JKCL-KABUM-12-NA-079

From Khyentse Lineage - A Tsadra Foundation Project
Revision as of 14:03, 19 January 2022 by Mort (talk | contribs)

Wylie title JKCL-KABUM-12-NA-079.pdf
Location chos kyi blo gros bka' 'bum
Volume 12, Text 79, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: . Bir, H.P.: Khyentse Labrang, 2012.
Genre Prayers - smon lam

1 Texts in this Section (sde tshan or chos tshan)

[edit]
ན་མོ་གུ་རུ། ཀུན་བཟང་དགོངས་པའི་ཕྱིན་བརྒྱུད་འཕོས་པ་ཡི། །ཤེས༵་རབ༵་རང་བྱུང་སྒྲོན་མའི་འོད༵་ཟེར༵་འབར། །དཔལ་ལྡན་བླ་མ་ཞི་བར་གཤེགས་པ་ཡི། །ས་ལམ་བར་ཆད་ཡེ་ཤེས་མཁའ་འགྲོས་བསལ། །མི་བསྐྱོད་རྒྱལ་པོའི་ཞབས་དྲུང་སྐྱེ་བར་ཤོག །གཞན་དབང་རྐྱེན་གྱིས་ཌཱ་ཀིའི་དམ་ཚིག་ལ། །ཉམས་པ་མཆིས་ན་མཁྱེན་བརྩེའི་སྐབས་དབྱེ་ནས། །སྒྲིབ་པར་མི་འགྱུར་ཆོས་ཀྱི་དབྱིངས་སུ་དེང་། །དམིགས་མེད་ཀ་དག་ཀློང་དུ་བཟོད་པར་གསོལ། །གསང་བ་ཟབ་མོ་སྣོད་མིན་ལ་སྒྲོགས་པའི། །ཉེས་པའི་སྐྱོན་འགལ་མཆིས་ནའང་བཤགས་བགྱིད་ན། །ནོངས་པར་མ་གྱུར་མཐོལ་བཤགས་བཟོད་བཞེས་ལ། །ས་དང་ལམ་ལ་སྒྲིབ་པར་མ་གྱུར་ཅིག །ཞིང་ཁམས་རྒྱ་མཚོར་རྫོགས་སྨིན་སྦྱངས་མཐར་ཕྱིན། །འོག་མིན་ཆེན་པོར་ཧེ་རུ་ཀ་དཔལ་དང་། །ཐུགས་དབྱིངས་དབྱེར་མེད་མངོན་པར་བྱང་ཆུབ་ཤོག །འབྲེལ་པས་བསྡུས་པ་རྣམས་ཀྱི་ཐོག་དྲངས་པའི། །ཡིད་ཅན་རྒྱ་མཚོ་བྱང་ཆུབ་ལམ་ལ་འགོད། །ལས་ཉོན་ཀུན་འབྱུང་ཐམས་ཅད་བྱང་ཞིང་དག །ངན་སོང་སྡུག་བསྔལ་མ་ལུས་རབ་ཞི་ནས། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཅེས་པའང་ཟླ་ཚེས་༢༥སྨོན་པའོ། །དཔལ་ཆེན་རྡོ་རྗེ་གྲོ་ལོད་བརྟེན་པའི་གནས། །སྟག་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་དར་ཤིང་རྒྱས། །བསྟན་འགྲོར་ཕན་བདེའི་ཁྱབ་པས་བཀྲ་ཤིས་ཤོག །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །།
[edit]

na mo gu ru/__kun bzang dgongs pa'i phyin brgyud 'phos pa yi/__/shesa~X raba~X rang byung sgron ma'i 'oda~X zera~X 'bar/__/dpal ldan bla ma zhi bar gshegs pa yi/__/sa lam bar chad ye shes mkha' 'gros bsal/__/mi bskyod rgyal po'i zhabs drung skye bar shog__/gzhan dbang rkyen gyis DA ki'i dam tshig la/__/nyams pa mchis na mkhyen brtse'i skabs dbye nas/__/sgrib par mi 'gyur chos kyi dbyings su deng /__/dmigs med ka dag klong du bzod par gsol/__/gsang ba zab mo snod min la sgrogs pa'i/__/nyes pa'i skyon 'gal mchis na'ang bshags bgyid na/__/nongs par ma gyur mthol bshags bzod bzhes la/__/sa dang lam la sgrib par ma gyur cig__/zhing khams rgya mtshor rdzogs smin sbyangs mthar phyin/__/'og min chen por he ru ka dpal dang /__/thugs dbyings dbyer med mngon par byang chub shog__/'brel pas bsdus pa rnams kyi thog drangs pa'i/__/yid can rgya mtsho byang chub lam la 'god/__/las nyon kun 'byung thams cad byang zhing dag__/ngan song sdug bsngal ma lus rab zhi nas/__/bde ba can gyi zhing du skye bar shog__/ces pa'ang zla tshes 25smon pa'o/__/dpal chen rdo rje gro lod brten pa'i gnas/__/stag dgon 'od gsal theg mchog chos 'khor gling /__/dge 'dun sde 'phel bshad sgrub dar shing rgyas/__/bstan 'gror phan bde'i khyab pas bkra shis shog__/ces pa'ang chos kyi blo gros pas so//___//

Footnotes

Other Information