SPCD-KABUM-02-KHA-030: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle='phags mchog bka' 'bum | |||
|collectiontitletib=འཕགས་མཆོག་བཀའ་འབུམ། | |||
|totalvolumes=3 | |||
|author='phags mchog rdo rje | |||
|authortib=འཕགས་མཆོག་རྡོ་རྗེ་ | |||
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=02 | |||
|volumeLetter=KHA | |||
|textnuminvol=030 | |||
|pdflink=File:SPCD-KABUM-02-KHA-030.pdf | |||
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP| | |||
༄༅། །ཟབ་གསང་བླ་མའི་སྒྲུབ་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།། | ༄༅། །ཟབ་གསང་བླ་མའི་སྒྲུབ་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།། | ||
བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཟབ་མོ་བླ་མའི་སྒྲུབ་པ་ནི། །མོས་གུས་དམ་ཚིག་ལྡན་པ་ཡིས། །སྒྲུབ་པའི་རྟེན་རྣམས་ཚོགས་པ་དང་། །བདེ་བའི་སྟན་ལ་བག་ཕབ་སྟེ། །ངེས་འབྱུང་བསྐྱེད་ལ་རླུང་རོ་བསལ། །སྔོན་འགྲོའི་དང་པོ་སྐྱབས་སེམས་ནི། ཨཱཿ ཀ་དག་གདོད་མའི་བླ་མ་ལ། །འདུ་འབྲལ་མེད་པར་སྐྱབས་སུ་མཆི། །མ་རྟོགས་འཁོར་བར་འཁྱམས་པ་རྣམས། །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །གཉིས་པ་ཡན་ལག་བདུན་པ་ནི། | བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཟབ་མོ་བླ་མའི་སྒྲུབ་པ་ནི། །མོས་གུས་དམ་ཚིག་ལྡན་པ་ཡིས། །སྒྲུབ་པའི་རྟེན་རྣམས་ཚོགས་པ་དང་། །བདེ་བའི་སྟན་ལ་བག་ཕབ་སྟེ། །ངེས་འབྱུང་བསྐྱེད་ལ་རླུང་རོ་བསལ། །སྔོན་འགྲོའི་དང་པོ་སྐྱབས་སེམས་ནི། ཨཱཿ ཀ་དག་གདོད་མའི་བླ་མ་ལ། །འདུ་འབྲལ་མེད་པར་སྐྱབས་སུ་མཆི། །མ་རྟོགས་འཁོར་བར་འཁྱམས་པ་རྣམས། །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །གཉིས་པ་ཡན་ལག་བདུན་པ་ནི། ཨོཾ་ཨཱཿཧཱུྃ། སྐུ་བཞིའི་བདག་ཉིད་ཧེ་རུ་ཀར། །གཉིས་འཛིན་བྲལ་བས་ཕྱག་བགྱི་ཞིང་། །སྲིད་ཞི་མཉམ་ཉིད་མཆོད་སྤྲིན་འབུལ། །ཆོས་ཅན་རིག་པའི་ཀློང་དུ་བཤགས། །ཆོས་ཉིད་ཟད་ལ་རྗེས་ཡི་རངས། །བསམ་བརྗོད་བྲལ་བའི་ཆོས་འཁོར་བསྐོར། །དག་མཉམ་ཆེན་པོ་བཞུགས་སུ་གསོལ། །དགེ་ཚོགས་ཆོས་དབྱིངས་ཆེན་པོར་བསྔོ། །གསུམ་པ་བགེགས་ལ་གཏོར་མ་སྦྱིན་པ་ནི། ཧཱུྃ། ངང་ཉིད་ཡེ་ནས་ཁྲོ་རྒྱལ་ཆེ། །གཉིས་འཛིན་ཞེན་རྟོག་འབྱུང་པོ་རྣམས། །རིག་པ་ཡེ་ཤེས་བཀའ་བྱུང་བས། །མཉམ་ཉིད་མཐའ་བྲལ་ཀློང་དུ་དེངས། །དྲག་སྔགས་བརྗོད་ཅིང་ཐུན་གྱིས་བྲབ། བཞི་པ་སྲུང་འཁོར་སྒོམ་པ་ནི། ཧཱུྃ། ཆོས་དབྱིངས་རྡོ་རྗེའི་གུར་ཁང་དུ། །བགེགས་ཞེས་བྱ་བའི་མིང་ཡང་མེད། །ཡོངས་གྲུབ་ཆོས་དབྱིངས་ཆེན་པོ་རུ། །འཁོར་འདས་མཉམ་པར་མཚམས་བཅད་དོ། །བཛྲ་ཛྙཱ་ན་ཛྭ་ལ་རཀྵ་རཀྵ་ཧཱུྃ། ལྔ་པ་མཆོད་རྫས་བྱིན་བརླབ་ནི། ཨོཾ་ཨཱཿཧཱུྃ། སྲིད་ཞིའི་མཆོད་སྤྲིན་རོ་གཅིག་པར། །དངོས་འཛིན་དྲི་མ་མ་དམིགས་ཀྱང་། །ཏིང་འཛིན་མཉམ་ཉིད་ཆེན་པོ་རུ། །ཡེ་ཤེས་རིགས་ལྔས་བྱིན་གྱིས་རློབས། །ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ དངོས་གཞིའི་དང་པོ་ལྷ་ཚོགས་བསྐྱེད། ཨཱཿ མཉམ་ཉིད་བདེ་ཆེན་ཀློང་ཡངས་འབར། །འཇའ་ཟེར་ཐིག་ལེ་འཁྲིགས་པའི་དབུས། །པདྨ་ཟླ་བའི་གདན་སྟེང་དུ། །གདོད་མའི་མགོན་པོ་ཧེ་རུ་ཀ །སྐུ་མདོག་དཀར་ལ་དམར་བའི་མདངས། །ཐོར་ཚུགས་པུཎྜ་རི་ཀས་བརྒྱན། །དར་དཔྱངས་རུས་རྒྱན་སྟག་ཤམ་དང་། །མཉམ་བཞག་བདུད་རྩིའི་ཐོད་པ་འཛིན། །རྡོ་རྗེའི་སྐྱིལ་ཀྲུང་དགྱེས་ཡེར་བཞུགས། །ཐུགས་ཀར་ཆོས་སྐུ་ཀུན་བཟང་གི། །ཐུགས་དབུས་ཐིག་ལེ་ཟླུམ་འཁྱིལ་དབུས། །ཨ་ཡིག་མཐིང་ཀ་གསལ་ལ་འཚེར། །རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་འཐིབ། །དཀྱིལ་འཁོར་རབ་འབྱམས་མངའ་བདག་ནི། །ཧེ་རུ་ཀ་དཔལ་བླ་མ་ཆེ། །མ་བཅོས་རང་བྱུང་ཆེན་པོར་ཤར། གདོད་ནས་དམ་ཡེ་དབྱེར་མེད་གྱུར། །གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི། ཧཱུྃ། གཞི་དབྱིངས་ཆོས་སྐུའི་ཕོ་བྲང་ནས། །ཐོག་མའི་མགོན་པོ་གཤེགས་སུ་གསོལ། །གཞི་སྣང་ལོངས་སྐུའི་ཕོ་བྲང་ནས། །རིགས་ལྔའི་ལྷ་ཚོགས་གཤེགས་སུ་གསོལ། །ཐུགས་རྗེ་སྤྲུལ་སྐུའི་ཞིང་ཁམས་ནས། །རྣལ་འབྱོར་དབང་ཕྱུག་གཤེགས་སུ་གསོལ། །ལྷོ་ནུབ་ཟངས་མདོག་དཔལ་རི་ནས། །རྒྱལ་བ་ཀུན་གྱི་ཕྲིན་ལས་མཛོད། །སྐུ་བཞིའི་དབང་ཕྱུག་ཧེ་རུ་ཀ །རིག་འཛིན་རྩལ་འཆང་ཚོགས་དང་བཅས། །འཇའ་ལུས་རྡོ་རྗེ་གཤེགས་སུ་གསོལ། །བདག་ཅག་སྒྲུབ་པའི་བུ་རྣམས་ལ། །རྡོ་རྗེ་གསུམ་གྱི་བྱིན་ཆེན་ཕོབས། །དབང་བཞི་བསྐུར་ཞིང་སྒྲིབ་བཞི་སྦྱོངས། །སྣང་བཞི་ཉམས་རྟོགས་མཐར་ཕྱིན་ནས། །སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ཨོཾ་གུ་རུ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ གསུམ་པ་བརྡའ་ཕྱག་འཚལ་བ་ནི། རྒྱལ་ཀུན་འདུས་པའི་ཕྲིན་ལས་མཛོད། །འཁོར་ལོའི་དབང་ཕྱུག་བླ་མ་ལ། །རང་ངོ་ཤེས་པ་ལྟ་བའི་ངང་། །གཉིས་འཛིན་བྲལ་བས་ཕྱག་བགྱིའོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བཞི་པ་མཆོད་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། སྲིད་ཞིའི་མཆོད་སྤྲིན་མ་ལུས་པ། །ཞེན་བྲལ་སོ་སོར་རྟོགས་པའི་རྩལ། །ཕྱི་ནང་གསང་བའི་མཆོད་སྤྲིན་ཆེ། །རིག་འཛིན་རྒྱ་མཚོའི་ཚོགས་ལ་འབུལ། །ཨོཾ་རཱུ་པ་ཤབྟ་གནྡྷེ་ར་སྱེ་སྤརྴེ་དྷརྨཱ་དྷཱ་ཏུ་ཨཱཿཧཱུྃ། མ་ཧཱ་པཉྩ་རཀྟ་བ་ལིངྟ་ཁ་ཱཧི། ལྔ་པ་བསྟོད་པ་བྱ་བ་ནི། ཧྲཱིཿ གདོད་ནས་ཆོས་སྐུའི་སྐུར་བརྙེས་ཀྱང་། །གཟུགས་སྐུ་གདུལ་བྱའི་དོན་ལ་བྱོན། །སྣ་ཚོགས་ངེས་མེད་གཟི་བྱིན་ཅན། །འཇའ་ལུས་རྡོ་རྗེའི་སྐུ་ལ་བསྟོད། །གསུང་དབྱངས་དྲུག་ཅུ་དང་ལྡན་པས། །ཇི་སྙེད་གདུལ་བྱའི་རྗེས་འབྲང་བ། །གྲགས་སྟོང་འགག་མེད་རྡོ་རྗེའི་དབྱངས། །སྣ་ཚོགས་རང་གྲོལ་གསུང་ལ་བསྟོད། །དགོངས་པ་ཡེ་ཤེས་མཁའ་ལྟར་བརྡལ། །ཐབས་མཁས་ཐུགས་རྗེ་ཚད་མེད་པས། །འགྲོ་བའི་ཁམས་རྣམས་མ་ལུས་མཁྱེན། །མ་ཧཱ་གུ་རུའི་ཐུགས་ལ་བསྟོད། །ཀ་དག་ཆོས་དབྱིངས་ཆེན་པོ་ལ། །བསྟོད་བྱ་བསྟོད་བྱེད་མ་དམིགས་ཀྱང་། །ཤར་གྲོལ་རིས་མེད་བདེ་ཀློང་ནས། །ཆོས་ཉིད་རང་སྒྲས་ཕྱག་འཚལ་བསྟོད། །དྲུག་པ་འཛབ་བཟླས་དམིགས་པ་ནི། རང་གི་སྙིང་ཁར་འོད་ལྔའི་ཀློང་། །ཀུན་བཟང་ཐུགས་དབུས་ཐིག་ལེ་རུ། །ཨ་མཐིང་གསལ་མཐར་སྔགས་ཕྲེང་འཁོར། །འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། །ལྷ་སྔགས་རིག་པའི་ངང་ནས་བཟླས། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཤཱཀྱ་ཤྲཱི་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ། བཟླས་མཐར་སྔགས་ཀྱི་ལྷག་ཆད་བསྐང་། །སྟོང་ཚིག་དབུལ་ཞིང་ཚོགས་མཆོད་བྱ། །རྗེས་ཀྱི་དང་པོ་ཚོགས་བྱིན་རླབས། །ཨོཾ་ཨཱཿཧཱུྃ། སྐུ་གསུམ་ས་བོན་འབྲུ་གསུམ་གྱིས། །དངོས་འཛིན་བག་ཆགས་ཉེས་ཚོགས་སྦྱངས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལས། །འདོད་ཡོན་མཁའ་ཁྱབ་འཕྲོ་བར་གྱུར། །གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས། །རབ་འབྱམས་སྐུ་གསུམ་ལྷ་ཚོགས་དང་། །འཇའ་ལུས་རྡོ་རྗེའི་གྲོང་ཁྱེར་ནས། །རིག་འཛིན་དཔའ་བོ་ཧེ་རུ་ཀ །རྣལ་འབྱོར་གྲུབ་ཐོབ་ཚོགས་རྣམས་དང་། །མཁའ་འགྲོ་རྒྱ་མཚོའི་འཁོར་དང་བཅས། །ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ། །དད་གདུང་དམ་ཚིག་རྣམ་དག་པས། །སྙིང་ནས་འབོད་དོ་དྲིན་ཆེན་རྗེ། །ཐུགས་རྗེའི་གཟིགས་པ་འབྲལ་མེད་པས། །དགྱེས་པ་ཆེན་པོས་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་གཟི་བྱིན་གྱིས། །ནམ་མཁའི་ཁམས་ཀུན་ཡོངས་འགེངས་ཏེ། །སྣོད་བཅུད་རྣམས་ལ་བྱིན་ཆེན་ཕོབས། །ཚོགས་གཏོར་ཡེ་ཤེས་བདུད་རྩིར་བསྒྱུར། །བཛྲ་ས་མཱ་ཡ་ཛཿ གསུམ་པ་ཚོགས་ཕུད་འབུལ་བ་ནི། ཧེ་རུ་ཀ་དཔལ་བླ་མ་དང་། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་རྣམས། །ཕྱི་ནང་གསང་བའི་ཚོགས་མཆོད་འདི། །དགྱེས་པར་བཞེས་ལ་མཆོག་ཐུན་སྩོལ། །ཨོཾ་གུ་རུ་ཤྲཱི་ཧེ་རུ་ཀ་དེ་ཝ་ཌཱཀྐི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཧོཿ བཞི་པ་བཤགས་པ་བྱ་བ་ནི། ཨཱཿ གློ་བུར་སྒྲིབ་གཉིས་ལས་བྱུང་བའི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ། །འགལ་ཉམས་འདས་རལ་གྱུར་པ་ཀུན། །ཡེ་གྲོལ་ཀ་དག་ཀློང་དུ་བཤགས། །ལྔ་པ་བསྒྲལ་ཞིང་བསྟབ་པ་ནི། དག་པ་དབྱིངས་ཀྱི་མཁའ་ཀློང་དུ། །ཆོས་ཉིད་བདེན་པ་ཆེན་པོའི་མཐུས། །མ་དག་གཉིས་འཛིན་དགྲ་བགེགས་རྣམས། །རང་དབང་མེད་པར་རྟེན་འདིར་ཁུག །ཛཿཧཱུྃ་བཾ་ཧོཿ ཧཱུྃ། ང་ནི་རང་བྱུང་ཁྲོ་རྒྱལ་ཆེ། །ཡེ་ཤེས་རིག་པའི་ཕྱག་མཚན་གྱིས། །གཉིས་འཛིན་རུ་ཏྲའི་ཚོགས་རྣམས་བསྒྲལ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། དྲུག་པ་ཚོགས་ལ་རོལ་བ་ནི། ཞེན་མེད་ངང་ནས་ཚིམ་པར་རོལ། །བདུན་པ་ལྷག་མ་བསྔོ་བ་ནི། ཧཱུྃ། ལྷག་ལ་དབང་བ་དྲེགས་པའི་ཚོགས། །སྤྲིན་ལྟར་འཐིབས་ཤིང་ཧབ་ཤ་རྒྱུག །ལྷག་གཏོར་བཟང་པོ་འདི་ཁྱེར་ལ། །བར་ཆད་ཀུན་སེལ་མཐུན་རྐྱེན་སྒྲུབས། །ཨུཙྪིཥྚ་བ་ལིངྟ་ཁཱ་ཧི། རྡོ་རྗེའི་གླུ་དང་སྨོན་ལམ་གདབ། བརྒྱད་པ་ལྷར་སྣང་བསྡུ་རིམ་ནི། སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན། །ནང་གསལ་ཀ་དག་ཀློང་དུ་ཨཱཿ །སླར་ཡང་སྒྱུ་མའི་སྐུར་ལྡང་སྟེ། །ཁྱེར་སོ་གསུམ་དང་འབྲལ་མེད་བྱ། །དགུ་པ་བསྔོ་སྨོན་བྱ་བ་ནི། དེ་ལྟར་བསྒྲུབས་པའི་དགེ་ཚོགས་རྣམས། །ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ། །བདག་གཞན་སེམས་ཅན་མ་ལུས་པ། །ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག །བཅུ་པ་ཤིས་པ་བརྗོད་པ་ནི། བདེ་ཆེན་གཟི་བྱིན་རྒྱལ་བའི་སྐུ། །འགག་མེད་ཚངས་དབྱངས་རྒྱལ་བའི་གསུང་། །སྟོང་གསལ་ཁྱབ་བརྡལ་རྒྱལ་བའི་ཐུགས། །སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །སྐུ་གཉིས་གདུལ་བྱའི་དོན་དུ་བྱོན། །མཁྱེན་གཉིས་རྒྱས་པའི་ཕྲིན་ལས་ཀྱིས། །དོན་གཉིས་མཐའ་རུ་ཕྱིན་པ་ཡི། །བདེན་གཉིས་འབྲས་བུའི་བཀྲ་ཤིས་ཤོག །དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་མཆོག་གིས་རྗེས་བཟུང་སྟེ། །མི་འབྲལ་རྟག་ཏུ་སྐྱོང་བ་དང་། །མངོན་པར་བྱང་ཆུབ་བཀྲ་ཤིས་ཤོག །ལོ་གསུམ་གསང་བའི་རྒྱས་བཏབ་སྟེ། །ཟབ་དོན་གདམས་པའི་གནད་འདི་ཕྱུང་། །འགྲོ་དོན་ཕྲིན་ལས་མཁའ་ལྟར་ཁྱབ། །ཆོས་རྒྱུད་ནམ་ཡང་ནུབ་མེད་ཤོག །ཧེ་རུ་ཀ་དཔལ་དགོངས་དབྱིངས་ཀྱི། །བྱིན་རླབས་ཆ་ཤས་ཐོབ་པའི་དྲིན། །དད་གདུང་ཤུགས་ཀྱིས་སྨོས་འདི་རྣམས། །ཉེས་འགལ་མཆིས་ན་དགོངས་ཀློང་བཤགས། །འདིའི་དགེས་བདག་གཞན་སེམས་ཅན་རྣམས། །དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི། །བྱིན་རླབས་སྙིང་ལ་ཐིམ་གྱུར་ནས། །འདི་ཕྱིའི་དོན་ཆེན་འགྲུབ་པར་ཤོག །ཅེས་པའང་རྡོ་ཤུལ་མཁའ་འགྲོ་པདྨ་ཆོས་མཚོའི་ཐུགས་འདོད་ལྟར་དང་། རང་གི་ཚོགས་རྫོགས་པའི་ཕྱིར་ལྷག་བསམ་དག་པའི་སྣང་བ་འུར་ལངས་ནས། བླུན་པོའི་ཚིག་ལ་བརྩོམ་པའི་གནས་དབེན་བཞིན་གང་དྲན་ཤར་མར་དུ་བྲི་བ་པོ་རིག་འཛིན་གྱི་བཙུན་པ་ཐུབ་བསྟན་ཏིང་འཛིན་ནོར་བུས། བྱར་སྐྱིད་ཕུག་སྒྲུབ་སྡེའི་གླིང་དུ་སྦྱར་བ་འདིས་ཀྱང་རང་རིག་དཔལ་ལྡན་བླ་མའི་རང་ཞལ་མྱུར་དུ་མཇལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།}} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 15:27, 3 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | 'phags mchog bka' 'bum Volume 2, Text 30, Pages (Folios to ) | |
Author | འཕགས་མཆོག་རྡོ་རྗེ་ | |
Less details More details | ||
Citation | 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |
Genre |