DKYD-KABUM-06-CHA-012

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ཧྲིཿ འཕགས་མཆོག་གར་དབང་སྒྲུབ་སྐོར་ལསཿ བཀའ་ཡིས་སྲུང་མའི་གཏོར་འབུལ་བཞུགསཿ «ཧྲི།ཿ ཿནྱན་༔ གར་གྱི་དབང་ཕྱུག་ལྷ་ལ་འདུདཿ བཀའི་སྲུང་མ་མཆོད་པའི་ཐབསཿ མཆོད་གཏོར་བསང་སྦྱང་འདི་སྐད་དོཿ» མཿ ཀུན་ཏུ་བཟང་མོ་ཐུགས་ཀྱི་སྤྲུལཿ དབྱིངས་ཕྱུག་དཔལ་ལྡན་སྔགས་བསྲུང་མཿ མཐིང་ནག་རལ་གཅིག་ཁྲོ་མོ་རྒྱལཿ སྤྱན་གཅིག་ཚེམ་གཅིག་ནུ་མ་གཅིགཿ ཞབས་གཉིས་གྱད་ཀྱིས་འདོར་སྟབས་ཅནཿ དགྲ་སྙིང་གསོལ་ཞིང་གཡུ་སྤྱང་འགྱེདཿ མ་མོ་མཁའ་འགྲོ་འཁོར་དང་བཅསཿ གནས་འདིར་སྤྱན་འདྲེན་དགྱེས་པར་བཞུགསཿ སྨན་རཀ་གཏོར་གསུམ་གསང་བའི་རྫསཿ གཞན་ཡང་ཕྱི་ནང་མཆོད་ཚོགས་འབུལཿ ཐུགས་དམ་སྐང་ལ་དངོས་གྲུབ་རྩོལཿ ཨ་ཏི་བཀའ་ཡི་བྱར་མཛོདཿ རྫོགས་པ་ཆེན་པོའི་བསྟན་པ་བསྲུང་ཿ རྣམས་བཞིའི་ལས་ཀྱི་ཕྲིན་ལས་ཀུནཿ ཐོག་པ་མེད་པར་མྱུར་འགྲུབ་མཛོདཿ ཧཱུྃ་བྷྱོཿ རབ་དུ་འཇིགས་པའི་དུར་ཁྲོད་ནསཿ མཐུ་ལྡན་ལས་བྱེད་ཞིང་སྐྱོང་ཆེཿ བདུད་མགོན་སེང་གེའི་གདོང་པ་ཅནཿ ཡུམ་ཆེན་ཁམས་གསུམ་ཟ་བྱེད་མཿ ལས་མཁན་བཀའ་ཉན་དྲེགས་པའི་ཚོགསཿ གནས་འདིར་གཤེགས་ལ་ཕྲིན་ལས་སྒྲུབཿ དམ་ཚིག་གཏོར་མ་འདི་བཞེས་ལཿ ཐུགས་དམ་གཉེན་པོ་སྐོང་གྱུར་ཅིགཿ དགྲ་སྲོག་ཆོད་ལ་བགེགས་དཔུང་ཐུལཿ དམ་པ་ཆོས་ཀྱི་བསྟན་པ་སྲུང་ཿ ཟབ་ཆོས་གདམས་པའི་གཉེར་ཁ་ཟུང་ཿ རྣམ་བཞིའི་ཕྲིན་ལས་ལྷུན་གྲུབ་མཛོདཿ ཧྲུཾཿབྷྱོ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིསཿ སྤྱན་སྔར་ཁས་བླང་དམ་བཅས་སྲུང་མ་ཆེཿ གཉན་གྱི་རྒྱལ་པོ་ཡབ་ཡུམ་སྲས་འཁོར་བཅསཿ སྤྲུལ་པ་ཡང་སྤྲུལ་འཁོར་བཅས་གནས་འདིར་གཤེགསཿ ཿདགྱེས་པའི་མཆོད་གཏོར་དཀར་མར་ཟས་སྣ་དང་ཿ འབྲུ་བཅུད་སྐྱེམས་ཕུད་བཏུང་བ་སྣ་ཚོགས་འབུལཿ པདྨ་འབྱུང་གནས་བཻ་རོ་ཙ་ན་དང་ཿ བོད་ཡུལ་ཆོས་སྐྱོང་རྒྱལ་པོའི་སྤྱན་སྔ་རུཿ ཁས་བླངས་དམ་བཅས་ཐ་ཚིག་རྗེས་དགོངས་ལཿ གར་དབང་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་ཿ ཁྲག་འཐུང་དཔའ་བོའི་རྒྱུད་འཛིན་སྐྱོང་བ་དང་ཿ བདག་ཅག་རྒྱུད་འཛིན་སློབ་མ་ཡོན་བདག་བཅསཿ ཆོས་བཞིན་སྒྲུབ་ལ་བར་ཆད་སྲུང་བ་དངཿ དགྲ་གདོན་གནོད་པ་བསྲུང་ལ་རྐྱེན་ངན་བཟློགཿ ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་སྤེལཿ ཀི་བསོ་ཆའོ་དབུ་འཕང་གཉན་པོ་བསྟོདཿ བདེ་གཤེགས་ཡིད་བཞིན་རེ་སྐོར་དངོས་གྲུབ་བསྩོལཿ «ཅེས་བརྗོད་གཏོར་མ་གསུམ་གཤེགས་སོཿ བཀའ་གཏེར་སྲུང་མ་མཆོད་པའི་ཐབསཿ ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བཿ ཆོས་ཀྱི་རྒྱལ་པོ་དགྲ་འདུལ་རྗེསཿ གསུང་ལྟར་ཁྲག་འཐུང་དཔའ་བོས་བཀོདཿ ཕྲིན་ལས་སྒྲུབ་པའི་ཆ་ལག་གོཿ སརྦ་མངྒ་ལཾ