DKYD-KABUM-02-KHA-020: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། །འཛིན་པ་རང་གྲོལ་ཆ་ལག་ལསཿ རྐྱེན་བཟློག་ལན་ཆགས་བསྔོ་ཐབས་བཞུགསཿ ༁ྃ༴྅྅྅ ཡེ་ཤེས་མཁའ་འགྲོའི་སྐུ་ལ་འདུདཿ རང་ངམ་བསྲུང་བྱ་ནད་པ་སོགསཿ ཤ་མཁོན་ལན་ཆགས་སྦྱང་བའི་ཕྱིརཿ ལུས་ཀྱི་དྲི་མ་བཀྲུས་བྱས་ཤིངཿ ལན་ཆགས་ཐེབས་སྐྱ་གྲངས་ལྡན་བྱཿ ཤ་རུས་ཟས་སྣ་དང་བཅས་བཤམསཿ བསྒྲུབ་བྱ་ཡོད་ན་མདུན་དུ་འཁོདཿ ལུས་སྦྱིན་ཆེ་ཆུང་ཅི་རིགས་མཐརཿ ཕཊཿ བདག་དང་བསྲུང་བྱའི་རྣམ་ཤེས་ངོ་བོ་ཉིདཿ འོད་ཀྱི་ཐིག་ལེ་སྐར་མདའ་ཆད་པ་བཞིནཿ སྤྱི་བོ་ནས་ཐོན་དབྱེར་མེད་གཅིག་ཏུ་འདྲེསཿ ཡེ་ཤེས་ཌཱཀིའི་སྐུ་རུ་ལམ་གྱིས་གསལཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་ཀུནཿ ཉིལ་གྱིས་ཞིག་པས་གཏོར་མར་དབྱེར་མེད་འདྲེསཿ ལན་ཆགས་རེ་རེའང་རི་རབ་དང་མཉམ་པའིཿ རོ་བརྒྱ་ནུས་པ་ཕུན་ཚོགས་སྨན་ཆེན་པོསཿ གླུད་དང་དཀོར་ཆ་ལོངས་སྤྱོད་ཟས་གོས་སོགསཿ མི་ཟད་གཏེར་ཆེན་འཕྲོ་བའི་ནུས་ལྡན་གྱུརཿ ཨོཾ་ཨཱཿཧཱུྃཿ བརྒྱ་རྩ་བརྒྱད་བཟླས་དམིགས་པས་བྱིན་གྱིས་བརླབསཿ ཕཊཿ རང་ཉིད་ཁྲོས་མའི་ཐུགས་ཀའི་འོད་ཟེར་གྱིསཿ བདག་དང་བསྲུང་བྱའི་ཚེ་བསོད་སྟོབས་འབྱོར་དངཿ སྲོག་ལུས་དབང་ཐང་རླུང་རྟར་བར་གཅོད་པའིཿ སྔོན་ལས་འཕྲལ་རྐྱེན་འབྱུང་པོ་སྤྱི་དང་ནིཿ རྒྱལ་བསེན་གྲི་བོ་གྲི་མོ་ཤི་གསོན་འདྲེཿ ནད་རིམས་བདག་པོ་ལན་ཆགས་མ་འཁོར་རིགསཿ ཁྱད་པར་གསར་སྐྱེས་འབྱུང་པོ་གནོད་སྦྱོར་རྩོམཿ བདུད་དང་ལོག་འདྲེན་མ་ལུས་འདིར་འདུས་ཤིགཿ ཕཊཿཕཊཿཕཊཿ ཌཱ་རུ་རྐང་གླིང་སྒྲ་སྒྲོག་ཅིངཿ ཁྲོམ་ཚོགས་ཇི་བཞིན་འདུས་པར་བསམཿ ཕཊཿ འཁྲུལ་སྣང་བདག་བཟུང་འཁོར་བར་འཁྱམས་པའི་དུསཿ ཐག་ཁྲར་སྦྲུལ་དང་ཐོ་ཡོར་མིར་མཐོང་བཞིནཿ ཞེ་སྡང་རང་གཟུགས་ཕོ་གདོན་རྒྱལ་པོ་དངཿ འདོད་སྲེད་འཆིང་བའི་མོ་གདོན་འདྲེ་མོའི་རིགསཿ གཏི་མུག་འཁྲུལ་པའི་ཀླུ་གདོན་ས་བདག་སོགསཿ ང་རྒྱལ་ཁེངས་པའི་བདུད་བཙན་ཤི་གཤེད་འདྲེཿ ཕྲག་དོག་ལས་གྱུར་བན་བོན་རྦོད་གཏོང་བྱདཿ གཞན་ཡང་གློ་བུར་རྣམ་རྟོག་འཁྲུལ་སྣང་གདོནཿ སྣ་ཚོགས་སྣང་བར་ཨ་འཐས་གཟུགས་མེད་ལཿ དགྲ་རུ་བལྟས་ཤིང་གནོད་པར་ཤར་བ་སྟེཿ གསང་སྔགས་རྟེན་འབྲེལ་ཐབས་ལ་མཁས་པའི་ཕྱིརཿ སོ་སོར་གང་འདོད་ལོངས་སྤྱོད་རྒྱ་ཆེན་པོརཿ སྦྲུལ་ཏེ་སྦྱིན་ནོ་མི་ཟད་གཏེར་ཆེན་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཁྃ་སྥ་ར་ཎ་ཕཊཿ ལན་ཆགས་དྲི་ཁུ་དང་བཅས་པཿ དམིགས་གནད་ལྡན་པས་བསྔོ་བྱས་ལཿ ཕཊཿ ཆོས་ཉིད་ཏིང་ངེ་འཛིན་གྱིས་བྱིན་རླབས་པའིཿ ལན་ཆགས་འདོད་ཡོན་གཏོར་མ་རྒྱ་ཆེན་པོཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་རྣམས་དངཿ བུ་ལོན་ལན་ཆགས་མ་འཁོར་གནོད་སེམས་ལྡནཿ ནད་རིམས་བདག་པོ་བདག་མོའི་ཚོགས་ལ་བསྔོཿ དགའ་མགུ་ཡི་རངས་ངོམ་ཞིང་ཚིམ་གྱུར་ཅིགཿ ཨ་ཀ་ལ་མྲྀ་ཏི་ས་སྥ་ར་ཎ་ཁཾ་སྭཱ་ཧཱཿ ཞེས་བསྐོར་ཞིང་མ་རྫོགས་བར་དུ་བསྔོཿ རྗེས་ལ་ཆོས་ཀྱི་སྦྱིན་པ་བྱ་ཞིང་ཁ་བསྒྱུར་བ་ནིཿ ཕཊཿ བདག་གི་འདས་དང་མ་འོངས་ད་ལྟ་རུཿ རྣམ་པར་དཀར་བའི་ཟག་བཅས་ཟག་མེད་དགེཿ ཁྱོད་ལ་སྦྱིན་ནོ་བདེ་བ་མཆོག་ལྡན་ཤོགཿ ཁྱེད་ཅག་ཐོག་མེད་ནས་བསགས་བག་ཆགས་སྒྲིབཿ ནད་དང་སྡུག་བསྔལ་མི་འདོད་ཉེས་པའི་ཚོགསཿ བདག་གིས་ལེན་ནོ་སྡུག་བསྔལ་ཀུན་བྲལ་ཞིངཿ བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས་པར་ཤོགཿ ཆོས་དང་ཟང་ཟིང་སྦྱིན་པས་ངོམ་གྱུར་ནསཿ ཁྱོད་ལ་ལོངས་སྤྱོད་མི་ཟད་གཏེར་ཆེན་པོཿ ཕ་རོལ་སྡང་བྱེད་དགྲ་བོའི་ཡུལ་དུ་ཡོདཿ དེ་རུ་མགྲོན་པོ་དོན་གཉེར་ལམ་ཞུགས་བཞིནཿ མྱུར་དུ་སོང་ལ་ཟ་ཁ་དེར་སྟོན་ཅིགཿ གཙྪ་གཙྪ་ཕཊཿ ལུས་སྦྱིན་གང་རུང་མཇུག་བསྡུའོཿ བདག་ཉིད་ཨ་ཙར་དམར་པོ་ཡིསཿ གཞན་ཕན་གདམས་པ་ཟབ་མོ་འདིཿ བརྩེ་བས་བུ་མོ་ཁྱོད་ལ་གདམསཿ མ་འོངས་སྤྲུལ་པར་འཕྲད་ནས་ཀྱངཿ འགྲོ་ཁམས་རྒྱ་མཚོར་ཕན་ནུས་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཨྠིྀཿ དམ་པ་རྒྱ་གར་གསུང་འཁྲུལ་མེདཿ ཨ་ཙར་དམར་པོས་བསྒྱུར་པ་བཞིནཿ ཉེར་གནས་འོད་ཟེར་མིང་གིས་བྲིསཿ མངྒ་ལཾ།། །།
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=02
|volumeLetter=KHA
|textnuminvol=020
|pdflink=File:DKYD-KABUM-02-KHA-020.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །འཛིན་པ་རང་གྲོལ་ཆ་ལག་ལསཿ རྐྱེན་བཟློག་ལན་ཆགས་བསྔོ་ཐབས་བཞུགསཿ ༁ྃ༴྅྅྅ ཡེ་ཤེས་མཁའ་འགྲོའི་སྐུ་ལ་འདུདཿ རང་ངམ་བསྲུང་བྱ་ནད་པ་སོགསཿ ཤ་མཁོན་ལན་ཆགས་སྦྱང་བའི་ཕྱིརཿ ལུས་ཀྱི་དྲི་མ་བཀྲུས་བྱས་ཤིངཿ ལན་ཆགས་ཐེབས་སྐྱ་གྲངས་ལྡན་བྱཿ ཤ་རུས་ཟས་སྣ་དང་བཅས་བཤམསཿ བསྒྲུབ་བྱ་ཡོད་ན་མདུན་དུ་འཁོདཿ ལུས་སྦྱིན་ཆེ་ཆུང་ཅི་རིགས་མཐརཿ ཕཊཿ བདག་དང་བསྲུང་བྱའི་རྣམ་ཤེས་ངོ་བོ་ཉིདཿ འོད་ཀྱི་ཐིག་ལེ་སྐར་མདའ་ཆད་པ་བཞིནཿ སྤྱི་བོ་ནས་ཐོན་དབྱེར་མེད་གཅིག་ཏུ་འདྲེསཿ ཡེ་ཤེས་ཌཱཀིའི་སྐུ་རུ་ལམ་གྱིས་གསལཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་ཀུནཿ ཉིལ་གྱིས་ཞིག་པས་གཏོར་མར་དབྱེར་མེད་འདྲེསཿ ལན་ཆགས་རེ་རེའང་རི་རབ་དང་མཉམ་པའིཿ རོ་བརྒྱ་ནུས་པ་ཕུན་ཚོགས་སྨན་ཆེན་པོསཿ གླུད་དང་དཀོར་ཆ་ལོངས་སྤྱོད་ཟས་གོས་སོགསཿ མི་ཟད་གཏེར་ཆེན་འཕྲོ་བའི་ནུས་ལྡན་གྱུརཿ ཨོཾ་ཨཱཿཧཱུྃཿ བརྒྱ་རྩ་བརྒྱད་བཟླས་དམིགས་པས་བྱིན་གྱིས་བརླབསཿ ཕཊཿ རང་ཉིད་ཁྲོས་མའི་ཐུགས་ཀའི་འོད་ཟེར་གྱིསཿ བདག་དང་བསྲུང་བྱའི་ཚེ་བསོད་སྟོབས་འབྱོར་དངཿ སྲོག་ལུས་དབང་ཐང་རླུང་རྟར་བར་གཅོད་པའིཿ སྔོན་ལས་འཕྲལ་རྐྱེན་འབྱུང་པོ་སྤྱི་དང་ནིཿ རྒྱལ་བསེན་གྲི་བོ་གྲི་མོ་ཤི་གསོན་འདྲེཿ ནད་རིམས་བདག་པོ་ལན་ཆགས་མ་འཁོར་རིགསཿ ཁྱད་པར་གསར་སྐྱེས་འབྱུང་པོ་གནོད་སྦྱོར་རྩོམཿ བདུད་དང་ལོག་འདྲེན་མ་ལུས་འདིར་འདུས་ཤིགཿ ཕཊཿཕཊཿཕཊཿ ཌཱ་རུ་རྐང་གླིང་སྒྲ་སྒྲོག་ཅིངཿ ཁྲོམ་ཚོགས་ཇི་བཞིན་འདུས་པར་བསམཿ ཕཊཿ འཁྲུལ་སྣང་བདག་བཟུང་འཁོར་བར་འཁྱམས་པའི་དུསཿ ཐག་ཁྲར་སྦྲུལ་དང་ཐོ་ཡོར་མིར་མཐོང་བཞིནཿ ཞེ་སྡང་རང་གཟུགས་ཕོ་གདོན་རྒྱལ་པོ་དངཿ འདོད་སྲེད་འཆིང་བའི་མོ་གདོན་འདྲེ་མོའི་རིགསཿ གཏི་མུག་འཁྲུལ་པའི་ཀླུ་གདོན་ས་བདག་སོགསཿ ང་རྒྱལ་ཁེངས་པའི་བདུད་བཙན་ཤི་གཤེད་འདྲེཿ ཕྲག་དོག་ལས་གྱུར་བན་བོན་རྦོད་གཏོང་བྱདཿ གཞན་ཡང་གློ་བུར་རྣམ་རྟོག་འཁྲུལ་སྣང་གདོནཿ སྣ་ཚོགས་སྣང་བར་ཨ་འཐས་གཟུགས་མེད་ལཿ དགྲ་རུ་བལྟས་ཤིང་གནོད་པར་ཤར་བ་སྟེཿ གསང་སྔགས་རྟེན་འབྲེལ་ཐབས་ལ་མཁས་པའི་ཕྱིརཿ སོ་སོར་གང་འདོད་ལོངས་སྤྱོད་རྒྱ་ཆེན་པོརཿ སྦྲུལ་ཏེ་སྦྱིན་ནོ་མི་ཟད་གཏེར་ཆེན་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཁྃ་སྥ་ར་ཎ་ཕཊཿ ལན་ཆགས་དྲི་ཁུ་དང་བཅས་པཿ དམིགས་གནད་ལྡན་པས་བསྔོ་བྱས་ལཿ ཕཊཿ ཆོས་ཉིད་ཏིང་ངེ་འཛིན་གྱིས་བྱིན་རླབས་པའིཿ ལན་ཆགས་འདོད་ཡོན་གཏོར་མ་རྒྱ་ཆེན་པོཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་རྣམས་དངཿ བུ་ལོན་ལན་ཆགས་མ་འཁོར་གནོད་སེམས་ལྡནཿ ནད་རིམས་བདག་པོ་བདག་མོའི་ཚོགས་ལ་བསྔོཿ དགའ་མགུ་ཡི་རངས་ངོམ་ཞིང་ཚིམ་གྱུར་ཅིགཿ ཨ་ཀ་ལ་མྲྀ་ཏི་ས་སྥ་ར་ཎ་ཁཾ་སྭཱ་ཧཱཿ ཞེས་བསྐོར་ཞིང་མ་རྫོགས་བར་དུ་བསྔོཿ རྗེས་ལ་ཆོས་ཀྱི་སྦྱིན་པ་བྱ་ཞིང་ཁ་བསྒྱུར་བ་ནིཿ ཕཊཿ བདག་གི་འདས་དང་མ་འོངས་ད་ལྟ་རུཿ རྣམ་པར་དཀར་བའི་ཟག་བཅས་ཟག་མེད་དགེཿ ཁྱོད་ལ་སྦྱིན་ནོ་བདེ་བ་མཆོག་ལྡན་ཤོགཿ ཁྱེད་ཅག་ཐོག་མེད་ནས་བསགས་བག་ཆགས་སྒྲིབཿ ནད་དང་སྡུག་བསྔལ་མི་འདོད་ཉེས་པའི་ཚོགསཿ བདག་གིས་ལེན་ནོ་སྡུག་བསྔལ་ཀུན་བྲལ་ཞིངཿ བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས་པར་ཤོགཿ ཆོས་དང་ཟང་ཟིང་སྦྱིན་པས་ངོམ་གྱུར་ནསཿ ཁྱོད་ལ་ལོངས་སྤྱོད་མི་ཟད་གཏེར་ཆེན་པོཿ ཕ་རོལ་སྡང་བྱེད་དགྲ་བོའི་ཡུལ་དུ་ཡོདཿ དེ་རུ་མགྲོན་པོ་དོན་གཉེར་ལམ་ཞུགས་བཞིནཿ མྱུར་དུ་སོང་ལ་ཟ་ཁ་དེར་སྟོན་ཅིགཿ གཙྪ་གཙྪ་ཕཊཿ ལུས་སྦྱིན་གང་རུང་མཇུག་བསྡུའོཿ བདག་ཉིད་ཨ་ཙར་དམར་པོ་ཡིསཿ གཞན་ཕན་གདམས་པ་ཟབ་མོ་འདིཿ བརྩེ་བས་བུ་མོ་ཁྱོད་ལ་གདམསཿ མ་འོངས་སྤྲུལ་པར་འཕྲད་ནས་ཀྱངཿ འགྲོ་ཁམས་རྒྱ་མཚོར་ཕན་ནུས་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཨྠིྀཿ དམ་པ་རྒྱ་གར་གསུང་འཁྲུལ་མེདཿ ཨ་ཙར་དམར་པོས་བསྒྱུར་པ་བཞིནཿ ཉེར་གནས་འོད་ཟེར་མིང་གིས་བྲིསཿ མངྒ་ལཾ།། །།

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 2, Text 20, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]