DKYD-KABUM-07-JA-037: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volnumtib=ཇ
|volyigtib=༧
|volumeLetter=JA
|volumeLetter=JA
|textnuminvol=037
|textnuminvol=037

Revision as of 10:48, 28 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 37, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
གྭྃ༔ པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ བཀའ་སྲུང་ལྷ་ཆེན་མཆོད་ཐབས་བཞུགས༔ ྅྅྅ གཉེན་པོ་སྟོབས་ཀྱི་ལྷ་ལ་འདུདཿ དྲི་མེད་ཁྲོས་པའི་བཀའ་ཉན་བཿ ལྷ་ཆེན་དབང་ཕྱུག་ཆེན་པོ་ཞེསཿ བཀའ་ཡི་སྲུང་མ་མཆོད་པའི་ཐབསཿ གཏོར་མ་ཟས་སྣ་སྐྱེམས་ཕུད་བཤམསཿ བྱིན་གྱིས་བརླབས་ནས་འདི་སྐད་དོཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཀྱཻཿ རི་རབ་རི་ཡི་རྩེ་མོ་ནསཿ འདོད་པ་ཁམས་ཀྱི་དབང་ཕྱུག་ཆེཿ ལྷ་ཆེན་ཡབ་ཡུམ་སྲས་འཁོར་བཅསཿ དམ་ཚིག་དྲན་པས་གནས་འདིར་གཤེགསཿ དེ་ཝ་དེ་ཝི་དུང་དུང་ཧྲིང་ཧྲིང་ཛ་ཛཿ རང་མདུན་སྤྲུལ་པའི་གནས་འདིར་བཞུགསཿ དད་དང་གུས་པའི་སེམས་ཀྱིས་ཉོནཿ ཐ་ཚིག་གཉེན་པོ་དྲན་པར་གྱིསཿ ཁྱོད་ལ་མཐུན་པའི་དམ་རྫས་ནིཿ དངོས་སུ་འབྱོར་དང་ཡིད་ལས་སྤྲུལཿ རྟེན་རྫས་སྒྲུབ་རྫས་བསྐང་རྫས་དངཿ མཆོད་རྫས་སྤྱན་གཟིགས་དཀོར་ནོར་མཚོནཿ བྱ་གཅན་རི་དགས་གཡུང་དག་སོགསཿ མ་ཚང་མེད་པས་ཐུགས་དམ་བསྐངཿ བཅུད་ལྡན་མངར་གསུམ་ཟས་སྣ་དངཿ ན་ཆུང་མ་ཡི་བདེ་བའི་རོསཿ ལྷ་ཆེན་ཡབ་ཡུམ་ཐུགས་དམ་བསྐངཿ རིགས་སྲས་ཚོགས་ཀྱི་ཐུགས་དམ་བསྐངཿ སྤྲུལ་འཁོར་ཕོ་ཉའི་ཐུགས་དམ་བསྐངཿ བཀའ་ཉན་ལས་བྱེད་ཐུགས་དམ་བསྐངཿ སྔར་བྱས་ལས་ཀྱི་གཏང་རག་དངཿ ད་བཅོལ་ལས་ཀྱི་གཉེར་ཟན་ཏེཿ ཕྱི་བཅོལ་ལས་ཀྱི་གཏད་ཟན་གསོལཿ དགྱེས་སྐོང་དམ་ཚིག་ཉམས་འགལ་རལཿ བླ་མ་ཁྱད་བསད་སྔགས་ལ་སྐུརཿ ལྷ་ཁྱོད་ཐུགས་དང་འགལ་བའི་ལསཿ ཅི་བགྱིས་བཤགས་སོ་ཚངས་བར་སྩོལཿ ཀྱཻཿ སློབ་དཔོན་དྲི་མེད་འོད་ཟེར་དངཿ ཐོད་ཕྲེང་དྲག་རྩ་ལ་སྤྱན་སྔ་རུཿ ཁས་བླངས་དམ་ལ་གནས་པ་ཡིཿ སྐྱེ་རྒྱུད་བདག་པོ་ཁྱོད་ལ་བསྟོདཿ ཐིག་ལེ་སྐོར་གསུམ་བསྟན་པ་སྐྱོངསཿ རྡོ་རྗེ་སློབ་དཔོན་ཞབས་ཏོག་སྒྲུབསཿ སྒྲུབ་པ་པོ་ཡི་ཡོན་བདག་གྱིསཿ དམ་ལྡན་སྐྱོང་ལ་དམ་མེད་སྒྲོལཿ མུ་སྟེག་བན་བོན་བྱད་མ་ཡིཿ སྐྱོབས་པའི་ལྷ་སྲུང་བདུད་དུཕོབསཿ ཚེ་བསོད་བསྡུས་ལ་སྲོག་དབུགས་ལོངསཿ བདག་ཉིད་ཞེ་སྡང་རྡོ་རྗེ་ཡིཿ བཀའ་དང་དམ་ལ་འདའ་གྱུར་ནཿ ཁྱོད་ཀྱི་སྲོག་སྙིང་འགས་ཏ་རེཿ དེ་བས་དམ་ལ་མ་འདའ་བརཿ བཅོལ་བའི་ལས་ཀུན་མྱུར་འགྲུབ་མཛོདཿ ཅེས་བརྗོད་མཆོད་གཏོར་གཙང་སར་གཤེགསཿ གསང་བ་སྔགས་ཀྱི་རྣལ་འབྱོར་བཿ ལྟ་སྒོམ་གདེང་དང་ལྡན་པ་ཡིསཿ འདི་ཉིད་བྲན་དུ་ཁོལ་བར་ངེསཿ གཞན་གྱིས་བསྒྲུབ་ན་རང་ལ་སྡིགཿ དྲི་མེད་འོད་ཟེར་བཀའ་བཞིན་དུཿ ཁྲག་འཐུང་བདེ་བའི་རྡོ་རྗེས་ཕབཿ ཡི་གེ་འོད་ཟེར་མཐའ་ཡས་ཏེཿ སྲིད་གསུམ་ཟིལ་གྱིས་ནོན་པར་ཤོགཿ ས་མ་ཡཱཿ གུ་ཧྱཿ ཁ་ཐཾཿ རྒྱཿ