བླ་སྒྲུབ་ཚོགས་མཆོད་བསྡུས་པ།

From Khyentse Lineage - A Tsadra Foundation Project
Revision as of 10:43, 5 July 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title bla sgrub tshogs mchod bsdus pa SPCD-KABUM-02-KHA-031.pdf
Location 'phags mchog bka' 'bum
Volume 2, Text 31, Pages 575 (Folios 1a1 to 1a5)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Bla sgrub tshogs mchod bsdus pa. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 575. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Feast Offering - tshogs mchod - tshogs kyi 'khor lo
Colophon

སྲས་འཕགས་པས་སོ།།

sras 'phags pas so//

[edit]
༄༅། །བླ་སྒྲུབ་ཚོགས་མཆོད་བསྡུས་པ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཧྲཱིཿ ལྷོ་ནུབ་ཟངས་མདོག་དཔལ་རི་ནས། །རྒྱལ་ཀུན་འདུས་གཟུགས་པདྨ་འབྱུང་། །རིག་འཛིན་རྩལ་འཆང་ཚོགས་རྣམས་དང་། །ཡེ་ཤེས་མཁའ་འགྲོའི་འཁོར་དང་བཅས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་ཚོགས་མཆོད་འདི། །དགྱེས་པ་ཆེན་པོས་རོལ་ནས་ཀྱང་། །བདག་ཅག་ཉོན་མོངས་དབང་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ལ། །འགལ་ཉམས་འདས་རལ་ཅི་མཆིས་ཀུན། །གནོང་འགྱོད་དྲག་པོས་བཤགས་སྡོམ་ན། །ཐུགས་རྗེ་ཆེན་པོས་རྗེས་བཟུང་ནས། །བྱང་ཞིང་དག་པར་མཛད་པ་དང་། །མཆོག་ཐུན་དངོས་གྲུབ་རྒྱ་མཚོ་སྩོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཡིག་བརྒྱ་བརྗོད་ཅིང་ཚར་གྲངས་བསོག། སྲས་འཕགས་པས་སོ།། །།