DKYD-KABUM-03-GA-010: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཛབ་མཇུག་བསྡུ་བ།
|fulltitle=dzab mjug bsdu ba
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Liturgy - ngag 'don
|terma=Yes
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=03
|volumenumber=03
|volnumtib=༣
|volnumtib=༣
|volyigtib=ག
|volyigtib=ག
|volumeLetter=GA
|totalvolumes=8
|textnuminvol=010
|textnuminvol=010
|multivolumework=No
|colophontib=ཅེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཌཱཀྐིས་གསང་མཛོད་ནས་དག་པར་ཕབ་པའོ༔
|colophonwylie=ces pa 'di yang rig 'dzin mthu stobs bdud 'dul rtsal gyis DAk+kis gsang mdzod nas dag par phab pa'o:
|pdflink=File:DKYD-KABUM-03-GA-010.pdf
|pdflink=File:DKYD-KABUM-03-GA-010.pdf
|volumeLetter=GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅ཿ «ཛབ་མཇུག་བསྡུ་བ་ནི། »རྩ་སྔགས་ཤམ་བུར༔ ཤཱིནྟཾ་པིུཥྟཾ་ཝཱ་ཤཾ་མ་ར་ཡ་ཕཊ༔ རིག་འཛིན་བླ་མའི་ལྷ་ཚོགས་འགྲུབ་པར་གྱུར་ཅིག༔ ཨོཾ་ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཿ ཀ་ཁ་ག་གྷ་ང་ཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ རིག་འཛིན་བླ་མའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབ་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངསཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་རིག་འཛིན་བླ་མའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིང་ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲགཿ གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏ་ཧྱ་བ་དཏཿ ཏེ་ཥཙྪ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་ཡེ་སྭཱ་ཧཱཿ «ཞེས་རྟེན་འབྲེལ་སྙིང་པོ་བརྗོད་མཐར་མཆོད་བསྟོད་བཟོད་གསོལ་བྱ་ཞིང་ཡིག་བརྒྱ་བཟླའོཿ རྗེས་ཀྱི་རིམ་པའི་འདོད་ཡོན་ཚོགས་མཆོད་ནི༔ གཏོར་ཚོགས་བཟའ་བཏུང་ལོངས་སྤྱོད་རྒྱས་པར་བཤམས༔ ཚོགས་གཉིས་རྫོགས་ཕྱིར་སེར་སྣའི་མ་བསླད་འབད༔ དང་པོ་བྱིན་གྱིས་བརླབ་པའི་རིམ་པ་ནི༔ »རཾ་ཡཾ་ཁཾཿ ཧཱུྃ་རང་ཉིད་ལྷ་རུ་གསལ་བ་ཡི༔ ཐུགས་ལས་འཕྲོས་པའི་མེ་རླུང་ཆུས༔ ཚོགས་མཆོད་མ་དག་ཉེས་སྐྱོན་ཀུན༔ བསྲེགས་གཏོར་བཀྲུས་ཤིང་འབྲུ་གསུམ་ལས༔ ཡེ་ཤེས་བདུད་རྩིའི་རང་བཞིན་སྤྲིན༔ ཟག་མེད་ལོངས་སྤྱོད་རྫས་སུ་བསྒྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ «ལན་བདུན༔ དེ་ནས་ཚོགས་ལ་སྤྱན་འདྲེན་པ་ནི༔ »ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་དང་གནས་ཡུལ་ཉེར་བཞིའི་གྲོང༔ ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གླིང༔ དཔལ་རི་བདེ་བ་ཆེན་པོའི་གཞལ་ཡས་ནས༔ པདྨ་འབྱུང་གནས་རིག་འཛིན་ཐོད་ཕྲེང་རྩལ༔ རྩ་གསུམ་རིག་འཛིན་མཁའ་འགྲོ་དམ་ཅན་སོགས༔ ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཚོགས་ཁང་གཞལ་ཡས་འདི་ལ་གཟི་བྱིན་བསྐྱེད༔ དཀྱིལ་འཁོར་ཚོགས་རྫས་འདི་ལ་བྱིན་ཆེན་ཕོབ༔ བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔« ཚོགས་ཕུད་འབུལ་བ་ནི༔ »ཧཱུྃ་རྩ་གསུམ་ཀུན་འདུས་རིག་འཛིན་པདྨ་འབྱུང༔ དཔའ་བོ་ཌཱཀྐི་དམ་ཅན་ཚོགས་བཅས་ལ༔ ཞལ་ཟས་འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་རྣམ་གཉིས་སྩོལ༔ ག་ན་ཙཀྲ་པུ་ཙ་ཧོ༔« བཤགས་པ་བྱ་བ་ནི༔ »ཧཱུྃ་རྨོངས་འཁྲུལ་རྒྱུ་ལས་སྡིག་ལྟུང་ཉམས་ཆགས་སྒྲིབ༔ དཔག་མེད་བསགས་མཐུས་འཁོར་བར་གཏན་འཁྱམས་ཤིང༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་འགལ་བགྱིས་པ༔ ཚོགས་ཀྱི་མཆོད་པ་ཕུལ་མཐུས་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཨཱ༔ «ཐ་མ་བསྒྲལ་སྟབས་ནི༔ »ཧཱུྃ་བག་ཆགས་གློ་བུར་རྐྱེན་ལས་བྱུང་བ་ཡིས༔ ལོག་འདྲེན་མ་རིག་རུ་ཏྲ་བགེགས་ཀྱི་རིགས༔ ཆོས་དབྱིངས་རིག་པ་ཡེ་ཤེས་ཀློང་དུ་སྒྲོལ༔ དུག་གསུམ་ཤ་ཁྲག་རུས་པའི་ཚོགས་མཆོད་འབུལ༔ མ་ཊཾ་རུ་ཏྲ་ཧ་ལ་པཉྩ་པུ་ཙ་ཧོ༔ བདེ་བ་ཆེན་པོའི་ཚོགས་མཆོད་འབུལ༔ རྣལ་འབྱོར་ཕོ་མོ་ལོངས་སྤྱོད་རོལ༔ ཏིང་འཛིན་རྡོ་རྗེའི་གླུ་གར་བསྒྱུར༔ ཆོས་ཉིད་རིག་པའི་ངང་མདངས་བརྐྱང༔« རྗེས་ལ་ལྷག་མ་བསྔོ་བ་ནི༔ »ཀྱེ་དཀྱིལ་འཁོར་མཐའ་སྡུད་ལྷག་ལ་དབང་བ་ཡི༔ མཁའ་འགྲོ་འབར་མ་དབང་ཕྱུག་གིང་ཆེན་ཚོགས༔ ཕ་འབབ་ཚོགས་ཀྱི་ལྷག་གཏོར་འདི་བཞེས་ལ༔ ཐ་ཚིག་ཇི་བཞིན་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨུཥྩི་ཊ་བཱ་ལིངྟ་ཁཱ་ཧི༔ «ཐུགས་དམ་བསྐུལ་པ་ནི༔ »ཧཱུྃ་ཆོས་དབྱིངས་བདེ་ཆེན་ངང་ལས་མ་གཡོས་ཀྱང༔ དུག་ལྔའི་དབང་གྱུར་སེམས་ཅན་འདུལ་བའི་ཕྱིར༔ བརྩེ་ཆེན་ཐུགས་རྗེ་ཆེན་པོའི་རྗེས་དགོངས་ལ༔ འགྲོ་བའི་ལོག་རྟོག་དབྱིངས་སུ་ཞི་བར་མཛོད༔ «དེ་ནས་ཆད་ཐོ་ནི༔ »ཧཱུྃ་འདས་པའི་དུས་ན་ཀུན་བཟང་ཧེ་རུ་ཀས༔ མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དམ་ཅན་བསྲུང་མས་ཁས་བླངས་ཐ་ཚིག་ལྟར༔ པདྨ་འབྱུང་གནས་བཀའ་ལས་མ་འདའ་བར༔ རྣམ་བཞིའི་ལས་ཀྱི་ཕྲིན་ལས་མྱུར་འགྲུབ་མཛོད༔ «བསྟན་མ་སྐྱོང་བ་ནི༔ »ཧཱུྃ་བོད་ཡུལ་དབུས་སྐྱོང་སངས་རྒྱས་བསྟན་པ་བསྲུང༔ མུ་སྟེགས་ལོག་ལྟ་དམ་སྲི་འབྱུང་པོ་འདུལ༔ པདྨའི་བཀའ་བསྒོས་འཛིན་པའི་དམ་ཚིག་ཅན༔ བསྟན་སྐྱོང་དཔོན་གཡོག་བཤལ་ཆུའི་གཏོར་མ་བཞེས༔ མི་མཐུན་རྐྱེན་ངན་བཟློས་ལ་བསམ་དོན་སྒྲུབས༔ མ་མ་ཧྲིང་ཧྲིང་ཨེ་དམ་བཱ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ «རྟ་བྲོ་བྱ་བ་ནི༔» ཧཱུྃ་དམ་སྲི་འབྱུང་པོ་མ་རུང་གདུག་པ་ཅན༔ རྒྱལ་བའི་བཀའ་བཅག་བྱང་ཆུབ་སྒྲུབ་ལ་འཚེ༔ གསང་སྔགས་སྒྲུབ་ལ་བར་དུ་གཅོད་པའི་བགེགས༔ མནན་ནོ་རིམ་པ་དགུ་ཡི་ས་འོག་ཏུ༔ འཆི་བདག་ལས་ཀྱི་གཤིན་རྗེའི་གྲེ་བར་གཏད༔ བདག་མེད་ཡེ་ཤེས་ལྔ་ཡིས་རྒྱས་བཏབ་བོ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ «སླར་ཡང་མཆོད་ཅིང་བསྟོད་ལ་དངོས་གྲུབ་ལེན་པ་ནི༔ »ཧཱུྃ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་པདྨ་འབྱུང༔ མཁའ་འགྲོའི་གཙོ་མོ་ལྷ་ལྕམ་མནྡྷ་ར༔ ཡེ་ཤེས་མཚོ་རྒྱལ་རྩ་གསུམ་དམ་ཅན་ཚོགས༔ གུ་རུ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ བྱིན་ཆེན་བྱིན་ཕོབ་དབང་ཆེན་དབང་བསྐུར་ལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃཿ «མཐོལ་བཤགས་ནི༔ »ཧཱུྃ་ཏིང་འཛིན་མ་གསལ་བཟླས་བརྗོད་གྲངས་ཉུང་དང༔ ཆོ་ག་ལྷག་ཆད་ཚོགས་གཏོར་མཆོད་པ་ཆུང༔ ཆོས་ཉིད་དོན་ལ་གཡེལ་སོགས་དཀྱིལ་འཁོར་ལྷར༔ འགལ་ཞིང་ནོང་པ་ཅི་བགྱིས་མཐོལ་ལོ་བཤགས༔ དག་ཚངས་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་«སོགས༴ དེ་ནས་བསྡུ་རིམ་ནི༔ »ཧཱུྃ་སྣང་ཆའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས༔ རིམ་བཞིན་གཙོ་བོ་པད་འབྱུང་ཉིད་ལ་ཐིམ༔ དེ་ཡང་ཐུགས་ཀའི་ཧཱུྃ་ནས་ནཱ་དའི་བར༔ རིམ་ཡལ་མི་དམིགས་གདོད་མའི་དབྱིངས་སུ་ཨཱ༔ «ལྷར་ལྡང་ནི༔ »སླར་ཡང་སངས་རྒྱས་ཀུན་འདུས་པདྨ་འབྱུང༔ སྣང་སྟོང་མེ་ལོང་གཟུགས་བརྙན་ཇི་བཞིན་དུ༔ གསལ་ལ་འཛིན་མེད་སྒྱུ་འཕྲུལ་རོལ་པའི་གར༔ ཆོས་དབྱིངས་རོལ་པ་ཆེནཔོའི་ལམ་ཁྱེར་ངང༔ «དགེ་བ་བསྔོ་བ་ནི༔ »ཧཱུྃ་བདག་གིས་དུས་གསུམ་བསགས་དང་གསོག་འགྱུར་དགེ༔ ཁྱད་པར་བླ་མའི་སྒྲུབ་པ་བྱིན་རླབས་སྤྲིན༔ འདིར་འབད་དགེ་བས་རྒྱུ་དྲུག་འཁོར་བའི་འགྲོ༔ པད་འབྱུང་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ༔ «སྨོན་ལམ་ནི༔ »ཧཱུྃ་ཚེ་རབས་དུ་མར་རྗེས་སུ་བཟུང་བའི་མགོན༔ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ཉིད༔ ཐུགས་དགོངས་ཡོངས་རྫོགས་དགོངས་པ་མཆོག་རྟོགས་ཤིང༔ ལོག་རྟོག་དབང་དུ་སྐད་ཅིག་མི་འགྱུར་བར༔ སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག༔ «བཀྲ་ཤིས་ནི༔ »ཧཱུྃ་སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་རྩལ༔ ལྷ་ལྕམ་རྣམ་གཉིས་རིག་འཛིན་རྗེ་འབངས་རྣམས༔ རྩ་བརྒྱུད་བླ་མའི་ཞི་ཁྲོ་བཀའ་བརྒྱད་ལྷ༔ མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་བཅས་ཀྱིས༔ བྱིན་རླབས་དངོས་གྲུབ་ཆར་འབེབས་བཀྲ་ཤིས་ཤོག༔ «གཞན་ཡང་བཀྲ་ཤིས་གང་རྒྱས་ཀྱིས་མཐར་བརྒྱན་པར་བྱའོ༔ ཨེ་མ་ཧོ༔ པདྨ་འབྱུང་གནས་རང་གི་སྒྲུབ་པ་འདི༔ ད་ལྟ་མཚོ་རྒྱལ་ཉམས་ལེན་སྙིང་ལ་འཆོང༔ མ་འོངས་དོན་དུ་བརྡ་རིས་ཆེན་མོར་བཀོད༔ སྐལ་ལྡན་སྙིང་གི་བུ་མཆོག་དང་འཕྲད་ནས༔ འབྲེལ་ཚད་ང་ཡི་གདུལ་བྱར་འགྱུར་བར་ངེས༔ འཆི་འཕོས་རྔ་ཡབ་པདྨ་འོད་གླིང་དུ༔ པདྨ་ང་དང་དགོངས་པ་མཉམ་པར་འགྱུར༔ ལྷ་ལྕམ་སྤྲུལ་པ་དང་འཕྲད་ཟབ་གནད་ཀྱི༔ ཕ་ཕོག་ཐོབ་ཅིང་བྱིན་རླབས་ཚན་ཁ་མྱུར༔ ཌཱཀྐི་རྒྱ་མཚོའི་ལུང་སྟོན་བྱིན་གྱིས་རློབས༔ ཡོན་ཏན་བསྐལ་པར་བརྗོད་ཀྱང་མི་ལང་ངོ༔ སྐལ་མེད་ལོག་ལྟ་ཅན་ལ་ཤོར་ར་རེ༔ བཀའ་འདི་མ་མགོན་གཟའ་རྡོར་བསྙོ་ཁས་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གུ་ཧྱེ༔ ཅེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་»གྱི«ས་ཌཱཀྐིས་གསང་མཛོད་ནས་དག་པར་ཕབ་པའོ༔ ༈ གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །»འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །
{{TibP|༄༅ཿ «ཛབ་མཇུག་བསྡུ་བ་ནི། »རྩ་སྔགས་ཤམ་བུར༔ ཤཱིནྟཾ་པིུཥྟཾ་ཝཱ་ཤཾ་མ་ར་ཡ་ཕཊ༔ རིག་འཛིན་བླ་མའི་ལྷ་ཚོགས་འགྲུབ་པར་གྱུར་ཅིག༔ ཨོཾ་ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཿ ཀ་ཁ་ག་གྷ་ང་ཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ རིག་འཛིན་བླ་མའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབ་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངསཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་རིག་འཛིན་བླ་མའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིང་ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲགཿ གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏ་ཧྱ་བ་དཏཿ ཏེ་ཥཙྪ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་ཡེ་སྭཱ་ཧཱཿ «ཞེས་རྟེན་འབྲེལ་སྙིང་པོ་བརྗོད་མཐར་མཆོད་བསྟོད་བཟོད་གསོལ་བྱ་ཞིང་ཡིག་བརྒྱ་བཟླའོཿ རྗེས་ཀྱི་རིམ་པའི་འདོད་ཡོན་ཚོགས་མཆོད་ནི༔ གཏོར་ཚོགས་བཟའ་བཏུང་ལོངས་སྤྱོད་རྒྱས་པར་བཤམས༔ ཚོགས་གཉིས་རྫོགས་ཕྱིར་སེར་སྣའི་མ་བསླད་འབད༔ དང་པོ་བྱིན་གྱིས་བརླབ་པའི་རིམ་པ་ནི༔ »རཾ་ཡཾ་ཁཾཿ ཧཱུྃ་རང་ཉིད་ལྷ་རུ་གསལ་བ་ཡི༔ ཐུགས་ལས་འཕྲོས་པའི་མེ་རླུང་ཆུས༔ ཚོགས་མཆོད་མ་དག་ཉེས་སྐྱོན་ཀུན༔ བསྲེགས་གཏོར་བཀྲུས་ཤིང་འབྲུ་གསུམ་ལས༔ ཡེ་ཤེས་བདུད་རྩིའི་རང་བཞིན་སྤྲིན༔ ཟག་མེད་ལོངས་སྤྱོད་རྫས་སུ་བསྒྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ «ལན་བདུན༔ དེ་ནས་ཚོགས་ལ་སྤྱན་འདྲེན་པ་ནི༔ »ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་དང་གནས་ཡུལ་ཉེར་བཞིའི་གྲོང༔ ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གླིང༔ དཔལ་རི་བདེ་བ་ཆེན་པོའི་གཞལ་ཡས་ནས༔ པདྨ་འབྱུང་གནས་རིག་འཛིན་ཐོད་ཕྲེང་རྩལ༔ རྩ་གསུམ་རིག་འཛིན་མཁའ་འགྲོ་དམ་ཅན་སོགས༔ ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཚོགས་ཁང་གཞལ་ཡས་འདི་ལ་གཟི་བྱིན་བསྐྱེད༔ དཀྱིལ་འཁོར་ཚོགས་རྫས་འདི་ལ་བྱིན་ཆེན་ཕོབ༔ བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔« ཚོགས་ཕུད་འབུལ་བ་ནི༔ »ཧཱུྃ་རྩ་གསུམ་ཀུན་འདུས་རིག་འཛིན་པདྨ་འབྱུང༔ དཔའ་བོ་ཌཱཀྐི་དམ་ཅན་ཚོགས་བཅས་ལ༔ ཞལ་ཟས་འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་རྣམ་གཉིས་སྩོལ༔ ག་ན་ཙཀྲ་པུ་ཙ་ཧོ༔« བཤགས་པ་བྱ་བ་ནི༔ »ཧཱུྃ་རྨོངས་འཁྲུལ་རྒྱུ་ལས་སྡིག་ལྟུང་ཉམས་ཆགས་སྒྲིབ༔ དཔག་མེད་བསགས་མཐུས་འཁོར་བར་གཏན་འཁྱམས་ཤིང༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་འགལ་བགྱིས་པ༔ ཚོགས་ཀྱི་མཆོད་པ་ཕུལ་མཐུས་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཨཱ༔ «ཐ་མ་བསྒྲལ་སྟབས་ནི༔ »ཧཱུྃ་བག་ཆགས་གློ་བུར་རྐྱེན་ལས་བྱུང་བ་ཡིས༔ ལོག་འདྲེན་མ་རིག་རུ་ཏྲ་བགེགས་ཀྱི་རིགས༔ ཆོས་དབྱིངས་རིག་པ་ཡེ་ཤེས་ཀློང་དུ་སྒྲོལ༔ དུག་གསུམ་ཤ་ཁྲག་རུས་པའི་ཚོགས་མཆོད་འབུལ༔ མ་ཊཾ་རུ་ཏྲ་ཧ་ལ་པཉྩ་པུ་ཙ་ཧོ༔ བདེ་བ་ཆེན་པོའི་ཚོགས་མཆོད་འབུལ༔ རྣལ་འབྱོར་ཕོ་མོ་ལོངས་སྤྱོད་རོལ༔ ཏིང་འཛིན་རྡོ་རྗེའི་གླུ་གར་བསྒྱུར༔ ཆོས་ཉིད་རིག་པའི་ངང་མདངས་བརྐྱང༔« རྗེས་ལ་ལྷག་མ་བསྔོ་བ་ནི༔ »ཀྱེ་དཀྱིལ་འཁོར་མཐའ་སྡུད་ལྷག་ལ་དབང་བ་ཡི༔ མཁའ་འགྲོ་འབར་མ་དབང་ཕྱུག་གིང་ཆེན་ཚོགས༔ ཕ་འབབ་ཚོགས་ཀྱི་ལྷག་གཏོར་འདི་བཞེས་ལ༔ ཐ་ཚིག་ཇི་བཞིན་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨུཥྩི་ཊ་བཱ་ལིངྟ་ཁཱ་ཧི༔ «ཐུགས་དམ་བསྐུལ་པ་ནི༔ »ཧཱུྃ་ཆོས་དབྱིངས་བདེ་ཆེན་ངང་ལས་མ་གཡོས་ཀྱང༔ དུག་ལྔའི་དབང་གྱུར་སེམས་ཅན་འདུལ་བའི་ཕྱིར༔ བརྩེ་ཆེན་ཐུགས་རྗེ་ཆེན་པོའི་རྗེས་དགོངས་ལ༔ འགྲོ་བའི་ལོག་རྟོག་དབྱིངས་སུ་ཞི་བར་མཛོད༔ «དེ་ནས་ཆད་ཐོ་ནི༔ »ཧཱུྃ་འདས་པའི་དུས་ན་ཀུན་བཟང་ཧེ་རུ་ཀས༔ མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དམ་ཅན་བསྲུང་མས་ཁས་བླངས་ཐ་ཚིག་ལྟར༔ པདྨ་འབྱུང་གནས་བཀའ་ལས་མ་འདའ་བར༔ རྣམ་བཞིའི་ལས་ཀྱི་ཕྲིན་ལས་མྱུར་འགྲུབ་མཛོད༔ «བསྟན་མ་སྐྱོང་བ་ནི༔ »ཧཱུྃ་བོད་ཡུལ་དབུས་སྐྱོང་སངས་རྒྱས་བསྟན་པ་བསྲུང༔ མུ་སྟེགས་ལོག་ལྟ་དམ་སྲི་འབྱུང་པོ་འདུལ༔ པདྨའི་བཀའ་བསྒོས་འཛིན་པའི་དམ་ཚིག་ཅན༔ བསྟན་སྐྱོང་དཔོན་གཡོག་བཤལ་ཆུའི་གཏོར་མ་བཞེས༔ མི་མཐུན་རྐྱེན་ངན་བཟློས་ལ་བསམ་དོན་སྒྲུབས༔ མ་མ་ཧྲིང་ཧྲིང་ཨེ་དམ་བཱ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ «རྟ་བྲོ་བྱ་བ་ནི༔» ཧཱུྃ་དམ་སྲི་འབྱུང་པོ་མ་རུང་གདུག་པ་ཅན༔ རྒྱལ་བའི་བཀའ་བཅག་བྱང་ཆུབ་སྒྲུབ་ལ་འཚེ༔ གསང་སྔགས་སྒྲུབ་ལ་བར་དུ་གཅོད་པའི་བགེགས༔ མནན་ནོ་རིམ་པ་དགུ་ཡི་ས་འོག་ཏུ༔ འཆི་བདག་ལས་ཀྱི་གཤིན་རྗེའི་གྲེ་བར་གཏད༔ བདག་མེད་ཡེ་ཤེས་ལྔ་ཡིས་རྒྱས་བཏབ་བོ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ «སླར་ཡང་མཆོད་ཅིང་བསྟོད་ལ་དངོས་གྲུབ་ལེན་པ་ནི༔ »ཧཱུྃ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་པདྨ་འབྱུང༔ མཁའ་འགྲོའི་གཙོ་མོ་ལྷ་ལྕམ་མནྡྷ་ར༔ ཡེ་ཤེས་མཚོ་རྒྱལ་རྩ་གསུམ་དམ་ཅན་ཚོགས༔ གུ་རུ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ བྱིན་ཆེན་བྱིན་ཕོབ་དབང་ཆེན་དབང་བསྐུར་ལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃཿ «མཐོལ་བཤགས་ནི༔ »ཧཱུྃ་ཏིང་འཛིན་མ་གསལ་བཟླས་བརྗོད་གྲངས་ཉུང་དང༔ ཆོ་ག་ལྷག་ཆད་ཚོགས་གཏོར་མཆོད་པ་ཆུང༔ ཆོས་ཉིད་དོན་ལ་གཡེལ་སོགས་དཀྱིལ་འཁོར་ལྷར༔ འགལ་ཞིང་ནོང་པ་ཅི་བགྱིས་མཐོལ་ལོ་བཤགས༔ དག་ཚངས་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་«སོགས༴ དེ་ནས་བསྡུ་རིམ་ནི༔ »ཧཱུྃ་སྣང་ཆའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས༔ རིམ་བཞིན་གཙོ་བོ་པད་འབྱུང་ཉིད་ལ་ཐིམ༔ དེ་ཡང་ཐུགས་ཀའི་ཧཱུྃ་ནས་ནཱ་དའི་བར༔ རིམ་ཡལ་མི་དམིགས་གདོད་མའི་དབྱིངས་སུ་ཨཱ༔ «ལྷར་ལྡང་ནི༔ »སླར་ཡང་སངས་རྒྱས་ཀུན་འདུས་པདྨ་འབྱུང༔ སྣང་སྟོང་མེ་ལོང་གཟུགས་བརྙན་ཇི་བཞིན་དུ༔ གསལ་ལ་འཛིན་མེད་སྒྱུ་འཕྲུལ་རོལ་པའི་གར༔ ཆོས་དབྱིངས་རོལ་པ་ཆེནཔོའི་ལམ་ཁྱེར་ངང༔ «དགེ་བ་བསྔོ་བ་ནི༔ »ཧཱུྃ་བདག་གིས་དུས་གསུམ་བསགས་དང་གསོག་འགྱུར་དགེ༔ ཁྱད་པར་བླ་མའི་སྒྲུབ་པ་བྱིན་རླབས་སྤྲིན༔ འདིར་འབད་དགེ་བས་རྒྱུ་དྲུག་འཁོར་བའི་འགྲོ༔ པད་འབྱུང་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ༔ «སྨོན་ལམ་ནི༔ »ཧཱུྃ་ཚེ་རབས་དུ་མར་རྗེས་སུ་བཟུང་བའི་མགོན༔ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ཉིད༔ ཐུགས་དགོངས་ཡོངས་རྫོགས་དགོངས་པ་མཆོག་རྟོགས་ཤིང༔ ལོག་རྟོག་དབང་དུ་སྐད་ཅིག་མི་འགྱུར་བར༔ སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག༔ «བཀྲ་ཤིས་ནི༔ »ཧཱུྃ་སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་རྩལ༔ ལྷ་ལྕམ་རྣམ་གཉིས་རིག་འཛིན་རྗེ་འབངས་རྣམས༔ རྩ་བརྒྱུད་བླ་མའི་ཞི་ཁྲོ་བཀའ་བརྒྱད་ལྷ༔ མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་བཅས་ཀྱིས༔ བྱིན་རླབས་དངོས་གྲུབ་ཆར་འབེབས་བཀྲ་ཤིས་ཤོག༔ «གཞན་ཡང་བཀྲ་ཤིས་གང་རྒྱས་ཀྱིས་མཐར་བརྒྱན་པར་བྱའོ༔ ཨེ་མ་ཧོ༔ པདྨ་འབྱུང་གནས་རང་གི་སྒྲུབ་པ་འདི༔ ད་ལྟ་མཚོ་རྒྱལ་ཉམས་ལེན་སྙིང་ལ་འཆོང༔ མ་འོངས་དོན་དུ་བརྡ་རིས་ཆེན་མོར་བཀོད༔ སྐལ་ལྡན་སྙིང་གི་བུ་མཆོག་དང་འཕྲད་ནས༔ འབྲེལ་ཚད་ང་ཡི་གདུལ་བྱར་འགྱུར་བར་ངེས༔ འཆི་འཕོས་རྔ་ཡབ་པདྨ་འོད་གླིང་དུ༔ པདྨ་ང་དང་དགོངས་པ་མཉམ་པར་འགྱུར༔ ལྷ་ལྕམ་སྤྲུལ་པ་དང་འཕྲད་ཟབ་གནད་ཀྱི༔ ཕ་ཕོག་ཐོབ་ཅིང་བྱིན་རླབས་ཚན་ཁ་མྱུར༔ ཌཱཀྐི་རྒྱ་མཚོའི་ལུང་སྟོན་བྱིན་གྱིས་རློབས༔ ཡོན་ཏན་བསྐལ་པར་བརྗོད་ཀྱང་མི་ལང་ངོ༔ སྐལ་མེད་ལོག་ལྟ་ཅན་ལ་ཤོར་ར་རེ༔ བཀའ་འདི་མ་མགོན་གཟའ་རྡོར་བསྙོ་ཁས་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གུ་ཧྱེ༔ ཅེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཌཱཀྐིས་གསང་མཛོད་ནས་དག་པར་ཕབ་པའོ༔ ༈ གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །»འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །


}}
}}

Revision as of 09:51, 21 June 2024

Wylie title dzab mjug bsdu ba
Location mdo mkhyen brtse bka' 'bum
Volume 3, Text 10, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Liturgy - ngag 'don
Colophon

ཅེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཌཱཀྐིས་གསང་མཛོད་ནས་དག་པར་ཕབ་པའོ༔

ces pa 'di yang rig 'dzin mthu stobs bdud 'dul rtsal gyis DAk+kis gsang mdzod nas dag par phab pa'o:

[edit]
༄༅ཿ «ཛབ་མཇུག་བསྡུ་བ་ནི། »རྩ་སྔགས་ཤམ་བུར༔ ཤཱིནྟཾ་པིུཥྟཾ་ཝཱ་ཤཾ་མ་ར་ཡ་ཕཊ༔ རིག་འཛིན་བླ་མའི་ལྷ་ཚོགས་འགྲུབ་པར་གྱུར་ཅིག༔ ཨོཾ་ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཿ ཀ་ཁ་ག་གྷ་ང་ཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ རིག་འཛིན་བླ་མའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབ་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངསཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་རིག་འཛིན་བླ་མའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིང་ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲགཿ གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏ་ཧྱ་བ་དཏཿ ཏེ་ཥཙྪ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་ཡེ་སྭཱ་ཧཱཿ «ཞེས་རྟེན་འབྲེལ་སྙིང་པོ་བརྗོད་མཐར་མཆོད་བསྟོད་བཟོད་གསོལ་བྱ་ཞིང་ཡིག་བརྒྱ་བཟླའོཿ རྗེས་ཀྱི་རིམ་པའི་འདོད་ཡོན་ཚོགས་མཆོད་ནི༔ གཏོར་ཚོགས་བཟའ་བཏུང་ལོངས་སྤྱོད་རྒྱས་པར་བཤམས༔ ཚོགས་གཉིས་རྫོགས་ཕྱིར་སེར་སྣའི་མ་བསླད་འབད༔ དང་པོ་བྱིན་གྱིས་བརླབ་པའི་རིམ་པ་ནི༔ »རཾ་ཡཾ་ཁཾཿ ཧཱུྃ་རང་ཉིད་ལྷ་རུ་གསལ་བ་ཡི༔ ཐུགས་ལས་འཕྲོས་པའི་མེ་རླུང་ཆུས༔ ཚོགས་མཆོད་མ་དག་ཉེས་སྐྱོན་ཀུན༔ བསྲེགས་གཏོར་བཀྲུས་ཤིང་འབྲུ་གསུམ་ལས༔ ཡེ་ཤེས་བདུད་རྩིའི་རང་བཞིན་སྤྲིན༔ ཟག་མེད་ལོངས་སྤྱོད་རྫས་སུ་བསྒྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ «ལན་བདུན༔ དེ་ནས་ཚོགས་ལ་སྤྱན་འདྲེན་པ་ནི༔ »ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་དང་གནས་ཡུལ་ཉེར་བཞིའི་གྲོང༔ ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གླིང༔ དཔལ་རི་བདེ་བ་ཆེན་པོའི་གཞལ་ཡས་ནས༔ པདྨ་འབྱུང་གནས་རིག་འཛིན་ཐོད་ཕྲེང་རྩལ༔ རྩ་གསུམ་རིག་འཛིན་མཁའ་འགྲོ་དམ་ཅན་སོགས༔ ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཚོགས་ཁང་གཞལ་ཡས་འདི་ལ་གཟི་བྱིན་བསྐྱེད༔ དཀྱིལ་འཁོར་ཚོགས་རྫས་འདི་ལ་བྱིན་ཆེན་ཕོབ༔ བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔« ཚོགས་ཕུད་འབུལ་བ་ནི༔ »ཧཱུྃ་རྩ་གསུམ་ཀུན་འདུས་རིག་འཛིན་པདྨ་འབྱུང༔ དཔའ་བོ་ཌཱཀྐི་དམ་ཅན་ཚོགས་བཅས་ལ༔ ཞལ་ཟས་འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་རྣམ་གཉིས་སྩོལ༔ ག་ན་ཙཀྲ་པུ་ཙ་ཧོ༔« བཤགས་པ་བྱ་བ་ནི༔ »ཧཱུྃ་རྨོངས་འཁྲུལ་རྒྱུ་ལས་སྡིག་ལྟུང་ཉམས་ཆགས་སྒྲིབ༔ དཔག་མེད་བསགས་མཐུས་འཁོར་བར་གཏན་འཁྱམས་ཤིང༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་འགལ་བགྱིས་པ༔ ཚོགས་ཀྱི་མཆོད་པ་ཕུལ་མཐུས་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཨཱ༔ «ཐ་མ་བསྒྲལ་སྟབས་ནི༔ »ཧཱུྃ་བག་ཆགས་གློ་བུར་རྐྱེན་ལས་བྱུང་བ་ཡིས༔ ལོག་འདྲེན་མ་རིག་རུ་ཏྲ་བགེགས་ཀྱི་རིགས༔ ཆོས་དབྱིངས་རིག་པ་ཡེ་ཤེས་ཀློང་དུ་སྒྲོལ༔ དུག་གསུམ་ཤ་ཁྲག་རུས་པའི་ཚོགས་མཆོད་འབུལ༔ མ་ཊཾ་རུ་ཏྲ་ཧ་ལ་པཉྩ་པུ་ཙ་ཧོ༔ བདེ་བ་ཆེན་པོའི་ཚོགས་མཆོད་འབུལ༔ རྣལ་འབྱོར་ཕོ་མོ་ལོངས་སྤྱོད་རོལ༔ ཏིང་འཛིན་རྡོ་རྗེའི་གླུ་གར་བསྒྱུར༔ ཆོས་ཉིད་རིག་པའི་ངང་མདངས་བརྐྱང༔« རྗེས་ལ་ལྷག་མ་བསྔོ་བ་ནི༔ »ཀྱེ་དཀྱིལ་འཁོར་མཐའ་སྡུད་ལྷག་ལ་དབང་བ་ཡི༔ མཁའ་འགྲོ་འབར་མ་དབང་ཕྱུག་གིང་ཆེན་ཚོགས༔ ཕ་འབབ་ཚོགས་ཀྱི་ལྷག་གཏོར་འདི་བཞེས་ལ༔ ཐ་ཚིག་ཇི་བཞིན་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨུཥྩི་ཊ་བཱ་ལིངྟ་ཁཱ་ཧི༔ «ཐུགས་དམ་བསྐུལ་པ་ནི༔ »ཧཱུྃ་ཆོས་དབྱིངས་བདེ་ཆེན་ངང་ལས་མ་གཡོས་ཀྱང༔ དུག་ལྔའི་དབང་གྱུར་སེམས་ཅན་འདུལ་བའི་ཕྱིར༔ བརྩེ་ཆེན་ཐུགས་རྗེ་ཆེན་པོའི་རྗེས་དགོངས་ལ༔ འགྲོ་བའི་ལོག་རྟོག་དབྱིངས་སུ་ཞི་བར་མཛོད༔ «དེ་ནས་ཆད་ཐོ་ནི༔ »ཧཱུྃ་འདས་པའི་དུས་ན་ཀུན་བཟང་ཧེ་རུ་ཀས༔ མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དམ་ཅན་བསྲུང་མས་ཁས་བླངས་ཐ་ཚིག་ལྟར༔ པདྨ་འབྱུང་གནས་བཀའ་ལས་མ་འདའ་བར༔ རྣམ་བཞིའི་ལས་ཀྱི་ཕྲིན་ལས་མྱུར་འགྲུབ་མཛོད༔ «བསྟན་མ་སྐྱོང་བ་ནི༔ »ཧཱུྃ་བོད་ཡུལ་དབུས་སྐྱོང་སངས་རྒྱས་བསྟན་པ་བསྲུང༔ མུ་སྟེགས་ལོག་ལྟ་དམ་སྲི་འབྱུང་པོ་འདུལ༔ པདྨའི་བཀའ་བསྒོས་འཛིན་པའི་དམ་ཚིག་ཅན༔ བསྟན་སྐྱོང་དཔོན་གཡོག་བཤལ་ཆུའི་གཏོར་མ་བཞེས༔ མི་མཐུན་རྐྱེན་ངན་བཟློས་ལ་བསམ་དོན་སྒྲུབས༔ མ་མ་ཧྲིང་ཧྲིང་ཨེ་དམ་བཱ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ «རྟ་བྲོ་བྱ་བ་ནི༔» ཧཱུྃ་དམ་སྲི་འབྱུང་པོ་མ་རུང་གདུག་པ་ཅན༔ རྒྱལ་བའི་བཀའ་བཅག་བྱང་ཆུབ་སྒྲུབ་ལ་འཚེ༔ གསང་སྔགས་སྒྲུབ་ལ་བར་དུ་གཅོད་པའི་བགེགས༔ མནན་ནོ་རིམ་པ་དགུ་ཡི་ས་འོག་ཏུ༔ འཆི་བདག་ལས་ཀྱི་གཤིན་རྗེའི་གྲེ་བར་གཏད༔ བདག་མེད་ཡེ་ཤེས་ལྔ་ཡིས་རྒྱས་བཏབ་བོ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ «སླར་ཡང་མཆོད་ཅིང་བསྟོད་ལ་དངོས་གྲུབ་ལེན་པ་ནི༔ »ཧཱུྃ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་པདྨ་འབྱུང༔ མཁའ་འགྲོའི་གཙོ་མོ་ལྷ་ལྕམ་མནྡྷ་ར༔ ཡེ་ཤེས་མཚོ་རྒྱལ་རྩ་གསུམ་དམ་ཅན་ཚོགས༔ གུ་རུ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ བྱིན་ཆེན་བྱིན་ཕོབ་དབང་ཆེན་དབང་བསྐུར་ལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃཿ «མཐོལ་བཤགས་ནི༔ »ཧཱུྃ་ཏིང་འཛིན་མ་གསལ་བཟླས་བརྗོད་གྲངས་ཉུང་དང༔ ཆོ་ག་ལྷག་ཆད་ཚོགས་གཏོར་མཆོད་པ་ཆུང༔ ཆོས་ཉིད་དོན་ལ་གཡེལ་སོགས་དཀྱིལ་འཁོར་ལྷར༔ འགལ་ཞིང་ནོང་པ་ཅི་བགྱིས་མཐོལ་ལོ་བཤགས༔ དག་ཚངས་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་«སོགས༴ དེ་ནས་བསྡུ་རིམ་ནི༔ »ཧཱུྃ་སྣང་ཆའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས༔ རིམ་བཞིན་གཙོ་བོ་པད་འབྱུང་ཉིད་ལ་ཐིམ༔ དེ་ཡང་ཐུགས་ཀའི་ཧཱུྃ་ནས་ནཱ་དའི་བར༔ རིམ་ཡལ་མི་དམིགས་གདོད་མའི་དབྱིངས་སུ་ཨཱ༔ «ལྷར་ལྡང་ནི༔ »སླར་ཡང་སངས་རྒྱས་ཀུན་འདུས་པདྨ་འབྱུང༔ སྣང་སྟོང་མེ་ལོང་གཟུགས་བརྙན་ཇི་བཞིན་དུ༔ གསལ་ལ་འཛིན་མེད་སྒྱུ་འཕྲུལ་རོལ་པའི་གར༔ ཆོས་དབྱིངས་རོལ་པ་ཆེནཔོའི་ལམ་ཁྱེར་ངང༔ «དགེ་བ་བསྔོ་བ་ནི༔ »ཧཱུྃ་བདག་གིས་དུས་གསུམ་བསགས་དང་གསོག་འགྱུར་དགེ༔ ཁྱད་པར་བླ་མའི་སྒྲུབ་པ་བྱིན་རླབས་སྤྲིན༔ འདིར་འབད་དགེ་བས་རྒྱུ་དྲུག་འཁོར་བའི་འགྲོ༔ པད་འབྱུང་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ༔ «སྨོན་ལམ་ནི༔ »ཧཱུྃ་ཚེ་རབས་དུ་མར་རྗེས་སུ་བཟུང་བའི་མགོན༔ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ཉིད༔ ཐུགས་དགོངས་ཡོངས་རྫོགས་དགོངས་པ་མཆོག་རྟོགས་ཤིང༔ ལོག་རྟོག་དབང་དུ་སྐད་ཅིག་མི་འགྱུར་བར༔ སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག༔ «བཀྲ་ཤིས་ནི༔ »ཧཱུྃ་སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་རྩལ༔ ལྷ་ལྕམ་རྣམ་གཉིས་རིག་འཛིན་རྗེ་འབངས་རྣམས༔ རྩ་བརྒྱུད་བླ་མའི་ཞི་ཁྲོ་བཀའ་བརྒྱད་ལྷ༔ མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་བཅས་ཀྱིས༔ བྱིན་རླབས་དངོས་གྲུབ་ཆར་འབེབས་བཀྲ་ཤིས་ཤོག༔ «གཞན་ཡང་བཀྲ་ཤིས་གང་རྒྱས་ཀྱིས་མཐར་བརྒྱན་པར་བྱའོ༔ ཨེ་མ་ཧོ༔ པདྨ་འབྱུང་གནས་རང་གི་སྒྲུབ་པ་འདི༔ ད་ལྟ་མཚོ་རྒྱལ་ཉམས་ལེན་སྙིང་ལ་འཆོང༔ མ་འོངས་དོན་དུ་བརྡ་རིས་ཆེན་མོར་བཀོད༔ སྐལ་ལྡན་སྙིང་གི་བུ་མཆོག་དང་འཕྲད་ནས༔ འབྲེལ་ཚད་ང་ཡི་གདུལ་བྱར་འགྱུར་བར་ངེས༔ འཆི་འཕོས་རྔ་ཡབ་པདྨ་འོད་གླིང་དུ༔ པདྨ་ང་དང་དགོངས་པ་མཉམ་པར་འགྱུར༔ ལྷ་ལྕམ་སྤྲུལ་པ་དང་འཕྲད་ཟབ་གནད་ཀྱི༔ ཕ་ཕོག་ཐོབ་ཅིང་བྱིན་རླབས་ཚན་ཁ་མྱུར༔ ཌཱཀྐི་རྒྱ་མཚོའི་ལུང་སྟོན་བྱིན་གྱིས་རློབས༔ ཡོན་ཏན་བསྐལ་པར་བརྗོད་ཀྱང་མི་ལང་ངོ༔ སྐལ་མེད་ལོག་ལྟ་ཅན་ལ་ཤོར་ར་རེ༔ བཀའ་འདི་མ་མགོན་གཟའ་རྡོར་བསྙོ་ཁས་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གུ་ཧྱེ༔ ཅེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཌཱཀྐིས་གསང་མཛོད་ནས་དག་པར་ཕབ་པའོ༔ ༈ གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །»འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །