DKYD-KABUM-05-CA-036
༄༅། །དག་སྣང་དངོས་གྲུབ་ཀུན་འབྱུང་ལསཿ ཡེ་ཤེས་མཁའ་འགྲོའི་ཚོགས་མཆོད་བཞུགསཿ ༄༅། «།ཡེ་ཤེས་དབྱིངས་ཀྱི་ཌཱཀྐིར་འདུདཿ ཡུམ་ཆེན་ཁྲོས་མའི་དཀྱིལ་འཁོར་དུཿ ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་ནིཿ བཟའ་བའི་ཟས་དང་བཏུང་བའི་སྐོམཿ གང་འབྱོར་མ་ཚང་མེད་པ་དང་ཿ ཁྱད་པར་ཤ་ཆང་འདུ་བྱ་ཞིང་ཿ ཞིང་ཆེན་གཡང་གཞིའི་སྟེང་དུ་བཤམཿ དམ་ལྡན་རྣལ་འབྱོར་ཕོ་མོ་ཀུནཿ རིག་པ་གཟེངས་བསྟོད་སྤྲོ་དགའི་ངང་ཿ དང་པོ་དངོས་འཛིན་སྦྱང་བ་ནིཿ »ཧཱུྃཿ རང་ཉིད་ཡུམ་ཆེན་ཁྲོས་མའི་ཐུགས་ཀ་ནསཿ སྦྱོང་བྱེད་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོསཿ རཾ་ལས་ཡེ་ཤེས་མེ་ཡིས་ཚོགས་རྫས་དང་ཿ སྣོད་བཅུད་མ་དག་ཉེས་སྐྱོན་ཐམས་ཅད་བསྲེགསཿ ཡཾ་ལས་རླུང་གིས་གཏོར་ཞིང་ཁཾ་ལས་ཆུསཿ གཟུང་འཛིན་བག་ཆགས་དྲི་མ་ཀུན་བཀྲུས་མཐརཿ ཡི་གེ་གསུམ་འཕྲོས་ཤ་ལྔ་བདུད་རྩི་ལྔཿ རང་བཞིན་ཟག་པ་མེད་པའི་རྫས་སུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ« ལན་གསུམ་བརྗོད་པས་བདུད་རྩིའི་ངོ་བོར་བསྒྱུརཿ གཉིས་པ་ཚོགས་ལ་སྤྱན་འདྲེན་བྱ་བ་ནིཿ སྤོས་དང་གུ་གུལ་ཤ་ཆེན་གསུརཿ བདུག་ཅིང་རོལ་མོ་དབྱངས་དང་བཅསཿ »ཨེ་མ་ཧོཿ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནསཿ ཆོས་སྐུ་རྡོ་རྗེ་འཆང་ཆེན་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ གནས་ངེས་པ་ལྔ་ལྡན་གྱི་ཕོ་བྲང་ནསཿ ལོངས་སྐུ་རིགས་ལྔའི་སངས་རྒྱས་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ གནས་པདྨ་འོད་ཀྱི་ཕོ་བྲང་ནསཿ སྤྲུལ་སྐུ་པདྨ་འབྱུང་གནས་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན༴ གནས་བདེ་ཆེན་དག་པའི་ཕོ་བྲང་ནསཿ དགུ་ལྡན་རྩ་རྒྱུད་བླ་མ་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན༴ གནས་མཁའ་སྤྱོད་དག་པའི་ཕོ་བྲང་ནསཿ ཅིག་ལབ་ཀྱི་སྒྲོན་མ་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན༴ གནས་གར་བཞུགས་དག་པའི་ཕོ་བྲང་ནསཿ གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ གནས་རང་བཞིན་སྤྲུལ་པའི་ཞིང་ཁམས་ནསཿ ཡི་དམ་རྒྱུད་སྡེ་བཞི་དྲུག་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན༴ གནས་མེ་རི་འབར་བའི་ཞིང་ཁམས་ནསཿ མ་ཡེ་ཤེས་ཌཱཀྐི་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན༴ གནས་ཨུ་ཙ་ལ་ཡི་དུར་ཁྲོད་ནསཿ ཡི་དམ་ཁྲོས་མ་ལྷ་ལྔ་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན༴ ཡུལ་ཉེར་བཞི་གནས་མཆོག་སོ་གཉིས་ནསཿ ཁོང་དཔའ་བོ་མཁའ་འགྲོ་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན༴ གནས་དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནསཿ བཀའ་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན༴ གནས་རང་རང་སོ་སོའི་བསྟི་གནས་ནསཿ བཀའ་དང་གཏེར་གྱི་སྲུང་མ་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ གནས་ས་འོག་ས་སྟེང་ས་བླ་ནསཿ སྣང་ཞིང་སྲིད་པའི་ལྷ་འདྲེ་འཁོར་དང་བཅསཿ འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ ཁོང་བླ་མ་ཡི་དམ་མཁའ་འགྲོ་དང་ཿ དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགསཿ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་ཿ ཕྱི་སྣོད་གཞལ་ཡས་ཁང་དུ་གྱུརཿ ནང་བཅུད་དཔའ་བོ་དཔའ་མོར་གྱུརཿ ཚོགས་རྫས་ཟག་མེད་བདུད་རྩིར་གྱུརཿ བདག་ཆག་སྐལ་ལྡན་ཕོ་མོ་ལཿ དབང་དང་བྱིན་རླབས་དངོས་གྲུབ་སྩོལཿ ཉམས་དང་རྟོགས་པ་སྤར་ནས་ཀྱང་ཿ སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུརཿ གུ་རུ་དྷེ་ཝ་ཌཱཀྐི་ནི་བཾ་ཧ་རི་ནི་ས་སརྦ་ས་མ་ཡ་ཛ་ཛཿ «གསུམ་པ་ཚོགས་ཕུད་འབུལ་བ་ནིཿ ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འབུལཿ »ཧོཿ ཀུན་ཏུ་བཟང་པོ་མན་ཆོད་ནསཿ རྩ་བའི་བླ་མ་ཡན་ཆད་ཀྱིཿ བཀའ་རྒྱུད་བླ་མ་ཚོགས་ལ་རོལཿ ལ་ལ་ཕྱི་ཡི་ཚོགས་ལ་རོལཿ ལ་ལ་ནང་གི་ཚོགས་ལ་རོལཿ ལ་ལ་གསང་བའི་ཚོགས་ལ་རོལཿ དེ་ཁོ་ན་ཉིད་ཀྱི་ཚོགས་ལ་རོལཿ ཨ་ལ་ལ་སྟེ་བཞེས་སུ་གསོལཿ ཧེ་རུ་ཀཿདཔལ་མན་ཆོད་དང་ཿ སྒོ་སྐྱོང་ཁྲོ་བོ་ཁྲོ་མོའི་ཚོགསཿ ལ་ལ་ཕྱི་ཡི་ཚོགས་ལ་རོལཿ ལ་ལ་ནང་གི་ཚོགས་ལ་རོལཿ ལ་ལ་གསང་བའི་ཚོགས་ལ་རོལཿ དེ་ཁོ་ན་ཉིད་ཀྱི་ཚོགས་ལ་རོལཿ ཨ་ལ་ལ་སྟེ་བཞེས་སུ་གསོལཿ རྡོ་རྗེ་ཕག་མོ་མན་ཆོད་ནསཿ ཤ་ཟ་ཌཱཀྐི་ཡན་ཆད་ཀྱིཿ མཁའ་འགྲོ་རྒྱ་མཚོ་ཚོགས་ལ་རོལཿ ལ་ལ་ཕྱི་ཡི༴ ལ་ལ་ནང་གི༴ ལ་ལ་གསང་བའི་ཚོགས་ལ་རོལཿ དེ་ཁོ་ན་ཉིད་ཀྱི་ཚོགས་ལ་རོལཿ ཨ་ལ་ལ་སྟེ་བཞེས་སུ་གསོལཿ ཁྲོས་མ་ནག་མོ་མན་ཆོད་དང་ཿ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅསཿ འདོད་ཡོན་ལོངས་སྤྱོད་ཚོགས་ལ་རོལཿ ལ་ལ་ཕྱི་ཡི་ཚོགས་ལ་རོལཿ ལ་ལ་ནང་གི་ཚོགས་ལ་རོལཿ ལ་ལ་གསང་བའི་ཚོགས་ལ་རོལཿ དེ་ཁོ་ན་ཉིད་ཀྱི་ཚོགས་ལ་རོལཿ ཨ་ལ་ལ་སྟེ་བཞེས་སུ་གསོལཿ མ་མགོན་ལྕམ་དྲལ་མན་ཆོད་ནསཿ བཀའ་སྡོད་དམ་ཅན་སྲུང་མའི་ཚོགསཿ མ་ལུས་འཁོར་བཅས་ཚོགས་ལ་རོལཿ ལ་ལ་ཕྱི་ཡི་ཚོགས་ལ་རོལཿ ལ་ལ་ནང་གི༴ ལ་ལ་གསང་བའི༴ དེ་ཁོ་ན་ཉིད་ཀྱི༴ ཨ་ལ་ལ་བཞེས་སུ་གསོལཿ ག་ཎ་ཙཀྲ་པཱུཙྪ་ཧོཿ «བཞི་པ་བར་བམ་བཤགས་པ་ནིཿ» ཧོ་ཚོགས་མཆོད་བདུད་རྩིའི་སྤྲིན་དཔུང་གིཿ རླངས་པ་མཆོད་པའི་བྱེ་བྲགས་སྤྲུལཿ བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུནཿ སྲིད་ཞིའི་འདོད་ཡོན་དཔག་མེད་རྫསཿ ཕུལ་བའི་འཁོར་ཚེ་ཐོག་མེད་ནསཿ ད་ལྟའི་བར་དུ་བསགས་པ་ཡིསཿ སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དང་ཿ དམ་ཚིག་ཉམས་འགལ་རལ་བ་སོགསཿ བཤགས་སོ་ཚངས་པའི་དངོས་གྲུབ་སྩོལཿ «ཡི་གེ་བརྒྱ་བའི་བཤགས་པ་བྱཿ ལྔ་བ་ཚོགས་ཀྱི་ཐ་མ་ནིཿ» སྒྲོལ་བ་སྙིང་རྗེ་ཆེན་པོ་སྟེཿ ཧཱུྃཿ ཐོག་མ་མེད་ནས་ད་ལྟའི་བརཿ མ་རིག་གསུམ་དང་ཉོན་མོངས་ལྔའིཿ རྒྱུས་བསྐྱེད་བག་ཆགས་གློ་བུར་བའིཿ རྐྱེན་གྱིས་གཟུང་འཛིན་དགྲ་གཟུགས་སྣང་ཿ ཐུགས་རྗེ་ཐབས་ལ་མཁས་པའི་ཕྱིརཿ ཚད་མེད་བཞི་ལྡན་ཕྱག་རྒྱ་བཞིསཿ འགུག་འཆིང་སྡོམས་མྱོས་བདག་འཛིན་དགྲཿ སྟོང་ཉིད་ཡེ་ཤེས་མཚོན་ཆ་ཡིསཿ བསྒྲལ་ནས་གཟུགས་ཕུང་ཤ་ཁྲག་རུསཿ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབསཿ ནྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་ཕཊཿ མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་བྷ་ལིང་ཏ་ཁ་རཾ་ཁཱ་ཧིཿ «བསྟབ་ཅིང་རྣལ་འབྱོར་ཕོ་མོ་ཀུནཿ དངོས་གྲུབ་ཚོགས་ཀྱི་རྫས་ལ་རོལཿ ཏན་གན་གསང་བའི་སྤྱོད་པ་ཀུནཿ ཉམས་དང་དྲོད་ཚད་དཔག་ཏེ་བྱཿ རྡོ་རྗེའི་གླུ་དང་གར་ལ་བརྩོནཿ དྲུག་པ་ལྷག་མ་བསྔོ་བ་ལཿ གཉིས་ལ་དང་པོ་གཙང་ལྷག་ནིཿ འདུས་པའི་ཕུད་ལྷག་དང་བཅས་པཿ རྡོ་རྗེ་རྒྱལ་པོའི་ཁ་ཕྲུ་གཏབཿ »པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ ལྷག་གཏོར་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུརཿ ཨ་ཀ་རོ«ས་བྱིན་གྱིས་བརླབསཿ» ཕཻཾཿ ལྷག་ལ་དབང་བའི་མཁའ་འགྲོ་དང་ཿ ཤུག་འགྲོ་མ་སྲིང་དབང་ཕྱུག་མཿ བཀའ་སྡོད་འབར་མ་བྲན་གཡོག་བཅསཿ ལྷག་ལ་གདུང་ཤིང་ཚོགས་ཁངའགྲིམསཿ དམ་ཚིག་