DKYD-KABUM-07-JA-073: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
འུྃཿ དམ་ཆོས་པད་མའི་སྙིང་ཐིག་ལསཿ གཏེར་སྲུང་ཛམ་ལྷའི་ལས་བྱང་དངོས་གྲུབ་མཆོག་སྩོལ་བཞུགསཿ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=07 | |||
|volumeLetter=JA | |||
|textnuminvol=073 | |||
|pdflink=File:DKYD-KABUM-07-JA-073.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|འུྃཿ དམ་ཆོས་པད་མའི་སྙིང་ཐིག་ལསཿ གཏེར་སྲུང་ཛམ་ལྷའི་ལས་བྱང་དངོས་གྲུབ་མཆོག་སྩོལ་བཞུགསཿ | |||
«འུྃཿ བླ་མ་པད་མ་རཱ་ཛ་ལཿ བཏུད་དེ་གཏེར་སྲུང་ཛམ་བྷ་ལའིཿ ལས་བྱང་དངོས་གྲུབ་མཆོག་རྩོལ་བཀོདཿ རིན་པོ་ཆེ་ཡི་སྫའུ་སྣོདཿ ཡིད་དུ་འོང་ཞིང་སྐྱོན་མེད་ནངཿ འབྲུ་སྣ་ལྔ་དང་དར་ཟབ་དབུསཿ གསེར་གྱིས་བྲིས་པའི་གཟུངས་སྔགས་དངཿ བསོད་ནམས་རྫས་དང་རིན་ཆེན་ལྔསཿ བཀང་བ་དར་ཚོན་སྣ་ལྔས་བཀབཿ གང་འབྱོར་སྣ་ཚོགས་མཆོད་པ་བཤམསཿ བདེ་བའི་སྟན་ལ་བག་ཕབ་ནསཿ »ཨོཾ་སྭ་བྷ་ཝ་«སོགསཿ »རང་ཉིད་ཡི་དམ་ལྷར་གསལ་བའིཿ མདུན་དུ་རིན་ཆེན་གཞལ་ཡས་དབུསཿ པད་ཉི་གནོད་སྦྱིན་གདན་སྟེང་དུཿ ལྷ་ཆེན་ཛམ་ལྷ་སེར་པོ་ནིཿ ཞལ་གཅིག་ཕྱག་གཉིས་གཡས་གཏེར་བུམཿ གཡོན་པ་ནོར་གྱི་སྐྱལ་པ་འཛིནཿ རིན་ཆེན་རྒྱན་ཆ་དུ་མས་སྤྲསཿ ཞབས་གཉིས་གཡས་བསྐྱང་གཡོན་བསྐུམ་བཞུགསཿ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃཿ ལས་འོད་འཕྲོས་པསཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམཿ «དེ་ནས་སྤྱན་འདྲེན་བཞུགས་གསོལ་ནིཿ »ཧཱུྃཿ དད་པ་དང་ནི་དམ་ཚིག་གིསཿ དཔལ་ལྡན་གནོད་སྦྱིན་ཛམ་བྷ་ལཿ རང་བཞིན་གར་བཞུགས་གནས་མཆོག་ནསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ པད་ཉི་གནོད་སྦྱིན་གདན་སྟེང་དུཿ གཉིས་མེད་དགྱེས་པར་བཞུགས་སུ་གསོལཿ བཛྲ་ས་མ་ཡ་ཛཿ ཛ་ཧཱུཾ་བཾ་ཧོ་ཏིཥྛ་ལྷནཿ «ཕྱག་འཚལ་མཆོད་པ་འབུལ་བ་ནིཿ »ཧཱུྃཿ དཔལ་ལྡན་ཨརྱ་ཛཾ་བྷ་ལཿ དངོས་གྲུབ་རྩོལ་ཕྱིར་ཕྱག་འཚལ་ཞིངཿ མེ་ཏོག་བདུག་སྤོས་སྣང་གསལ་དངཿ ཞལ་ཟས་རོལ་མོ་ལ་སོགས་པའིཿ ཕྱིད་ནང་གསང་བའི་མཆོད་པ་བཞེསཿ བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝིཏྱ་ཤཔྟ་རུ་པ་ཤཔྟ་གྷནྡྷེ་ར་ས་སྤརྴེ་པུ་ཛ་ཨཱཿཧཱུྃཿ «བསྟོད་པ་བྱ་བ་འདི་ལྟ་སྟེཿ »ཧཱུྃཿ དངོས་གྲུབ་མཆོག་སྩོལ་དཔལ་ལྡན་ཛཾ་བྷ་ལཿ འགྲོ་ཀུན་དབུལ་བའི་སྡུག་བསྔལ་ལས་འགྲོལ་ཞིངཿ ཟག་མེད་བདེ་བ་མཆོག་ལ་འགོད་མཛད་པའིཿ ཡིད་བཞིན་ནོར་བུ་དཔལ་ལ་ཕྱག་འཚལ་བསྟོདཿ« འཛབ་གྱི་བཟླས་པ་འདི་ལྟར་བྱཿ »རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཏེར་སྲུང་གི་ཐུགས་རྒྱུད་བསྐུལཿ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུརཿ ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱཿ «ལས་ལ་སྦྱོར་པའི་བསྙེན་དམིགས་ནིཿ »རང་ཉིད་པདྨ་རཱ་ཛ་ཡིཿ ཐུགས་ལས་འོད་དམར་འཕྲོས་པ་ཡིསཿ ཛཾ་ལྷའི་ཐུགས་དམ་རྒྱུད་བསྐུལ་ཏེཿ འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོསཿ ཁམས་གསུམ་མི་ནོར་ལོངས་སྤྱོད་བཀུགཿ མེར་མེར་ཁྲིག་ཁྲིག་གང་བར་གྱུརཿ «རྩ་སྔགས། »ཡེ་སྡུས་སྡུས་སརྦ་ཝ་ཤཾ་ཀུ་རུ་རུ་ཧོཿ «ཅེས་བཟླས་དམིགས་པ་དྲག་ཏུ་གཅུནཿ མཆོག་ཐུན་དངོས་གྲུབ་ཐོབ་པར་འགྱུརཿ ཐུན་མཚམས་གཏོར་མ་འབུལ་བ་ནིཿ འོ་ཕུད་བྲན་ལ་བསང་སྦྱངས་བྱཿ» རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུརཿ «ཞེས་བརྗོད་གཏོར་མ་འབུལ་བ་ནིཿ »ཧཱུྃཿ རང་གི་མདུན་དུ་རིན་ཆེན་ཕོ་བྲང་དབུསཿ པད་ཉི་དང་ནི་གནོད་སྦྱིན་བསྣོལ་བའི་སྟེངཿ ནོར་གྱི་བདག་པོ་ཨཱརྱ་ཛཾ་བྷ་ལཿ སྐུ་མདོག་སེར་པོ་བརྗིད་པའི་ཉམས་དང་ལྡནཿ ཕྱག་གཡས་རིན་ཆེན་གཏེར་གྱི་བུམ་པ་འཛིནཿ གཡོན་པས་མི་ཟད་ནེའུ་ལེའི་སྐྱལ་པ་བསྣམསཿ རིན་པོ་ཆེ་དང་དར་ཟབ་དུ་མས་བརྒྱནཿ འཁོར་དང་བཅས་པ་གནས་འདིར་གཤེགས་ནས་ཀྱངཿ དམ་རྫས་གཏོར་མ་འོ་ཆོལ་མཆོད་པ་བཞེསཿ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལཿ མ་ཧཱ་བྷ་ལིང་ཏ་ཁཱ་ཧིཿ «ཞེས་བརྗོད་འོཿ ཕུད་སྦྲེང་བྱས་ལཿ »མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་བདུད་རྩི་ཕུད་ཀྱི་མཆོད་པ་འདི་ཉིད་འབུལ་ཞིངཿ མཆོད་པའི་གནས་ནི་ནོར་བདག་ཨརྱ་ཛཾ་བྷ་ལ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོཿ མཆོད་དོཿ དགྱེས་པར་བཞེས་ལཿ བདག་ཅག་སྒྲུབ་པ་པོའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་དར་ཞིང་རྒྱས་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་བར་མཛད་དུ་གསོལཿ ཨོཾ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡེ་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ «ཞེས་བརྗོད་བསྟོད་པ་བྱ་བ་ནིཿ »ཧཱུྃཿ དངོས་གྲུབ་སྟེར་མཛད་ཨཱརྱ་ཛཾ་བྷ་ལཿ སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པཿ བརྗིད་པའི་ཉམས་ཅན་གཏེར་བུམ་ནོར་རྐྱལ་འཛིནཿ གནོད་སྦྱིན་དབང་སྒྱུར་གཙོ་ལ་ཕྱག་འཚལ་བསྟོདཿ རཏྣའི་མདོག་ཅན་ཞབས་གཉིས་འདོར་སྟབས་བཞུགསཿ རིན་པོ་ཆེ་དང་དར་ཟབ་སྣ་ཚོགས་བརྒྱནཿ སྨོན་ལམ་སྟོབས་ཀྱིས་དབུལ་བའི་འཇིགས་ལས་སྒྲོལཿ ལྷ་ཆེན་མཐུ་བོ་ཆེ་ལ་ཕྱག་འཚལ་བསྟོདཿ འཇིག་རྟེན་ལས་འདས་མངོན་པར་བྱང་ཆུབ་ཀྱངཿ གང་འདུལ་ཐབས་ཀྱིས་སྐུར་བཞེངས་ཛཾ་བྷ་ལཿ སྔོན་གྱི་ཐ་ཚིག་འགྲོ་ཀུན་བདེ་ལ་སྦྱོརཿ ཡིད་བཞིན་ནོར་བུ་དཔལ་ལ་ཕྱག་འཚལ་བསྟོདཿ བདག་ཅག་འཁོར་བཅས་ཚེ་བསོད་སྤེལ་བ་དངཿ ཁམས་གསུམ་སྐྱེ་དགུ་དཔལ་འབྱོར་ལོངས་སྤྱོད་ཚོགསཿ རང་དབང་མེད་པར་མྱུར་ཁུག་སྟོབས་འབྱོར་བསྐྱེདཿ བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པར་ཤོགཿ« ཅེས་བརྗོད་ནོངས་བཤགས་གཏོར་མ་གཤེགསཿ ས་འོག་གཏེར་དང་ས་སྟེང་ནོརཿ བརྟན་པ་འཕྲོག་ཅིང་དབང་དུ་འདུཿ གཏེར་སྲུང་སྒྲུབ་ཐབས་མཐར་ཐུག་ནིཿ རིག་འཛིན་མཐུ་སྟོབས་བདུད་འདུལ་གྱིསཿ ཕྲལ་མར་ཕབ་པ་ཨ་ཐཾ་རྒྱཿ རྒྱ་རྒྱ་རྒྱཿ | «འུྃཿ བླ་མ་པད་མ་རཱ་ཛ་ལཿ བཏུད་དེ་གཏེར་སྲུང་ཛམ་བྷ་ལའིཿ ལས་བྱང་དངོས་གྲུབ་མཆོག་རྩོལ་བཀོདཿ རིན་པོ་ཆེ་ཡི་སྫའུ་སྣོདཿ ཡིད་དུ་འོང་ཞིང་སྐྱོན་མེད་ནངཿ འབྲུ་སྣ་ལྔ་དང་དར་ཟབ་དབུསཿ གསེར་གྱིས་བྲིས་པའི་གཟུངས་སྔགས་དངཿ བསོད་ནམས་རྫས་དང་རིན་ཆེན་ལྔསཿ བཀང་བ་དར་ཚོན་སྣ་ལྔས་བཀབཿ གང་འབྱོར་སྣ་ཚོགས་མཆོད་པ་བཤམསཿ བདེ་བའི་སྟན་ལ་བག་ཕབ་ནསཿ »ཨོཾ་སྭ་བྷ་ཝ་«སོགསཿ »རང་ཉིད་ཡི་དམ་ལྷར་གསལ་བའིཿ མདུན་དུ་རིན་ཆེན་གཞལ་ཡས་དབུསཿ པད་ཉི་གནོད་སྦྱིན་གདན་སྟེང་དུཿ ལྷ་ཆེན་ཛམ་ལྷ་སེར་པོ་ནིཿ ཞལ་གཅིག་ཕྱག་གཉིས་གཡས་གཏེར་བུམཿ གཡོན་པ་ནོར་གྱི་སྐྱལ་པ་འཛིནཿ རིན་ཆེན་རྒྱན་ཆ་དུ་མས་སྤྲསཿ ཞབས་གཉིས་གཡས་བསྐྱང་གཡོན་བསྐུམ་བཞུགསཿ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃཿ ལས་འོད་འཕྲོས་པསཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམཿ «དེ་ནས་སྤྱན་འདྲེན་བཞུགས་གསོལ་ནིཿ »ཧཱུྃཿ དད་པ་དང་ནི་དམ་ཚིག་གིསཿ དཔལ་ལྡན་གནོད་སྦྱིན་ཛམ་བྷ་ལཿ རང་བཞིན་གར་བཞུགས་གནས་མཆོག་ནསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ པད་ཉི་གནོད་སྦྱིན་གདན་སྟེང་དུཿ གཉིས་མེད་དགྱེས་པར་བཞུགས་སུ་གསོལཿ བཛྲ་ས་མ་ཡ་ཛཿ ཛ་ཧཱུཾ་བཾ་ཧོ་ཏིཥྛ་ལྷནཿ «ཕྱག་འཚལ་མཆོད་པ་འབུལ་བ་ནིཿ »ཧཱུྃཿ དཔལ་ལྡན་ཨརྱ་ཛཾ་བྷ་ལཿ དངོས་གྲུབ་རྩོལ་ཕྱིར་ཕྱག་འཚལ་ཞིངཿ མེ་ཏོག་བདུག་སྤོས་སྣང་གསལ་དངཿ ཞལ་ཟས་རོལ་མོ་ལ་སོགས་པའིཿ ཕྱིད་ནང་གསང་བའི་མཆོད་པ་བཞེསཿ བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝིཏྱ་ཤཔྟ་རུ་པ་ཤཔྟ་གྷནྡྷེ་ར་ས་སྤརྴེ་པུ་ཛ་ཨཱཿཧཱུྃཿ «བསྟོད་པ་བྱ་བ་འདི་ལྟ་སྟེཿ »ཧཱུྃཿ དངོས་གྲུབ་མཆོག་སྩོལ་དཔལ་ལྡན་ཛཾ་བྷ་ལཿ འགྲོ་ཀུན་དབུལ་བའི་སྡུག་བསྔལ་ལས་འགྲོལ་ཞིངཿ ཟག་མེད་བདེ་བ་མཆོག་ལ་འགོད་མཛད་པའིཿ ཡིད་བཞིན་ནོར་བུ་དཔལ་ལ་ཕྱག་འཚལ་བསྟོདཿ« འཛབ་གྱི་བཟླས་པ་འདི་ལྟར་བྱཿ »རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཏེར་སྲུང་གི་ཐུགས་རྒྱུད་བསྐུལཿ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུརཿ ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱཿ «ལས་ལ་སྦྱོར་པའི་བསྙེན་དམིགས་ནིཿ »རང་ཉིད་པདྨ་རཱ་ཛ་ཡིཿ ཐུགས་ལས་འོད་དམར་འཕྲོས་པ་ཡིསཿ ཛཾ་ལྷའི་ཐུགས་དམ་རྒྱུད་བསྐུལ་ཏེཿ འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོསཿ ཁམས་གསུམ་མི་ནོར་ལོངས་སྤྱོད་བཀུགཿ མེར་མེར་ཁྲིག་ཁྲིག་གང་བར་གྱུརཿ «རྩ་སྔགས། »ཡེ་སྡུས་སྡུས་སརྦ་ཝ་ཤཾ་ཀུ་རུ་རུ་ཧོཿ «ཅེས་བཟླས་དམིགས་པ་དྲག་ཏུ་གཅུནཿ མཆོག་ཐུན་དངོས་གྲུབ་ཐོབ་པར་འགྱུརཿ ཐུན་མཚམས་གཏོར་མ་འབུལ་བ་ནིཿ འོ་ཕུད་བྲན་ལ་བསང་སྦྱངས་བྱཿ» རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུརཿ «ཞེས་བརྗོད་གཏོར་མ་འབུལ་བ་ནིཿ »ཧཱུྃཿ རང་གི་མདུན་དུ་རིན་ཆེན་ཕོ་བྲང་དབུསཿ པད་ཉི་དང་ནི་གནོད་སྦྱིན་བསྣོལ་བའི་སྟེངཿ ནོར་གྱི་བདག་པོ་ཨཱརྱ་ཛཾ་བྷ་ལཿ སྐུ་མདོག་སེར་པོ་བརྗིད་པའི་ཉམས་དང་ལྡནཿ ཕྱག་གཡས་རིན་ཆེན་གཏེར་གྱི་བུམ་པ་འཛིནཿ གཡོན་པས་མི་ཟད་ནེའུ་ལེའི་སྐྱལ་པ་བསྣམསཿ རིན་པོ་ཆེ་དང་དར་ཟབ་དུ་མས་བརྒྱནཿ འཁོར་དང་བཅས་པ་གནས་འདིར་གཤེགས་ནས་ཀྱངཿ དམ་རྫས་གཏོར་མ་འོ་ཆོལ་མཆོད་པ་བཞེསཿ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལཿ མ་ཧཱ་བྷ་ལིང་ཏ་ཁཱ་ཧིཿ «ཞེས་བརྗོད་འོཿ ཕུད་སྦྲེང་བྱས་ལཿ »མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་བདུད་རྩི་ཕུད་ཀྱི་མཆོད་པ་འདི་ཉིད་འབུལ་ཞིངཿ མཆོད་པའི་གནས་ནི་ནོར་བདག་ཨརྱ་ཛཾ་བྷ་ལ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོཿ མཆོད་དོཿ དགྱེས་པར་བཞེས་ལཿ བདག་ཅག་སྒྲུབ་པ་པོའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་དར་ཞིང་རྒྱས་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་བར་མཛད་དུ་གསོལཿ ཨོཾ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡེ་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ «ཞེས་བརྗོད་བསྟོད་པ་བྱ་བ་ནིཿ »ཧཱུྃཿ དངོས་གྲུབ་སྟེར་མཛད་ཨཱརྱ་ཛཾ་བྷ་ལཿ སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པཿ བརྗིད་པའི་ཉམས་ཅན་གཏེར་བུམ་ནོར་རྐྱལ་འཛིནཿ གནོད་སྦྱིན་དབང་སྒྱུར་གཙོ་ལ་ཕྱག་འཚལ་བསྟོདཿ རཏྣའི་མདོག་ཅན་ཞབས་གཉིས་འདོར་སྟབས་བཞུགསཿ རིན་པོ་ཆེ་དང་དར་ཟབ་སྣ་ཚོགས་བརྒྱནཿ སྨོན་ལམ་སྟོབས་ཀྱིས་དབུལ་བའི་འཇིགས་ལས་སྒྲོལཿ ལྷ་ཆེན་མཐུ་བོ་ཆེ་ལ་ཕྱག་འཚལ་བསྟོདཿ འཇིག་རྟེན་ལས་འདས་མངོན་པར་བྱང་ཆུབ་ཀྱངཿ གང་འདུལ་ཐབས་ཀྱིས་སྐུར་བཞེངས་ཛཾ་བྷ་ལཿ སྔོན་གྱི་ཐ་ཚིག་འགྲོ་ཀུན་བདེ་ལ་སྦྱོརཿ ཡིད་བཞིན་ནོར་བུ་དཔལ་ལ་ཕྱག་འཚལ་བསྟོདཿ བདག་ཅག་འཁོར་བཅས་ཚེ་བསོད་སྤེལ་བ་དངཿ ཁམས་གསུམ་སྐྱེ་དགུ་དཔལ་འབྱོར་ལོངས་སྤྱོད་ཚོགསཿ རང་དབང་མེད་པར་མྱུར་ཁུག་སྟོབས་འབྱོར་བསྐྱེདཿ བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པར་ཤོགཿ« ཅེས་བརྗོད་ནོངས་བཤགས་གཏོར་མ་གཤེགསཿ ས་འོག་གཏེར་དང་ས་སྟེང་ནོརཿ བརྟན་པ་འཕྲོག་ཅིང་དབང་དུ་འདུཿ གཏེར་སྲུང་སྒྲུབ་ཐབས་མཐར་ཐུག་ནིཿ རིག་འཛིན་མཐུ་སྟོབས་བདུད་འདུལ་གྱིསཿ ཕྲལ་མར་ཕབ་པ་ཨ་ཐཾ་རྒྱཿ རྒྱ་རྒྱ་རྒྱཿ | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 08:48, 2 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | mdo mkhyen brtse bka' 'bum Volume 7, Text 73, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | ||
Genre |