JKCL-KABUM-12-NA-089: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 12: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Prayers - smon lam
|terma=No
|jkcloutline=Twenty
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=012
|volumenumber=NA
|volnumtib=༡༢
|volyigtib=ན་
|totalvolumes=12
|beginfolioline=1a
|textnuminvol=089
|textnuminvol=089
|pdflink=File:JKCL-KABUM-12-NA-089.pdf
|pdflink=File:JKCL-KABUM-12-NA-089.pdf

Revision as of 14:06, 19 January 2022

Wylie title JKCL-KABUM-12-NA-089.pdf
Location chos kyi blo gros bka' 'bum
Volume 12, Text 89, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: . Bir, H.P.: Khyentse Labrang, 2012.
Genre Prayers - smon lam

1 Texts in this Section (sde tshan or chos tshan)

[edit]
༄༅། །གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་འཕྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱི་བཀའ་འབུམ་དཀར་ཆག་དིལ་མཁྱེན་རིན་པོ་ཆེས་མཛད་པ་བཞུགས་སོ། ། ཐུབ་དབང་རིང་ལུགས་འཆི་མེད་རྫིང་རིང་ངོགས། །རྣམ་ཐར་ཉི་ཟླའི་སྣང་བས་འཛམ་གླིང་ཁྱོན། །རབ་མཛེས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རྗེའི། །ཡེ་ཤེས་འོད་སྣང་བྱེ་བས་སྐྱོངས་གྱུར་ཅིག །དེ་ཡང་མི་སློབ་འབྲས་བུའི་དཔལ་ལ་དགྱེས་པའི་སངས་རྒྱས་རྣམས་ཀྱི་རྣམ་མཁྱེན་གྱི་འབྲས་བུའི་ཡོན་ཏན་གྱི་སྙིང་པོ་ནི་མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་ཏེ། དེ་ཉིད་གདུལ་བྱའི་དོན་དུ་སྤྲུལ་པའི་གཟུགས་སུ་ཤར་བ་རྗེ་བཙུན་འཇམ་པའི་དབྱངས་ཞེས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་སྙན་པར་གྲགས་ཤིང་། སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་རྣམ་ཐར་གྱི་གསང་བ་མཐའ་དག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོ་ནར་ཟད་མོད། ཚུར་མཐོང་གི་གདུལ་བྱ་ཕྱོགས་རེའི་ཐུན་མོང་སྣང་ངོར་ཤར་བའི་ངོ་མཚར་གྱི་མཛད་པ་ཆ་ཤས་རེ་ཡང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རྡུལ་ལྟར་ངོ་མཚར་གྱི་རིན་ཐང་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཁོ་ནའི་ཕྱིར། བདག་ཅག་གི་འདྲེན་པ་འདི་ནི་ཐམས་ཅད་མཁྱེན་གཟིགས་རྗེ་བཙུན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཡེ་ཤེས་སྒྱུ་མ་རོལ་པའི་བདག་ཉིད་ཆེན་པོ་སྟེ། རྗེ་དེའི་རྣམ་པར་ཐར་པ་ནི། གསང་བའི་བདག་པོ་གུ་ཎ་ས་མུ་དྲའི་ཞལ་སྔ་ནས། ས་སོགས་འབྱུང་བ་མཐུ་ཆེ་ཡང་། །ཀུན་ཁྱབ་ནམ་མཁར་མཚུངས་མིན་ལྟར། །གངས་ཅན་བསྟན་འཛིན་སུ་དང་ཡང་། །ཐུན་མིན་རྣམ་ཐར་རྨད་ཀྱི་ཕུལ། །ཞེས་དང་། འཇིགས་བྲལ་གྱི་པཎྜི་ཏ་ཆེན་པོ་མི་ཕམ་རྣམ་པར་རྒྱལ་བས། །མཁས་དང་བཙུན་པ་གྲུབ་པ་གསུམ། །འགྲན་པ་བཞིན་དུ་ཁྱོད་ལ་འཕེལ། །འདི་འདྲའི་ཕུན་ཚོགས་མཐོང་དཀའ་བས། །ངོ་མཚར་ཆེ་ཡང་ཤེས་པ་དཀོན། །ཞེས་ཆེད་དུ་བསྔགས་པའི་བདག་ཉིད་ཆེན་པོ་དེའི་རྣམ་ཐར་ཞལ་གསུང་མ་ལས། མ་འོངས་བི་མའི་བླ་སྒྲུབ་སྐབས། །ཚེ་འདི་འཕོས་མ་ཐག་པ་ནས། །སྤྲུལ་གཞི་རི་བོ་རྩེ་ལྔ་རུ། །པཎ་ཆེན་བི་མའི་ཐུགས་ཀར་ཐིམ། །སྤྲུལ་པ་ལྔ་འབྱུང་སྨོན་ལམ་མཐུས། །རིས་མེད་བསྟན་པར་ཕན་ཅེས་གསུངས། །ཅེས་རྡོ་རྗེའི་གསུང་གིས་ཞལ་གྱིས་འཆེས་པའི་སེང་གེའི་སྒྲ་བཞིན། ཡེ་ཤེས་སྤྱན་ལྡན་བཻ་རོ་དངོས་བྱོན་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས་པའི་སྡེས་དག་ཆེན་ཡེ་ཤེས་ཀྱི་གཟིགས་པས་ངོས་འཛིན་ཚིགས་སུ་བཅད་པར། རྣམ་འཕྲུལ་སྦྲུལ་དང་རྟ་ལུག་ལོ། ཞེས་འབྱུང་བའི་ཆུ་སྦྲུལ་དགུང་ལྡན། རྗེ་བླ་མ་ཉིད་གཙོ་བོར་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཞལ་སྐྱིན་དུ་ཀཿཐོག་སི་ཏུ་པཎྜི་ཏ་ལ་རྗེས་བརྩེའི་གསུང་གསང་ཕེབས་པའི་དགོངས་དོན། མདོ་ཁམས་གནས་ཆེན་ཉེར་ལྔའི་བྱེ་བྲག་ཕྲིན་ལས་གནས་ཀྱི་གཙོ་བོ་ཀཿཐོག་རྡོ་རྗེ་གདན་ཆེན་པོ་ཡིན་པ་དང་། རྗེ་མཁྱེན་བརྩེ་དབང་པོ་ལང་གྲོ་ལོ་ཙཱ་བའི་ཕྲིན་ལས་ཀྱི་སྤྲུལ་པར་གཏེར་ལུང་དུ་མ་ནས་འབྱུང་བས། རྗེ་བླ་མ་རིན་པོ་ཆེ་ཡང་མཁྱེན་བརྩེའི་ཕྲིན་ལས་ཀྱི་སྤྲུལ་སྐུར་བསྔགས་པའི་རྟེན་འབྲེལ་གྱིས་ལང་གྲོ་དངོས་བྱོན་གཏེར་ཆེན་ཀློང་གསལ་མདོ་སྔགས་གླིང་པའི་གདན་སར་སེང་གེའི་ཁྲི་ལ་བཞུགས་སྟན་ཆགས་ན་རྟེན་འབྲེལ་དང་དགོས་པ་ཕུན་སུམ་ཚོགས་པར་གཟིགས་ནས། བསེ་པ་གཏེར་རྒན་འཆི་མེད་གྲུབ་པའི་རིག་འཛིན་གྱི་གདུང་སྲས་གྲུབ་ཆེན་རྣལ་འབྱོར་སྤྱོད་པ་འགྱུར་མེད་ཚེ་དབང་རྒྱ་མཚོའི་སྤྲུལ་པའི་སྲས་མཆོག་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དགུང་གྲངས་འཕགས་ནོར་གྱི་གྲངས་སུ་ཕེབས་པ་དང་ཀཿཐོག་ཏུ་ཞབས་ཀྱི་པདྨོ་བཀོད། རིགས་ཀྱི་བདག་པོ་སི་ཏུ་མ་ཧཱ་པཎྜི་ཏས་རྟེན་སྡོམ་པ་གསུམ་དང་། ཕྱག་བྲིས་འབྲི་ཀློག་ནས་བརྩམས་མདོ་སྔགས་རིག་གནས་དང་བཅས་པའི་གསན་སྦྱངས། སྔ་འགྱུར་བཀའ་གཏེར་མདོ་སྒྱུ་སེམས་གསུམ། བླ་རྫོགས་ཐུགས་གསུམ་གྱི་སྨིན་གྲོལ་རྒྱ་མཚོ་ལྟ་བུས་བསྐྱངས་བཞིན་པའི་སྐབས། སྐྱེས་ཆེན་དམ་པའི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་དམ་བཅའ་ནི་རྒྱ་མཚོ་ཆེན་པོའི་རླབས་བཞིན་ནམ་ཡང་དུས་ལས་ཡོལ་བ་མེད་པས་ཕྱི་ནང་གི་རྐྱེན་དུ་མས་བསྐུལ་བ་ལྟར་མཛད་དེ། དགུང་གྲངས་བཅོ་ལྔའི་སྟེང་རྗེ་གོང་མའི་གདན་ས་ཤྲཱི་ན་ལནྜ་གཉིས་པ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམས་ཆུང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་བཀའ་གཏེར་ཆོས་ཀྱི་གསང་མཛོད་ཆེན་པོའི་སེང་གེའི་ཁྲི་ལ་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁཱ་བཀོད་པས་བཞུགས་སྟན་ཆགས་ནས། ཡོངས་འཛིན་སོགས་དམིགས་བསལ་མེད་ཀྱང་དམ་པ་མཆོག་ནི་དངུལ་ཆུ་སར་ལྷུངས་བཞིན་སྐྱེས་བུ་དམ་པའི་ངང་ཚུལ་འགྲན་ཟླ་དང་བྲལ་བ་དྭངས་བའི་མཁའ་ལ་སྟོན་ཟླ་འཆར་བ་བཞིན་དུ་གྱུར་ཏེ། རྗེ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ཀྱི་ཐུགས་སྲས། མཁས་གྲུབ་རྣལ་འབྱོར་གྱི་དབང་ཕྱུག །གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་བཅུ་ཕྲག་འཕགས་ལམ་གྱི་གྲངས་ལས་བརྒལ་བ། དབང་རྣོན་ཆོས་རྗེས་འབྲང་བའི་དད་མོས་ཀྱིས་བསྟེན་ནས་ཟབ་ཆོས་ཀྱི་བདུད་རྩི་ངོམས་པ་མེད་པར་བཞེས་ཏེ་མང་དུ་ཐོས་པ་རྒྱ་མཚོའི་མཛོད་བསགས། དེ་དག་ཀྱང་བླུན་དད་ཀྱིས་འབའ་སམ་བསྡུས་པ་ལྟ་བུ་མ་ཡིན་པ་མཁས་གྲུབ་རང་རང་གི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ཁྱད་ཆོས་ཐམས་ཅད་སྐྱེས་སྦྱང་གི་མཁྱེན་རབ་རྣོ་མྱུར་གྱིས་ཐུགས་སུ་ཆུད་པར་མཛད། བཀའ་གཏེར་གསར་རྙིང་གི་རྩ་གསུམ་ལྷག་པའི་ལྷ་བརྒྱ་རྩ་ལྷག་གི་བསྙེན་སྒྲུབ་ཉམས་བཞེས། བློ་སྦྱོངས་དོན་བདུན། གསུང་ངག་ལམ་འབྲས། དྭགས་ཤངས་ཆོས་དྲུག །ཞི་གཅོད། དུས་འཁོར་སྦྱོར་དྲུག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། ཁྱད་པར་རྫོགས་ཆེན་སྐོར་གཙོ་བོར་གྱུར་པའི་ཐུགས་དམ་ཉམས་བཞེས་དངོས་ཤུགས་ཀུན་ནས་མཛད་ཅིང་། རྣམ་གཡེངས་དང་ཆགས་སྡང་གི་གསུང་འཕྲོས་ཡུད་ཙམ་ཡང་མི་མངའ། དགུང་གསར་དང་། དབྱར་སྟོན་ཐུགས་སྤྲོ་སངས་ཕེབས་ན་ཡང་ཆོས་ཀྱི་འབེལ་གཏམ་བསྡུས་ཚད་ཀྱི་རྩོད་པ། བླ་མའི་རྣམ་ཐར། གནས་རྟེན་གྱི་ལོ་རྒྱུས་སོགས་ཆོས་མཐུན་གྱི་གསུང་གསང་འབའ་ཞིག་གིས་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པར་མཛད། བླ་མ་དང་ལྷག་པའི་ལྷ་དུ་མས་རྗེས་སུ་བཟུང་ཞིང་དངོས་གྲུབ་ཀྱི་མཚན་མའི་རིགས་མངོན་སུམ་དུ་གྱུར། གསང་བ་སྦས་ཚུལ་གྱི་ཐུགས་སྒམ་པོར་བཞུགས་ཀྱང་སྔར་འཛིང་རྣམ་རྒྱལ་མགོན་ཁང་ལ་ཁྲུས་དང་རབ་གནས་མཛད་པའི་བགེགས་བསྐྲད་ཀྱི་སྐབས་དགོངས་པས་གཟིར་བས་མགོན་པོའི་སྐུའི་གཡོ་འགུལ་མཛད་པས་ལས་རྡོར་ཕྱིར་བྲོས་དགོས་པ་བྱུང་བ་སོགས་སྣང་སེམས་འདྲེས་པའི་གྲུབ་རྟགས་དང་། དགུང་གྲངས་བཅུ་གཅིག་པའི་སྟེང་ཨ་འཛོམས་འབྲུག་པ་རིན་པོ་ཆེ་དང་མཇལ་འཕྲད་མཛད་སྐབས་མཁྱེན་བརྩེའི་དབང་པོ་དངོས་སུ་མཇལ་བའི་དག་སྣང་གིས་བསྔགས་བརྗོད། དངོས་རྫས་སྤངས་དག་གི་འབུལ་བ་རྒྱ་ཆེར་གནང་བ་དང་། རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཞོལ་ཁམས་ཀྱི་བྱེ་མ་ཐང་དུ་ཆོས་རྗེ་འཇམ་མགོན་རྣམ་གཉིས་ཀྱི་རིགས་གསུམ་སྤྲུལ་པའི་ལྷ་ཁང་བཤད་སྒྲུབ་དར་རྒྱས་གླིང་དུ་བཤད་གྲྭ་ལྔ་བཅུ་ཐམ་པའི་འཚོ་ཆས་གྲྭ་གཤག་རེ་རེ་བཞིན་ཐུབ་དབང་གནས་བརྟན་བཅུ་དྲུག་གི་སྣང་བརྙན་འབུར་དུ་བཏོད་པ་བཅས་དང་། གཞི་གསུམ་དང་མཐུན་པའི་བསྒྲིགས་འཛུགས་གནང་སྟེ། མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བས་ཐོག་མར་སྒོ་འབྱེད་གནང་ནས་དབུས་འགྱུར་གྱི་བར་ཕྲིན་ལས་རྒྱུན་མཆེད་པས་མཁས་པའི་འབྱུང་གནས་སུ་གྱུར། སྡེ་དགེ་གྲྭ་མ་སྒང་དུ་གསུང་ངག་རིན་པོ་ཆེ་ལམ་འབྲས་གཙོ་བོར་གྱུར་པའི་སྙན་བརྒྱུད་ཀྱི་སྒྲུབ་སྡེ་དང་། བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་རྨེ་དཀར་མོ་སྟག་ཚང་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བསྐྱེད་རྫོགས་མན་ངག་དང་བཅས་པའི་སྒྲུབ་གྲྭ་གཏན་ཚུགས། རིགས་ཀྱི་བདག་པོ་ཀཿཐོག་སི་ཏུ་པཎྜི་ཏའི་ཕྲིན་ལས་ཀྱི་མཇུག་སྐྱོངས་ཕྱིར་ལོ་བཅོ་ལྔའི་རིང་ཀཿཐོག་གི་བསྟན་རྒྱུན་ལ་གཟིགས་སྐྱོང་ཆེན་པོའི་རྒྱུད་སྡེའི་བཤད་གྲྭ་ཉམས་གསོས་དང་། གཞི་གསུམ་ཕྱག་བཞེས་གཙང་དག་དང་། ཐུབ་ཆེན་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་དང་། སི་ཏུ་རིན་པོ་ཆེའི་མཆོག་སྤྲུལ་ཁྲིར་བཀོད་གནང་བས་མཚོན། གཞན་ཡང་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་མཆོག་སྤྲུལ་ངོས་འཛིན། བཀའ་འབུམ་ཡོངས་རྫོགས་ཤིང་སྤར་གྱི་བདག་རྐྱེན། གནས་བརྟན་དགོན་གྱི་གཏེར་ཆེན་མཆོག་གླིང་སྐུ་ཕྲེང་གསུམ་པའི་སྐུ་སྐྱེ། བཤད་གྲྭ་གསར་ཚུགས་ཀྱི་བསླབ་སྟོན། རྩི་ཀེའི་མཆོག་གླིང་སྤྲུལ་སྐུ་ངོས་འཛིན་གནང་བས་མཚོན་མདོ་སྨད་ས་རྙིང་བཀའ་བརྒྱུད་ཀྱི་བཤད་སྒྲུབ་ཀྱི་སྡེ་རྣམས། གསར་རྙིང་གི་རྒྱུད་སྡེའི་དུས་མཆོད་རྣམས་ལ་ཐུགས་བསྐྱེད་དང་ཕྲིན་ལས་ཀྱིས་མ་ཁྱབ་པ་མེད་ཅིང་། དགུང་གྲངས་དགུར་ཕེབས་སྐབས་གླིང་དཀར་ཆོས་རྒྱལ་ཡབ་ཡུམ་ལ་འཇམ་དཔལ་བསྟོད་པ་གང་བློ་མ་ཐུགས་ཐོག་ནས་ལྗགས་བཤད་གནང་བ་དང་། ཀཿཐོག་ཚོགས་ཁང་དུ་བདེ་སྨོན་སྤྱི་བཤད་གསུངས་པ་ནས་དབུ་བརྩམས། ཕྱིས་སྐུ་གཤེགས་ཀྱི་བར་དབང་ཆོས་འཆད་ཉན་བར་མ་ཆད་པ་གནང་བའི་གཙོ་བོ་སྔ་འགྱུར་བཀའ་མ་ཡོངས་རྫོགས་ལན་བཞི། གཏེར་མཛོད་དབང་ཁྲིད་ལུང་བཅས་རྒྱས་པ་ཚར་གཅིག །རྙིང་མ་རྒྱུད་འབུམ་ལན་གཅིག །གདམས་ངག་མཛོད་ཚར་གཉིས། སྒྲུབ་ཐབས་ཀུན་བཏུས་ལན་བཞི། ས་སྐྱའི་ལམ་འབྲས་སློབ་བཤད་ལན་གསུམ། ཚོགས་བཤད་ལན་གཉིས། ཇོ་ཞལ་ཤིང་རྟ་གཉིས་ཀྱི་ལུགས་དུས་འཁོར་དབང་ཆེན་ལན་བརྒྱད། ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་ཆེན་ལན་བཞི་སོགས་སྨོས་ཀྱི་མི་ལྡང་བས་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཆད་དུ་ཕྲིན་ལས་ཁྱབ་པར་བརྡལ་བའི་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེངས་ཏེ། རྒྱ་དཀར་ནག་དབུས་གཙང་ཁམས་གསུམ་གྱི་བསྟན་པ་འཛིན་སྐྱོང་སྤེལ་ནུས་ཀྱི་སྐྱེས་ཆེན་དམ་པས་གཙོས་ཆོས་བྱེད་ཕལ་ཆེར་སློབ་མར་མ་གྱུར་པ་མེད་ཅིང་། ཁྱད་པར་ཟབ་གཏེར་གྱི་བཀའ་བབ་ཆེན་པོ་བཞུགས་པར་ངེས་ཀྱང་ཇི་བཞིན་རྩལ་འདོན་མ་གནང་ནའང་སྐུ་གསུང་ཐུགས་རྟེན། བླ་རྡོ་སོགས་ཁྱད་མཚར་དུ་མ་ཕྱག་ཏུ་རྩོལ་མེད་ཀྱིས་འབྱོར་བ་དང་། དགོངས་གཏེར་གྱི་ཆོས་ཚན་ཁ་ཤས་དང་། རྡོ་རྗེའི་གནས་ཞལ་གསར་འབྱེད། དེའི་གནས་ཡིག །རྙིང་བ་རྣམས་ལ་གནས་ཆེན་བྱིན་འབེབས། ལྷ་སྲིན་དམ་བསྒྲགས། རབ་གནས་སོགས་ཆེད་དང་ཞར་བྱུང་དུ་མཛད་པ་དང་། མདོ་ཁམས་སྟོད་སྨད་ཀུན་ཏུ་མ་ཎི་དུང་སྒྲུབ་ཀྱིས་དགེ་བསྐུལ་གནང་བའི་རྒྱུན་ད་ལྟའང་བཙན་བྱོལ་བ་རྣམས་ལ་ཚུགས་པས་མཚོན་བསྟན་འགྲོའི་དགེ་མཚན་ཟླ་བ་མཐོང་བའི་ཆུ་གཏེར་ལྟར་སྤེལ་ནས་ཐ་མའི་མཛད་པ་གུ་རུའི་སྦས་གནས་ལྷ་རི་འབྲས་ལྗོངས་སྤྲུལ་པའི་ཞིང་དུ་བསྟན་ཅིང་སྐུ་གདུང་རིན་པོ་ཆེའི་མཆོད་རྟེན་དང་། མཆོག་སྤྲུལ་རིན་པོ་ཆེ་ས་སྐྱ་བདག་ཁྲི་སྒྲོལ་མ་ཕོ་བྲང་གི་ཡེ་ཤེས་གཟིགས་པས་ངོས་འཛིན་གནང་བ་གདན་པར་ཞབས་པད་བཀོད་དེ་གསན་བསམ་དམ་པའི་ཡོན་ཏན་བདག་གིར་བཞེས་བཞིན་པ་དང་། གཞན་ཡང་ཐུགས་སྲས་སོ་སོའི་དགོངས་ཉམས་ཀྱིས་མཚན་བཞེས་པའི་མཆོག་སྤྲུལ་དག་ཀྱང་མཆིས་ལ། མདོར་ན་བདག་ཉིད་ཆེན་པོ་དེའི་གསུང་རྩོམ་བཀའ་འབུམ་སྐོར་ཡང་། ཀུན་གཟིགས་འཇམ་པའི་དབྱངས་གུ་ཎ་ས་མུ་དྲས། སྟོན་པའི་དམ་ཆོས་ཡིད་བཞིན་ནོར་བུ་ལ། །དཀོན་ཞིང་ཆོས་ལྷག་སུ་ཞིག་ཐོབ་པ་འཚོལ། །འདི་དང་གཏན་དུ་བདེ་བ་སྦྱིན་པའི་མཐུ། །ཤེས་བྱའི་ཁོང་ན་བཙལ་ཡང་གཞན་ལ་མེད། །ཅེས་དང་གཞན་ཡང་། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་དང་། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་མིག་སྲོག་ཏུ་གྱུར་པ་ལུང་རྟོགས་གཉིས་ཡིན་ལ། དེ་ཉིད་འཛིན་སྤེལ་སྲུང་བ་ནི་བཀའ་དང་བསྟན་བཅོས་གཉིས་སུ་མཁས་གྲུབ་ཀུན་ལ་རླུང་ལྟར་གྲགས་པ་བཞིན། རྩོམ་པ་པོ་རྒྱུ་གསུམ་ཚང་ཞིང་། བརྩམས་པའི་ལེགས་བཤད་དྲུག་བྲལ་གསུམ་ལྡན་དུ་ངེས་པའི་དཔལ་མགོན་བླ་མ་རིན་པོ་ཆེའི་བཀའ་རྩོམ་འདི་དག་དགོས་པའི་ཁྱད་པར་དུ་མ་དང་ལྡན་པའི་ཕྱིར། སྐུ་ཚེའི་སྨད་ཙམ་དུ་གསང་འཛིན་མཁའ་འགྲོའི་གཙོ་མོ་ཚེ་རིང་ཆོས་ཀྱི་སྒྲོལ་མས་གསུང་གིས་བསྐུལ་ཞིང་བསྡུ་རྩོལ་གནང་བ་གུས་རྨོངས་ལ་དཀར་ཆག་ཞིག་ཞབས་ཏོག་ཞུ་དགོས་ཕེབས་པ་རྗེ་བླ་མ་རིན་པོ་ཆེར་བཀའ་སློབ་ཞུས་པར། རྗེ་གོང་མ་འཇམ་མགོན་རྣམ་གསུམ་ཡབ་སྲས་ཀྱི་བཀའ་འབུམ་ལ་འཆད་ཉན་དང་འཛིན་སྤེལ་གནང་ན་བསྟན་རྒྱུན་ལ་ཕན་ངོས་ལས། བདག་འདྲ་ལག་པ་བཟུང་རྒྱུ་མེད་པ་ཆབ་ཆོབ་མང་པོ་བྲིས་པ་དོན་དང་ལྡན་པ་ཅི་མེད་ཀྱང་ཁྱེད་རྣམ་པ་གཉིས་ཀྱིས་དག་སྣང་གིས་བསྡུ་དགོས་ན་སྡེ་ཚན་འདི་ལྟར་མཛད་ན་གསུངས་པ་བཞིན་དཀར་ཆག་བྲི་ཁུལ་ཞུས་ཤིང་། ཐམས་ཅད་བསྡུ་བཤུ་གྲུབ་པ་དང་ཤིང་སྤར་བརྐོ་རྒྱུའི་ཐུགས་བཞེད་གནང་ཀྱང་དུས་ཀྱི་འགྱུར་བས་མཛད་པ་མཐའ་བརྟུལ་བ་དང་། ཕྱིས་སྐུ་གཤེགས་རྗེས་ཐུགས་ཟིན་སློབ་མའི་གཙོ་བོ་ནང་ཆེན་ཚེས་བཅུ་གྲྭ་ཚང་གི་བླ་མ་ངག་དབང་བློ་གྲོས་མཆོག་ལྡན་གྱིས་དབུས་གཙང་དུ་ཕེབས་སྐབས་ཀྱི་གསུང་སྐོར་གང་ཡོད་ཐུགས་ཉར་གནང་བ་ཕྱག་བྲིས་ལས་ཞལ་བཤུས་དད་སློབ་མཁྱེན་ལྡན་བསོད་བཀྲ་ནས་བགྱིས་ཏེ། ཕྱག་མཛོད་བླ་མ་བཀྲ་ཤིས་རྣམ་རྒྱལ་གྱིས་འཕྲུལ་པར་དུ་བསྐྲུན་སྐབས་རྡོ་རྗེ་འཆང་གི་དངོས་སློབ་ཏྲེ་ཧོར་གདོང་ཐོག་མཆོག་སྤྲུལ་ངག་དབང་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཞུས་དག་དང་། རྡོ་རྗེའི་མཆེད་པོ་བླ་མ་མཆོག་ལྡན་གྱིས་སྡེ་ཚན་བསྒྲིགས་ཏེ་དྲུང་ཡིག་ཚེ་རིང་གིས་སྤར་གཞི་བྲི་བསྡུར་ཕྱེད་ཙོ་གྲུབ་པ་དང་ཚེ་མ་ཟིན་པས་འཕྲོས་རྣམས་དང་བློ་མཁྱེན་སྤྱན་ཡངས་པ་ཁམས་རི་བོ་ཆེའི་བྲིས་པ་བསྟན་འཛིན་ནས་མཐར་དབྱུང་བ་དང་། ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་སྐུ་གོང་འོག་གཉིས་ཀའི་བཀའ་འབུམ་རྣམས་གོ་རིམ་བསྒྲིགས་པ་དང་། ཞུས་དག་བཅས་གནས་དགོན་བྱང་འདྲེན་འགྱུར་མེད་པདྨ་བཀྲ་ཤིས་ནས་རྒྱུ་མཚན་ཤེས་པས་བླ་མའི་ཞབས་ཏོག་ཏུ་འབད་བརྩོན་ཆེན་པོ་གནང་བ་དང་ཆབས་ཅིག་འཇམ་མགོན་བླ་མའི་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱ་མཚོའི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱིས་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེ་སྐུ་ཕྲེང་དང་པོའི་བཀའ་འབུམ་པོད་༡༣སྡེ་དགེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཤིང་པར་བཞིན་འཕྲུལ་པར་གསར་བསྐྲུན་མཛད་པ་ལ་སྒོ་གསུམ་ངལ་བ་དྭངས་ལེན་གྱིས་ཞབས་ཞུས་མཁྱེན་ལྡན་གདོང་གྲྭ་མགོན་པོ་ཚེ་བརྟན་དང་། འབྲུག་གྲྭ་ཤེས་རབ་རྒྱལ་མཚན་གཉིས་ནས་ལེགས་བྱས་མཐར་ཕྱིན་པ་དང་། དེར་མ་ཟད་ཁམས་བོད་དུ་རྒྱལ་བསྟན་རིན་པོ་ཆེའི་ཉིན་བྱེད་སླར་ཡང་འཆར་བའི་དགེ་མཚན་གྱི་སྐྱ་རེངས་དང་པོ་འཆར་བའི་ཚེ། ཡབ་གཅིག་བླ་མ་བཀའ་དྲིན་ཅན་གྱི་ངེས་འཛིན་གནང་ཞིང་ལུང་རྟོགས་ཡོན་ཏན་གྱིས་སྤྲས་པའི་དཔེ་ཝར་མཆོག་སྤྲུལ་འཇམ་དབྱངས་བསོད་ནམས་དབང་པོའི་སྡེ་དགེ་ལྷུན་གྲུབ་སྟེང་དུ་ཤིང་པར་བསྐྲུན་རྒྱུའི་རྣམ་དཀར་གྱི་མཛད་བཟང་ཟླ་གཞོན་ཚེས་པའི་དབུ་ཚུགས་པའང་འཕྲོས་དོན་དུ་དྲིལ་བསྒྲགས་བྱ་བའི་སྐལ་བཟང་ཐོབ་པ་ལྟར། དེ་དག་ཐུབ་བསྟན་རིན་པོ་ཆེའི་རྒྱན་དུ་བསྐྲུན་པ་ལ་བསྟན་དང་བསྟན་འཛིན་དགྱེས་པའི་དཔལ་དུ་འགྱུར་བར་སེམས་སོ། །བློ་ལྡན་ཆོས་ཕྱིར་སྲོག་ཀྱང་བཏང་ནུས་ཤིང་། །ལུང་རྟོགས་རྩ་བ་བཤད་དང་སྒྲུབ་པས་བྱེད། །དམ་པའི་རྗེས་སློབ་རྨད་བྱུང་རྣམ་དཀར་དཔལ། །འཇིག་རྟེན་གསུམ་ན་མཆོག་ཏུ་ཅིས་མི་མཛེས། །ཚུལ་དེའི་ལུང་རྟོགས་དབྱར་མཚོ་ལྟར་འཕེལ་ཞིང་། །བསྟན་བཟང་ཡུལ་འཁོར་སྐྱོང་ཀུན་དགྱེས་དགུར་འདུ། །ཕན་བདེའི་པད་ཚལ་ཟད་མི་ཤེས་པ་ཡིས། །བླ་མའི་བཞེད་སྐོང་འགྲོ་ཀུན་རྣམ་གྲོལ་ཤོག །ཚེ་རབས་ཀུན་ཏུ་མཁྱེན་གཉིས་ཡེ་ཤེས་གཏེར། །དགེ་བའི་བཤེས་སུ་མཛད་ནས་བྱང་ཆུབ་སྤྱོད། །རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་ནས་ཀྱང་། །རྣམ་ཐར་བདུད་རྩི་ཆོས་ཀྱི་དབྱིངས་བརྡལ་ཤོག །ཅེས་པའང་འཕྲུལ་པར་གྱི་ལས་འཛིན་ཤེས་རབ་རྒྱལ་མཚན་གྱི་ཐུགས་བཞེད་བཞིན་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མངྒ་ལས་བརྗོད་པ་མཆོག་ཏུ་དགེ་བར་གྱུར་ཅིག །དགེའོ།། །། ༈ རྒྱ་གར་འཕྲུལ་པར་དུ་ཅི་ཡོད་ངེས་པའི་ཕྱིར་པོད་སོ་སོའི་ཐེམ་བྱང་ཟུར་དུ་བཀོལ་བ་ནི། གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་འཕྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱི་བཀའ་འབུམ་གླེགས་བམ་དང་པོ་ལ། ཀ༽འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་རྟོགས་པ་བརྗོད་པ་སྒྱུ་མའི་རོལ་རྩེད་ལྡེབ་༢༢1་43ལྷ་དང་བཅས་པའི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ལ་བསྟོད་པ་ལྷའི་སིལ་སྙན་ལྡེབ་༤45་52ཇོ་བོ་བྱང་ཆུབ་ཆེན་པོ་ལ་བསྟོད་པ་བསོད་ནམས་རབ་འཕེལ་ལྡེབ་༡53་54རྡོ་རྗེ་སེམས་དཔའ་ལ་ཡང་སྙིང་གི་བསྟོད་པའི་གླུ་ལྡེབ་༡55་56དཔལ་ཆེན་པོ་ལ་བསྟོད་པ་རྔམས་པའི་འགྱིང་གླུ་ལྡེབ་༢57་59སྒྲུབ་སྡེ་བརྒྱད་ལ་བསྟོད་པ་ཧེ་རུ་ཀ་དགྱེས་པའི་གད་རྒྱང་ལྡེབ་༢61- 64དུས་གསུམ་ཀུན་མཁྱེན་པདྨ་ཀཱ་ར་ལ་བསྟོད་པ་མོས་གུས་ཀྱི་ཏམྦུ་ར་ལྡེབ་༦65- 76སྐྱབས་གནས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་འཆི་མེད་ཟླ་ཤེལ་བདུད་རྩི་ལྡེབ་༣77- 81འཆི་མེད་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་པ་འཆི་བདུད་ཀུན་འཇོམས་ལྡེབ་༢83- 86དབྱིངས་ཕྱུག་ཌཱ་ཀིའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ་བསྟོད་པ་དབྱངས་ཅན་དགྱེས་རོལ་ལྡེབ་༣87- 91འཆི་མེད་ཚེ་ལྷ་རྣམ་གསུམ་ལ་བསྟོད་པ་འཆི་མེད་གྲུབ་པའི་དཔལ་སྟེར་ལྡེབ་༤93- 99རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་མཆོག་སྦྱིན་ལྡེབ་༤101་107འཕགས་མ་སྒྲོལ་མ་གཙོ་འཁོར་ལ་བསྟོད་པ་བར་ཆད་ཀུན་སེལ་ལྡེབ་༥109- 118སྒྲོལ་མ་དཀར་མོར་བསྟོད་པ་ཚངས་པའི་དབྱངས་སྙན་ལྡེབ་ཚེ་དཔག་དཀར་པོ་ལ་བསྟོད་པ་གཙུག་ཏོར་རྣམ་རྒྱལ་མ་ལ་བསྟོད་པ་བཅས་ལ་ལྡེབ་༣119- 123འཆི་མེད་མགོན་པོ་ཚེ་དཔག་མེད་ལ་བསྟོད་པ་འཆི་བདག་བདུད་བཅོམ་ལྡེབ་༢125- 127རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་གུར་གུམ་གསར་པའི་མེ་ཏོག་ལྡེབ་༢129- 132མགོན་པོ་འཇམ་དཔལ་ལ་བསྟོད་པ་རྡོ་རྗེ་སྒྲ་མའི་རྒྱུད་མངས་ལྡེབ་༡133- 134རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ་པདྨའི་ལྕུག་ཕྲག་ལྡེབ་༢135- 138སྒྲ་དབྱངས་ལྷ་མོར་བསྟོད་པ་གང་གཱའི་རླབས་ཕྲེང་ལྡེབ་༢139- 142དབྱངས་ཅན་དམར་མོ་ལ་བསྟོད་པ་རྡོ་རྗེ་སྒྲ་མའི་དབྱངས་སྙན་ལྡེབ་༡143- 144ལྷ་མོ་དབྱངས་ཅན་ལ་བསྟོད་པ་གང་གཱའི་རླབས་ཕྲེང་ལྡེབ་༡145- 146སྲིད་པའི་ལྷ་ཆེན་ལ་བསྟོད་པ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ལྡེབ་༢147- 150ཚེ་རིང་མར་བསྟོད་པ་ཀ་ལ་པིངྐའི་དབྱངས་སྙན་ལྡེབ་༢151- 153ཇོ་བོ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ལ་བསྟོད་པ་ཡེ་ཤེས་རང་གསལ་ལྡེབ་༣155- 159སློབ་དཔོན་ཟླ་བ་གྲགས་པ་ལ་བསྟོད་པ་ཀུན་དགའི་དབྱངས་སྙན་ལྡེབ་༢161- 164མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་བསྟོད་པ་ལྷའི་དབྱངས་སྙན་ལྡེབ་༦165- 176མ་གཅིག་ལབ་སྒྲོན་ལ་བསྟོད་པ་བདུད་བཞི་དབྱིངས་གཅོད་ལྡེབ་༣177- 181རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་བསྟོད་པ་ལྡེབ་༡183- 184འབྲི་གུང་སྐྱོབ་པ་རིན་པོ་ཆེར་བསྟོད་པ་དད་པའི་གླིང་བུ་ལྡེབ་༡185- 186ས་སྐྱ་པཎྜི་ཏ་ལ་བསྟོད་པ་མེ་ཏོག་ཕྲེང་མཛེས་ལྡེབ་༥187- 196ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་རབ་དགའི་དབྱངས་སྙན་ལྡེབ་༣197- 202ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་བསྟོད་པ་ཀ་མ་ལའི་ཕྲེང་མཛེས་ལྡེབ་༥203- 211རྗེ་བླ་མ་ཙོང་ཁ་པ་ཆེན་པོར་བསྟོད་པ་དད་པའི་མེ་ཏོག་ལྡེབ་༢213- 215ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ་ལ་བསྟོད་པ་དབྱངས་ཀྱི་འབྲུག་སྒྲ་ལྡེབ་༢217- 219ཆོས་རྒྱལ་གཏེར་བདག་གླིང་པ་ལ་བསྟོད་པ་མན་དཱ་ར་བའི་དབྱངས་སྙན་ལྡེབ་༥221- 229ལྷ་བཙུན་ནམ་མཁའ་འཇིགས་མེད་ལ་བསྟོད་པ་རྡོ་རྗེ་སྒྲ་མའི་དབྱངས་སྙན་ལྡེབ་༢231- 234ཁྲག་འཐུང་ནམ་མཁའ་འཇིགས་མེད་ལ་བསྟོད་པ་ཁྲག་འཐུང་དཔའ་བོའི་གད་རྒྱང་ལྡེབ་༢235- 238འཇིགས་མེད་གླིང་པ་ལ་ཁྱད་འཕགས་བསྟོད་པ་ལྡེབ་༡239- 240མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་བསྟོད་པ་ལྷའི་མེ་ཏོག་ལྡེབ་༡241- 