DKYD-KABUM-03-GA-012: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Guru Yoga Texts - bla ma'i rnal 'byor
|terma=Yes
|language=Tibetan
|volnumtib=༣
|volyigtib=ག
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 10:14, 21 June 2024

Wylie title
Location mdo mkhyen brtse bka' 'bum
Volume 3, Text 12, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Guru Yoga Texts - bla ma'i rnal 'byor
[edit]
༄༅ཿ« བླ་མ་ནང་ལྟར་སྒྲུབ་པའི་རིམ་པ་ནིཿ» རང་ལུས་འཇའ་ཚོན་ལྟར་གསལ་ལུས་དབུས་སུཿ ཙིཏྟ་རིན་ཆེན་འོད་ཀྱི་གུར་ཁང་དབུསཿ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་ནསཿ སྐུ་གསུམ་ཀུན་འདུས་རྩ་བའི་བླ་མ་ནིཿ དྲི་མ་མེད་པར་ལོངས་སྐུའི་ཆ་ལུགས་རྫོགསཿ རྡོ་རྗེ་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་ཅནཿ རིན་ཆེན་རྒྱན་སྤྲས་གསེར་རྡོར་རྩེ་ལྔ་བསྣམསཿ ཐུགས་ཀར་འོད་ཀྱི་ཐིག་ལེ་ཨ་དཀར་མཚནཿ སུམ་མདོར་འོད་དམར་ཐིག་ལེ་ཨ་ཐུང་ལསཿ ཡེ་ཤེས་མེ་ཡི་ལུས་ཀྱི་སྨད་ཁྱབ་ཅིངཿ ལུས་ཀྱི་ནང་ཁོངས་བུམ་ནང་མེར་མེར་བཞིནཿ གསལ་ཞིང་ཚ་བའི་དབལ་གྱི་ཤུགས་དྲག་པོསཿ བཟོད་བརླགས་མེད་པའི་བདེ་དྲོད་འབར་བར་སྒོམསཿ «སྙིང་པོ་ལྔ་བརྒྱ་རྩ་བརྒྱད་བགྲང་ངོ་ཿ »ཨཱ་ཨཱ་ཨཱ་ཨཱ་ཨཱཿ «ཤེས་པ་ཨཱ་ཐུང་ལ་གཏད་དམིགས་མེད་ངངཿ འོད་གསལ་སྦུབས་འཇུག་སྦའམ་རྗེས་ཐོབ་སྐྱོང༌། སྐབས་འགར་བླ་མ་རང་སེམས་དབྱེར་མེད་ངངཿ གཉུག་མ་མ་བཅོས་ངང་དུ་རྗེན་པར་བཞགཿ འདི་ནི་གནད་ཀྱི་མན་ངག་ཟབ་མོ་སྟེཿ རང་སེམས་ཆོས་སྐུ་རྟོགས་པའི་གདམས་པའོཿ སངས་རྒྱས་རང་ལ་ཡོད་པ་ངོ་འཕྲོད་ཕྱིརཿ བླ་མ་བསྒྲུབས་པའི་རིམ་པ་བྱིན་རླབས་སྤྲིནཿ དྲི་མ་མེད་པའི་ཁྱད་ཆོས་ཟབ་མོ་འདིཿ ཀློང་བྱང་མཁའ་འགྲོའི་བརྡ་རིས་ལས་ཕབ་བཞིནཿ ཕྱི་རབས་རྗེས་འཇུག་སྙིང་ལ་འཆོངས་ཤིག་གུ༔ ས་མ་ཡཱཿ གུ་ཧྱཿ »ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུུ་གསོལཿ ཕྱི་ནང་«སོགས། ཡི་གེ་བརྒྱ་པ་བརྗོད།» དགེ་བ་འདི༴ རིག་འཛིན་བླ་མ་འགྲུབ་གྱུར་ནས«་སོགས།»