DKYD-KABUM-07-JA-033: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volnumtib=ཇ
|volyigtib=༧
|volumeLetter=JA
|volumeLetter=JA
|textnuminvol=033
|textnuminvol=033

Revision as of 10:48, 28 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 33, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
྅྅྅ མ་མོ་མཆོད་པ་ནིཿམཿ དབྱིངས་ཆེན་ཀུན་ཏུ་བཟང་མོ་ལསཿ སྤྲུལ་བསྒྱུར་དབྱིངསཀྱི་ཡུམ་ཆེན་མོཿ སྔགས་ཀྱི་སྲུང་མ་རལ་གཅིག་མཿ མཐིང་ནག་སྤྱན་གཅིག་ནུ་མ་གཅིགཿ ཚེམས་གཅིག་དགྲ་བོའི་སྲོག་ལ་རྔམསཿ གཡས་པས་དགྲ་སྙིང་ཞལ་དུ་གསོལཿ གཡོན་པས་གཡུ་སྤྱང་ཕོ་ཉར་འགྱེདཿ ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲདཿ མི་མགོ་སྙིང་ཕྲེང་སྤྲིན་ཤམས་གསོལཿ སྲས་མོ་རྡོ་རྗེ་གཤོག་རྒོད་མཿ འདོད་ཁམས་དབང་ཕྱུག་རེ་མ་ཏིཿ དམག་གི་རྒྱལ་མོ་ལ་སོགས་ཏེཿ མ་མོ་བྱེ་བ་འབུམ་སྡེས་བསྐོརཿ འདིར་གཤེགས་དགྱེསཔར་བཞུགས་སུ་གསོལཿ དམ་རྫས་རྒྱན་ལྡན་གཏོར་མ་དངཿ བདུད་རྩི་སྨན་དང་རཀྟའི་མཚོཿ གཞན་ཡང་ཕྱི་ནང་མཆོད་པའི་ཚོགསཿ བཞེས་ལ་ཐུགས་དམ་གཉེན་པོ་བསྐངཿ ཐུགས་དང་འགལ་བའི་ལས་བགྱིས་པཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ དཔལ་ལྡན་རང་བྱུང་རྒྱལ་མོ་ཁྱེདཿ སྣང་སྲིད་འཁོར་འདས་ཀུན་ཀྱི་མཿ དམ་ལྡན་རྣལ་འབྱོར་ཀུན་སྐྱོང་བའིཿ རྗེ་མོ་ཁྱོད་ལ་བདག་བསྟོད་དོཿ ཨ་ཏི་རྫོགས་པ་ཆེན་པོ་ཡིཿ གདམས་ངག་ཡང་གསང་ཐུགས་ཐིག་གིཿ གདམས་པའི་གཉེར་ཁ་གཏད་པ་བཞིནཿ ཐུགས་དམ་གཡེལ་བར་མ་མཛད་ཅིགཿ འཛིན་པ་རང་གྲོལ་མན་ངག་ཆོསཿ བྱིན་རླབས་ཚན་ཁ་ཆེ་བར་མཛོདཿ དམ་ལྡན་རྣལ་འབྱོར་སྒྲུབ་པ་པོརཿ ལུས་དང་གྲིབ་བཞིན་མི་འབྲལ་འགྲོགསཿ དམ་ཆོས་སྒྲུབ་པའི་བར་ཆད་སོལཿ བཅོལ་བའི་ཕྲིན་ལས་མྱུར་གྲུབ་མཛོདཿ