JKW-KABUM-20-WA-001-017

From Khyentse Lineage - A Tsadra Foundation Project
Revision as of 12:39, 23 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABUM-20-WA-001-017

Wylie title page=1
Location mkhyen brtse'i bka' 'bum
Volume 1, sde tshan 17, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
རིག་པར་སྨྲ་བ་བཛྲ་པྲ་ཏིཥྛ་ལ་ཕུལ་བའི་ཡི་གེ། རིག་པར་སྨྲ་བ་བཛྲ་པྲ་ཏིཥྛ་ལ་ཕུལ་བའི་ཡི་གེ། སུཀྲྀཏདིཤིསུཏཱཀརྞྞེ། སྡེབ་སྦྱོར་ལག་འགྲོའི་ཁྱེའུའོ། །ཨདྷིརུཙིརཡཤཉྤུཥྤཻ་སྟྲིབྷུབནསུམུདསྟསྨིཾ། །སྲིད་ན་མཚུངས་མེད་དམ་པའི་ཡོན་ཏན་གྱི། །ལེགས་བྱས་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ། །ལྷག་པར་མཛེས་པའི་གྲགས་སྙན་མེ་ཏོག་གིས། །འཇིག་རྟེན་གསུམ་ན་རབ་དགའ་བསྐྱེད་པ་དེར། ༡ ། ཙནྡན་མངོན་སུམ་མིན་ཀྱང་འཇམ་པོའི་རླུང་། །འབིགས་བྱེད་ཕྱོགས་ནས་འབབས་པས་དེར་ཤེས་བཞིན། །རེ་ཞིག་དུས་ཀྱིས་རྒྱས་བཏབ་འཕེལ་བའི་གཏམ། །སྤྲིང་ཡིག་ཨུཏྤལ་དོག་པ་རྒྱས་འདིས་མཚོན། ༢ །གང་དུ་འཕགས་དང་མཁས་པའི་དོན་མཐུན་གྱིས། །ཡང་ཡང་བསྔགས་པ་བསྒྲུབ་འོས་སྨྲ་བའི་དབང་། །ཁྱོད་གཅིག་ཁོ་ནའི་རྣམ་འབྱེད་ཟེར་གྱིས་འདིར། །རྩོད་པའི་མུན་སྟུག་བསྙིལ་ཚེ་ཉིན་བཞིན་ཐོས། ༣ །དེ་སླད་མེ་སྦྱིན་ལས་སྐྱེས་སྣང་བ་ཡིས། །པུཎྜ་རཱི་ཀའི་སྐྱེད་ཚལ་དར་བབས་ལྟར། །གཏམ་ཙམ་གྱིས་ཀྱང་སྔོན་མེད་དགའ་སྟེར་བ། །དམ་པའི་རྣམ་ཐར་འདྲ་བ་སྲིད་ན་གང་། ༤ །འདིར་གནས་ཤེས་དང་ཤེས་བྱར་མཐའ་གཉིས་ཀྱིས། །རེག་མིན་འཇམ་མགོན་བླ་མའི་བཀའ་དྲིན་གྱིས། །རྟག་པར་དབུགས་འབྱིན་མཛད་པའི་དམན་བདག་ཀྱང་། །བསམ་གཏན་པདྨའི་རྫིང་བུར་དལ་གྱིས་རྩེན། ༥ །སླར་ཡང་བསོད་ནམས་ བྱེ་བའི་ཕུང་པོའི་ལྗོན། །ཡུན་འཚོ་རྣམ་དཀར་འབྲས་བུས་དུད་དང་བཅས། །ཡིད་ཀྱི་གདུང་སེལ་ལེགས་གསུང་ཟིལ་དངར་གྱིས། །རབ་དྭང་ལང་ཚོའི་མཛེས་པ་སྦྱིན་མཛོད་ཀྱེ། ༦ །དེ་སྐད་ཉམས་བརྒྱད་བདུད་རྩིས་བཟུང་བའི་ཟླ། །དཔྱོད་ཤེས་བདེ་འབྱུང་གཙུག་ན་ངལ་འཚོ་བ། །དོན་བཅས་ཚིག་སྙན་སྣང་བའི་ཟོལ་གྱིས་དེང་། །བློ་ལྡན་འཆི་བ་མེད་པའི་མདུན་སར་ཆས། ༧ །སརྦ་དཱ་མངྒ་ལཾ།། །། ༈
[edit]

rig par smra ba badz+ra pra tiSh+Tha la phul ba'i yi ge/ rig par smra ba badz+ra pra tiSh+Tha la phul ba'i yi ge/__sukr-itadishisutAkar+N+Ne/___sdeb sbyor lag 'gro'i khye'u'o/___/ad+hirutsirayashany+puSh+pai s+t+rib+hubanasumudastasmiM/___/srid na mtshungs med dam pa'i yon tan gyi/___/legs byas phyogs kyi bu mo'i rna lung du/___/lhag par mdzes pa'i grags snyan me tog gis/___/'jig rten gsum na rab dga' bskyed pa der/___1__/_tsan+dan mngon sum min kyang 'jam po'i rlung /___/'bigs byed phyogs nas 'babs pas der shes bzhin/___/re zhig dus kyis rgyas btab 'phel ba'i gtam/___/spring yig ut+pal dog pa rgyas 'dis mtshon/___2_/gang du 'phags dang mkhas pa'i don mthun gyis/___/yang yang bsngags pa bsgrub 'os smra ba'i dbang /___/khyod gcig kho na'i rnam 'byed zer gyis 'dir/___/rtsod pa'i mun stug bsnyil tshe nyin bzhin thos/___3_/de slad me sbyin las skyes snang ba yis/___/puN+Da rI ka'i skyed tshal dar babs ltar/___/gtam tsam gyis kyang sngon med dga' ster ba/___/dam pa'i rnam thar 'dra ba srid na gang /___4_/'dir gnas shes dang shes byar mtha' gnyis kyis/___/reg min 'jam mgon bla ma'i bka' drin gyis/___/rtag par dbugs 'byin mdzad pa'i dman bdag kyang /___/bsam gtan pad+ma'i rdzing bur dal gyis rtsen/___5__/slar yang bsod nams _bye ba'i phung po'i ljon/___/yun 'tsho rnam dkar 'bras bus dud dang bcas/___/yid kyi gdung sel legs gsung zil dngar gyis/___/rab dwang lang tsho'i mdzes pa sbyin mdzod kye/___6_/de skad nyams brgyad bdud rtsis bzung ba'i zla/___/dpyod shes bde 'byung gtsug na ngal 'tsho ba/___/don bcas tshig snyan snang ba'i zol gyis deng /___/blo ldan 'chi ba med pa'i mdun sar chas/_7_/sarba dA mang+ga laM//___//__!

Footnotes

Other Information