JKCL-KABUM-05-CA-049-004

From Khyentse Lineage - A Tsadra Foundation Project
Revision as of 15:43, 18 November 2021 by WikiBot2015 (talk | contribs)

Wylie title page=1
Location chos kyi blo gros bka' 'bum
Volume 49, Text 4, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre
[edit]
།༈ཨོཾ་བྃ་བཛྲ་བྷཱ་ར་ཧི་སོགས་ཕག་མོའི་རྩ་སྔགས་ལན་གཅིག་བརྗོད་པས། རང་ཉིད་སྐད་ཅིག་གི་རྡོ་རྗེ་ཁྲོས་མ་ནག་མོའི་སྐུར་གྱུར་པའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཨེ་པདྨ་སུཪྻཱ་ཏི་ར་བམ༔ཆོས་འབྱུང་པད་ཉི་རོའི་གདན་གྱི་སྟེང་དུ་སཿཡིག་ལྗང་གུ༔སྥ་ར་ཎ་ཕཊ༔སཾ་ཧ་ར་ཎ་ཧཱུྃ༔འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ལས་བྱེད་ཀྱི་མཁའ་འགྲོ་མ་ཀརྨ་དྷཱ་ཀི་ནཱི་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་གྲུ་མོ་ན་ཁ་ཊྭཱྃ་ག་འཛིན་པ། ཁྲོ་ཞིང་གཏུམ་པའི་ཉམས་ཅན་ཁྲོ་མོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གྱུར། ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཕཊཿབརྒྱ་རྩ་བཟླས་མཐར། ཁྲོ་མོ་འོད་དུ་ཞུ་བ་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། བདག་གནས་ཡོ་བྱད་རྣམས་ལ་བསང་ཆུས་གཏོར་བཞིན་སྔགས་བརྗོད་དོ། །ལས་རྡོར་ནས་དཀར་བགེགས་ལ་བསང་ཆུས་བྲན། ལས་སྔགས་ཀྱིས་བསངས། རྃ་ཡྃ་ཁྃ་གིས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། བྷཱུ་མི་པཱ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿས་མགྲོན་དགུག །བྷུ་མི་པཱ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་བསྔོས་ལ། རྡོར་དྲིལ་འཛིན་བཞིན། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་བརྗོད་མཐར་དཀར་གཏོར་གསེར་སྐྱེམས་མཆོད། བྷཱུ་མི་པཱ་ཏི་ས་པ་རི་ཝཱ་ར་གཙྪཿས་གཤེགས་སུ་གསོལ། བགེགས་གཏོར། རྃ་ཡྃ་ཁྃ་གིས་སྦྱངས། འབྲུ་བཞིའི་བརླབ། སརྦ་བྷུ་ཏ་ཨཱ་ཀཪྵ་ཡ་ཛཿདང་། ལྕགས་ཀྱུའི་ཕྱག་རྒྱས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། དྲིལ་ཆོག་གམ་རྔ་ཆོག་གང་རུང་གིས་བཀའ་བསྒོ་ནས་རིམ་གྱིས་བཏང་བར་བྱའོ། །ཞེས་པའང་ཉེར་མཁོའི་ཆེད་དུ་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །། །
[edit]

/!oM ba~M badz+ra b+hA ra hi sogs phag mo'i rtsa sngags lan gcig brjod pas/__rang nyid skad cig gi rdo rje khros ma nag mo'i skur gyur pa'i thugs ka nas ra~M ya~M kha~M 'phros pas ma dag pa'i dngos 'dzin thams cad bsregs gtor bkrus te stong par sbyangs/__stong pa'i ngang las bsang chu'i steng du e pad+ma suR+YA ti ra bam:chos 'byung pad nyi ro'i gdan gyi steng du saHyig ljang gu:s+pha ra Na phaT:saM ha ra Na hU~M:'phro 'dus yongs su gyur pa las/__las byed kyi mkha' 'gro ma karma d+hA ki nI sku mdog ljang nag zhal gcig phyag gnyis gri gug dang thod khrag gru mo na kha T+wA~M ga 'dzin pa/__khro zhing gtum pa'i nyams can khro mo'i chas thams cad kyis brgyan pa'i skur gyur/__oM sa karma d+hA ki nI phaTaHbrgya rtsa bzlas mthar/__khro mo 'od du zhu ba chu'i rdul phra rab tu gyur/__bdag gnas yo byad rnams la bsang chus gtor bzhin sngags brjod do/__/las rdor nas dkar bgegs la bsang chus bran/__las sngags kyis bsangs/__ra~M ya~M kha~M gis sbyangs/__stong pa'i ngang las b+h+rU~M las rin po che'i snod yangs shing rgya che ba'i nang du gtor ma kha dog dri ro nus pa phun sum tshogs par gyur/__oM AHhU~M lan gsum brjod/__b+hU mi pA ti sa pa ri wA ra badz+ra sa ma dzaHsa mgron dgug__/b+hu mi pA ti sa pa ri wA ra a kA ro btags pa lan gsum gyis bsngos la/__rdor dril 'dzin bzhin/__gang dag 'dir gnas lha dang klu/__/gnod sbyin srin po'am gzhan dag la/__/dkyil 'khor don du sa phyogs 'di/__/bdag zhu khyed kyis stsal du gsol/__/zhes brjod mthar dkar gtor gser skyems mchod/__b+hU mi pA ti sa pa ri wA ra gats+tshaHsa gshegs su gsol/__bgegs gtor/__ra~M ya~M kha~M gis sbyangs/__'bru bzhi'i brlab/__sarba b+hu ta A kaR+Sha ya dzaHdang /__lcags kyu'i phyag rgyas mgron dgug__/oM sarba big+h+nAn na maHsarba ta thA ga ta b+h+yo sogs nam mkha' mdzod kyi sngags rgya lan gsum gyis bsngos la/__dril chog gam rnga chog gang rung gis bka' bsgo nas rim gyis btang bar bya'o/__/zhes pa'ang nyer mkho'i ched du chos kyi blo gros pas bris pa'o/__//__/

Footnotes

Other Information