DKYD-KABUM-08-NYA-016: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=
|terma=Yes
|language=Tibetan
|volnumtib=༨
|volyigtib=ཉ
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 10:40, 20 June 2024

Wylie title
Location mdo mkhyen brtse bka' 'bum
Volume 8, Text 16, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །ཐུན་མིན་དྲང་སྲོང་གདམ་པ་འབོགས་པ་ནིཿ ཡན་ལག་ལྔ་ཁྲུས་བྱས་ལ་གོས་གཙང་གྱོནཿ སློབ་དཔོན་དྲུང་དུ་པུས་གཙུགས་ཐལ་མོ་སྦྱརཿ ཞི་དུལ་མོས་གུས་དད་པ་རྩེ་གཅིག་གིསཿ སློབ་དཔོན་བདག་ལ་དགོངས་སུ་གསོལཿ བདག་ཅག་འཁོར་བའི་གནས་སུ་འཁྱམསཿ ད་ནི་ཁྱོད་ཀྱི་རྗེས་སུ་འཇུགཿ ཐུགས་རྗེས་དགོངས་ལ་བཟུང་དུ་གསོལཿ དེ་ནས་ལུས་ཀྱི་སྲོག་མི་བཅདཿ མ་བྱིན་པ་ཡི་ནོར་མི་ལེནཿ གནས་མིན་ལོག་པར་མི་གཡེམ་ཞིངཿ ངག་གི་གཞན་ལ་གནོད་པའི་རྫུནཿ ཕྲ་མར་འཇུག་དང་ཚིག་རྩུབ་སྤངསཿ ཡིད་ཀྱིས་གཞན་ལ་བརྣབ་སེམས་དངཿ གནོད་སེམས་ཆོས་ལ་ལོག་པར་ལྟཿ ལམ་འདིར་ཐེ་ཚོམ་ཡོངས་སྤངས་ཤིངཿ དགེ་བཅུའི་ཁྲིམས་ལ་གནས་བྱའོཿ ལན་གསུམ་བརྗོད་ཅིང་སློབ་དཔོན་གྱིསཿ བུ་ཁྱོད་སྡོམ་པ་རྒྱུད་ལ་གནསཿ ཐབས་མཆོག་འདི་ལས་མ་འདའ་ཞིགཿ ལན་གསུམ་ལེགས་སོ་ལན་གསུམ་བརྗོདཿ བྱིན་གྱིས་བརླབས་པའི་རྟགས་གནང་ངོཿ ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡིཿ བསླབ་པ་སྦྱིན་ཚེ་སྣང་གསལ་ཐོགསཿ རྟ་གོན་རིམ་པར་སྔོན་སོང་ནསཿ ཧོ་སྟོན་པ་རྡོ་རྗེ་སློབ་དཔོན་དཔལཿ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བཅསཿ བླ་མ་ཡི་དམ་མཁའ་འགྲོ་མཿ ཀུན་ནས་བདག་ལ་དགོངས་སུ་གསོལཿ བདག་མིང་ཆེ་གེ་མོ་སྟེཿ མཁའ་ཁྱབ་སེམས་ཅན་ཀུན་དོན་དུཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ མ་བསྒྲལ་མ་གྲོལ་དབུགས་མ་དབྱུངཿ སྐད་ཅིག་གཅིག་གི་བྱེ་བྲག་གིསཿ སངས་རྒྱས་ས་ལ་འགོད་པར་བགྱིཿ བྱང་ཆུབ་སེམས་ནི་བླ་མེད་པཿ མར་གྱུར་མཁའ་མཉམ་སེམས་ཅན་ཁམསཿ ཀུན་ཀྱི་རྒྱུད་ལ་གནས་པར་བྱཿ དཔའ་བོ་ཁྱེད་ཀྱི་ཐུགས་སྐྱེད་སྟོབསཿ བདག་གི་རྒྱུད་ལ་གནས་པར་བྱཿ འཁོར་བའི་རྒྱ་མཚོ་མ་སྟོངས་པརཿ བདག་གིས་འགྲོ་བའི་དོན་སྤྱོད་ཅིངཿ ལོག་ལྟ་སྒྲོ་སྐུར་ངན་སོང་གིཿ སྡུག་བསྔལ་སྡིག་ལྟུང་ཅི་བྱུང་ཡངཿ སྐྱོ་སུན་ངལ་དུབ་ཀུན་སྤོང་ཞིངཿ ཆོས་དང་ལུས་སྲོག་འཕང་མེད་བློསཿ སེམས་ཅན་དོན་རབ་བྱེད་པ་ཡིཿ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེདཿ སྟོན་པ་བླ་མེད་བླ་མ་ཡིསཿ སེམས་དཔའ་ཆེན་པོར་བདག་བཟུང་ནསཿ དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོགཿ ལན་གསུམ་བརྗོད་ཅིང་སློབ་དཔོན་གྱིསཿ ཨེ་མ་བུ་མཆོག་སེམས་དཔའ་ཆེཿ ཇི་ལྟར་བླང་བའི་བསླབ་པ་ལསཿ ནམ་ཡང་འདའ་བར་མི་བྱའོཿ རྩ་བ་ལྔ་ལ་ཡང་དག་གནསཿ སེམས་ཅན་དོན་དུ་སྲོག་གཏོང་ནཿ བཅས་པའི་ཁྲིམས་ཀྱང་སྨོས་ཅི་དགོསཿ འདི་ནི་ཐབས་ཀྱི་མཆོག་ཡིན་ནོཿ ལན་གསུམ་གསུངས་ཤིང་ཞུ་བ་བོསཿ ལེགས་སོ་བཀའ་དྲིན་འཁོར་མེད་རྗེཿ བསླབ་པ་དག་ལ་བདག་གནས་ཤིངཿ བྱང་ཆུབ་བར་དུ་མི་འབྲལ་ལོཿ མིང་འདོགས་མེ་ཏོག་སྤྱི་བོར་བཅིངསཿ སྤྲོ་བ་བསྐྱེད་ཅིང་ཤིས་པ་བརྗོདཿ དགེའོ།། །།