DKYD-KABUM-02-KHA-011

From Khyentse Lineage - A Tsadra Foundation Project
Revision as of 08:43, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 11, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། །ཨ་ཏི་ཐུགས་ཀྱི་ཐིག་ལེ་ལསཿ བཀའ་སྲུང་དགོངས་བཙན་མཆོད་ཐབས་བཞུགསཿ ཨརྡརྒངྒ྄མཿ ཨ་ཏི་ཐུགས་ཀྱི་ཐིག་ལེ་ལསཿ ཐུན་མོང་ནང་གི་བཀའ་སྲུང་ཆེཿ དྲག་རྩལ་ཆེ་ཞིང་མྱུར་མགྱོགས་ལྡནཿ མཆོད་རྫས་དགོས་པའི་ཡོ་བྱད་ནིཿ ཁྲག་ཆེན་བ་ལིཾ་སྐྱེམས་ཕུད་དང་ཿ ར་་ཚིལ་སྤོས་དཀའ་དུད་པས་བདུགཿ རང་ཉིད་ཡི་དམ་ཐང་རྒྱལ་བསྐྱེདཿ ཧཱུྃཿ འཇིགས་རུང་བསེ་མཁར་སྨུག་པོ་མཁའ་ལ་བསྙེནཿ རྩེ་ལ་རུ་མཚོན་རྒོད་ཀྱི་ལྡེམ་འཕྲུ་བཙུགསཿ རླུང་གིས་བསྐྱོད་ཅིང་སྣང་སྲིད་གཡོ་ཞིང་འགུལཿ ཐང་དཀར་ཐང་སྨུག་འབུམ་ནི་འཕུར་ཞིང་ལྡིངཿ འོག་ན་འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྱིལཿ ང་རྒྱལ་གདུག་པའི་བཙན་གྱི་ཁྱི་དམར་རྒོདཿ གཏི་མུག་རྨོངས་པའི་གཅན་གཟན་རྔམ་ཞིང་རྒྱུགཿ སྐུ་མཁར་སྨུག་པོ་སྟོང་པའི་ནང་དབྱིངས་སུཿ དམར་ནག་ཁྲག་གི་ཐིག་ལེ་བདུན་བྱུང་བའིཿ ང་རྒྱལ་གདུག་པའི་བཙན་རྒོད་བདུན་དུ་གྱུརཿ སློབ་དཔོན་པདྨའི་བཀའ་ཉན་ཐ་ཚིག་ཅནཿ འདིར་གཤེགས་ཁྲག་ཆེན་བ་ལིཾ་སྐྱེམས་ཕུད་བཞེསཿ ད་ལྟ་རིག་འཛིན་དྲི་མ་མེད་པའི་བཀའཿ མཁའ་འགྲོའི་གསུང་བཅུད་བདུད་རྩིའི་བཅུད་ཕྱུང་བའིཿ ཡང་གསང་ཐུགས་ཀྱི་ཐིག་ལེ་སྐོར་གསུམ་གྱིཿ གདམས་པའི་གཉེར་ཁ་ཁྱོད་ལ་གཏད་པ་ཡིནཿ དམ་ཚིག་བདུད་རྩི་བླུད་ཅིང་རྡོ་རྗེ་གཏདཿ དབང་བསྐུར་ཐ་ཚིགས་བསྒྲགས་ཤིང་མཚན་ཡང་གསོལཿ ཡང་གསང་འདི་ལ་བསྟན་པོའི་དགྲ་བྱུང་ནཿ མ་གཡེལ་མ་འགྱང་བསད་ཁྲག་དོན་སྙིང་ཕྱུངསཿ ཁྱད་པར་བཀའ་འགལ་གདམས་ངག་རང་ཤོར་བའིཿ རྡོ་རྗེ་སློབ་དཔོན་ཐུགས་དཀྲུགས་དམ་ལོག་རིགསཿ ཙིཏྟའི་ག་བུར་གཟིར་ཞིང་སྙིང་སྲོག་ཁྲོལཿ བསྟན་པ་འཛིན་ཞིང་བསྟན་འཛིན་སྐྱེས་བུ་སྐྱོངསཿ བདུད་རིགས་ལོག་ལྟ་ཅན་རྣམས་ཆམ་ལ་ཕོབསཿ ཡང་གསང་བསྟན་པ་མི་ནུབ་མཐའ་རྒྱས་ཤིངཿ བརྒྱུད་འཛིན་བུ་སློབ་ཡངས་པའི་ས་སྟེང་ཁྱབཿ སྙན་གྲགས་དབྱར་རྔ་ལས་ཀྱང་སྒྲ་ཆེ་ཞིངཿ ཡང་གསང་དམ་ཆོས་གེགས་མེད་མྱུར་འགྲུབ་ནསཿ མཐར་ཐུག་འོག་མིན་དོན་གྱི་ཕོ་བྲང་དུཿ འབྲེལ་ཚད་དོན་ལྡན་ཚེ་འདིར་ཕྱིན་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཨ་ཏི་ཐིག་ལེ་སྐོར་གསུམ་བཀའ་འཛིན་སྐྱོངསཿ ཁྱོད་ལ་གཏད་པས་གཡེལ་མེད་བྱ་ར་གྱིསཿ བཀའ་འདི་ད་ལྟ་སྤེལ་བའི་གནས་མེད་པརཿ མ་འོངས་སྐལ་ལྡན་རྣམས་ལ་སྤྲོད་ཅེས་གསུངསཿ ས་མ་ཡ་རྒྱ་རྒྱ་རྒྱཿ ཁྲག་འཐུང་ལས་ཀྱི་དཔའ་བོས་བརྡ་རིས་ལས་དག་པར་ཕབས་ཏེཿ སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་ཡི་གེ་བགྱིས་པའོ།། དགེའོ།། །།