JKW-KABUM-02-KHA-002-036

From Khyentse Lineage - A Tsadra Foundation Project
Revision as of 16:24, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABUM-02-KHA-002-036

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 34, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
ཡང་དེ་ཉིད་ལ་ཞབས་བརྟན་རྣམ་པར་རྒྱལ་མའི་སྔགས་དོན་དང་འབྲེལ་བ། ཨོཾ་གྱི་རང་བཞིན་འགྱུར་མེད་བདེ་ཆེན་གྱི་རྡོ་རྗེ། །པདྨ་གར་དབང་ཆེན་པོའི་རྣམ་རོལ་ཏུ་ཤར་བའི། །བཀྲ་ཤིས་མཚན་དཔེའི་གཟུགས་སྐུ༷་བགྲང་ཡས་ཀྱི་བསྐལ་པར། །ཞབས་པད་བརྟན་པར་མཛོད་ཅིག་གཙུག་ཏོར་གྱི་ལྷ་མོ། །ཨ་མྲྀ་ཏ་ཞེས་ཚང༷ས་བྱུང༷་ཆེར་སྙེམ༷ས་ཀྱི་རྒྱུད་མང་། །གྲུབ་པ༷འི་ལ༷ང་ཚོ༷འི་མཐུ་ཡིས་རང་དབང་དུ་མཛད་པ། །ལེགས་གསུ༷ང་བདུད་རྩིའི་ཟླ་ཟེར་དྲི་མེད་ཀྱི་གཟི་ཡིས། །ས་གསུམ་སྣང༷་བ༷་སྤེལ་ཅིག་གཙུག་ཏོར་གྱི་ལྷ་མོ། །ཨཱ་ཡུར་འཕོ་མེད་ཐིག་ལེར་གདོད་མ་ནས་གྲུབ་པའི། །བློ་གྲོས་ཕ་མཐའ་ཡས་པའི་མཁྱེན་གཉིས་ཀྱི་ཐུག༷ས་མཆོག །གངས་ཅན་གདུལ་བྱའི་ཚོགས་ལ་དུས་གསུམ་དུ་གཟིགས་པའི། །ངོ་མཚར་རྟེན་འབྲེལ་སྒྲིགས་ཤིག༴ དཱ་དེ་ངག་ལ་དབང་བསྒྱུར་རྒྱལ་ཀུན་གྱི་ཡབ་གཅིག །ཡོ༷ན་ཏ༷ན་རྒྱ་མཚོའི་གཟུགས་ཀྱིས་སྐལ་བཟང་གི་འགྲོ་ལ། །ཕན་བདེའི་དངོས་ཀུན་སྦྱིན་མཛད་ཡིད་བཞིན་གྱི་ནོར་བུ། །རྡོ་རྗེའི་སྲོག་རྩ་སྒྲུབས་ཤིག༴ སྭཱ་ཧཱ་ཕྲི༷ན་ལ༷ས་ཀུན༷་ཁྱབ༷་ལེགས་བྲིས་ཀྱི་གཞི་མ། །སྲིད་ཞིའི་དགེ་ལེགས་དུས་སྟོན་ཡིད་འོང་དུ་ཚུགས་པས། །དཔ༷ལ་ལྡན་བསྐལ་པ་བཟ༷ང་པོ༷འི་དུས་སྟོན་གྱི་རོལ་མོ། །བསྐལ་བརྒྱར་སྙན་པར་སྒྲོགས་ཤིག་གཙུག་ཏོར་གྱི་ལྷ་མོ། །ཤིན་ཏུ་དད་པའི་གདུང་དབྱངས་བཅོས་མིན་དུ་ཐལ་ན། །རིགས་བརྒྱའི་ཁྱབ་བདག་རྣམ་པར་སྣང་མཛད་ཀྱི་སྐུ་ཚེ། །མི་འགྱུར་རྟག་པ་དམ་པའི་དངོས་གྲུབ་ཅིག་སྩལ་ཏེ། །བསྟན་འགྲོའི་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤིག་ཞུའོ། །དེ་ལྟར་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་ལྷག་པའི་ལྷ་མོ་གཙུག་ཏོར་རྣམ་རྒྱལ་མའི་ཐུགས་དམ་རྒྱུད་བསྐུལ་གྱི་གསོལ་འདེབས་འདིའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །། ༈
[edit]

yang de nyid la zhabs brtan rnam par rgyal ma'i sngags don dang 'brel ba/__ oM gyi rang bzhin 'gyur med bde chen gyi rdo rje/_/pad+ma gar dbang chen po'i rnam rol tu shar ba'i/_/bkra shis mtshan dpe'i gzugs skuX bgrang yas kyi bskal par/_/zhabs pad brtan par mdzod cig gtsug tor gyi lha mo/_/a mr-i ta zhes tshangaXs byungaX cher snyemaXs kyi rgyud mang /_/grub paX'i laXng tshoX'i mthu yis rang dbang du mdzad pa/_/legs gsuXng bdud rtsi'i zla zer dri med kyi gzi yis/_/sa gsum snangaX baX spel cig gtsug tor gyi lha mo/_/A yur 'pho med thig ler gdod ma nas grub pa'i/_/blo gros pha mtha' yas pa'i mkhyen gnyis kyi thugaXs mchog__/gangs can gdul bya'i tshogs la dus gsum du gzigs pa'i/_/ngo mtshar rten 'brel sgrigs shig=__dA de ngag la dbang bsgyur rgyal kun gyi yab gcig__/yoXn taXn rgya mtsho'i gzugs kyis skal bzang gi 'gro la/_/phan bde'i dngos kun sbyin mdzad yid bzhin gyi nor bu/_/rdo rje'i srog rtsa sgrubs shig=__swA hA phriXn laXs kunaX khyabaX legs bris kyi gzhi ma/_/srid zhi'i dge legs dus ston yid 'ong du tshugs pas/_/dpaXl ldan bskal pa bzaXng poX'i dus ston gyi rol mo/_/bskal brgyar snyan par sgrogs shig gtsug tor gyi lha mo/_/shin tu dad pa'i gdung dbyangs bcos min du thal na/_/rigs brgya'i khyab bdag rnam par snang mdzad kyi sku tshe/_/mi 'gyur rtag pa dam pa'i dngos grub cig stsal te/_/bstan 'gro'i dge mtshan rgyas pa'i bkra shis shig zhu'o/_/de ltar 'jam mgon rdo rje 'chang chen po'i sku tshe yun ring brtan pa'i ched du lhag pa'i lha mo gtsug tor rnam rgyal ma'i thugs dam rgyud bskul gyi gsol 'debs 'di'ang mkhyen brtse'i dbang pos gsol ba btab pa sid+d+hi rastu//___//_!_

Footnotes

Other Information