DKYD-KABUM-04-NGA-036

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

བླ་མེད་རིག་འཛིན་ཐུགས་ཐིག་ལསཿ མེ་མཆོད་ཚོགས་གཉིས་དཔལ་སྟེར་བཞུགསཿ྅྅྅ «ཧེ་རུ་ཀ་ལ་གུས་པས་འདུདཿ དམ་ཚིག་ལྡན་པའི་རྣལ་འབྱོར་གྱིཿ ཡི་དམ་ལྷ་ཡི་དཀྱིལ་འཁོར་དུཿ མེ་ནང་མཆོད་པ་འབུལ་བ་ནིཿ ལྕི་བ་ལྷ་ཤིང་གང་རུང་ལཿ མེ་སྦར་ཡམ་ཤིང་སོ་བརྒྱད་དངཿ རྩི་མར་འབྲུ་མར་གང་རུང་ཁུཿ འབྲུ་སྣ་ཞོ་ཟན་ཤིང་ཐོག་ཟསཿ དུར་ཝ་ཀུ་ཤ་དར་སྣ་སོགསཿ གང་འབྱོར་སྐབས་དང་བསྟན་དེ་བཤམསཿ སྒྲིབ་སྦྱོང་ཏིལ་དང་ཞི་བར་འབྲསཿ རྒྱས་པར་ཞོ་ཟན་དབང་མེ་ཤིང་ཐོགཿ དྲག་པོར་ཡུངས་དཀར་ཡུངས་ནག་ཏེཿ གཅིག་ཆོགའམ་ནི་བུང་བསྐྱེད་བྱཿ དང་པོ་རྫས་བྱིན་བརླབ་པ་ནིཿ »ཨོཾ་བཛྲ་ཨ་མྲྀ་ཏུ་ཀུན་ཌ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ སྭཱ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས་ཏིང་ངེ་འཛིན་གྱི་བྱེད་ལས་ཀྱི་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པར་རང་རང་གི་ནུས་པ་ཕུན་སུམ་ཚོགས་པ་ལས་རྣམས་འགྲུབ་པའི་མཐུ་ལྡན་དུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧ་ཧོ་ཧྲཱི༔ «ལན་བདུནཿ» ཨོཾ་རཾ་མེ་ཐབ་མི་དམིགས་ངང་ཉིད་ལསཿ ཡུམ་ཆེན་གོས་དཀར་གཏུམ་མོ་དངཿ དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་ཀྱིསཿ ཡེ་ཤེས་མེ་དཔུང་འབར་བའི་ཀློངཿ དཔལ་ཆེན་རྡོ་རྗེ་གྲོ་བོ་ལོདཿ དམར་ནག་རབ་འཇིགས་རབ་ཁྲོས་སྐུཿ རྒྱན་དང་ཆ་ལུགས་ཡོངས་སུ་རྫོགསཿ རྒྱ་སྟག་གྲུས་མའི་སྟེང་དུ་འགྱིངསཿ ཞལ་གདངས་མཆེ་བ་རབ་ཏུ་གཙིགསཿ མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོརཿ ཐུགས་ཀའི་འོད་ཀྱི་འཕྲོ་འདུ་ལསཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམསཿ བཛྲ་ས་མ་ཡ་ཛཿ བཞུགས་གསོལ་གུས་པས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་སྤྲིན་འབུལཿ གཏུམ་ཆེན་རབ་རྔམས་ཁྲག་འཐུང་རྗེཿ རྡོ་རྗེ་གྲོ་བོ་ལོད་ལ་བསྟོདཿ བསྲེགས་བླུག་བདུད་རྩིའི་རྒྱུན་དྲངས་ཏེཿ དཀྱིལ་འཁོར་ལྷ་ཚོགས་མཆོད་པ་ཡིསཿ སྒྲིབ་གཉིས་དག་ཅིང་ཚོགས་གཉིས་རྫོགསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགསཿ «རྩ་སྔགས་བདུན་གྱི་བྱོན་སྐྱེམས་ཕུལཿ ཡཾ་ཤིང་མར་ཁུ་རྫས་སྤུང་ངོཿ ཡང་ན་དམིགས་བསལ་རྫས་ཀྱང་རུངཿ» ཨོཾ་ཧཱ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཨཱཿཧཱུྃཿ ཤནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ «རྒྱས་པར་»པུཥྟཾཿ «དབང་ལཿ» ཝ་ཤཾཿ «དྲག་པོརཿ» མ་ར་ཡ་ཕཊཿ «རྫས་རྣམས་རྫོགས་མཐར་རྩ་སྔགས་བདུནཿ གཤེགས་སྐྱེམས་ཕུལ་ཞིང་ནོངས་པ་བཤགསཿ» མ་འབྱོར་པ་དང་ཉམས་པ་དང་ཿ གང་ཡང་བདག་རྨོངས་བློ་ཡིས་ནིཿ མ་ལྕོག་འཁྲུལ་བ་ཅི་མཆིས་པཿ དེ་ཀུན་དཀྱིལ་འཁོར་ལྷ་ལ་བཤགསཿ« ཡི་གེ་བརྒྱ་པ་ལན་གསུམ་བརྗོདཿ »རང་ལས་སྤྲུལ་པའི་མདུན་བསྐྱེད་ལྷཿ རང་རིག་ཀློང་དུ་བཛྲ་མུཾཿ བདག་དང་འགྲོ་བའི་དོན་ཆེད་དུཿ སླར་ཡང་འབྱོན་པར་མཛད་དུ་གསོལཿ ཨོཾ་ཨཱཿཧཱུྃཿ ཡི་དམ་ལྷ་ཡི་དཀྱིལ་འཁོར་དུཿ མཆོད་པ་ཕུལ་བའི་དགེ་ཚོགས་ཀུནཿ འགྲོ་དྲུག་སྡུག་བསྔལ་ཉམས་ཐག་འགྲོཿ སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོཿ དགེ་བ་འདི་ཡི་མྱུར་དུ་བདགཿ ཡི་དམ་ལྷ་ཚོགས་འགྲུབ་གྱུར་ནསཿ འགྲོ་བ་གཅིག་ཀྱང་མ་ལུས་པཿ དེ་ཡི་ས་ལ་འགོད་པར་ཤོགཿ «སྤྲོས་པ་མེད་པའི་གང་ཟག་གིཿ མེ་ཡི་མཆོད་པ་ལ་བརྟེན་ནསཿ ཚོགས་རྫོགས་ཕྲིན་ལས་བཞི་བསྒྲུབ་ཐབསཿ ཚེགས་ཆུང་དོན་ཆེ་དངོས་གྲུབ་མྱུརཿ འདི་ལ་རྟག་ཏུ་འབད་པ་འཚལཿ མ་འོངས་དོན་དུ་བརྡ་རིས་བཀོདཿ རྟེན་འབྲེལ་དུས་སུ་སྨིན་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ བདག་འདྲ་ཁྲག་འཐུང་ལས་ཀྱི་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་འདུ་བྱེད་འོད་ཟེར་མིང་གིས་བགྱིས་པ་བྱིན་རླབས་མྱུར་བའི་ནུས་ཅན་ནོཿ