DKYD-KABUM-02-KHA-005

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༅། །སཾ གུ ཛྙ ཌཱ ཀ སྱེ ཙི ཏྟ ཏི ལ ཀཱ ཏྲཱུ ཥཾ ཏཱ ཡཱ བེ དྡྷ ཿ ཀ རྞྞཱིཥཱ ཀཱ ཡཱ སུ ར ལྷ མ སྟཾ བི ཧ ར ཏི སྨ། །༄༅། །ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ ཁྲོས་མའི་ལས་བྱང་སྙིང་པོའི་བཅུད་བསྡུས་བཞུགསཿ «༄༅ཿ ཿདྷུཆ་ནྲམདྷཱཿ བཟང་པོ་རྣལ་འབྱོར་མ་ལ་འདུདཿ ཡང་གསང་ཐུགས་ཐིག་ཟབ་མོ་ཡིཿ འཛིན་པ་རང་གྲོལ་གདམས་པའི་གནདཿ ཐུགས་སྒྲུབ་ཕག་མོ་ལྷ་ལྔ་མཿ དྲིལ་སྒྲུབ་འཁོར་འདས་དབང་སྡུད་བསྟནཿ དཀྱིལ་འཁོར་ཡུལ་དུས་དང་བསྟུན་པརཿ དབུས་སུ་ཚོམ་བུ་ལྔ་ཡི་ཁརཿ མཚན་ལྡན་བམ་རིལ་ཐོད་པའི་ནང་ཿ འབྲུ་བཅུད་རྩི་བཅུད་བདུད་རྩི་ལཿ མྱོང་གྲོལ་ཕབ་ཀྱིས་ལེགས་པར་བྲནཿ ཤར་དུ་ཕྱི་ནང་མཆོད་པ་དངཿ ལྷོ་རུ་སྨན་མཆོད་ནུབ་གཏོར་མཿ བྱང་དུ་རཀྟ་མཚམས་གཏོར་ཚོགསཿ གཞན་ཡང་དགོས་པའི་ཡོ་བྱད་རྣམསཿ མ་ཚང་མེད་པར་འདུ་བྱས་ལཿ མདུན་མཁར་ཚོགས་ཞིང་རྩ་གསུམ་ལྷཿ གསལ་གདབ་དང་པོ་སྐྱབས་འགྲོ་ནིཿ »ན་མོཿ བླ་མེད་རྩ་བ་གསུམ་དང་སྐུ་གསུམ་དངོསཿ ལྷག་པའི་ལྷ་མཆོག་ཡུམ་ཆེན་རིགས་ལྔ་ལཿ བདག་གཞན་མཁའ་མཉམ་སེམས་ཅན་མ་ལུས་ཀུནཿ རྣམ་གསུམ་དད་པས་རྟག་ཏུ་སྐྱབས་སུ་མཆིཿ «གཉིས་པ་སེམས་བསྐྱེད་ནིཿ» བསླུ་མཁས་འཁོར་བ་སྒྱུ་མའི་གྲོངཁྱེར་དུཿ མ་བརྟག་འཁྲུལ་པའི་སྡུག་བསྔལ་སེམས་ཅན་ཀུནཿ མ་ཅིག་ཡུམ་ཆེན་གོ་འཕང་ལ་འགོད་ཕྱིརཿ བྱང་ཆུབ་མཆོག་ཏུ་སེམས་མཆོག་བདག་བསྐྱེད་དོཿ «ཡན་ལག་བདུན་པ་ནིཿ» མ་ཅིག་ཁྲོས་མ་བདུད་འདུལ་ལྷ་ལྔ་མརཿ གུས་པས་ཕྱག་འཚལ་བླ་མེད་མཆོད་ཚོགས་འབུལཿ སྒོ་གསུམ་སྡིག་སྒྲིབ་དམ་ཚིག་ཉམས་ཆག་བཤགསཿ ཁྱེད་ལ་རྗེས་སུ་ཡི་རང་ཆོས་སྟོན་བསྐུལཿ བདག་དོན་བཞུགས་པར་གསོལ་འདེབས་དགེ་རྩ་བསྔོཿ «ཡུམ་ཆེན་བསྒོམ་པ་ལ་ནིཿ »ཨཱཿསྤྱི་བོར་པདྨ་ཉི་ཟླ་བརྩེགས་པའི་ཁྲིརཿ སངས་རྒྱས་ཀུན་འདུས་བླ་མ་ཡུམ་ཆེན་མོཿ བཙོ་མ་གསེར་མདོག་ཞལ་གཅིག་ཕྱག་བཞི་མཿ རྩ་བའི་ཕྱག་གཉིས་ཐུགས་ཀར་མཉམ་བཞག་མཛདཿ འོག་གཉིས་གསེར་རྡོར་སྟོང་ཕྲག་གླེགས་བམ་འཛིནཿ ལོངས་སྐུའི་ཆས་རྫོགས་ཞབས་གཉིས་རྡོར་སྐྱིལ བཞུགསཿ ཐུགས་ཀར་ཟླ་སྟེང་ཨ་ཡིག་སྔགས་ཀྱིས་བསྐོརཿ འོད་འཕྲོས་རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངསཿ སླར་འདུས་ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུནཿ སྐུ་ཡི་དབྱིབས་བརྒྱུད་གསང་གནས་ནས་བབ་ཅིང་ཿ རང་གི་ཚངས་བུག་ནས་བརྒྱུད་ལུས་གང་བསཿ ནད་གདོན་སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཚོགསཿ འོག་སྒོ་ནས་ཐོན་འཆི་བདག་ཁར་སོང་ཞིང་ཿ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་དམིགསཿ ཏདྱ་ཐཱ་ག་ཏེ་«སོགས་བརྒྱ་རྩ་བརྒྱད་བཟླསཿ »ཚོགས་ཞིང་འོད་ཞུ་རང་དང་དབྱེར་མེད་འདྲེསཿ མཐའ་བྲལ་སྟོང་ཉིད་ངང་དུ་མཉམ་པར་བཞགཿ «༄༅། །དེ་ནས་བགེགས་ཀྱི་གཏོར་མ་བྲན་ལཿ» ཨོཾ་བཛྲ་ཨམྲྀ་ཏ«ས་བསངཿ» སྭ་བྷ་ཝ«ས་སྦྱངསཿ »སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་ལན་ཆགས་བགེགས་ཀྱི་གཏོར་མ་བདུད་རྩིའི་རང་བཞིན་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུརཿ ཨོཾ་ཨཱཿཧཱུྃཿ «ལན་གསུམཿ »ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༴ «ལྔའམ་བདུན་གྱིས་བསྔོས་ལཿ »ཧཱུྃཿ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགསཿ ང་ཡི་བཀའ་ལས་མ་འདའ་བརཿ འདོད་ཡོན་གཏོར་མས་ཚིམ་གྱིས་ལཿ རྒྱ་མཚོ་ཆེན་པོའི་མཐར་དེངསཿ རྡོ་རྗེ་གསང་བའི་བཀའ་ལས་ནིཿ སྡིག་ཅན་གང་ཞིག་འདའ་བྱེད་པཿ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིསཿ རྡུལ་དུ་བརླག་པར་གདོན་མི་ཟཿ «ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིརཿ སྲུང་འཁོར་ནིཿ »ཧཱུྃཿ སྣང་སྲིད་ཡེ་ནས་ཆོས་སྐུ་ལཿ བགེགས་དང་བར་གཅོད་མིང་ཡང་མེདཿ ཕྱི་སྣོད་ཡེ་ནས་གཞལ་ཡས་ཁང་ཿ ནང་བཅུད་དཔའ་བོ་མཁའ་འགྲོའི་ངང་ཿ བཛྲརཀྵ་དྷརྨ་དྷཱ་ཏུ་ཨཱཿ ཿ«དཀྱིལ་འཁོར་མཆོད་རྫས་བྱིན་རླབས་ནིཿ» ཆོས་ཉིད་སྐྱེ་བ་མེད་པ་ལསཿ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོསཿ གནས་དང་ཡོ་བྱད་ཉེས་སྐྱོན་སྦྱངསཿ སླར་ཡང་ཨོཾ་ཨཱཿཧཱུྃ་གསུམ་གྱིསཿ ཟག་མེད་ཡེ་ཤེས་བདུད་རྩི་ལཿ འདོད་ཡོན་ལོངས་སྤྱོད་རྫས་སུ་བསྒྱུརཿ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་པཱུ་ཙ་ཧོཿ ས་མ་ཡཛྙཱ་ན་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾཿ «དངོས་གཞི་ལྷ་བསྐྱེད་ནིཿ »ཧཱུྃཿ དེ་བཞིན་ཉིད་དབྱིངས་སྤྲོས་དང་བྲལཿ ཀུན་ཏུ་སྣང་བའི་སྙིང་རྗེ་བསྒོམཿ རྒྱུ་ཡི་རིག་པ་བྃ་ཡིག་ལསཿ འོད་ཟེར་འཕྲོ་འདུས་དོན་གཉིས་བྱསཿ ཚུར་འདུས་ཉི་ཟླའི་དབུས་སུ་འདྲེསཿ འོད་ཞུ་པདྨ་ཉི་གདན་སྟེངཿ དུར་ཁྲོད་གཞལ་ཡས་འཇིགས་སུ་རུངཿ རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུསཿ བདག་ཉིད་བདུད་འདུལ་ཁྲོས་ནག་མཿ སྐུ་མདོག་མཐིག་ནག་གཟི་འོད་འབརཿ ཞལ་གཅིག་ཤིན་ཏུ་ཁྲོ་མོའི་ཉམསཿ སྤྱན་གསུམ་དམར་ཟླུམ་འོད་ཟེར་འཕྲོཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ དབུ་སྐྲ་སྨིན་མ་སྨ་ར་འབརཿ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོགསཿ ཕྱག་གཉིས་གཡས་པས་གྲི་གུག་ཕྱརཿ གཡོན་པས་ཐོད་ཁྲག་ཞལ་དུ་གསོལཿ ཞབས་གཉིས་དཔའ་མོའི་གར་སྟབས་འགྱིངཿ རུས་རྒྱན་མི་མགོ་སྙིང་ཕྲེང་གསོལཿ ཡེ་ཤེས་མེ་དཔུང་རབ་འབར་ཀློངཿ དྲག་གཏུམ་རྔམས་པའི་ཚུལ་དུ་བཞུགསཿ སྤྱི་བོར་བླ་མ་དྲི་མ་མེདཿ བརྟུལ་ཞུགས་ཧེ་རུ་ཀ་ཡི་ཆསཿ ཅང་དྲིལ་འཁྲོལ་ཞིང་རོལ་སྟབས་དབྱིངསཿ ཤར་དུ་བདེ་ཆེན་དཀར་མོ་ནིཿ མདའ་དར་དང་ནི་བུམ་པ་འཛིནཿ ལྷོ་རུ་སེར་མོ་དོན་གྲུབ་ནིཿ གྲི་གུག་གཡས་ལ་ནོར་བུ་གཡོནཿ ནུབ་ཏུ་དམར་མོ་སྒྲ་སྒྲོགས་ནིཿ ལྕགས་ཀྱུ་དང་ནེ་བྷནྡྷ་འཛིནཿ བྱང་དུ་སྣ་ཚོགས་མཐའ་ཕྱིན་མཿ གྲི་གུག་ཐོད་ཁྲག་ལྗང་གསལ་མདངསཿ ཞི་ཆགས་ཁྲོ་བའི་རྣམ་འགྱུར་ཅནཿ ཆ་ལུགས་གཙོ་མོ་དང་མཐུན་ཞིངཿ སྤྱི་བོར་རང་མདོག་བག་ཞལ་རྔམསཿ རང་རང་རིགས་ཀྱི་འབུམ་ཕྲག་འཁོརཿ ཕྱི་རོལ་དམ་ཚིགས་མཁའ་འགྲོ་དངཿ ཁྲག་ཁྱམས་ཤ་ཟ་མཁའ་འགྲོའི་ཚོགསཿ ཉི་ཟེར་རྡུལ་བཞིན་འཁྲིགས་པར་བསྒོམཿ གཙོ་མོའི་གནས་གསུམ་འབྲུ་གསུམ་ལསཿ འོད་འཕྲོས་ཡེ་ཤེས་ལྷ་ཡི་ཚོགསཿ སྐྱིན་ཐང་བསྐྱོད་བཞིན་སྤྱན་དྲངས་གྱུརཿ« སྤྱན་འདྲེན་ནིཿ ཚིལ་ཆེན་སྤོས་དང་རྐང་གླིང་སྒྲོགསཿ» ཧཱུྃཿ སྐུ་གསུམ་ཞིང་དང་གཏུམ་དྲག་རོལཿ ཆོས་དབྱིངས་མུ་མཐའ་མེད་པ་ནསཿ རྩ་གསུམ་རྒྱལ་བ་སྲས་དང་བཅསཿ ཁྱད་པར་ཡེ་ཤེས་ལྔ་ཡི་རྩལཿ མ་ཅིག་ཕག་མོ་ལྷ་ལྔ་མཿ དྲག་གཏུམ་བདུད་འདུལ་ཁྲོས་མའི་གརཿ རྩེ་གཅིག་གུས་པས་སྤྱན་འདྲེན་ནོཿ ཐུགས་རྗེས་བརྩེ་བས་གཤེགས་སུ་གསོལཿ ཨོཾ་བཛྲ་ཛྙཱ་ན་ཌཱཀི་ནི་ཨེ་ཨཱ་ར་ལི་ཕེཾ་ཕེཾ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ «བཞུགས་གསོལ་ནིཿ» ཧཱུྃཿ ལྷ་དང་རིག་པ་དབྱེར་མེད་ཕྱིརཿ སྤྱན་འདྲེན་ཡེ་ཤེས་ལྷ་ཡི་ཚོགསཿ དམ་ཚིག་དཀྱིལ་འཁོར་ཆེན་པོ་འདིརཿ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལཿ ཏིཥྛ་ལྷནཿ «ཕྱག་འཚལ་ནིཿ» ཧཱུྃཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལཿ སྤྲུལ་པའི་དཔའ་བོ་གར་མཁན་གྱིསཿ བདེ་བ་ཆེན་པོས་གུས་ཕྱག་འཚལཿ ལྷ་ཚོགས་དགྱེས་པ་བསྐྱེད་གྱུར་ཅིགཿ ན་མོ་ན་མ་ཧོཿ «མཆོད་པ་འབུལ་བ་ནིཿ» ཧཱུྃཿ སྣོད་བཅུད་མཆོད་པའི་རྫས་རྣམས་ཀུནཿ མ་ཚང་མེད་པར་ལེགས་བཀོད་དེཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོསཿ མར་མེ་དྲི་ཆབ་ཞལ་ཟས་རོལཿ ཨརྒྷཾ་ལ་སོགས་ནང་མཆོད་དངཿ སྨན་གཏོར་རཀྟ་ཤ་ཁྲག་རུསཿ སྦྱོར་སྒྲོལ་རྨད་བྱུང་མཆོད་པའི་སྤྲིནཿ དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་འབུལཿ ཨོཾ་བཛྲ་ཨརྒྷཾ་«སོགས་ནས།» ཤབྡ་སརྦ་པཉྩ་བ་ལིཾ་ཏ་རཀྟ་ཧ་ལ་པཉྩ་ག་ན་ཙཀྲ་པཱུ་ཙ་ཧོཿ བསྟོད་པ་ནིཿ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལསཿ ལོངས་སྐུ་འགགས་མེད་ཡེ་ཤེས་ལྔ་ཤར་བཿ སྤྲུལ་པའི་རོལ་གར་ཡེ་ཤེས་མཁའ་འགྲོའི་ཚོགསཿ མ་ཅིག་བདུད་འདུལ་ཁྲོས་མ་ལྷ་ལྔར་བསྟོདཿ དྲག་གཏུམ་མི་བཟད་གདུག་པ་འདུལ་བའི་གཤེདཿ སྐུ་གསུམ་གནས་ལ་དབང་བསྒྱུར་མཐུ་མོ་ཆེཿ སྤྲུལ་པའི་ཞིང་མན་ན་རག་དམྱལ་ཁམས་ཡནཿ དབང་འདུས་ཟས་སུ་ཟ་བའི་འཆོལ་བ་ཅནཿ ཡུམ་ཆེན་ཁྲོ་མོ་ལྔ་ལ་ཕྱག་འཚལ་བསྟོདཿ གཙོ་དང་འཁོར་གྱི་རྣམ་པ་ཐ་དད་པཿ ཉི་མ་ལས་ནི་འོད་ཟེར་ཇི་བཞིན་དུཿ རང་ལས་སྤྲུལ་པའི་ཡི་དམ་ཤ་ཟ་མོཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ བཟླས་པ་བྱ་བ་ནིཿ གཙོ་མོའི་ཐུགས་ཀར་རྡོ་རྗེ་རྣལ་འབྱོར་མཿ མཐིང་གསལ་གཅེར་བུ་རྒྱན་མེད་ཕྱག་མཚན་མེདཿ གར་སྟབས་གསལ་འཚེར་ཐུགས་ཀར་པདྨ་དངཿ ཉི་ཟླའི་གཱའུ་ཁ་སྦྱོར་དབུས་ཉིད་དུཿ བྃ་ཡིག་མཐིང་གར་རྩ་བའི་སྔགས་ཀྱིས་བསྐོརཿ རིགས་བཞིའི་ཐུགས་ཀར་རང་རང་ས་བོན་མཚནཿ འོད་འཕྲོས་ཞིང་ཁམས་མཆོད་ཅིང་བྱིན་ནུས་བསྡུསཿ འགྲོ་དྲུག་སྒྲིབ་སྦྱང་མཁའ་འགྲོའི་ཞིང་དུ་བཀོདཿ ཕྱི་ནང་བཅུད་བསྡུས་ཐུགས་སྲོག་འོད་ཟེར་འབརཿ རིགས་བདག་སྐུ་ལས་བདུད་རྩིའི་རྒྱུན་བབ་ཅིངཿ དཀྱིལ་འཁོར་ལྷ་ཚོགས་གསལ་བརྟན་གཟི་བརྗིད་འབརཿ སྟོང་ཉིད་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ངངཿ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་སརྦ་ཀརྨ་སིདྡྷི་ཧཱུྃ་ཛཿ «བསྙེན་སྒྲུབ་ཅིག་དྲིལ་ཡང་སྙིང་འདི་ལ་འབདཿ མཚན་མའི་བསྙེན་བརྟགས་མཐོང་མཆོག་ཡིན་ནོཿ གྲངས་ཀྱི་བསྙེན་པ་འབུམ་ཕྲག་ལྔ་ཉིད་དོཿ བླ་མ་མཁའ་འགྲོའི་ཞལ་མཐོང་བརྡ་ཚེས་སྟོནཿ འཛིན་པ་རང་གྲོལ་གང་ལའང་ཆགས་ལེན་བྲལཿ མི་འཇིགས་གདེངས་ཐོབ་མཆོག་གི་དངོས་གྲུབ་སྩོལཿ ཆོས་ཉིད་ཟད་པའི་སྣང་བ་མངོན་འགྱུར་ཞིངཿ མཁའ་འགྲོ་དབང་འདུས་སྲིད་གསུམ་གདུག་པ་འདུལཿ འབྲེལ་ཚན་དོན་ལྡན་དོན་གཉིས་ལྷུན་གྱིས་གྲུབཿ དེ་ཚེ་མཆོག་གི་གྲུབ་རྟགས་མཐོང་བའོཿ ཐུན་མཐར་དབྱངས་གསལ་སྟོང་ཚིག་མཆོད་ཅིང་བསྟོདཿ རྟེན་འབྲེལ་སྙིང་པོ་ཡིག་བརྒྱས་བརྟན་པ་བྱཿ ཚོགས་གྱི་འཁོར་ལོས་མཉེས་པར་བྱ་བ་ནིཿ ཤ་ཆང་ལོངས་སྤྱོད་བཟའ་བཏུང་འདུ་བྱ་ཞིངཿ བརྗིད་ལྡན་ཞལ་ཟས་བམ་ཆེན་དངོས་སམ་གཟུགསཿ ཁྱད་པར་ཟག་མེད་བདུད་རྩི་ལྔ་ཡི་བཅུདཿ འདུ་བྱ་དང་པོ་བྱིན་གྱིས་བརླབ་པ་ནིཿ» ཧཱུྃཿ རང་ཉིད་མཁའ་འགྲོའི་ཐུགས་ཀ་ནསཿ ཡེ་ཤེས་མེ་རླུང་ཆུ་འཕྲོས་པསཿ ཚོགས་ཀྱི་མ་དག་ཉེས་སྐྱོན་ཀུནཿ བསྲེགས་གཏོར་སྦྱང་ཞིང་རྣམ་པར་དགཿ རྃ་ཡྃ་ཁྃཿ «ལན་གསུམཿ» སླར་ཡང་ཡི་གེ་འབྲུ་གསུམ་འཕྲོསཿ ཨོཾ་གྱིས་ཡེ་ཤེས་བདུད་རྩིར་བསྒྱུརཿ ཨཱཿ་ཡིས་འདོད་ཡོན་ལོངས་སྤྱོད་སྤེལཿ ཧཱུྃ་གིས་ཀུན་བཟང་མཆོད་སྤྲིན་འཕྲོསཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་བདུནཿ སྤྱན་འདྲེན་ནིཿ »ཧཱུྃ༔ ཆོས་དབྱིངས་མུ་མཐའ་མེད་པ་ནསཿ བླ་མ་ཡི་དམ་མཁའ་འགྲོ་བཅས༔ ཁྱད་པར་ཁྲོས་མ་ལྷ་ལྔ་མཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་ཨ་ལང་ཀྱི་ལི་ལིཿ རུས་རྒྱན་གཡེལ་ཁ་སིལ་སིལ་སྒྲོགསཿ རྡོ་རྗེའི་གར་སྟབས་ཤིགས་སེ་ཤིགཿ དཔའ་བོ་ཌཱཀིའི་འཚོགས་དང་བཅསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ ཚོགས་ཁང་ངོ་མཚར་སྤྲུལ་པའི་ཞིངཿ ཚོགས་རྫས་འདོད་ཡོན་འོད་ཟེར་འཕྲོསཿ དམ་ལྡན་རྣལ་འབྱོར་བརྟུལ་ཞུགས་ལྡནཿ དགའ་བཞིའི་བདེ་བ་ཆེན་པོར་སྦྱོརཿ མི་རིག་བདག་འཛིན་དབྱིངས་སུ་སྒྲོལཿ དམ་ཚིག་འདི་ལ་བརྩེར་དགོངས་ལཿ བརྟུལ་ཞུགས་ཆེན་པོས་གཤེགས་སུ་གསོལཿ བྱིན་རླབས་དབང་དང་དངོས་གྲུབ་སྩོལཿ ཨེ་ཧྱ་ཧི་ས་མ་ཡ་ཛཿཛཿ «དང་པོ་ཕུད་ཀྱི་མཆོད་པ་ནིཿ »ཧཱུྃཿ རྩ་གསུམ་མཁའ་འགྲོའི་ལྷ་ཚོགས་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལཿ བླང་དོར་མེད་པའི་དམ་ཚིག་རྫསཿ གཉིས་མེད་དགྱེས་པར་བཞེས་སུ་གསོལཿ གན་ཙཀྲ་པཱུ་ཙ་ཧོཿ «བར་དུ་བསྐང་ཞིང་བཤགས་པ་ནིཿ »ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་རྫསཿ ཟག་མེད་མཆོད་པའི་སྤྲིན་འཕྲོ་པསཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམསཿ ཐུགས་དམ་གཉན་པོ་སྐོངས་གྱུར་ཅིགཿ མ་རིག་དུག་ལྔའི་རྐྱེན་དབང་གིསཿ སྒོ་གསུམ་བག་མེད་ཉམས་ཆག་སྒྲིབཿ རྩ་བ་ཡན་ལག་དམ་ཉམས་པཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ «ཐ་མ་བསྒྲལ་ཞིང་བསྟབ་པ་ནིཿ» ཨེ་ལས་སྐུ་གསུམ་ཆོས་འབྱུང་དབུསཿ མ་རིག་ལོག་འདྲེན་དགྲ་གདོན་གཟུགསཿ ཕུང་ཁམས་སྐྱེ་མཆེད་མཚན་ཉིད་རྫོགསཿ སྙིང་ག་ཎྲི་ཏྲིའི་ས་བོན་གསལཿ «ཏིང་འཛིན་དམིགས་པ་རྩེ་གཅིག་གིསཿ འགུགས་གཞུག་དྲག་པོ་ལན་དགུ་བྱཿ གསལ་བ་གསུམ་གྱིས་རང་ཉིད་ལསཿ» ཧཱུྃཿ སྐུ་སྟོད་ཁྲོས་མ་ནག་མོ་ལཿ སྐུ་སྨད་ཟུར་གསུམ་སྣོ་དབལ་ངརཿ གནོད་བྱེད་དགྲ་གདོན་མཱ་ར་ཡཿ རྣམ་ཤེས་སྐྱེ་མེད་དབྱིངས་སུ་ཕཊཿ «གནས་སྤར་གཟུགས་རུང་བསྒྲལ་བ་ནིཿ »ལས་བྱེད་སྤྲུལ་པའི་ཕོ་ཉ་མོསཿ གནོད་བྱེད་ལྔ་ཕུང་དུམ་བུར་གཏུབསཿ གཏི་མུག་ཤ་དང་འདོད་ཆགས་ཁྲགཿ ཞེ་སྡང་རུས་སོགས་ཚོགས་སུ་བསྒྱུརཿ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཕཊཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམསཿ དགྲ་གདོན་བསྒྲལ་བའི་ཚོགས་མཆོད་འདིཿ ལྷག་མ་མེད་པར་ཞལ་དུ་བསྟབསཿ དགྱེས་པ་ཆེན་པོས་བཞེས་སུ་གསོལཿ མཱཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་མུ་ཏ་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧིཿ «ལྷག་མ་བསྔོ་བ་ནིཿ བྱིན་གྱིས་བརླབས་ལཿ» དཀྱིལ་འཁོར་ཕྱི་ཁྱམས་བཀའ་སྡོད་མཿ དམ་ཚིག་ཤ་ཟ་མཁའ་འགྲོའི་ཚོགསཿ ལྷག་ལ་གདུང་ཞིང་ཕྲིན་ལས་སྒྲུབཿ ཕམ་ཕབ་ཆེན་པོ་འདི་ལོངས་ལཿ དམ་ལས་མ་འདའ་བཀའ་བཞིན་སྒྲུབསཿ ཨུཙྪིཥྟ་བ་ལིཾ་ཏ་ཁཱ་ཧིཿ« དེ་ལྟར་ཚོགས་ཀྱིས་མཉེས་བྱས་ནསཿ ཐུགས་དམ་བསྐུལ་བའི་རིམ་པ་ནིཿ »ཧཱུྃཿ ཆོས་སྐུ་ཞི་ལས་མ་གཡོས་ཀྱངཿ འགྲོ་བའི་དོན་དུ་ཁྲོ་མོའི་སྐུཿ ཡོངས་བཞེངས་ཁྲོས་མ་ལྷ་ལྔ་མཿ བརྩེ་བར་དགོངས་ལ་ཐུགས་དམ་བསྐུལཿ འཇིག་རྟེན་མཁའ་འགྲོ་དྲེགས་པ་ཅནཿ མ་རུངས་ལོག་འདྲེན་དགྲ་གདོན་ཚོགསཿ ཡན་པར་ཤོར་ཞིང་དམ་ཚིག་ཉམསཿ དམ་ལྡན་དངོས་གྲུབ་བྱིན་ནུས་འཕྲོགཿ གསང་སྔགས་ཁྱད་དུ་གསོད་བྱེད་ནཿ མངོན་སྤྱོད་དྲག་པོའི་རོལ་པ་ཡིསཿ ཚར་གཅོད་རྗེས་འཛིན་དུས་ལ་བབཿ ཐུགས་དམ་གཉེན་པོ་ཉེར་དགོངས་ལཿ བསྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ «གཏོར་འབུལ་ཆད་ཐོ་བསྒྲགས་པ་ནིཿ» ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལཿ གཏུམ་དྲག་རོལ་པའི་གནས་མཆོག་ཏུཿ ཁས་བླངས་དམ་བཅས་སྲུང་མའི་ཚོགསཿ མ་གཟའ་འབར་མ་སྤུ་གྲི་གསུམཿ བདུད་བདག་མིང་སྲིང་གིང་ཆེན་བརྒྱདཿ དྲེགས་པ་སྡེ་བརྒྱད་ཚོགས་དང་བཅསཿ བདུད་རྩིའི་གཏོར་མ་འདི་ལོངས་ལཿ ཡེ་ཤེས་མཁའ་འགྲོའི་ཐ་ཚིག་བཞིནཿ བཀའ་དང་དམ་ལས་མ་འདའ་བརཿ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབསཿ «བརྟན་མ་ནིཿ »གངས་རི་སྐྱོང་བའི་ཡུལ་ལྷའི་གཙོཿ བརྟན་མ་བཅུ་གཉིས་མིང་སྲིང་འཁོརཿ བཤལ་ཆུ་གཏོར་མ་བདུད་རྩིར་རོལཿ པདྨའི་ཐ་ཚིག་དྲན་པར་གྱིསཿ མ་མ་ཧྲིང་ཧྲིང་བ་ལིཾ་ཏ་ཁཱ་ཧིཿ «མཐའ་སྡུད་བྲོ་མནན་ནིཿ »ཧཱུྃཿ ཁྲོས་མ་ནག་མོའི་དཀྱིལ་འཁོར་དུཿ བཀའ་འདས་དམ་སྲི་ལོག་འདྲེན་ཚོགསཿ ས་འོག་གཤིན་རྗེའི་ཁ་རུ་གཏདཿ ལྡང་མེད་རྡོ་རྗེའི་བྲོ་རྒྱས་མནནཿ བཛྲ་རཀྵ་སྟྭཾ་བྷ་ཡ་ནནཿ «རྗེས་ཀྱི་རིམ་པར་མཆོད་ཅིང་བསྟོདཿ དངོས་གྲུབ་ལེན་པ་ནིཿ» ཧོཿ མ་ཅིག་ཡུམ་ཆེན་ཕ་མོ་ལྷ་ལྔ་མཿ བསྙེན་སྒྲུབ་མཐར་ཕྱིན་ཕྲིན་ལས་ཡོངས་རྫོགས་པའིཿ བདག་ལ་དངོས་གྲུབ་སྩོལ་བའི་དུས་ལ་བབཿ མཆོག་གི་དངོས་གྲུབ་ཁྱོད་ཀྱི་གསང་གསུམ་འདྲེསཿ ཐུན་མོང་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པའིཿ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལཿ «རྩ་སྔགས་ཤམ་དུཿ» ཀཱ་ཡ་ཝཱ་ཀྲ་ཙིཏྟ་གུ་ཎ་ཀརྨ་ཤཱིནྟཾ་པུཾཥྟཾ་ཝཱ་ཤཾ་མཱ་ར་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃཿ «ཞེས་བརྗོད་སྒྲུབ་རྫས་གནས་གསུམ་གཏུགཿ ལྷག་མ་མེད་པར་ལོངས་སྤྱོད་ཅིངཿ སྣང་བ་གཏད་མེད་ཆེན་པོའི་ངངཿ ཧ་ཧའི་གད་རྒྱངས་སྒྲོགས་པ་གནདཿ རྗེས་ལ་ནོངས་པ་བཤགས་པ་ནིཿ» མ་ཅིག་ཁྲོས་མ་ལྷ་ལྔའི་དཀྱིལ་འཁོར་དུཿ ཕྱག་རྒྱ་ཏིང་འཛིན་མ་གསལ་བཟླས་གྲངས་ཉུངཿ སེར་སྣའི་དབང་གིས་རྫས་དང་མཆོད་པ་ཆགསཿ ལྷག་ཆད་འགལ་འཁྲུལ་ཅི་མཆིས་བཟོད་པར་གསོལཿ «ཡི་གེ་བརྒྱ་པ་ལན་གསུམ་བརྗོདཿ» ཡེ་ནས་ཡེ་ཤེས་ལྔ་ཡི་རང་བཞིན་ལཿ སྟོང་ཉིད་རིག་པའི་རང་རྩལ་མཁའ་འགྲོ་ལྔཿ བཤགས་དང་བཤགས་པར་བྱ་བ་མི་དམིགས་ཏེཿ མེད་དང་ཕྱལ་བ་གཅིག་པུ་ལྷུན་གྲུབ་ངངཿ «བསྡུ་རིམ་ནིཿ »སྣོད་བཅུད་འོད་ཞུ་མཁའ་འགྲོ་ལྔ་ལ་ཐིམཿ འཁོར་བཞི་གཙོ་མོ་དེ་ཡང་མི་དམིགས་ངངཿ སླར་ཡང་མ་གཅིག་ཁྲོས་མ་ནག་མོའི་སྐུཿ རྗེས་ཐོབ་སྒྱུ་མ་ལྟ་བུར་ལམ་གྱིས་གསལཿ ལང་མེ་འགྲོ་རླུང་འདུག་བྲག་ཉལ་ན་ཆུཿ གཙོ་བོ་སྤྲོས་བྲལ་ནམ་མཁའ་ལྟ་བུར་བཞགཿ ཨེ་ཡཾ་བཾ་རཾ་ལཾ་ཨཿ «བསྔོ་བ་ནིཿ» འདིས་མཚོན་དུས་གསུམ་བསགས་དང་བསགས་འགྱུར་དགེསཿ སྙིང་རྗེའི་ཡུལ་གྱུར་མཁའ་མཉམ་འགྲོ་བ་ཀུནཿ སྡུག་བསྔལ་འཁོར་བའི་མཚོ་ཆེན་ལས་ཐར་ནསཿ རྣམ་མཁྱེན་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོཿ «སྨོན་ལམ་ནིཿ »ཡི་དམ་ཁྲོས་མ་ལྷ་ལྔ་བསྒྲུབས་པའི་མཐུསཿ བདག་ཅག་རྡོ་རྗེ་མཆེད་དང་ལྕམ་དྲལ་ཀུནཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་ཅིངཿ གཞོན་ནུ་བུམ་སྐུའི་ཀློང་དུ་གྲོལ་པར་ཤོགཿ གནས་སྐབས་མངོན་སྤྱོད་ལས་ལ་ཐོགས་མེད་ཅིངཿ འཛིན་པ་རང་གྲོལ་ཉམས་ལེན་མཐར་ཕྱིན་ནསཿ བག་ཆགས་སྣང་གཟུགས་དགྲ་གདོན་ཐལ་བར་རློགཿ སྙིང་རྗེའི་ཡུལ་གྱུར་འགྲོ་ལ་ཕན་ཐོགས་ཤིངཿ ནད་གདོན་ཀུན་ཞི་ཚེ་བསོད་རྒྱས་པ་དངཿ ཁམས་གསུམ་དབང་སྡུས་ལོག་འདྲེན་ཚར་གཅོད་སོགསཿ ཁྲོས་མ་ལྷ་ལྔའི་བརྟུལ་ཞུགས་དང་མཉམ་ཞིངཿ འཁོར་བ་དོང་སྤྲུགས་འགྲོ་དོན་མཐར་ཕྱིན་ཤོགཿ «བཀྲ་ཤིས་ནིཿ »དང་པོའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་དངཿ ལོངས་སྐུ་རིགས་ལྔ་སྟོན་པ་དྲི་མ་མེདཿ དགའ་རབ་ཤྲི་སེང་པད་འབྱུང་བི་མ་ལཿ བཀའ་བརྒྱུད་བླ་མའི་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཿ ཡི་དམ་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིསཿ ཁྲག་འཐུང་མངོན་རྫོགས་དཔལ་ཆེན་འདུས་པ་རྩལཿ སྤྲུལ་པ་བཞི་བཅུ་སྒྲུབ་སྡེ་ཆེན་པོ་བརྒྱདཿ ཞི་ཁྲོ་རབ་འབྱམས་བཀྲ་ཤིས་གང་ལགས་པཿ དམ་པ་དེས༴ ཀུན་བཟང་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིནཿ རྡོ་རྡོ་རྣལ་འབྱོར་བདུད་འདུལ་གསང་ཡེ་མཿ ཁྲོས་མ་ལྷ་ལྔ་རིགས་བཞིའི་འཁོར་ཚོགས་སོགསཿ མ་རྒྱུད་མཁའ་འགྲོའི་བཀྲ་ཤིས༴ དམ་པ་དེས་ཀྱང་༴ མ་མོ་གཟའ་དང་དམ་ཅན་འབར་མ་གསུམཿ སྤུ་གྲི་མཆེད་གསུམ་སྨྱོ་ཁ་ཞིང་སྐྱོང་ཡུམཿ དུར་ཁྲོད་བདག་པོ་ཡབ་ཡུམ་གིང་ཆེན་བརྒྱདཿ བསྟན་སྲུང་དམ་ཅན་བཀྲ་ཤིས་གང་༴ དམ་པ་དེས༴ དྲེགས་པའི་ཡོངས་རྗེ་སྐྱེ་འགྲོའི་སྲོག་གི་བདགཿ རྡོ་རྗེ་དགྲ་འཇོམས་ལ་སོགས་དཀར་ཕྱོགས་སྐྱོངཿ རྒྱལ་ཆེན་བཞི་དང་གནོད་སྦྱིན་མཆེད་བརྒྱད་སོགསཿ ནོར་ལྷ་གཏེར་བདག་བཀྲ་ཤིས༴ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཿ «ཅེས་སོགས་གང་ཐོས་བརྗོདཿ ཡང་གསང་ཐུགས་ཐིག་གདམས་པའི་སྲོག་སྲུང་ཕྱིཿ འཛིན་པ་རང་གྲོལ་གདམས་པ་མཆོག་བསྟན་པའིཿ རྩ་བ་ཡི་དམ་ཁྲོས་མའི་བསྒྲུབ་པ་འདིཿ ཟབ་པའི་གནད་བསྡུས་བྱིན་རླབས་ཤུགས་དྲག་ཅིངཿ གློག་ལྟ་དངོས་གྲུབ་མྱུར་བས་ཚན་ཁ་ཆེཿ འདས་དང་མ་འདས་ཀུན་ལ་དབང་བསྒྱུར་ཞིངཿ འགྲོ་དོན་དབྱར་གྱི་བཞིན་ཀུན་ལ་སྨནཿ དེ་ཕྱིར་ཉམས་ལོངས་སྙིང་གི་དཀྱིལ་དུ་སྤོསཿ བཀའ་འདི་འབར་མ་སྤུ་གྲི་མཆེད་གསུམ་དངཿ དུར་བདག་མིང་སྲིང་གིང་ཆེན་བརྒྱད་ཀྱིས་སྲུངསཿ དམ་ཉམས་རྣམས་ཀྱི་སྲོག་གི་ཤན་པ་དངཿ དམ་ལྡན་དངོས་སྒྲུབ་བདུད་རྩིའི་བཅུད་དུ་ཤོགཿ ས་མ་ཡཿ གུཧྱཿ ཁ་ཐམཿ རྒྱ་རྒྱ་རྒྱཿ བཀའ་རྐུན་རང་དོན་མཁན་གྱི་སྙིང་ཁྲག་འཕོསཿ རཀྐནཿ སངས་རྒྱས་ཀུན་འདུས་དྲི་མ་མེད་པའི་བཀའཿ བདག་ཉིད་དགའ་རབ་རྡོ་རྗེས་བརྗོད་པ་བཞིནཿ འཛིན་པ་རང་སར་གྲོལ་བའི་ཆ་ལག་ཏུཿ རིག་པའི་ཡེ་ཤེས་ཞེས་བྱས་ཡི་གེར་ཕབསཿ ཉམས་ལེན་འབྲེལ་པས་བསྡུས་པའི་གུང་ཟག་ཀུནཿ འོག་མིན་ཞིང་དུ་མངོན་པ་འཚང་རྒྱ་བར་ཤོགཿ དགེའོ།། །།