ཡང་གསང་པདྨའི་ཐུགས་ཐིག་ལསཿ སྔགས་སྲུང་མཆོད་སྒྲུབ་བསྟན་པའི་སྲོག་འཛིན་བཞུགསཿ

From Khyentse Lineage - A Tsadra Foundation Project
Revision as of 13:46, 28 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title yang gsang pad+ma'i thugs thig las sngags srung mchod sgrub bstan pa'i srog 'dzin
Location mdo mkhyen brtse bka' 'bum
Volume 7, Text 32, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་ལོ་གསུམ་གསང་རྒྱས་བཏབ་སྟེ་མཁའ་ལྡིང་ལོར་དུས་རྟགས་མངོན་འགྱུར་གྱི་སྐབས་སྨིན་དྲུག་ཟླ་བའི་ཡར་ཚེས་དགེ་བར་དག་པར་ཕབ་པའི་ཡི་གེར་འདུ་བྱེད་སྔགས་འཆང་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་བཀའ་འདི་ཤིན་ཏུ་ཟབ་ཅིང་གསང་བའི་སྡེ་ཚན་དམ་ཚིག་གི་བཀའ་རྒྱ་ཅན་ཡིན་ནོ།། དགེ་ལེགས་འཕེལ་རྒྱས་ཤོག །།

bdag 'dra dus mtha'i gter smyon khrag 'thung rdo rjes lo gsum gsang rgyas btab ste mkha' lding lor dus rtags mngon 'gyur gyi skabs smin drug zla ba'i yar tshes dge bar dag par phab pa'i yi ger 'du byed sngags 'chang rig pa'i ye shes kyis bgyis pas bka' 'di shin tu zab cing gsang ba'i sde tshan dam tshig gi bka' rgya can yin no//_dge legs 'phel rgyas shog_//

[edit]
ཡང་གསང་པདྨའི་ཐུགས་ཐིག་ལསཿ སྔགས་སྲུང་མཆོད་སྒྲུབ་བསྟན་པའི་སྲོག་འཛིན་བཞུགསཿ ཿ

«འཁྲུལ་པ་གཞིར་གྲོལ་བུམ་པའི་སྐུཿ ཀུན་བཟང་ཡབ་ཡུམ་གཉིས་ལ་འདུདཿ ཨ་ཏི་ཐིག་ལེ་སྐོར་གསུམ་གྱིཿ བཀའ་ཡི་སྲུང་མ་མཐུ་རྩལ་ཅནཿ ལྟ་སྒོམ་སྤྱོད་པའི་གེགས་སིལ་ཞིངཿ གདོད་མའི་གཞི་ལ་དབུགས་དབྱུང་བཿ སྔགས་ཀྱི་སྲུང་མ་མཆོད་སྒྲུབ་ཐབསཿ མ་མོ་འབུམ་གྱི་སྟོང་སྲོག་ལཿ དབང་བསྒྱུར་རྣལ་འབྱོར་ཉམས་ལེན་བསྟནཿ ཤ་ཁྲག་གཏོར་མ་སྨན་རག་དངཿ དྲག་པོའི་ཉེར་སྤྱོད་འདུས་བྱས་ལཿ ཡང་དག་གཉུག་མ་དེ་བཞིན་ཉིདཿ སྔགས་སྲུང་ཆགས་པའི་བླ་རྡོའོཿ »རཾ་ཡཾ་ཁཾཿ མཆོད་སྒྲུབ་རྫས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུསཿ སླར་ཡང་ཨཱཿལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་སྨན་གཏོར་རཀྟ་མཆོད་པའི་བྱེ་བྲག་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་བྱེད་ལས་དང་མཐུན་པའི་དམ་རྫས་འདོད་དགུའི་འབྱོར་པ་ཅན་དུ་གྱུརཿ ཨོཾ་ཨཱཿཧཱུྃཿ« གསུམ་ »མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཿ «གསུམ་» མ་ཧཱ་བཱ་ལིནྟ་ཧཱུྃ་ཧྲཱིཿཋཿ «གསུམ་» མ་ཧཱ་རཀྟ་ཧཱུཾ་ཧྲཱིཿཋཿ «གསུམ་ »ཨོཾ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་ཨཱ་ཧཱུྃཿ «བྱིན་གྱིས་བརླབས་ལ་འདི་སྐད་དོཿ »བྷྱོཿ རང་མདུན་དུར་ཁྲོད་འཇིགས་རུང་དབུསཿ ཐོད་མཐར་གྲུ་གསུམ་འབར་བའི་ནངཿ ཁྲག་ཞག་རྒྱ་མཚོ་འཁྱིལ་པའི་ཀློངཿ པད་ཉི་དགྲ་བགེགས་བསྣོལ་བའི་སྟེངཿ མ་ཅིག་དབྱིངས་ཀྱི་རྗེ་མོ་ནིཿ སྔགས་ཀྱི་སྲུང་མ་ཁྲོས་མའི་རྒྱལཿ མཐིང་ནག་གཡུ་ཡི་རལ་གཅིག་མཿ ཕྱག་གཡས་རྡོ་རྗེ་དགྲ་སྙིང་འཛིནཿ གཡོན་པས་གཡུ་སྤྱང་དགྲ་ལ་འགྱེདཿ སྦྱན་གཅིག་འཁོར་འདས་ཡོངས་ལ་གཟིགསཿ ཚེམས་གཅིག་གཟུང་འཛིན་དབྱིངས་སུ་གཅོདཿ ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་ཿ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲདཿ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འགྱེདཿ སྦྱོར་སྒྲོལ་གསང་བའི་གིང་ཆེན་དངཿ ལས་མཁན་མ་བདུད་བལ་མོ་ནགཿ མ་མོ་བྱེ་བ་འབུམ་སྡེས་བསྐོརཿ མར་གདུང་བུ་ཡིས་འབོད་ལགས་ནཿ ཐུགས་དམ་དུས་ལས་མ་གཡེལ་བརཿ སྐད་ཅིག་ཉིད་ལ་གཤེགས་སུ་གསོལཿ ཏྲག་རཀྴ་བཛྲ་ས་མ་ཡ་ཛཿ སྔགས་ཀྱི་སྲུང་མ་འཁོར་དང་བཅསཿ སྒྲུབ་པ་པོ་དང་འབྲལ་མེད་བཞུགསཿ ཆོས་ཉིད་དོན་གྱི་མ་མོ་ལཿ ཕྱག་རྒྱ་གར་གྱིས་བརྡ་ཕྱག་འཚལཿ རིག་པ་དེ་བཞིན་ཉིད་ཀྱི་དབྱིངསཿ དམ་ཚིག་གཉན་པོ་གཅིག་ཏུ་བསྲེསཿ མ་བུ་དམ་ལས་མི་འདའོཿ གཞོན་ནུ་བུམ་སྐུར་མངོན་འཚང་རྒྱཿ ས་མ་ཡ་སྟྭཾཿ བྷྱོཿ འོག་མིན་གནས་དང་རྩུབ་འགྱུར་ཚལཿ མུ་ལེ་མཐིང་སོགས་གར་བཞུགས་ནསཿ སྔགས་སྲུང་འཁོར་བཅས་སྤྱན་འདྲེན་གཤེགསཿ བཞུགས་གསོལ་གུས་འདུད་བརྩེ་བར་དགོངསཿ དམ་ལྡན་སྒྲུབ་པའི་གནས་མཆོག་འདིརཿ བཱ་ལིན་དམ་རྫས་རི་ལྟར་སྤུངསཿ བདུད་རྩི་རཀྟ་མཚོ་ལྟར་བསྐྱིལཿ ཁྲག་ཆེན་འདོད་ཡོན་དུག་ཆུ་ཡིཿ ཞབས་བསིལ་དབང་ལྔའི་མེ་ཏོག་དངཿ ཤ་ཆེན་བདུག་སྤོས་ཞུན་ཆེན་སྒྲོནཿ མཁྲིས་ཆབ་ཤ་རུས་ཞལ་ཟས་བརྗིདཿ ཐོད་རྔ་རྐང་གླིང་རོལ་མོའི་སྒྲསཿ དབྱིངས་ཀྱི་རྗེ་མོ་འཁོར་བཅས་མཆོདཿ སྔགས་ཀྱི་སྲུང་མའི་ཐུགས་དམ་བསྐངཿ མ་ཅིག་མ་ཁྱོད་དགྱེས་པ་བསྐྱེདཿ འགལ་འཁྲུལ་དམ་ཚིག་ཉམས་ཆགས་བཤགསཿ གཏོར་མ་ཤ་ཁྲག་ཟས་སྣ་དངཿ སྐྱེམས་སུ་བཏུང་བའི་བྱེ་བྲག་རིགསཿ མཐུན་རྫས་སྤྱན་གཟིགས་དཀོན་ནོར་ཚོགས འདོད་ཡོན་ལོངས་སྤྱོད་དཔག་མེད་པསཿ སྦྱོར་གིང་ཆེན་པོའི་ཐུགས་དམ་བསྐངཿ སྒྲོལ་གིང་འབར་བའི་ཐུགས་དམ་བསྐངཿ གསང་གིང་མཐུ་ལྡན་ཐུགས་དམ་བསྐངཿ འགལ་འཁྲུལ་དམ་ཚིག་ཉམས་ཆག་བསྐངཿ དམར་གཏོར་བསད་པའི་ཤ་སྣའི་ཚོགསཿ མྱོས་བྱེད་ཆང་དང་ཁྲག་སྣའི་སྐྱེམསཿ ཚིལ་སྣའི་གསུར་ཆེན་རུས་པའི་ལྷཿ ནང་རོལ་ལྤགས་པ་དུག་ཁྲག་གིསཿ བལ་མོ་ནག་མོའི་ཐུགས་དམ་བསྐངཿ མཁའ་འགྲོའི་མ་ཚོགས་ཐུགས་དམ་བསྐངཿ མ་མོ་འབུམ་སྡེའི་ཐུགས་དམ་བསྐངཿ འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགསཿ སྔགས་སྲུང་འཁོར་བཅས་བཟོད་པར་བཞེསཿ སེམས་ཅན་མ་རིག་འཁྲུལ་པའི་ལསཿ འཁྲེན་ཅིང་གཤུང་བར་མ་མཛད་ཅིགཿ དག་ཚངས་ཆེན་པོའི་དངོས་གྲུབ་སྩོལཿ རྣལ་འབྱོར་པ་ཡི་འདོད་པའི་དོནཿ འབད་མེད་ལྷུན་གྱིས་འགྲུབ་པར་མཛོདཿ བྷྱོཿ ཀུན་བཟང་ཡབ་ཡུམ་ཐུགས་ལས་སྤྲུལཿ རྡོ་རྗེ་ཕག་མོས་བྱིན་དམ་ནོདཿ གསང་བའི་བདག་པོས་དབང་བསྐུར་ཞིངཿ སྐྱེ་རྒྱུད་ཡབ་ཡུམ་སྲས་ཀྱི་ཚུལཿ ཆོས་ཉིད་དོན་ལས་མ་གཡོས་ཀྱངཿ གདུག་པ་འདུལ་ཕྱིར་དྲག་གཏུམ་སྐུརཿ ཡོངས་བཞེངས་བརྩེ་བའི་མ་གཅིག་པུཿ སྔགས་སྲུང་ཁྲོས་མ་རལ་གཅིག་མཿ སྤྲུལ་འཁོར་ཕོ་ཉར་བཅས་ལ་བསྟོདཿ «གསང་བའི་སྲོག་སྔགས་འདི་ལྟ་སྟེཿ »མ་མ་ཏྲག་རཀྴ་རུ་ཏྲ་མུ་ཁ་མུ་ཏྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཙིཏྟ་ཧྲིང་ཧྲིང་ཛཿ «བཟླ་ཤིང་ཆོས་ཉིད་གཅིག་ཏུ་བསྲེསཿ ལྟ་སྒོམ་སྤྱོད་པའི་བར་ཆད་སེལཿ ཆོས་ཟད་ཀློང་དུ་མངོན་སངས་རྒྱསཿ མ་མོའི་ཐུགས་ཀྱི་སྒྲུབ་པའོཿ »བྷྱོཿ དཔལ་ལྡན་ཁྲོ་མོ་སྔགས་སྲུང་མཿ སྦྱོར་སྒྲོལ་གསང་བའི་ལས་མཁན་ཚོགསཿ སྔོན་གྱི་ཐུགས་དམ་ཞལ་བཞེས་དངཿ ཁས་བླངས་དམ་བཅས་ཇི་བཞིན་དགོངསཿ ཨ་ཏི་བླ་མེད་བསྟན་པ་སྲུངསཿ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིངཿ པདྨའི་རིང་ལུགས་མཛད་ཕྲིན་སྤཻལཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའིཿ དམ་ཆོས་སྒྲུབ་པའི་འགལ་རྐྱེན་དངཿ ལྟ་སྒོམ་སྤྱོད་པའི་བར་ཆད་སོལཿ སྦྱོར་སྒྲོལ་གསང་སྔགས་བསྟན་པ་སྐྱོངཿ ལོག་ལྟ་དམ་ཉམས་ཞིང་བཅུའི་དགྲཿ དམིགས་པའི་ཡུལ་དུ་གྱུར་པ་ཀུནཿ བལ་མོ་ནག་མོའི་ཟས་སྐལ་གཏདཿ རྣམ་བཞིའི་བཅོལ་པའི་ཕྲིན་ལས་ཀུནཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ «ཨེ་མཿ བཅུ་བདུན་རྒྱུད་དང་ཐིག་ལེ་སྐོར་གསུམ་གྱི། གསང་བའི་བཀའ་སྲུང་ལས་ཀྱི་གཉེར་འཛིན་ཆེཿ སྔགས་སྲུང་མཆོད་སྒྲུབ་བསྟན་པའི་སྲོང་ཞིང་འདིཿ རྒྱུད་ཆེན་ཁྲག་མཚོ་ཁོལ་མའི་ཡང་སྙིང་སྟེཿ བདག་འདྲ་ཨ་ཙ་ར་པདྨ་ཀ་ར་ཡིསཿ གནད་ལས་གནད་བསྡུས་སྙིང་གི་དཀྱིལ་དུ་གབཿ རང་གིས་ཉམས་བླང་གྲུབ་འབྲས་མངོན་དུ་གྱུརཿ བདེ་བའི་དྲིན་ལྡན་ལྷ་ལྕམ་ཁྱོད་ལ་གཏདཿ ཉམས་ལོངས་གསང་བའི་བརྡ་རིས་ཆེན་མོར་ཐོབཿ མ་ཅིག་གསང་ཡེའི་མཁའ་ཀློང་ཡངས་པར་སྦོསཿ མ་འོངས་ལྔ་ཕྲག་དུས་གྱི་ཐ་མ་ལཿ བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་གྱི་ཆརཿ ང་སྤྲུལ་ཡབ་ཡུམ་འགྲོ་དོན་སྤྱོད་པའི་ཚེཿ འདི་དང་ཕྲད་ནས་སྲོག་གི་གོ་ཆ་བཙནཿ འགྲོ་དོན་གསང་སྔགས་བསྟན་པ་རྒྱས་པ་དངཿ འཇའ་ལུས་མཁའ་སྤྱོད་འགྲུབ་པའི་གྲོགས་སུ་ཤོགཿ བཀའ་འདི་གཟའ་བདུད་དུག་གི་སྤུ་གྲི་དངཿ མ་བདུད་བལ་མོ་ནག་མོས་ཐུབ་པར་སྲུངསཿ དམ་མེད་བཀའ་རྐུན་ལག་ཏུ་ཤོར་ར་རེཿ ས་མ་ཡཿ ན་རཀྐནཿ གུཧྱཿ ཁ་ཐཾཿ སྐུ་ཡི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ ཨྠིྀཿ གསང་རྒྱཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་ལོ་གསུམ་གསང་རྒྱས་བཏབ་སྟེ་མཁའ་ལྡིང་ལོར་དུས་རྟགས་མངོན་འགྱུར་གྱི་སྐབས་སྨིན་དྲུག་ཟླ་བའི་ཡར་ཚེས་དགེ་བར་དག་པར་ཕབ་པའི་ཡི་གེར་འདུ་བྱེད་སྔགས་འཆང་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་བཀའ་འདི་ཤིན་ཏུ་ཟབ་ཅིང་གསང་བའི་སྡེ་ཚན་དམ་ཚིག་གི་བཀའ་རྒྱ་ཅན་ཡིན་ནོ།། དགེ་ལེགས་འཕེལ་རྒྱས་ཤོག །། །།