DKYD-KABUM-06-CHA-001

From Khyentse Lineage - A Tsadra Foundation Project
Revision as of 08:43, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 6, Text 1, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
ཧྲཱི«ཿ འཕགས་མཆོག་གར་དབང་སྒྲུབ་སྐོར་ལསཿ མན་ངག་གསང་བ་གཅིག་བརྒྱུད་བཞུགསཿ

དྷ།ཧྱ།རྡ།ཅ།རྒྲ།ཿ །སྙིང་རྗེའི་རང་གཟུགས་པད་དཀར་འཆངཿ འགྲོ་བའི་མགོན་ལ་ཕྱག་འཚལ་ལོཿ བདག་འདྲ་པདྨ་འབྱུང་གནས་ཀྱིསཿ ཕྱི་རབས་འགྲོ་བའ»ི«་དོན་ཆེད་དུཿ མན་ངག་གསང་བ་གཅིག་བརྒྱུད་ཞེསཿ བསྐྱེད་རྫོགས་ཉམས་སུ་ལེན་པའི་ཐབསཿ རྣལ་འབྱོར་སྒོས་ཀྱི་མཚོན་ཆ་བསྟནཿ སྙིང་གི་དཀྱིལ་དུ་»སྦ«་བར་བྱཿ དེ་ཡང་རྙེད་དཀའི་དལ་འབྱོར་ལཿ སྙིང་པོ་ལོན་པར་མ་བྱས་ནཿ མི་རྟག་འཆི་བ་ཞེས་བྱ་བཿ ནམ་མཁའི་གློག་ལྟར་མྱུར་བབ་ཚེཿ ཕན་པ་མེད་ཕྱིར་ངེས་འབྱུང་གིསཿ རྒྱུད་བསྐུལ་འཁོར་བའི་དྲུངས་ནས་ཕྱུངཿ དེ་ཡང་རིགས་དྲུག་སྡུག་བསྔལ་ལཿ སྐྱོ་བས་ཐར་པའི་གྲོང་འཇུག་ཚེཿ བྱང་ཆུབ་སེམས་ཀྱིས་རྒྱུད་བསྐུལ་ནསཿ བྱམས་དང་སྙིང་རྗེ་དགའ་བ་དང་ཿ བཏང་སྙོམས་བཞི་པོ་རྒྱུད་ལ་བརྟེནཿ ཕར་ཕྱིན་དྲུག་གི་ལམ་ལ་སློབཿ འཁོར་བ་རྨི་ལམ་སྒྱུ་མ་ལཿ ཡོད་པ་མ་ཡིན་འཁྲུལ་བའི་གཞིཿ མེད་པ་མ་ཡིན་འཁྲུལ་སྣང་གྲུབཿ དེ་དག་དམིགས་བསྒྱུར་ཞེས་པར་བྱཿ བསྐྱེད་རིམ་ལྷ་ཡི་སྣང་བ་ལཿ ཏིང་འཛིན་རྣམ་གསུམ་ཐོག་མ་རུཿ གཞི་རུ་གྲུབ་པས་བརྟན་པར་གནདཿ རྣམ་པ་ལྷ་ཡི་ཞལ་ཕྱག་གྲུབཿ གསལ་སྣང་ཐོན་ཞིང་རྣམ་དག་དྲནཿ སྟོང་གསལ་ཆོས་ཀྱི་དབྱིངས་ཆེན་ལསཿ མི་འདའ་རྩལ་སྣང་ལྷར་ཤར་བཿ རིག་གདངས་བཅུད་དུ་སྨིན་པའོཿ འཇའ་འོད་འཁྱིལ་བའི་མད»ང«ས་བཞིན་དུཿ མཚན་མ་མ་གྲུབ་སྟོང་གསལ་ལཿ གདོས་བཅས་དག་པའི་གདན་ཡིན་ཏེཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ ལྷ་རུ་ཤེས་པའི་ང་རྒྱལ་བརྟེནཿ ཉི་མ་དང་ནི་ཟེར་བཞིན་དུཿ གཙོ་དང་འཁོར་གྱི་རྣམ་པ་ཅནཿ ཐ་མི་དད་ཅིང་བྱེ་བྲག་གསལཿ ཕྱི་སྣོད་ནང་བཅུད་དག་པའི་ལྷརཿ ཤར་ཕྱིར་གཞལ་ཡས་ལྷ་སྐུའོཿ མ་དག་འཁོར་བའི་སྣང་ཚུལ་ལཿ དག་ཚེ་ཞིང་ཁམས་ལྷར་སྣང་སྟེཿ གཟུང་འཛིན་མཚན་མར་མི་དམིགས་ཤིང་ཿ སྣང་ཆ་ཙམ་དུ་ལྷ་རུ་གསལཿ ཆོས་ལོངས་སྤྲུལ་པ་སྐུའི་རང་བཞིནཿ ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ལཿ ཡི་དམ་དཔའ་བོ་མཁའ་འགྲོ་བཅསཿ འགྲོ་བའི་སྣང་ངོར་སོ་སོར་གསལཿ དངོས་སུ་གྲུབ་པ་ཡོད་ན་ཡང་ཿ སྤྲུལ་བསྒྱུར་ཙམ་དུ་སོ་སོར་སྣང་ཿ དེ་ཕྱིར་སྤྲུལ་བའི་ཡེ་ཤེས་ལྷཿ དབྱིངས་ལས་སྤྱན་འདྲེན་དམ་ཚིག་པརཿ གཉིས་མེད་ཆུ་ལས་ཆུ་བཞག་ཏུཿ འདྲེས་བར་བྱེད་པ»འང«་ཆོ»ས«་ཉི»ད«་མཐུཿ ཐ་དད་གྱུར་ན་བཞུགས་གསོལ་བྲལ༔ གཉིས་སུ་མེད་པ»་རོ་«གཅིག་གོཿ རང་གི་ཐུགས་ལས་སྤྲུལ་པ་ཡིསཿ ཆོས་ཀྱི་ལྷ་མོ་གར་བྱེད་མསཿ རང་ལ་གར་བསྒྱུར་བརྡ་ཕྱག་འཚལཿ སྣང་»སྲ«ིད་འདོད་ཡོན་མཆོད་པ་ཀུནཿ བསོད་ནམས་ཚོགས་གཉིས་གསོག་ཕྱིར་དུཿ རང་གི་བཟ»འ«་བཏུང་ལོངས་སྤྱོ»ད«་ཀུནཿ བྱིན་གྱིས་བརླབས་དང་དགའ་སྟོན་ནོཿ གསང་གསུམ་ཡོན་ཏན་བསྟོད་བྱས་ནཿ རང་ལ་ཡོན་ཏན་དཔག་ཏུ་མེདཿ དེ་ཕྱིར་གནད་དོན་མ་འགལ་བྱཿ ལུས་ཀྱི་»ཁོ«ང་ནས་སྙིང་བཞིན་དུཿ ལྷ་ལ་ཡེ་ཤེས་སེམས་དཔའ་གནདཿ མི་ལ་ཡོད་པ་སྲོག་བཞིན་དུཿ ཏིང་འཛིན་སེམས་དཔའ་སྲོག་ཡིག་གནདཿ བྱ་སྤྱོད་རླུང་གི་བྱེད་ལས་ཕྱིརཿ སྔགས་ཕྲེང་བཀོད་པའང་ཟབ་གནད་དོཿ སྣང་བ་དག་ཕྱི»ར«་ལྷ་ཡི་སྐུཿ སྒྲ་གྲགས་སྔགས་སུ་ཤེས་པའི་མཐརཿ »དྲ«ན་བསམ་རྣམ་དག་ཆོས་ཉིད་གནདཿ ཏིང་འཛིན་དམིགས་པའི་འཕྲོ་འདུས་ཀྱངཿ »རྒྱལ«་བ་མཆོད་ཅིང་འགྲོ་ཁམས་ཀྱིཿ ཚོགས་གཉིས་ཡོངས་སུ་རྫོགས་བྱས་ནསཿ འགྲོ་བའི་ལས་ཉོན་སྦྱོང་བྱེད་པཿ ཁམས་ཀྱི་སྒྲིབ་པ་མ་ལུས་སྦྱངསཿ སྐུ་གསུང་ཐུགས་ཀྱི་»བྱ«ིན་»ནུ«ས་ཀྱིསཿ བདག་རྒྱུ»ད་«བྱིན་གྱིས་བརླབ་ཕྱིར་རོཿ ཁམས་ཀྱི་དྭངས་བཅུད་ཡོངས་བསྡུ»་«བཿ དབང་སྡུད་རྗེས་བཟུང་ཁམས་གསོ་ཕྱིརཿ གཞན་ཡང་སྟོང་ཁམས་རྣམ་དག་ཅིང་ཿ རྣམ་པར་སྦྱང་ཞིང་ཞིང་བཀོད་བསྒྱུརཿ གཞན་ཡང་སྤྲུལ་པའི་བྱེ་བྲག་ལསཿ བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ལཿ ཕྲ་རགས་རྣམ་རྟོག་ཡོངས་འགགས་ཚེཿ བརྟན་ཆ་ཐོབ་པའི་རྣམ་སྨིན་གྱིཿ རིག་འཛིན་འགྲུབ་པའི་ལམ་མཆོག་གོཿ རྫོགས་རིམ་རྩ་རླུང་ཐིག་ལེའི་ཁམས༔ སྦྱང་ཚེ་ལུས་ངག་ཡིད་གསུམ་པོཿ གཞུར་ལ་དྲངས་ཤིང་རྩ་ཐིག་རླུང་ཿ རྣམ་པར་སྦྱང་བའི་ཐབས་ལ་འབདཿ འཕེན་སྡུད་དགང་དང་གཞིལ་བ་བཞིསཿ རྣམ་པར་སྦྱང་ཞིང་གྲང་གཞིལ་གྱིསཿ གནད་ལ་བརྟེན་ཅ»ི«ང་དྷུ་ཏིའི་རྩཿ མདུད་པ་ཉི་ཤུ་རྩ་གཅིག་གོཿ འཁྲུལ་པའི་འོད་ཀྱི་སྒྱུ་ལུས་ཅནཿ ཁ་ཁ་མུ་ཁ་བརྡ་ཡི་བ»ཤེ«དཿ དྷ་ན་དྷུ་ཏི་ཨེ་ཛ་ནནཿ དག་པ་ཡེ་ཤེས་ཆེན་པོའི་རླུངཿ རྩོལ་བ་མེད་པ་བུམ་བ་ཅནཿ དབྱིངས་སྣང་བསྲེ་ཞིང་མ་ཡེངས་བརྟེནཿ མཐིང་ཁ་འོད་ལྡན་ནམ་མཁའ་རླུངཿ རྩ་ཡི་གནས་སུ་»ཁྱ«བ་པ་ཡིཿ རྣམ་སྦྱང་ལུས་ཀྱང་འོད་དུ་བསྒྱུརཿ རྩོལ་བཅས་རྩོལ་མེད་རླུང་སྦྱོར་གཉིསཿ གང་ཡང་ཡེ་ཤེས་རླུང་ཁམས་སོཿ གནས་ལུགས་དོན་དང་བྲལ་གྱུར་ནཿ དྲོད་ཚད་རླུང་གི་ས་ཟིན་དཀོནཿ འཕོ་མེད་ཆོས་ཀྱི་རྒྱ»ལ«་བཅིང་ངོཿ གཞན་ལུས་མུ་ཏྲའི་ལམ་མཆོག་ལཿ བསྐྱེད་རྫོགས་ལམ་དུ་ཐབས་ལམ་སྟེཿ དེ་ལ་ཐིག་ལེ་རྩོལ་བཅས་སོཿ རྩོལ་མེད་ཨ་ཏི་»ཡ«ོ་གའི་ལུགསཿ ལྷ་མོ་ཀླུ་མོ་རིགས་ངན་མོཿ དབྱེ་བར་བྱ་བ་མ་ཡིན་ཏེཿ དད་དང་སྙིང་རྗེ་གསང་སྔགས་མོསཿ གང་ཡང་སྣོ»ད«་དུ་རུང་བ་སྟེཿ དམ་མེད་ལོག་ལྟ་ཅན་དུ་མིནཿ འདྲེན་པར་བྱ་བ་ཁམས་གསོ་ཕྱིརཿ རྩོལ་མེད་ཐིག་ལེར་པདྨ་མཆོདཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་བསྒོམཿ བདུད་རྩི་ཚོགས་ཀྱི་མཆོད་པར་བྱཿ དངོས་གྲུབ་ཚུལ་དུ་ལྕེ་ཡིས་བླངཿ རང་ལུས་རྩ་ཁམས་ལྷ་ཚོགས་མཆོདཿ སྤང་བར་བྱ་བ་མ་ཡིན་ཏེ༔ རྟག་ཏུ་ཐིག་ལེའི་མཆོད་པས་མཆོདཿ ཡ་བྲལ་འདུལ་ཁྲིམས་བསྲུང་བ་ཡང་༔ གནས་སྐབས་བདེ་བར་མངོན་མཐོ་ལསཿ མཐར་ཐུག་རྫོགས་སངས་རྒྱས་མི་འགྲུབཿ པདྨའི་གཟུགས་ལ་མི་སྨད་ཅིངཿ བུད་མེད་རིགས་གྱུར་སུ་ཡང་རུངཿ མཐོང་མ་ཐག་ཏུ་ཕྱག་གསུམ་འཚལཿ གཡས་སུ་བསྐོར་པ་བྱེད་པར་མོསཿ ཐིག་ལེ་དག་ནི་ནམ་རྒྱས་ཚེཿ པདྨའི་གནས་ལས་གཞན་དུ་མིནཿ འ»ཛུ«མ་པའི་མདངས་ཀྱི»ས«་ལེགས་བསུས་ནསཿ ཚིག་རྩུབ་དམོད་པ་ལ་སོགས་སྤངསཿ རྒྱན་གྱི་མཆོག་གིས་ལེགས་པར་བརྒྱནཿ དྲི་ཆེན་དྲི་ཆུ་མཾ་ས་དང་ཿ རཀྟ་རྡོ་རྗེའི་ཟིལ་པ་ལྔཿ དམ་ཚིག་རྟེན་དུ་སྤྱོ»ད«་པར་བྱཿ སྙོམས་འཇུག་ཡེ་ཤེས་ཆེན་པོ་ནིཿ ངོ་འཕྲོད་དུས་སུ་ཉམས་སུ་བླངསཿ མཁའ་འགྲོ་གསང་བའི་ཡི་གེ་ལསཿ བསྐྱེད་རྫོགས་རྒྱབ་ཆོས་མན་ངག་གོཿ ས་མ་ཡཿ རྣལ་འབྱོར་རི་ལ་བགྲོད་པའི་ཚེཿ ནགས་ཁྲོད་མཚོ་གླིང་བྲག་སྐྱིབས་སུཿ བྱང་ཆུབ་སེམས་སྒོམ་བསྐྱེད་རྫོགས་སྤྱོདཿ སྙིང་པོ་བཟླས་པའི་འཕྲོ་འདུ་ཡིསཿ སྣང་སྲིད་ལྷ་འདྲེའི་དོན་བྱའོཿ གྲིབ་དང་མི་གཙང་གང་བྱུང་ཡང་»ཿ« འཕགས་པའི་ཐུགས་ཀྱི་རོལ་གར་ལསཿ གཙང་དང་རྩོག་བར་འཛིན་པའི་སེམསཿ ཡེ་ནས་མ་གྲུབ་སྟོང་པ་ཆེཿ རྒྱུན་ཆད་མེད་པའི་རོལ་རྩལ་བསྒོམཿ ཐོ་རངས་རྩ་སྟོང་དང་པོའི་དུསཿ ཤེས་རབ་མ་ཡི་དྲི་ཆུུ་ལཿ ཡི་གེ་དྲུག་མའི་ཐ་མ་རུཿ བྷུ་ར་ཁཾ་བྲད་ཁ་བྷ་ལི་བྷ་ཏི་ཡེཿ ཏོར་ཡ་ཏོར་ཡ་སྭཱ་ཧཱཿ ཉི་ཤུ་རྩ་གཅིག་བཏང་པ་ཡིསཿ སྤྱི་མགྲིན་སྙིང་ག་གསང་གནས་བཀྲུཿ ལྟོ་བཏང་གྲིབ་ཀྱིས་མི་འཇིག་གོཿ མཁའ་འགྲོའི་མན་ངག་ཟབ་མོའོཿ རྩ་རླུང་ཉམས་པའི་ཉེས་པ་ཡིསཿ སྙིང་རླུང་ནད་བྱུང་བཅོས་པའི་ཐབསཿ རང་ཉིད་ཐུགས་རྗེ་ཆེན་པོ་ལཿ སྙིང་དབུས་འོད་ཀྱི་སྒྲོམ་བུའི་དབུསཿ དབང་ཆེན་རྟ་མགྲིན་ཡབ་ཡུམ་བསྒོམཿ སྦྱོར་མཚམས་བདུད་རྩིའི་རྒྱུན་ཆེན་པོརཿ བབ་པས་སྒྲོམ་བུ་ཡོངས་གང་ཞིངཿ སླར་ཡང་འོད་ལྔའི་ཡིག་དྲུག་གིསཿ ཐེ་ཙོ་ནེ་ཙོར་ཡོངས་གང་བསམཿ སྨན་ཆེན་ཛ་ཏི་ཨ་རུ་དང་ཿ དྲི་ཆེན་གྲི་ཤ་གུ་གུལ་གྲི་ཀླད་རྡོཿ དབང་ལག་ཤུ་དག་སྙིང་ཞོ་ཤཿ བདུད་རྩི་ཆང་གི་ལྡེ་གུར་སྦྱརཿ མཚན་ལྡན་ཐོད་པའི་ནང་དུ་བསྒྲུབཿ ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པཉྩ་ལ་ཙིཏྟ་ཧ་ནན་ཏ་སྭཱ་ཧཱཿ ཞག་བདུན་བསྟན་པས་གྲོལ་བར་ངེསཿ མན་ངག་དུག་སྦྱོང་ཆེན་པོ་ནི༔ རྒྱ་ཚྭ་རྟག་»ངུ«་ཤུ་དག་དང་ཿ གྲི་ཁྲག་སྐྱ»་«བས་རེ་རུའི་རྭཿ »སྦྲུ«ལ་སྙིང་ཉ་ཆེན་མཆེ་བ་དང་ཿ དངུལ་ཆུ་སྦྱང་བའི་ཁུ་བ་ཡིསཿ གསང་བའི་སྙིང་པོ་འདི་»བྲི«་ཞིང་༔ གྲོང་བའི་ཆོས་ཀྱིས་མ་གོས་པའིཿ བུ་མོ་མཚན་ལྡན་ཡིད་འོང་མའིཿ དྲི་ཆུས་ཕུལ་ཞིང་ཞག་བདུན་དུཿ དུས་གསུམ་བསྟེན་པས་མཐོང་དུག་དང་ཿ རེག་དུག་སྦྱར་དུག་ཟས་ཀྱི་དུགཿ རྒྱུ་དང་མི་རྒྱུ་ཀུན་འཇོམས་འགྱུརཿ འཕོ་བའི་མན་ངག་ཟབ་མོ་ནི༔ རང་ཉིད་རྡོ་རྗེ་རྣལ་འབྱོར་བསྒོམཿ སྙིང་གར་རྣམ་པར་ཤེས་པ་ནིཿ པད་ཟླའི་གདན་ལ་སྦྱན་རས་གཟིགསཿ རྒྱན་དང་ཆ་ལུགས་ཡོངས་རྫོགས་གསལཿ ཡིག་དྲུག་བཟླས་པས་རྐྱེན་བྱས་ནསཿ སྒྲ་གཅན་དབུ་མའི་ལམ་བརྒྱུད་དེཿ སྦྱི་གཙུག་སྣང་བ་མཐའ་ཡས་ཀྱིཿ ཐུགས་ཀློང་དབྱེར་མེད་འདྲེས་པར་མོསཿ འཕོ་བའི་མན་ངག་ཟབ་མོའོཿ མན་ངག་གསང་བ་གཅིག་བརྒྱུད་འདི༔ ཨོ་རྒྱན་ཆེན་པོས་སྙན་བརྒྱུད་དུཿ མཚོ་རྒྱལ་བདག་ལ་གནང་བའི་ཆོསཿ དཔའ་བོས་དོན་དུ་ཡི་གེ»ར«་ཕབཿ མི་ཤིགས་གསང་བའི་གཏེར་དུ་»སྦོ«སཿ ལས་ཅན་བུ་དང་འཕྲད་པར་ཤོགཿ གསང་སྐོར་ལེའུ་དང་པོའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ གུ་ཧྱཿ ཁྲག་འཐུང་ལས་ཀྱི་དཔའ་བོས་གསང་གཏེར་ལས་སྤྱན་དྲངས་ཤིང་དག་པར་ཕབ་པའི་ཡི་གེ་»པ་ནི«་དམ་ལྡན་དཔལ་གྱི་སེང་གེས་སོ།། །།