242ཀཿཐོག་སི་ཏུ་པཎྜི་ཏ་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ལྡེབ་༤243- 249བློ་གཏེར་དབང་པོ་ལ་བསྟོད་པ་བྱིན་རླབས་མཆོག་སྩོལ་ལྡེབ་༢251- 254མཁན་རིན་པོ་ཆེ་ཀུན་དཔལ་ལ་བསྟོད་པ་བཀའ་དྲིན་རྗེས་དྲན་གྱི་མེ་ཏོག་མཆོད་པ་ལྡེབ་༤255- 262མཁན་ཆེན་ཀུན་བཟང་དཔལ་ལྡན་ཐུབ་བསྟན་ཆོས་ཀྱི་གྲགས་པ་ལ་གདུང་དབྱངས་སུ་གསོལ་བ་ཐུགས་རྗེའི་གློག་ཞགས་ལྡེབ་༡263- 264འཕགས་ཡུལ་གནས་ཆེན་རྣམས་ལ་བསྟོད་པ་ཁག་ཕྱོགས་གཅིག་ཏུ་བཀོད་པ་ལྡེབ་༡༩265- 301འཕགས་ཡུལ་མ་ག་དྷའི་བྱང་ཆུབ་ཆེན་པོའི་བཞུགས་གནས་རྟེན་དང་བརྟེན་པར་བཅས་པའི་གསོལ་སྨོན་བཀྲ་ཤིས་འཁྱིལ་པ་ལྡེབ་༢303- 305སྦས་གནས་འབྲས་མོ་ལྗོངས་ཀྱི་རྟོགས་བརྗོད་ཀུ་ཧུའི་མགྲིན་གླུ་ལྡེབ་༤307- 313བོད་ཀྱི་གནས་ཆེན་རྣམས་ལ་བསྟོད་པ་ཕྱོགས་བསྒྲིགས་ལྡེབ་༦315- 325ཐུབ་དབང་བླ་མའི་རྣལ་འབྱོར་བྱིན་རླབས་རོལ་མཚོ་ལྡེབ་༤327- 334བླ་མ་ཐུབ་པ་ཆེན་པོའི་བླ་མའི་རྣལ་འབྱོར་ལྡེབ་༢335- 337དགའ་རབ་རྡོ་རྗེའི་བླ་མའི་རྣལ་འབྱོར་ལྡེབ་༢339- 341ཨོ་རྒྱན་རྡོ་རྗེ་འཆང་གི་བླ་མའི་རྣལ་འབྱོར་ངེས་དོན་བདེ་འཇུག་ལྡེབ་༣343- 348བླ་མ་ལ་གསོལ་བ་གདབ་པའི་རིམ་པ་ངེས་དོན་བདེ་འཇུག་ལྡེབ་༧349- 362བླ་མའི་རྣལ་འབྱོར་ཡེ་ཤེས་གསང་བ་ལྡེབ་༦363- 374གསོལ་འདེབས་དྲིལ་སྒྲུབ་ལྡེབ་༣375- 379རྒྱལ་གདོན་སྙིང་ནད་ཞི་བའི་བླ་མའི་རྣལ་འབྱོར་ལྡེབ་༡381- 382བླ་མའི་རྣལ་འབྱོར་ཟབ་ལམ་གསལ་སྒྲོན་ལྡེབ་༣383- 388བླ་མའི་རྣལ་འབྱོར་ཞལ་གདམས་འབྲེལ་བ་བྱང་ཆུབ་ལམ་བཟུང་ལྡེབ་༦389་399རྩ་གསུམ་རིགས་འདུས་དྲིལ་སྒྲུབ་རྒྱུན་ཁྱེར་ལྡེབ་༢401- 403དཔལ་ཆོས་ཀྱི་གྲགས་པའི་བླ་སྒྲུབ་ལྡེབ་༢405- 408རྨད་བྱུང་སློབ་དཔོན་ཆེན་པོ་དགེ་བསྙེན་ཟླ་བའི་ཞབས་ཀྱི་སྒྲུབ་ཐབས་ཡེ་ཤེས་རང་གསལ་ལྡེབ་༢409- 412མཉམ་མེད་ཇོ་བོ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་སྩོལ་ལྡེབ་༤413- 420སྲོང་བཙན་སྒམ་པོའི་བླ་སྒྲུབ་ཡེ་ཤེས་རང་ཤར་ལྡེབ་༢421- 424གསང་བདག་ལྷ་ལུང་དཔལ་གྱི་རྡོ་རྗེའི་བླ་མའི་རྣལ་འབྱོར་ལྡེབ་༣425- 429མངའ་བདག་མར་པ་ལོ་ཙཱའི་བླ་མའི་རྣལ་འབྱོར་ལྡེབ་༢431་433རྗེ་བཙུན་བཞད་པ་རྡོ་རྗེའི་བླ་མའི་རྣལ་འབྱོར་ལྡེབ་༢435- 437ཀུན་མཁྱེན་དོལ་པོའི་བླ་སྒྲུབ་ལྡེབ་༣439- 444ཀུན་མཁྱེན་ཇོ་ནང་པ་ཆེན་པོར་རྒྱང་འབོད་ངེས་དོན་བྱིན་རླབས་མྱུར་དུ་འགུགས་པའི་ཕོ་ཉ་ལྡེབ་༢445- 447ཀརྨ་པཀྵིའི་བླ་སྒྲུབ་རང་བྱུང་ཐུགས་ཐིག་ལྡེབ་༣449- 454དཔལ་ས་སྐྱ་པ་ཀུན་དགའ་སྙིང་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་མཆོག་སྩོལ་ལྡེབ་༥455- 464ཀུན་མཁྱེན་ཀློང་ཆེན་པའི་བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་སྟེར་ལྡེབ་༣465- 470ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་མཆོག་དངོས་གྲུབ་པ་ལྡེབ་༦471- 481གཏེར་ཆེན་པདྨ་གླིང་པའི་བླ་མའི་རྣལ་འབྱོར་ལྡེབ་༤483- 489རྗེ་བཙུན་ཐམས་ཅད་མཁྱེན་པའི་བླ་རྣལ་ཉུང་ངུ་ལྡེབ་༢491- 494བླ་མ་གསང་བའི་བདག་པོའི་རྣལ་འབྱོར་བདུད་དཔུང་མཐར་བྱེད་ལྡེབ་༣495- 499པདྨ་དབང་མཆོག་རྒྱལ་པོའི་ཐུགས་དམ་རྒྱུད་བསྐུལ་གྱི་བླ་མའི་རྣལ་འབྱོར་ཚོགས་མཆོད་ཏིང་ངེ་འཛིན་གྱི་དབང་བསྐུར་བཅས་ལྡེབ་༩501- 517རྣལ་འབྱོར་དབང་མོ་རྗེ་བཙུན་ལོ་ཆེན་གྱི་བླ་རྣལ་ལྡེབ་༢519- 521བཅས་བཞུགས།། །། ༈ གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་འཕྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱི་བཀའ་འབུམ་གླེགས་བམ་གཉིས་པ་ལ། ཁ༽བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་དབང་ཆོག་བཅས་ལྡེབ་༡༠1- 