DKYD-KABUM-03-GA-044: Difference between revisions

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-044
No edit summary
No edit summary
Line 10: Line 10:
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|terma=Yes
|cycle=yang gsang bla med rig 'dzin thugs thig
|cycletib=ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་
|language=Tibetan
|language=Tibetan
|volnumtib=༣
|volnumtib=༣

Revision as of 13:41, 21 June 2024

Wylie title
Location mdo mkhyen brtse bka' 'bum
Volume 3, Text 43, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་ (yang gsang bla med rig 'dzin thugs thig)
[edit]
༄༅། །རིག་འཛིན་ཐུགས་ཀྱི་ཐིག་ལེ་ལསཿ གཤིན་རྗེ་གཤེད་ཀྱི་བསྒྲུབ་པ་བཞུགསཿ ྅྅྅ གཞི་ལས་འཁྲུལ་མ་མྱོངཿ སྤྲོས་མེད་དོན་གྱི་ལྷཿ གཤིན་རྗེ་གཤེད་པོ་ལཿ གུས་པས་བརྡ་ཕྱག་འཚལཿ ཁྱོད་བསྒྲུབ་དམ་བཅའ་འོཿ« སྐྱབས་སེམས་སྔོན་དུ་འགྲོ་བ་ནིཿ» ན་མོཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགསཿ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འཆིཿ འགྲོ་དོན་སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེདཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་མཐལ་ལོ་བཤགསཿ གསང་སྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རངཿ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བོའི་དོན་དུ་མྱ་ངན་མི་འདའ་བཞུགསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོཿ ཨེ་ཨེ་ཨེཿ ཐོད་མཁར་མེ་རླུང་འཁྲུགས་པའི་གཞལ་ཡས་དབུསཿ སྐད་ཅིག་རྫུས་སྐྱེས་བདག་ཉིད་དྲན་རྫོགས་སུཿ འཆི་བདག་ལས་ཀྱི་གཤིན་རྗེ་གཤེད་པོ་ནིཿ མཐིང་ནག་ཞལ་གསུམ་ཕྱག་དྲུག་རྔམ་བརྗིད་ཁྲོཿ ཞལ་གསུམ་གཡས་དཀར་ཀླུ་འབུམ་གཉན་ཁྲི་ཟཿ གཡོན་དམར་སྐྱེ་འགྲོ་ཀུན་གྱི་སྲོག་ལ་རྔམསཿ དབུས་མཐིང་དགྲ་གདོན་འབྱུང་པོའི་སྙིང་ཁྲག་འགེམསཿ ཕྱག་དྲུག་གཡས་ཀྱི་དང་པོའི་བེ་ཅོན་དངཿ བར་པའི་དགྲ་སྟ་འོག་མས་ཐོ་བ་ཕྱརཿ གཡོན་གསུམ་རྩེ་གསུམ་རལ་གྲི་མེ་དཔུང་ངོཿ མི་ལྤགས་སྟག་ཤམས་གླང་ལྤགས་བགོ་བའི་གོསཿ སྦྲུལ་དང་ཐོད་ཕྲེང་མི་མགོ་བཏགས་པའི་རྒྱནཿ ཐལ་ཆེན་རཀྟ་ཞག་ཟོ་དཔའ་བོའི་ཆསཿ ཡེ་ཤེས་གྲུབ་ཀྱང་འཇིག་རྟེན་འཁོར་བའི་ཚུལཿ བསྐལ་པའི་མེ་དཔུང་དམར་ནག་རབ་ཏུ་འཁྲུགསཿ ཁྱེད་ནི་ཡེ་ནས་བདག་དང་འདུ་འབྲལ་མེདཿ ཞབས་བཞི་གཤིན་གྱི་ཆུ་གླང་སྟེང་ན་འགྱིངསཿ བརྡ་དང་རྟགས་རྫཽགས་ཁྲོ་བོ་འཆོལ་བའོཿ ཐུགས་ཀར་འཇམ་དཔལ་ནག་པོ་ནིཿ རྒྱན་མེད་རྡོ་རྗེའི་སྐྱིལ་མོ་ཀྲུངཿ ཕྱག་གཉིས་ཐུགས་ཀར་སྡིག་མཛུབ་མཛདཿ ཐུགས་ཀར་ཉིད་དཀྱིལ་ཧཱུྃ་མཐིང་ནགཿ སྔགས་ཕྲེང་དམར་པོ་གཡོན་དུ་འཁོརཿ དེ་ལས་འཕྲོས་པའི་འོད་ཟེར་མེསཿ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམསཿ སྤུ་རྡུལ་ལྕགས་སྲེག་འཕྲད་བཞིན་བསྲེགསཿ བདག་ཉིད་གཤིན་རྗེ་གཤོད་པོ་ནིཿ སྟོབས་ལྡན་རྡོ་རྗེའི་གོ་ཆ་བགོསཿ ཧྲཱིཿཡ་མ་ར་ཛ་ཧྲཱིཥྟི་ཝིཥྟི་ཏ་ན་ན་ཨེ་རྔུབ་ཨེ་ཐུན་བྷྱོ་རྦདཿ «སྙིང་པོ་འདི་ལ་རྟག་ཏུ་ནན་ཏན་གྱིསཿ འཆི་བདག་ལས་ཀྱི་གཤིན་རྗེ་འགྲུབ་པར་ངེསཿ རྩ་རྒྱུད་ལས་ཀྱི་དུམ་བུའི་བཅུད་བསྡུས་པཿ བདག་འདྲ་ཨ་ཙར་དམར་པོའི་ཐུགས་བཅུད་དོཿ» ཁམས་གསུམ་ཀུན་གྱི་བཅུད་བསྡུས་ཏེཿ གཤིན་རྗེ་གཤེད་པོའི་ཞལ་དུ་སྟབསཿ མཐུ་ལྡན་ཁྲོ་བོ་འཆོལ་བའི་སྐུཿ སྤྲོས་མེད་དོན་གྱི་ལྷ་ལ་བསྟོདཿ བདག་སོགས་མ་རིག་རྨོངས་པ་ཡིསཿ རྡོ་རྗེ་སློབ་དཔོན་སྐུ་གསུང་ཐུགསཿ དམ་ཚིག་ཉམས་འགལ་རལ་བ་བཤགསཿ བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ རང་རིག་དོན་གྱི་གཤིན་རྗེ་གཤེདཿ རང་གྲོལ་གཉུག་མའི་གཤིས་སུ་ཨཱཿ ཡེ་སྟོང་འདུ་མ་བྱས་པ་སྟེཿ འོད་ལུས་ཡེ་ཤེས་སྙིང་པོའོཿ ཨཱཿ «བརྒྱ་རྩ་བརྒྱད་བགྲངསཿ གཤིན་རྗེ་གཤེད་ཀྱི་མན་ངག་བཅུད་བསྡུས་པཿ འཆི་བདག་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིསཿ དངོས་སུ་གཟུགས་བསྟན་ཨ་ཙར་དམར་པོ་ལཿ ཕུལ་བའི་གདམས་པ་ལྷ་ལྕམ་ཡུམ་ལ་གཏདཿ སྐུ་ཚེ་ལོ་བརྒྱའི་བར་དུ་འཚོ་བ་ཡིཿ རྟེན་འབྲེལ་དུས་ལ་བབ་པར་ངས་བྱས་སོཿ ང་ཉིད་ཨ་ཙར་ཆགས་པའི་རྡོ་རྗེ་ནིཿ ཞིང་ཁམས་ཀུན་ལ་དབང་བསྒྱུར་དཔའ་བོ་སྟེཿ ཌཀྐཱི་འབུམ་གྱི་སྟོང་སྲོག་ལ་དབང་ཞིངཿ ཐུགས་གཏེར་ནམ་མཁའ་མཛོད་ཀྱི་སྡེ་ཚན་ནོཿ ཨེ་ཨེ་ཨེཿ འཆི་བདག་གི་རྒྱཿ དམ་རྒྱཿ སྦས་རྒྱཿ ཟབ་རྒྱཿ སྲོག་གི་རྒྱཿ ཨ་ཝ་གླང་མགོའི་སྙིང་གི་བརྡ་རིས་ལས་ཕབ་པ་ཡི་གེ་འདུ་བྱེད་འོད་ཟེར་གྱིས་བྲིས་པ་ཟབ་པོཿ འདིས་ཀྱང་ཡུམ་ཆེན་ཌཀྐཱི་མའི་སྐུའི་ཚེ་འཕྲང་བསལ་བའི་རྒྱུར་གྱུར་ཅིག་གུཿ