DKYD-KABUM-03-GA-033: Difference between revisions
From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-033
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༁ྃཿ སྐུ་གསུམ་བླ་མའི་རྣལ་འབྱོར་ཟབ་ལམ་སྒོ་འབྱེད་ཅེས་བྱ་བ་བཞུགསཿ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=03 | |||
|volumeLetter=GA | |||
|textnuminvol=033 | |||
|pdflink=File:DKYD-KABUM-03-GA-033.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༁ྃཿ སྐུ་གསུམ་བླ་མའི་རྣལ་འབྱོར་ཟབ་ལམ་སྒོ་འབྱེད་ཅེས་བྱ་བ་བཞུགསཿ | |||
«༁ྃཿ ཨེ་མ་ཧོཿ བྱིན་རླབས་དངོས་གྲུབ་ཀུན་ཀྱི་གནདཿ ཟབ་ལམ་དབང་གི་སྣོད་རུང་ཕྱིརཿ སྐུ་གསུམ་བླ་མའི་རྣལ་འབྱོར་འདིཿ སྐལ་བ་ཅན་གྱི་སྤྱོད་ཡུལ་ལོ། ས་མ་ཡཱཿ རྒྱ་རྒྱ་རྒྱཿ »ཨེ་མ་ཧོཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམཿ དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་བཅསཿ ཀུན་འདུས་རྗེ་བཙུན་མ་ཧཱ་གུ་རུ་ལཿ མོས་གུས་དྲག་པོས་སྙིང་ནས་སྐྱབས་སུ་མཆིཿ «ལན་གསུམཿ »མཐའ་མེད་འཁོར་བར་འཁྱམས་པའི་ཕ་མ་ཀུནཿ རང་རིག་སྐུ་གསུམ་ས་ལ་འགོད་པའི་ཕྱིརཿ སྣང་སྲིད་རྣམ་དག་བླ་མའི་དཀྱིལ་འཁོར་དངཿ སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པར་བགྱིཿ« ལན་གསུམཿ »ཨེ་མ་ཧོཿ དབྱིངས་རིག་དབྱེར་མེད་སྟོང་གསལ་དག་པའི་ཞིངཿ སྣང་བས་གར་ཁྱབ་བདེ་ཆེན་པདྨ་འོདཿ གནས་ཡུལ་དུར་ཁྲོད་བཀོད་པ་རྫོགས་པའི་དབུསཿ སྣ་ཚོགས་ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུཿ རང་ཉིད་དུས་གསུམ་རྒྱལ་བ་ཀུན་ཀྱི་ཡུམཿ གསང་བ་ཡེ་ཤེས་གནས་གསུམ་མཁའ་འགྲོའི་གཙོཿ རྣམ་པ་མཁར་ཆེན་མཚོ་རྒྱལ་དབུས་མོའི་ཚུལཿ དཀར་དམར་མདངས་ལྡན་བཅུ་དྲུག་ན་ཚོད་ཅནཿ ནུ་འབུར་དང་ནི་གསང་བའི་པདྨ་རྒྱས༔ གནག་སྣུམ་དབུ་སྐྲ་སིལ་མ་རྒྱབ་ཏུ་བསྙིལཿ གསེར་གཡུ་མུ་ཏིག་མེ་ཏོག་ཕྲེང་བས་མཛེསཿ སྐུ་ལ་དར་དཀར་དྲི་མེད་གསང་གོས་སྟེངཿ དར་སྨུག་ན་བཟའ་སྣ་ཚོགས་པང་ཁེབ་གསོལཿ གསེར་སྐེད་རིན་ཆེན་དྲིལ་གཡེར་འཕྱང་འཕྲུལ་སྤྲསཿ སྟེང་གོས་སྔོ་ལྗང་དར་གྱི་གཡང་ལུག་དངཿ ལེ་བརྒན་དམར་པོའི་སྟོད་གཡོགས་འཕྱངས་ཐབས་དཀྲིསཿ ཞབས་གཅིག་གཡོན་བརྐྱང་དཔའ་མོའི་རོལ་སྟབས་བཞུགསཿ ཕྱག་གཡས་ཐོད་རྔས་རྩ་གསུམ་ལྷ་ཚོགས་བསྐུལཿ གཡོན་པས་ཐོད་ཆང་མཆོད་པའི་ཚུལ་གྱིས་འཛིནཿ སྤྱན་གཉིས་ཞི་འཛུམ་ནམ་མཁའི་མཐོངས་ལ་གཟིགསཿ རང་མདུན་ནམ་མཁར་པད་སྡོང་རྒྱས་པའི་རྩེརཿ ལྔ་ལྡན་འཇའ་ཡི་གུར་ཁང་གསུམ་རིམ་དབུསཿ འདབ་སྟོང་གེ་སར་ཉི་ཟླའི་དཀྱིལ་འཁོར་སྟེངཿ རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆངཿ གཞོན་ནུ་ལང་ཚོ་མཚན་དཔེའི་དཔལ་འབར་བཿ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་བའི་སྟབསཿ ཕྱག་གཡས་རྡོ་རྗེ་གཡོན་པས་བྷནྡྷ་བསྣམསཿ སྐུ་ལ་གསང་གོས་ཟ་བེར་སྣམ་སྦྱར་གསོལཿ དབུ་ཞྭ་མཐོང་གྲོལ་འདབས་ལྡན་རིགས་ལྔས་མཛེསཿ དགྱེས་ཆགས་འཛུམ་པའི་སྤྱན་གྱིས་རང་ལ་གཟིགསཿ དེ་ཡི་དབུ་གཙུག་པད་དཀར་ཟླ་བའི་སྟེངཿ འཇིག་རྟེན་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགསཿ དཀར་གསལ་ཞི་འཛུམ་པད་དཀར་བགྲང་ཕྲེང་འཛིནཿ དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་བཞུགསཿ དེ་ཡི་སྤྱི་བོར་རིགས་བདག་འོད་དཔག་མེདཿ སྐུ་མདོག་དམར་པོ་ཆོས་གོས་རྣམ་གསུམ་གསོལཿ ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བདུད་རྩིས་གངཿ ཞབས་གཉིས་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགསཿ མཐའ་བསྐོར་སངས་རྒྱས་བྱང་སེམས་རིག་པ་འཛིནཿ དཔའ་བོ་ཌཱཀྐི་ཆོས་སྐྱོང་སྲུང་མའི་ཚོགསཿ དཔག་མེད་ཏིལ་གྱི་གང་བུ་ཁ་ཕྱེས་བཞིནཿ སྣང་སྟོང་མ་འདྲེས་འོད་ཀྱི་སྐུ་རུ་གསལཿ རང་ཉིད་མཚོ་རྒྱལ་སྤྱི་བོར་པད་ཟླའི་སྟེངཿ རྒྱལ་ཡུམ་སྒྲོལ་མ་སྔོ་ལྗང་ལྷ་མོའི་ཆསཿ ཕྱག་གཡོན་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤལ་ལ་གནས་ཚེ་ཡི་བུམ་པ་འཛིནཿ གཡས་པ་མཆོག་སྦྱིན་ཞབས་གཉིས་རྟ་བབས་ཚུལཿ མཐིང་ཞུན་འོད་ཀྱི་གུར་ཁྱིམ་དབུས་སུ་བཞུགསཿ སྟེང་ཕྱོགས་ནམ་མཁའི་ངོས་ནས་ལྷ་རྣམས་ཀྱིསཿ སྣ་ཚོགས་མེ་ཏོག་བདུད་རྩིའི་ཆར་པ་འབེབསཿ ཕྱོགས་མཚམས་མཆོད་པའི་ལྷ་མོ་སྤྲིན་ལྟར་གཏིབསཿ བསྟོད་དབྱངས་མཆོད་པའི་རྫས་ཀྱིས་བར་སྣང་གངཿ དུ་མར་སྣང་ཡང་ཡེ་ཤེས་ཀློང་དུ་གཅིགཿ དེ་ལྟར་གསལ་བའི་བདག་མདུན་ལྷ་རྣམས་ཀྱིསཿ སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོཿ མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོཿ ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོཿ རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་ལཿ འོད་འཕྲོས་འོག་མིན་ཞིང་དང་བདེ་བ་ཅནཿ པོ་ཊ་ལ་དང་པདྨ་འོད་སོགས་ནསཿ བླ་མ་སྐུ་གསུམ་མཁའ་འགྲོའི་ཚོགས་དང་བཅསཿ ཐུགས་དམ་རྒྱུད་བསྐུལ་ཆར་སྤྲིན་གཏིབས་པ་བཞིནཿ ཐོགས་མེད་ཐུགས་རྗེའི་སྟོབས་ཀྱིས་འདིར་གཤེགས་ཤིགཿ བཛྲ་ས་མ་ཡ་ཛཿ ཧྲཱིཿ རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ཁམས་ནསཿ རིགས་འདུས་མ་ཧཱ་གུ་རུ་གཤེགས་སུ་གསོལཿ ལྷོ་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་ནསཿ རྗེ་བཙུན་སྤྱན་རས་གཟིགས་མགོན་གཤེགས་སུ་གསོལཿ ནུབ་ཕྱོགས་བདེ་ལྡན་པདྨོ་བཀོད་པ་ནསཿ འདྲེན་མཆོག་འོད་དཔག་མེད་པ་གཤེགས་སུ་གསོལཿ གཡུ་ལོ་བཀོད་དང་སེང་ལྡེང་ནགས་སོགས་ནསཿ ལྷ་མོ་སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལཿ ཨོ་རྒྱན་ཡུལ་དང་མཁའ་སྤྱོད་གནས་མཆོག་ནསཿ རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གཤེགས་སུ་གསོལཿ གཞན་ཡང་སངས་རྒྱས་བྱང་སེམས་རྩ་གསུམ་དངཿ ཌཱཀྐི་ཆོས་སྲུང་དམ་ཅན་ཚོགས་བཅས་རྣམསཿ སྣང་སྟོང་སྐུ་ཡི་གར་སྟབས་ལམས་སེ་ལམཿ གྲགས་སྟོང་གསུང་གི་བརྡ་སྐད་དི་རི་རིཿ བདེ་སྟོང་ཟག་མེད་ཡེ་ཤེས་ཏ་ལ་ལཿ ཏིང་འཛིན་སྤྲུལ་པའི་གནས་འདིར་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལཿ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལཿ དབང་དང་དངོས་གྲུབ་མ་ལུས་དེང་འདིར་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཧྲིང་ཧྲིང་ཿ ཕེམ་ཕེམཿ ཛཿཧཱུྃ་བྃ་ཧོཿ ཧྲིངཿ དམ་ཚིག་དང་ནི་ཡེ་ཤེས་དབྱེར་མེད་པརཿ ཆུ་ལ་ཆུ་བཞག་ཇི་བཞིན་གཉིས་མེད་ཐིམཿ འཁོར་འདས་རོ་གཅིག་ཐིག་ལེ་ཆེན་པོའི་ངངཿ ལྷུན་གྲུབ་དྲན་པའི་ངོ་བོར་བཞུགས་གསོལ་འདེབསཿ བཛྲ་ས་མ་ཡ་ཏིཥྛ་ལྷནཿ ཧོཿ བདག་དང་ལྷ་ལ་བཟང་ངན་མ་མཆིས་ཀྱངཿ འཇིག་རྟེན་སྲིད་ཞུ་གུས་པའི་ཚུལ་ཙམ་དུཿ རྡུལ་སྙེད་ལུས་སྤྲུལ་འཕྲུལ་དགའི་རྣམ་རོལ་བཞིནཿ སྒོ་གསུམ་བརྡ་དང་གར་གྱི་ཕྱག་གིས་འདུདཿ ན་མོ་ན་མ་ཧཱུྃཿ ཧོཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་གཉིས་རྫོགས་ཕྱིརཿ རང་ལས་སྤྲུལ་པའི་ལྷ་མོ་དཔག་མེད་ཀྱིསཿ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན་བཀོད་པསཿ བླ་མ་སྐུ་གསུམ་མཁའ་འགྲོའི་ཚོགས་བཅས་མཆོདཿ མེ་ཏོག་སྤོས་དང་སྣང་གསལ་དྲི་ཡི་ཆབཿ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔཿ སྨན་གཏོར་རཀྟ་ཚོགས་ཀྱི་འཁོར་ལོའི་རྫསཿ བདེ་སྟོང་གསང་སྤྱོད་རྡོ་རྗེའི་གླུ་གར་འབུལཿ ཁྱད་པར་ཨེ་ཝཾ་གསང་བའི་དཀྱིལ་འཁོར་དུཿ རང་བྱུང་བདུད་རྩི་ལྔ་ཡི་ཆག་ཆག་བཏབཿ ཐབས་ཤེས་ཉི་ཟླའི་རྫས་ཀྱི་ཚོམས་བུ་བཀོདཿ མཆོག་གི་འདོད་ཡོན་ལྔ་ཡི་རབ་བརྒྱན་ཏེཿ བླ་མ་སྐུ་གསུམ་མཁའ་འགྲོའི་ལྷ་ཚོགས་ལཿ བདེ་ཆེན་དགའ་བཞིའི་ཡེ་ཤེས་བསྐྱེད་པའི་ཕྱིརཿ གསང་བ་བླ་མེད་སྔགས་ཀྱི་མཎྜལ་འབུལཿ ཟག་མེད་དགྱེས་པ་ཆེན་པོར་བཞེས་སུ་གསོལཿ ཨོཾ་སརྦ་པཱུ་ཙ་མེ་གྷ་ས་མ་ཡེ་ཧཱུྃཿ གུ་ཧྱེ་ཛྙཱ་ན་མ་ཧཱ་སུ་ཁ་མཎྜ་ལ་ཧཱུྃཿ ཧོཿ སྐུ་གསུམ་བླ་མ་མཁའ་འགྲོའི་ལྷ་ཚོགས་ཀྱིཿ སྐུ་གསུང་ཐུགས་ནི་དཀོན་མཆོག་གསུམ་གྱི་ངངཿ གདོད་ནས་རང་རིག་བདེ་བ་ཆེན་པོ་དངཿ དབྱེར་མེད་ལྷུན་རྫོགས་ཆེན་པོར་བསྟོད་པར་བགྱིཿ གང་གི་དྲིན་གྱིས་བདེ་ཆེན་ཉིདཿ སྐད་ཅིག་ཉིད་ལ་འཆར་བ་གངཿ བླ་མ་རིན་ཆེན་ལྟ་བུའི་སྐུཿ རྡོ་རྗེ་ཅན་ཞབས་པད་ལ་འདུདཿ སངས་རྒྱས་ཐམས་ཅད་འདུས་པའི་སྐུཿ རྡོ་རྗེ་འཛིན་པའི་ངོ་བོ་ཉིདཿ དཀོན་མཆོག་གསུམ་གྱི་རྩ་བ་སྟེཿ བླ་མ་རྣམས་ལ་ཕྱག་འཚལ་བསྟོདཿ «བཟླས་པ་ནིཿ »རང་ཉིད་མཚོ་རྒྱལ་ཐུགས་ཀ་རུཿ པད་སྟེང་ཉི་ཟླའི་གྭའུའི་ནངཿ བཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོརཿ མ་ཡེངས་ཏིང་འཛིན་རྩེ་གཅིག་ངངཿ ཨོཾ་ཛྙཱ་ན་ཌཱཀྐི་ནི་ཧ་རི་ནི་ས་ཧཱུྃཿ «ཅི་མང་བཟླསཿ »གུ་རུའི་ཐུགས་ཀར་པད་ཟླའི་སྟེངཿ ཧཱུྃ་མཐིང་ཐ་མར་སྔགས་ཀྱིས་བསྐོརཿ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལཿ འཕྲོ་འདུས་བྱིན་རླབས་བདག་ལ་བསྡུསཿ སྣང་སྲིད་འཁོར་འདས་སྐུ་དང་ཞིངཿ རིག་སྟོང་བདེ་བ་ཆེན་པོའི་ངངཿ གྲགས་སྟོང་སྔགས་ཀྱི་རང་སྒྲ་སྒྲོགསཿ ཨོཾ་ཨཱཿཧཱུྃ་བཛྲ་གུརུ་པདྨ་སིདྡྷི་ཧཱུྃཿ «བརྒྱ་སྟོང་ཁྲི་འབུམ་སྐབས་དང་བསྟུནཿ »འཕགས་པའི་ཐུགས་ཀར་པད་ཟླའི་སྟེངཿ ཧྲཱིཿདཀར་མཐའ་མར་སྔགས་ཀྱིས་བསྐོར༔ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལཿ འཕྲོ་འདུས་བྱིན་རླབས་བདག་ལ་བསྡུསཿ སྣང་སྲིད་འཁོར་འདས་སྐུ་དང་ཞིངཿ གྲགས་སྟོང་སྔགས་ཀྱི་རང་སྒྲ་སྒྲོགསཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ «བརྒྱ་སྟོང་ཁྲི་འབུམ་བྱེ་བ་བཟླསཿ »སྣང་མཐའི་ཐུགས་ཀ་པད་ཟླའི་སྟེངཿ ཧྲཱིཿདམར་མཐའ་མར་སྔགས་ཀྱིས་བསྐོརཿ བདག་གི༴ འཕྲོ་འདུས༴ སྣང་སྲིད༴ གྲགས་སྟོང་༴ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ «བརྒྱ་སྟོང་ཁྲི་འབུམ་ཅི་འགྲུབ་བཟླསཿ »སྒྲོལ་མའི་ཐུགས་ཀར་པད་ཟླའི་སྟེང་ཿ ཏཱཾཿལྗང་མཐའ་མར་སྔགས་ཀྱིས་བསྐོརཿ བདག་གི༴ འཕྲོ་འདུས༴ སྣང་སྲིད༴ གྲགས་སྟོང་༴ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱཿ «བརྒྱ་སྟོང་ཁྲི་འབུམ་ཅི་འདོད་བཟླསཿ དེ་རྗེས་གསོལ་བ་ཕུར་ཚུག་གདབཿ» ཨོཾ་ཨཱཿཧཱུྃཿ ཕྱོགས་བཅུ་དུས་བཞི་རྒྱལ་ཀུན་འདུས་པའི་བདགཿ བསླུ་མེད་སྐྱབས་གནས་སྐུ་གསུམ་མཁའ་འགྲོའི་ཚོགསཿ གསོལ་བ་འདེབས་སོ་འདྲེན་མཆོག་འོད་དཔག་མེདཿ ཐུགས་རྗེས་གཟིགས་ཤིང་མགོན་པོ་སྤྱན་རས་གཟིགསཿ བྱིན་གྱིས་རློབས་ཤིག་རིག་འཛིན་པདྨ་འབྱུངཿ འཇིགས་བརྒྱད་སྐྱོབས་ཤིག་ཨཱརྱ་ཏཱ་རེ་མཿ ཉམས་རྟོགས་སྤོར་ཅིག་སངས་རྒྱས་པདྨའི་ལྕམཿ བར་ཆད་སོལ་ཅིག་མཁའ་འགྲོ་ཆོས་སྐྱོང་རྣམསཿ ཚེ་འདིར་མི་མཐུན་རྒུད་པ་ཀུན་ཞི་ནསཿ ཅི་བསམ་དོན་རྣམས་ལྷུན་གྱིས་འགྲུབ་པ་དངཿ ཕྱི་མ་མཁའ་སྤྱོད་གནས་སུ་ལམ་སྣ་དྲོངསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ «གྲངས་མང་བརྗོདཿ »སྐུ་གསུམ་ལྷ་ཚོགས་འོད་ཀྱི་ཕུང་པོར་ཞུཿ སྐྱབས་གནས་ཀུན་འདུས་གུ་རུའི་སྐུ་ལ་ཐིམཿ གུ་རུའི་གནས་གསུམ་འབྲུ་གསུམ་མཚན་པ་ལསཿ འོད་འཕྲོས་བདག་གི་སྤྱི་མགྲིན་སྙིང་གར་བཞུགསཿ སྒོ་གསུམ་སྒྲིབ་དག་གསང་གསུམ་བྱིན་རླབས་ཐོབཿ བླ་མ་འོད་ཞུ་རང་དང་དབྱེར་མེད་འདྲེསཿ ད་ལྟའི་ཤེས་པ་བློ་བྲལ་རྗེན་པའི་ངངཿ མ་བཅོས་ལྷན་སྐྱེས་བདེ་བ་ཆེན་པོར་བཞགཿ ཨ་ཨཱཿ «རྗེས་སྣང་གང་ཤར་བླ་མའི་དཀྱིལ་འཁོར་ངངཿ རྣམ་དག་བསྔོ་བ་སྨོན་ལམ་རྒྱ་ཡིས་གདབཿ ཨེ་མ་སྐུ་གསུམ་བླ་མའི་རྣལ་འབྱོར་བཅུདཿ སྙིང་མཛོད་སྨུག་པོའི་སྒྲོམ་ལས་ཕྱུངཿ ལས་སྨོན་འབྲེལ་བའི་ལག་ཏུ་གཏདཿ ཉམས་སུ་བླངས་ན་དངོས་གྲུབ་ཐོབཿ གསང་རྒྱཿ གབ་རྒྱཿ སྦས་རྒྱཿ ཨི་ཐིམཿ ཁྲག་འཐུང་ལས་ཀྱི་དཔའ་བོས་དག་པར་ཕབ་པ་དགེའོཿ བཀྲ་ཤིསཿ | «༁ྃཿ ཨེ་མ་ཧོཿ བྱིན་རླབས་དངོས་གྲུབ་ཀུན་ཀྱི་གནདཿ ཟབ་ལམ་དབང་གི་སྣོད་རུང་ཕྱིརཿ སྐུ་གསུམ་བླ་མའི་རྣལ་འབྱོར་འདིཿ སྐལ་བ་ཅན་གྱི་སྤྱོད་ཡུལ་ལོ། ས་མ་ཡཱཿ རྒྱ་རྒྱ་རྒྱཿ »ཨེ་མ་ཧོཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམཿ དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་བཅསཿ ཀུན་འདུས་རྗེ་བཙུན་མ་ཧཱ་གུ་རུ་ལཿ མོས་གུས་དྲག་པོས་སྙིང་ནས་སྐྱབས་སུ་མཆིཿ «ལན་གསུམཿ »མཐའ་མེད་འཁོར་བར་འཁྱམས་པའི་ཕ་མ་ཀུནཿ རང་རིག་སྐུ་གསུམ་ས་ལ་འགོད་པའི་ཕྱིརཿ སྣང་སྲིད་རྣམ་དག་བླ་མའི་དཀྱིལ་འཁོར་དངཿ སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པར་བགྱིཿ« ལན་གསུམཿ »ཨེ་མ་ཧོཿ དབྱིངས་རིག་དབྱེར་མེད་སྟོང་གསལ་དག་པའི་ཞིངཿ སྣང་བས་གར་ཁྱབ་བདེ་ཆེན་པདྨ་འོདཿ གནས་ཡུལ་དུར་ཁྲོད་བཀོད་པ་རྫོགས་པའི་དབུསཿ སྣ་ཚོགས་ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུཿ རང་ཉིད་དུས་གསུམ་རྒྱལ་བ་ཀུན་ཀྱི་ཡུམཿ གསང་བ་ཡེ་ཤེས་གནས་གསུམ་མཁའ་འགྲོའི་གཙོཿ རྣམ་པ་མཁར་ཆེན་མཚོ་རྒྱལ་དབུས་མོའི་ཚུལཿ དཀར་དམར་མདངས་ལྡན་བཅུ་དྲུག་ན་ཚོད་ཅནཿ ནུ་འབུར་དང་ནི་གསང་བའི་པདྨ་རྒྱས༔ གནག་སྣུམ་དབུ་སྐྲ་སིལ་མ་རྒྱབ་ཏུ་བསྙིལཿ གསེར་གཡུ་མུ་ཏིག་མེ་ཏོག་ཕྲེང་བས་མཛེསཿ སྐུ་ལ་དར་དཀར་དྲི་མེད་གསང་གོས་སྟེངཿ དར་སྨུག་ན་བཟའ་སྣ་ཚོགས་པང་ཁེབ་གསོལཿ གསེར་སྐེད་རིན་ཆེན་དྲིལ་གཡེར་འཕྱང་འཕྲུལ་སྤྲསཿ སྟེང་གོས་སྔོ་ལྗང་དར་གྱི་གཡང་ལུག་དངཿ ལེ་བརྒན་དམར་པོའི་སྟོད་གཡོགས་འཕྱངས་ཐབས་དཀྲིསཿ ཞབས་གཅིག་གཡོན་བརྐྱང་དཔའ་མོའི་རོལ་སྟབས་བཞུགསཿ ཕྱག་གཡས་ཐོད་རྔས་རྩ་གསུམ་ལྷ་ཚོགས་བསྐུལཿ གཡོན་པས་ཐོད་ཆང་མཆོད་པའི་ཚུལ་གྱིས་འཛིནཿ སྤྱན་གཉིས་ཞི་འཛུམ་ནམ་མཁའི་མཐོངས་ལ་གཟིགསཿ རང་མདུན་ནམ་མཁར་པད་སྡོང་རྒྱས་པའི་རྩེརཿ ལྔ་ལྡན་འཇའ་ཡི་གུར་ཁང་གསུམ་རིམ་དབུསཿ འདབ་སྟོང་གེ་སར་ཉི་ཟླའི་དཀྱིལ་འཁོར་སྟེངཿ རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆངཿ གཞོན་ནུ་ལང་ཚོ་མཚན་དཔེའི་དཔལ་འབར་བཿ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་བའི་སྟབསཿ ཕྱག་གཡས་རྡོ་རྗེ་གཡོན་པས་བྷནྡྷ་བསྣམསཿ སྐུ་ལ་གསང་གོས་ཟ་བེར་སྣམ་སྦྱར་གསོལཿ དབུ་ཞྭ་མཐོང་གྲོལ་འདབས་ལྡན་རིགས་ལྔས་མཛེསཿ དགྱེས་ཆགས་འཛུམ་པའི་སྤྱན་གྱིས་རང་ལ་གཟིགསཿ དེ་ཡི་དབུ་གཙུག་པད་དཀར་ཟླ་བའི་སྟེངཿ འཇིག་རྟེན་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགསཿ དཀར་གསལ་ཞི་འཛུམ་པད་དཀར་བགྲང་ཕྲེང་འཛིནཿ དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་བཞུགསཿ དེ་ཡི་སྤྱི་བོར་རིགས་བདག་འོད་དཔག་མེདཿ སྐུ་མདོག་དམར་པོ་ཆོས་གོས་རྣམ་གསུམ་གསོལཿ ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བདུད་རྩིས་གངཿ ཞབས་གཉིས་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགསཿ མཐའ་བསྐོར་སངས་རྒྱས་བྱང་སེམས་རིག་པ་འཛིནཿ དཔའ་བོ་ཌཱཀྐི་ཆོས་སྐྱོང་སྲུང་མའི་ཚོགསཿ དཔག་མེད་ཏིལ་གྱི་གང་བུ་ཁ་ཕྱེས་བཞིནཿ སྣང་སྟོང་མ་འདྲེས་འོད་ཀྱི་སྐུ་རུ་གསལཿ རང་ཉིད་མཚོ་རྒྱལ་སྤྱི་བོར་པད་ཟླའི་སྟེངཿ རྒྱལ་ཡུམ་སྒྲོལ་མ་སྔོ་ལྗང་ལྷ་མོའི་ཆསཿ ཕྱག་གཡོན་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤལ་ལ་གནས་ཚེ་ཡི་བུམ་པ་འཛིནཿ གཡས་པ་མཆོག་སྦྱིན་ཞབས་གཉིས་རྟ་བབས་ཚུལཿ མཐིང་ཞུན་འོད་ཀྱི་གུར་ཁྱིམ་དབུས་སུ་བཞུགསཿ སྟེང་ཕྱོགས་ནམ་མཁའི་ངོས་ནས་ལྷ་རྣམས་ཀྱིསཿ སྣ་ཚོགས་མེ་ཏོག་བདུད་རྩིའི་ཆར་པ་འབེབསཿ ཕྱོགས་མཚམས་མཆོད་པའི་ལྷ་མོ་སྤྲིན་ལྟར་གཏིབསཿ བསྟོད་དབྱངས་མཆོད་པའི་རྫས་ཀྱིས་བར་སྣང་གངཿ དུ་མར་སྣང་ཡང་ཡེ་ཤེས་ཀློང་དུ་གཅིགཿ དེ་ལྟར་གསལ་བའི་བདག་མདུན་ལྷ་རྣམས་ཀྱིསཿ སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོཿ མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོཿ ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོཿ རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་ལཿ འོད་འཕྲོས་འོག་མིན་ཞིང་དང་བདེ་བ་ཅནཿ པོ་ཊ་ལ་དང་པདྨ་འོད་སོགས་ནསཿ བླ་མ་སྐུ་གསུམ་མཁའ་འགྲོའི་ཚོགས་དང་བཅསཿ ཐུགས་དམ་རྒྱུད་བསྐུལ་ཆར་སྤྲིན་གཏིབས་པ་བཞིནཿ ཐོགས་མེད་ཐུགས་རྗེའི་སྟོབས་ཀྱིས་འདིར་གཤེགས་ཤིགཿ བཛྲ་ས་མ་ཡ་ཛཿ ཧྲཱིཿ རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ཁམས་ནསཿ རིགས་འདུས་མ་ཧཱ་གུ་རུ་གཤེགས་སུ་གསོལཿ ལྷོ་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་ནསཿ རྗེ་བཙུན་སྤྱན་རས་གཟིགས་མགོན་གཤེགས་སུ་གསོལཿ ནུབ་ཕྱོགས་བདེ་ལྡན་པདྨོ་བཀོད་པ་ནསཿ འདྲེན་མཆོག་འོད་དཔག་མེད་པ་གཤེགས་སུ་གསོལཿ གཡུ་ལོ་བཀོད་དང་སེང་ལྡེང་ནགས་སོགས་ནསཿ ལྷ་མོ་སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལཿ ཨོ་རྒྱན་ཡུལ་དང་མཁའ་སྤྱོད་གནས་མཆོག་ནསཿ རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གཤེགས་སུ་གསོལཿ གཞན་ཡང་སངས་རྒྱས་བྱང་སེམས་རྩ་གསུམ་དངཿ ཌཱཀྐི་ཆོས་སྲུང་དམ་ཅན་ཚོགས་བཅས་རྣམསཿ སྣང་སྟོང་སྐུ་ཡི་གར་སྟབས་ལམས་སེ་ལམཿ གྲགས་སྟོང་གསུང་གི་བརྡ་སྐད་དི་རི་རིཿ བདེ་སྟོང་ཟག་མེད་ཡེ་ཤེས་ཏ་ལ་ལཿ ཏིང་འཛིན་སྤྲུལ་པའི་གནས་འདིར་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལཿ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལཿ དབང་དང་དངོས་གྲུབ་མ་ལུས་དེང་འདིར་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཧྲིང་ཧྲིང་ཿ ཕེམ་ཕེམཿ ཛཿཧཱུྃ་བྃ་ཧོཿ ཧྲིངཿ དམ་ཚིག་དང་ནི་ཡེ་ཤེས་དབྱེར་མེད་པརཿ ཆུ་ལ་ཆུ་བཞག་ཇི་བཞིན་གཉིས་མེད་ཐིམཿ འཁོར་འདས་རོ་གཅིག་ཐིག་ལེ་ཆེན་པོའི་ངངཿ ལྷུན་གྲུབ་དྲན་པའི་ངོ་བོར་བཞུགས་གསོལ་འདེབསཿ བཛྲ་ས་མ་ཡ་ཏིཥྛ་ལྷནཿ ཧོཿ བདག་དང་ལྷ་ལ་བཟང་ངན་མ་མཆིས་ཀྱངཿ འཇིག་རྟེན་སྲིད་ཞུ་གུས་པའི་ཚུལ་ཙམ་དུཿ རྡུལ་སྙེད་ལུས་སྤྲུལ་འཕྲུལ་དགའི་རྣམ་རོལ་བཞིནཿ སྒོ་གསུམ་བརྡ་དང་གར་གྱི་ཕྱག་གིས་འདུདཿ ན་མོ་ན་མ་ཧཱུྃཿ ཧོཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་གཉིས་རྫོགས་ཕྱིརཿ རང་ལས་སྤྲུལ་པའི་ལྷ་མོ་དཔག་མེད་ཀྱིསཿ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན་བཀོད་པསཿ བླ་མ་སྐུ་གསུམ་མཁའ་འགྲོའི་ཚོགས་བཅས་མཆོདཿ མེ་ཏོག་སྤོས་དང་སྣང་གསལ་དྲི་ཡི་ཆབཿ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔཿ སྨན་གཏོར་རཀྟ་ཚོགས་ཀྱི་འཁོར་ལོའི་རྫསཿ བདེ་སྟོང་གསང་སྤྱོད་རྡོ་རྗེའི་གླུ་གར་འབུལཿ ཁྱད་པར་ཨེ་ཝཾ་གསང་བའི་དཀྱིལ་འཁོར་དུཿ རང་བྱུང་བདུད་རྩི་ལྔ་ཡི་ཆག་ཆག་བཏབཿ ཐབས་ཤེས་ཉི་ཟླའི་རྫས་ཀྱི་ཚོམས་བུ་བཀོདཿ མཆོག་གི་འདོད་ཡོན་ལྔ་ཡི་རབ་བརྒྱན་ཏེཿ བླ་མ་སྐུ་གསུམ་མཁའ་འགྲོའི་ལྷ་ཚོགས་ལཿ བདེ་ཆེན་དགའ་བཞིའི་ཡེ་ཤེས་བསྐྱེད་པའི་ཕྱིརཿ གསང་བ་བླ་མེད་སྔགས་ཀྱི་མཎྜལ་འབུལཿ ཟག་མེད་དགྱེས་པ་ཆེན་པོར་བཞེས་སུ་གསོལཿ ཨོཾ་སརྦ་པཱུ་ཙ་མེ་གྷ་ས་མ་ཡེ་ཧཱུྃཿ གུ་ཧྱེ་ཛྙཱ་ན་མ་ཧཱ་སུ་ཁ་མཎྜ་ལ་ཧཱུྃཿ ཧོཿ སྐུ་གསུམ་བླ་མ་མཁའ་འགྲོའི་ལྷ་ཚོགས་ཀྱིཿ སྐུ་གསུང་ཐུགས་ནི་དཀོན་མཆོག་གསུམ་གྱི་ངངཿ གདོད་ནས་རང་རིག་བདེ་བ་ཆེན་པོ་དངཿ དབྱེར་མེད་ལྷུན་རྫོགས་ཆེན་པོར་བསྟོད་པར་བགྱིཿ གང་གི་དྲིན་གྱིས་བདེ་ཆེན་ཉིདཿ སྐད་ཅིག་ཉིད་ལ་འཆར་བ་གངཿ བླ་མ་རིན་ཆེན་ལྟ་བུའི་སྐུཿ རྡོ་རྗེ་ཅན་ཞབས་པད་ལ་འདུདཿ སངས་རྒྱས་ཐམས་ཅད་འདུས་པའི་སྐུཿ རྡོ་རྗེ་འཛིན་པའི་ངོ་བོ་ཉིདཿ དཀོན་མཆོག་གསུམ་གྱི་རྩ་བ་སྟེཿ བླ་མ་རྣམས་ལ་ཕྱག་འཚལ་བསྟོདཿ «བཟླས་པ་ནིཿ »རང་ཉིད་མཚོ་རྒྱལ་ཐུགས་ཀ་རུཿ པད་སྟེང་ཉི་ཟླའི་གྭའུའི་ནངཿ བཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོརཿ མ་ཡེངས་ཏིང་འཛིན་རྩེ་གཅིག་ངངཿ ཨོཾ་ཛྙཱ་ན་ཌཱཀྐི་ནི་ཧ་རི་ནི་ས་ཧཱུྃཿ «ཅི་མང་བཟླསཿ »གུ་རུའི་ཐུགས་ཀར་པད་ཟླའི་སྟེངཿ ཧཱུྃ་མཐིང་ཐ་མར་སྔགས་ཀྱིས་བསྐོརཿ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལཿ འཕྲོ་འདུས་བྱིན་རླབས་བདག་ལ་བསྡུསཿ སྣང་སྲིད་འཁོར་འདས་སྐུ་དང་ཞིངཿ རིག་སྟོང་བདེ་བ་ཆེན་པོའི་ངངཿ གྲགས་སྟོང་སྔགས་ཀྱི་རང་སྒྲ་སྒྲོགསཿ ཨོཾ་ཨཱཿཧཱུྃ་བཛྲ་གུརུ་པདྨ་སིདྡྷི་ཧཱུྃཿ «བརྒྱ་སྟོང་ཁྲི་འབུམ་སྐབས་དང་བསྟུནཿ »འཕགས་པའི་ཐུགས་ཀར་པད་ཟླའི་སྟེངཿ ཧྲཱིཿདཀར་མཐའ་མར་སྔགས་ཀྱིས་བསྐོར༔ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལཿ འཕྲོ་འདུས་བྱིན་རླབས་བདག་ལ་བསྡུསཿ སྣང་སྲིད་འཁོར་འདས་སྐུ་དང་ཞིངཿ གྲགས་སྟོང་སྔགས་ཀྱི་རང་སྒྲ་སྒྲོགསཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ «བརྒྱ་སྟོང་ཁྲི་འབུམ་བྱེ་བ་བཟླསཿ »སྣང་མཐའི་ཐུགས་ཀ་པད་ཟླའི་སྟེངཿ ཧྲཱིཿདམར་མཐའ་མར་སྔགས་ཀྱིས་བསྐོརཿ བདག་གི༴ འཕྲོ་འདུས༴ སྣང་སྲིད༴ གྲགས་སྟོང་༴ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ «བརྒྱ་སྟོང་ཁྲི་འབུམ་ཅི་འགྲུབ་བཟླསཿ »སྒྲོལ་མའི་ཐུགས་ཀར་པད་ཟླའི་སྟེང་ཿ ཏཱཾཿལྗང་མཐའ་མར་སྔགས་ཀྱིས་བསྐོརཿ བདག་གི༴ འཕྲོ་འདུས༴ སྣང་སྲིད༴ གྲགས་སྟོང་༴ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱཿ «བརྒྱ་སྟོང་ཁྲི་འབུམ་ཅི་འདོད་བཟླསཿ དེ་རྗེས་གསོལ་བ་ཕུར་ཚུག་གདབཿ» ཨོཾ་ཨཱཿཧཱུྃཿ ཕྱོགས་བཅུ་དུས་བཞི་རྒྱལ་ཀུན་འདུས་པའི་བདགཿ བསླུ་མེད་སྐྱབས་གནས་སྐུ་གསུམ་མཁའ་འགྲོའི་ཚོགསཿ གསོལ་བ་འདེབས་སོ་འདྲེན་མཆོག་འོད་དཔག་མེདཿ ཐུགས་རྗེས་གཟིགས་ཤིང་མགོན་པོ་སྤྱན་རས་གཟིགསཿ བྱིན་གྱིས་རློབས་ཤིག་རིག་འཛིན་པདྨ་འབྱུངཿ འཇིགས་བརྒྱད་སྐྱོབས་ཤིག་ཨཱརྱ་ཏཱ་རེ་མཿ ཉམས་རྟོགས་སྤོར་ཅིག་སངས་རྒྱས་པདྨའི་ལྕམཿ བར་ཆད་སོལ་ཅིག་མཁའ་འགྲོ་ཆོས་སྐྱོང་རྣམསཿ ཚེ་འདིར་མི་མཐུན་རྒུད་པ་ཀུན་ཞི་ནསཿ ཅི་བསམ་དོན་རྣམས་ལྷུན་གྱིས་འགྲུབ་པ་དངཿ ཕྱི་མ་མཁའ་སྤྱོད་གནས་སུ་ལམ་སྣ་དྲོངསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ «གྲངས་མང་བརྗོདཿ »སྐུ་གསུམ་ལྷ་ཚོགས་འོད་ཀྱི་ཕུང་པོར་ཞུཿ སྐྱབས་གནས་ཀུན་འདུས་གུ་རུའི་སྐུ་ལ་ཐིམཿ གུ་རུའི་གནས་གསུམ་འབྲུ་གསུམ་མཚན་པ་ལསཿ འོད་འཕྲོས་བདག་གི་སྤྱི་མགྲིན་སྙིང་གར་བཞུགསཿ སྒོ་གསུམ་སྒྲིབ་དག་གསང་གསུམ་བྱིན་རླབས་ཐོབཿ བླ་མ་འོད་ཞུ་རང་དང་དབྱེར་མེད་འདྲེསཿ ད་ལྟའི་ཤེས་པ་བློ་བྲལ་རྗེན་པའི་ངངཿ མ་བཅོས་ལྷན་སྐྱེས་བདེ་བ་ཆེན་པོར་བཞགཿ ཨ་ཨཱཿ «རྗེས་སྣང་གང་ཤར་བླ་མའི་དཀྱིལ་འཁོར་ངངཿ རྣམ་དག་བསྔོ་བ་སྨོན་ལམ་རྒྱ་ཡིས་གདབཿ ཨེ་མ་སྐུ་གསུམ་བླ་མའི་རྣལ་འབྱོར་བཅུདཿ སྙིང་མཛོད་སྨུག་པོའི་སྒྲོམ་ལས་ཕྱུངཿ ལས་སྨོན་འབྲེལ་བའི་ལག་ཏུ་གཏདཿ ཉམས་སུ་བླངས་ན་དངོས་གྲུབ་ཐོབཿ གསང་རྒྱཿ གབ་རྒྱཿ སྦས་རྒྱཿ ཨི་ཐིམཿ ཁྲག་འཐུང་ལས་ཀྱི་དཔའ་བོས་དག་པར་ཕབ་པ་དགེའོཿ བཀྲ་ཤིསཿ | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 08:46, 2 June 2024
🚧 This website is under continued development. We appreciate your patience!
| Wylie title | ||
|---|---|---|
| Location | mdo mkhyen brtse bka' 'bum Volume 3, Text 33, Pages (Folios to ) | |
| Author | མདོ་མཁྱེན་བརྩེ་ | |
| Less details More details | ||
| Citation | ||
| Genre | ||