱ་གཉན་པོ་ཡོདཿ མ་ཅིག་ཌཱཀྐི་མ་ཡི་ཐུགས་ཀྱི་བཅུདཿ ཨ་ཙར་ནག་པོའི་གསང་བའི་མན་ངག་སྟེཿ རིགས་ཀྱི་སྲས་མོ་ལེགས་འདུས་སྒྲོན་མ་དངཿ ཐུགས་སྲས་རྒྱ་ནག་གཅེར་བུ་གཉིས་ལ་གཏདཿ སྙིང་ལ་ཆོངས་ཤིག་གཞན་ལ་སྤེལ་མི་བྱཿ ད་དུང་སྤིར་གྱི་ཁ་བཞིན་གསང་རྒྱས་ཐོབསཿ ཡུམ་ཆེན་ཌཱཀྐིའི་ཐུགས་ཀྱི་ཀློང་དུ་སྦསཿ མ་འོངས་སྤྲུལ་པའི་འགྲོ་དོན་སྤྱོད་པའི་དུསཿ འདི་ཉིད་དམ་བཅའ་བཞི་ལྡན་རྡོ་རྗེར་མཚུངསཿ དེ་ཚེ་དབྱིངས་ཀྱི་ཌཱཀྐིས་བརྡ་བསྐུལ་ནསཿ ཕ་ནོར་བུ་ཡི་ལག་ཏུ་འཕྲོད་པར་ཤོགཿ དམ་མེད་ལོག་ལྟ་ཐེ་ཚོམ་གཡོ་སྒྱུ་ཅནཿ ངོ་སྲུང་ཐབས་ཀྱིས་བསླུ་བའི་སློབ་དཔོན་བདུདཿ སྙིགས་དུས་འབྱུང་སྲིད་གདམས་པ་འདི་མ་སྟོནཿ བསྟན་ཀྱང་ཁོ་ཡི་སྲོག་གི་གཤེད་མར་འགྱུརཿ འབར་མ་སྤུན་གསུམ་དུར་བདག་མིང་སྲིང་དངཿ སྤུ་གྲི་མཆེད་གསུམ་བཀའ་འདི་དམ་པར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དམ་ཚིག་གི་རྒྱཿ གུཧྱཿ ཁཐཾཿ །ཨྠི་།ཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཨ་ཙར་ནག་པོས་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེར་འདུ་བྱེད་གཅོད་མཁན་འོད་ཟེར་མིང་གིས་བགྱིས་པ་ཤིན་ཏུ་ཟབ་བོ། །དགེའོ།། །།