DKYD-KABUM-07-JA-011: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། །རཾ་ཡཾ་ཁཾཿ བསང་རྫས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཀྱེ་རང་བཞིན་རྣམ་དག་འཕྲུལ་གྱི་གཞལ་ཡས་ནསཿ ཡབ་ཆེན་གཉན་གྱི་རྒྱལ་པོ་ཐོད་པ་རྩལཿ སྐུ་མདོག་སྔོན་པོ་བཻཌཱུརྱ་ཡི་མདོགཿ ཕྱག་གཡས་རྒྱལ་མཚན་གཡོན་པས་ནེའུ་ལེ་འཛིནཿ པད་ཉིའི་གདན་ཁར་རྒྱལ་པོ་རོལ་སྟབས་བཞུགསཿ དགྱེས་ཡུམ་ཆགས་པའི་ལྷ་མོ་དཀར་གསལ་མདངསཿ གཡས་པས་མདའ་དར་གཡོན་ན་ནོར་གཞུང་འཛིནཿ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ལྟར་འབེབས། འཁོར་དུ་རང་འདྲ་ལྷ་མོ་བརྒྱད་ཀྱིས་བསྐོརཿ དེ་སྲས་གཉན་ཆེན་རྡོ་རྗེ་དྲག་པོ་རྩལཿ རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་གཡུ་སྔོན་ཆིབསཿ དེ་འོག་སྲས་མཆོག་རྡོ་རྗེ་དགྲ་འཇོམས་རྩལཿ རྟ་ནག་བཅིབས་ཤིང་སྟོང་གསུམ་སྐད་ཅིག་བསྐོརཿ དེ་འོག་སྲས་ནི་རྡོ་རྗེ་ཐོགས་མེད་རྩལཿ རྟ་མཆོག་དམར་གྭ་རླུང་གི་གཤོག་ལྡན་བཅིབསཿ དེ་འོག་སྲས་ཆུང་རྡོ་རྗེ་ལས་དབང་རྩལཿ རྟ་མཆོག་ངང་དཀར་བཅིབས་ཤིང་དངོས་གྲུབ་སྟེརཿ དེ་སྲས་ལས་ལ་དབང་སྒྱུར་མཐུ་བོ་ཆེཿ རྡོ་རྗེ་གཡུ་ཁྲོམ་ཁམས་གསུམ་སྲོག་ལ་རྔམསཿ མྱུར་མགྱོགས་ཤུགས་ལྡན་རྟ་དཀར་སྟེང་ན་འགྱིངསཿ སྤྲུལ་པའི་འཁོར་ཚོགས་བྱེ་བ་དུང་ཕྱུར་བཅསཿ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ཚོགསཿ འབོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ སྤྲུལ་པའི་གཞལ་ཡས་འདི་ལ་དགྱེས་པར་བཞུགསཿ དེ་རིང་མགྲོན་རིགས་འཁོར་བཅས་མཉེས་པའི་རྫསཿ འབྱུང་བའི་དྭངས་མ་ལྷ་ཤིང་སྣ་ཚོགས་རིགསཿ ཙན་དན་ལ་སོགས་སྨན་སྤོས་དར་ཟབ་དངཿ དཀར་གསུམ་མངར་གསུམ་འབྲུ་སྣ་ཕྱེ་མར་སྦྱརཿ བསྲེགས་པའི་དྭངས་མ་དྲི་ཞིམ་བསང་གི་རྫསཿ ས་འོག་ས་སྟེང་ས་བླར་ཡོངས་ཁྱབ་པཿ འདོད་པའི་ཡོན་ཏན་ལྔ་ཡི་སྤྲིན་ཕུང་འདིསཿ ཡབ་ཆེན་གཉན་གྱི་རྒྱལ་པོ་བསང་གྱུར་ཅིག ཿདགྱེས་ཡུམ་ཆགས་པའི་ལྷ་མོ་བསང་གྱུར་ཅིག ཿའཁོར་དུ་ལྷ་མོ་མཆེད་བརྒྱད༴ དེ་སྲས་རྡོ་རྗེ་དྲག་རྩལ༴ སྲས་མཆོག་རྡོ་རྗེ་དགྲ་འཇོམས༴ སྤྲུལ་སྲས་རྡོ་རྗེ་ཐོགས་མེད༴ སྲས་ཆུང་རྡོ་རྗེ་ལས་དབང་༴ ཡང་སྲས་རྡོ་རྗེ་གཡུ་ཁྲོམ༴ སྤྲུལ་འཁོར་བྱེ་བ་དུང་ཕྱུར༴ བཀའ་ཡི་ལྷ་སྲིན་སྡེ་བརྒྱད༴ ཕྱི་ནང་གསང་བའི་དྲེགས་ཚོགས་བསང་གྱུར་ཅིགཿ ལྷ་ཤིང་བསང་གི་དུད་པས་སངས་གྱུར་ཅིག ཿགསེར་སྐྱེམས་གཡུ་སྐྱེམས་མཆོད་པས་ཚིམས་གྱུར་ཅིག ཿའདོད་པའི་ཡོན་ཏན་ལྔ་ཡིས་མཉེས་གྱུར་ཅིག ཿབསང་དང་ཞི་བའི་མཆོད་པ་རྒྱ་ཆེན་གྱིསཿ དྲེགས་ལྡན་ཚོགས་ལ་ཕྲིན་ལས་བཅོལ་བ་ནིཿ སྔོན་ཚེ་པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ད་ལྟ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོདཿ དམ་ལྡན་སྐྱོང་ལ་དམ་ཉམས་དགྲ་བོ་སྒྲོལཿ དམ་ཉམས་དགྲ་བོ་མྱུར་དུ་མ་བསྒྲལ་ན༔ ཁྱོད་ཅག་དམ་ཚིག་ཉམས་པའི་བཀའ་ཆད་ཀྱིསཿ རྡོ་རྗེ་དམྱལ་བའི་གནས་སུ་ལྟུང་ཏ་རེཿ དེ་བས་དམ་ཚིག་ཉམས་སུ་མ་ཆུག་པརཿ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བོ་འདིཿ ལོ་དང་ཟླ་བ་ཞག་ཏུ་མི་འགྱང་བར༔ དགྲ་ཤ་ཟས་ཟོས་དགྲ་ཁྲག་སྐོམ་དུ་འཐུངཿ དགྲ་བོའི་ཡུལ་ཁམས་ཐམས་ཅད་ཕུངས་སུ་ཆུག ཿདགྲ་མཁར་ཐོག་བཤིག་མཐའ་རྩ་སྐྱེ་རྒྱུད་ཆོདཿ སྒོ་ང་བྲག་ལ་བརྡབ་པ་ཇི་བཞིན་དུཿ དགྲ་བོ་ཕོ་རྒྱུད་ཐམས་ཅད་རྩད་ནས་ཆོདཿ ལོ་ཐོག་སེར་བས་བཅོམ་པ་ཇི་བཞིན་དུཿ དགྲ་བོ་མོ་རྒྱུད་ཐམས་ཅད་མངལ་ནས་སྐོམཿ རྩྭ་ཕུང་མེ་དང་བྲག་རིར་ཐོག་བབ་བཞིནཿ དགྲ་བོའི་ཡུལ་ཁམས་ཐལ་བར་བརླགས་ནས་ཀྱངཿ བདག་གི་འདོད་པའི་དོན་རྣམས་མྱུར་འགྲུབ་མཛོདཿ «ཅེས་པའང་གཞན་རྒོལ་གདུགས་པས་ཐོ་འཚམས་པའི་དུས་སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་དངོས་སུ་བསྟན་དགྲ་གདུགས་པ་འདུལ་བའི་ཁས་བླངས་སྲོག་གི་སྙིང་པོ་ཕུལ་བ་ལ་བསྟེན་ནས་ཌཱཀྐི་བདེ་ལྡན་ལྷ་མོས་ཐོལ་བྱུང་དུ་སྤེལ་བ་ལྟར་ཡི་གེའི་རིགས་བྱེད་གྲོགས་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་འདིས་ཀྱང་བསྟན་དགྲ་གདུག་པ་ཅན་ཚར་དུ་གཅོད་པའི་ནུས་ལྡན་དུ་གྱུར་ཅིག་གུ།  
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=011
|pdflink=File:DKYD-KABUM-07-JA-011.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །རཾ་ཡཾ་ཁཾཿ བསང་རྫས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཀྱེ་རང་བཞིན་རྣམ་དག་འཕྲུལ་གྱི་གཞལ་ཡས་ནསཿ ཡབ་ཆེན་གཉན་གྱི་རྒྱལ་པོ་ཐོད་པ་རྩལཿ སྐུ་མདོག་སྔོན་པོ་བཻཌཱུརྱ་ཡི་མདོགཿ ཕྱག་གཡས་རྒྱལ་མཚན་གཡོན་པས་ནེའུ་ལེ་འཛིནཿ པད་ཉིའི་གདན་ཁར་རྒྱལ་པོ་རོལ་སྟབས་བཞུགསཿ དགྱེས་ཡུམ་ཆགས་པའི་ལྷ་མོ་དཀར་གསལ་མདངསཿ གཡས་པས་མདའ་དར་གཡོན་ན་ནོར་གཞུང་འཛིནཿ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ལྟར་འབེབས། འཁོར་དུ་རང་འདྲ་ལྷ་མོ་བརྒྱད་ཀྱིས་བསྐོརཿ དེ་སྲས་གཉན་ཆེན་རྡོ་རྗེ་དྲག་པོ་རྩལཿ རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་གཡུ་སྔོན་ཆིབསཿ དེ་འོག་སྲས་མཆོག་རྡོ་རྗེ་དགྲ་འཇོམས་རྩལཿ རྟ་ནག་བཅིབས་ཤིང་སྟོང་གསུམ་སྐད་ཅིག་བསྐོརཿ དེ་འོག་སྲས་ནི་རྡོ་རྗེ་ཐོགས་མེད་རྩལཿ རྟ་མཆོག་དམར་གྭ་རླུང་གི་གཤོག་ལྡན་བཅིབསཿ དེ་འོག་སྲས་ཆུང་རྡོ་རྗེ་ལས་དབང་རྩལཿ རྟ་མཆོག་ངང་དཀར་བཅིབས་ཤིང་དངོས་གྲུབ་སྟེརཿ དེ་སྲས་ལས་ལ་དབང་སྒྱུར་མཐུ་བོ་ཆེཿ རྡོ་རྗེ་གཡུ་ཁྲོམ་ཁམས་གསུམ་སྲོག་ལ་རྔམསཿ མྱུར་མགྱོགས་ཤུགས་ལྡན་རྟ་དཀར་སྟེང་ན་འགྱིངསཿ སྤྲུལ་པའི་འཁོར་ཚོགས་བྱེ་བ་དུང་ཕྱུར་བཅསཿ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ཚོགསཿ འབོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ སྤྲུལ་པའི་གཞལ་ཡས་འདི་ལ་དགྱེས་པར་བཞུགསཿ དེ་རིང་མགྲོན་རིགས་འཁོར་བཅས་མཉེས་པའི་རྫསཿ འབྱུང་བའི་དྭངས་མ་ལྷ་ཤིང་སྣ་ཚོགས་རིགསཿ ཙན་དན་ལ་སོགས་སྨན་སྤོས་དར་ཟབ་དངཿ དཀར་གསུམ་མངར་གསུམ་འབྲུ་སྣ་ཕྱེ་མར་སྦྱརཿ བསྲེགས་པའི་དྭངས་མ་དྲི་ཞིམ་བསང་གི་རྫསཿ ས་འོག་ས་སྟེང་ས་བླར་ཡོངས་ཁྱབ་པཿ འདོད་པའི་ཡོན་ཏན་ལྔ་ཡི་སྤྲིན་ཕུང་འདིསཿ ཡབ་ཆེན་གཉན་གྱི་རྒྱལ་པོ་བསང་གྱུར་ཅིག ཿདགྱེས་ཡུམ་ཆགས་པའི་ལྷ་མོ་བསང་གྱུར་ཅིག ཿའཁོར་དུ་ལྷ་མོ་མཆེད་བརྒྱད༴ དེ་སྲས་རྡོ་རྗེ་དྲག་རྩལ༴ སྲས་མཆོག་རྡོ་རྗེ་དགྲ་འཇོམས༴ སྤྲུལ་སྲས་རྡོ་རྗེ་ཐོགས་མེད༴ སྲས་ཆུང་རྡོ་རྗེ་ལས་དབང་༴ ཡང་སྲས་རྡོ་རྗེ་གཡུ་ཁྲོམ༴ སྤྲུལ་འཁོར་བྱེ་བ་དུང་ཕྱུར༴ བཀའ་ཡི་ལྷ་སྲིན་སྡེ་བརྒྱད༴ ཕྱི་ནང་གསང་བའི་དྲེགས་ཚོགས་བསང་གྱུར་ཅིགཿ ལྷ་ཤིང་བསང་གི་དུད་པས་སངས་གྱུར་ཅིག ཿགསེར་སྐྱེམས་གཡུ་སྐྱེམས་མཆོད་པས་ཚིམས་གྱུར་ཅིག ཿའདོད་པའི་ཡོན་ཏན་ལྔ་ཡིས་མཉེས་གྱུར་ཅིག ཿབསང་དང་ཞི་བའི་མཆོད་པ་རྒྱ་ཆེན་གྱིསཿ དྲེགས་ལྡན་ཚོགས་ལ་ཕྲིན་ལས་བཅོལ་བ་ནིཿ སྔོན་ཚེ་པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ད་ལྟ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོདཿ དམ་ལྡན་སྐྱོང་ལ་དམ་ཉམས་དགྲ་བོ་སྒྲོལཿ དམ་ཉམས་དགྲ་བོ་མྱུར་དུ་མ་བསྒྲལ་ན༔ ཁྱོད་ཅག་དམ་ཚིག་ཉམས་པའི་བཀའ་ཆད་ཀྱིསཿ རྡོ་རྗེ་དམྱལ་བའི་གནས་སུ་ལྟུང་ཏ་རེཿ དེ་བས་དམ་ཚིག་ཉམས་སུ་མ་ཆུག་པརཿ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བོ་འདིཿ ལོ་དང་ཟླ་བ་ཞག་ཏུ་མི་འགྱང་བར༔ དགྲ་ཤ་ཟས་ཟོས་དགྲ་ཁྲག་སྐོམ་དུ་འཐུངཿ དགྲ་བོའི་ཡུལ་ཁམས་ཐམས་ཅད་ཕུངས་སུ་ཆུག ཿདགྲ་མཁར་ཐོག་བཤིག་མཐའ་རྩ་སྐྱེ་རྒྱུད་ཆོདཿ སྒོ་ང་བྲག་ལ་བརྡབ་པ་ཇི་བཞིན་དུཿ དགྲ་བོ་ཕོ་རྒྱུད་ཐམས་ཅད་རྩད་ནས་ཆོདཿ ལོ་ཐོག་སེར་བས་བཅོམ་པ་ཇི་བཞིན་དུཿ དགྲ་བོ་མོ་རྒྱུད་ཐམས་ཅད་མངལ་ནས་སྐོམཿ རྩྭ་ཕུང་མེ་དང་བྲག་རིར་ཐོག་བབ་བཞིནཿ དགྲ་བོའི་ཡུལ་ཁམས་ཐལ་བར་བརླགས་ནས་ཀྱངཿ བདག་གི་འདོད་པའི་དོན་རྣམས་མྱུར་འགྲུབ་མཛོདཿ «ཅེས་པའང་གཞན་རྒོལ་གདུགས་པས་ཐོ་འཚམས་པའི་དུས་སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་དངོས་སུ་བསྟན་དགྲ་གདུགས་པ་འདུལ་བའི་ཁས་བླངས་སྲོག་གི་སྙིང་པོ་ཕུལ་བ་ལ་བསྟེན་ནས་ཌཱཀྐི་བདེ་ལྡན་ལྷ་མོས་ཐོལ་བྱུང་དུ་སྤེལ་བ་ལྟར་ཡི་གེའི་རིགས་བྱེད་གྲོགས་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་འདིས་ཀྱང་བསྟན་དགྲ་གདུག་པ་ཅན་ཚར་དུ་གཅོད་པའི་ནུས་ལྡན་དུ་གྱུར་ཅིག་གུ།  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:46, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 11, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]