19བླ་མའི་རྣལ་འབྱོར་ཡེ་ཤེས་བཅུད་ཐིག་ལྡེབ་༣21- 25བླ་མའི་རྣལ་འབྱོར་བྱིན་རླབས་དཔལ་སྟེར་ལྡེབ་༣27- 32བླ་མའི་རྣལ་འབྱོར་གྲུབ་གཉིས་ཆར་འབེབས་ལྡེབ་༢33- 35བླ་མའི་རྣལ་འབྱོར་བྱིན་རླབས་འདུས་པ་ལྡེབ་༡37- 38བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་སྒྲོན་ལྡེབ་༢༩39- 96ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དུས་ངན་སྙིགས་མའི་རྐྱེན་བཟློག་ལྡེབ་༧97- 109རྗེ་གྲུབ་མཆོག་ཚུལ་ཁྲིམས་བཟང་པོའི་གསོལ་འདེབས་ལྡེབ་༡111- 112བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་སྲིད་ཞིའི་གདུང་སེལ་ལྡེབ་༦113- 123རྗེ་བཙུན་སྒྲོལ་མར་གསོལ་འདེབས་སྡུག་བསྔལ་སེལ་བྱེད་ལྡེབ་༡125- 126མར་པ་ལོ་ཙཱ་ཡབ་སྲས་གསོལ་འདེབས་ལྡེབ་༡127- 128རྗེ་ཕག་མོ་གྲུ་པའི་གསོལ་འདེབས་བྱིན་རླབས་རོལ་མཚོ་ལྡེབ་༣129- 134ཀརྨ་པ་དུས་གསུམ་མཁྱེན་པའི་གསོལ་འདེབས་ལྡེབ་༡135- 136རྒོད་ཚང་མགོན་པོ་རྡོ་རྗེའི་གསོལ་འདེབས་ལྡེབ་༢137- 139རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་ཆེན་པོའི་གསོལ་འདེབས་ལྡེབ་༣141- 145རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསོལ་འདེབས་ལྡེབ་༤147- 153གསོལ་འདེབས་བསྡུས་པ་ལྡེབ་༡155- 156ཚར་ཆེན་རྡོ་རྗེ་འཆང་གི་གསོལ་འདེབས་ལྡེབ་༢157- 160ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་མཆེད་གཉིས་དང་། མཁྱེན་བརྩེའི་དབང་པོའི་གསོལ་འདེབས་ལྡེབ་༢161- 164ཀུན་མཁྱེན་ཆེན་པོར་གསོལ་འདེབས་རྒྱང་འབོད་ལྡེབ་༡165- 166འཇིགས་མེད་གླིང་པའི་བླ་མ་རྒྱང་འབོད་ལྡེབ་༡167- 168ཟུར་མང་དྲུང་རིན་པོ་ཆེའི་སྐྱེས་ཕྲེང་གསོལ་འདེབས་ལྡེབ་༣169- 173ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསོལ་འདེབས་ལྡེབ་༢175- 177རྒྱལ་སྲས་འཆི་མེད་པདྨ་རྡོ་རྗེའི་གསོལ་འདེབས་ལྡེབ་༢179- 182སྐྱེས་རབས་གསོལ་འདེབས་ཆུ་ཟླའི་རྫུན་རིས་མོས་ལྡན་དགའ་བྱེད་ལྡེབ་༦183- 194སྐྱེ་ཕྲེང་གསོལ་འདེབས་ཨུ་དུམ་ཝ་རའི་ཕྲེང་མཛེས་ལྡེབ་༡195- 196གསོལ་འདེབས་ཉུང་ངུའི་རིགས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལྡེབ་༣197- 202རྒྱ་རོང་མཁའ་འགྲོ་བདེ་ཆེན་དབང་མོའི་གསོལ་འདེབས་ལྡེབ་༡203- 204འོད་གསལ་འཆར་བའི་གསོལ་འདེབས་ལྡེབ་༡205- 206བལ་ཡུལ་མཆོད་སྡོང་རྣམ་གསུམ་གསོལ་འདེབས་ལྡེབ་༣207- 212རྒྱལ་མཆོག་ཐམས་ཅད་མཁྱེན་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པར་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་དབྱངས་སྙན། གོང་ས་ཆེན་པོར་ཞབས་བརྟན་དུ་གསོལ་བ་འཆི་མེད་སྒྲ་དབྱངས། གོང་ས་འདྲེན་མཆོག་ཆེན་པོར་ཞབས་བརྟན་དུ་གསོལ་བ་དཔག་བསམ་ལྗོན་ཤིང་བཅས་ལྡེབ་༥213- 222དཔལ་ས་སྐྱའི་བདག་ཁྲི་རིན་པོ་ཆེའི་ཞབས་བརྟན། འཁོན་གདུང་མཉྫུ་བཛྲའི་ཞབས་བརྟན་བཅས་ལྡེབ་༣223- 227འཇིག་རྟེན་དབང་ཕྱུག་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཞབས་བརྟན་ལྡེབ་༢229- 232མྱོས་རིགས་རྡོ་རྗེ་འཛིན་རྒྱལ་གཅུང་རིན་པོ་ཆེ་ངག་དབང་ཆོས་གྲགས་ལ་ཞབས་བརྟན་དུ་གསོལ་བ་ལྡེབ་༡233- 234སྨིན་གཅུང་རིན་པོ་ཆེར་ཞབས་བརྟན་དུ་གསོལ་བ་ལྡེབ་༡235- 236གཏེར་ཆེན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞབས་བརྟན་ལྡེབ་༡237- 238ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱི་ཞབས་བརྟན་ལྡེབ་༢239- 242གཏེར་ཆེན་བླ་མའི་རྣམ་རོལ་མཆོག་སྤྲུལ་རིན་པོ་ཆེར་ཞབས་བརྟན་གསོལ་འདེབས་ལྡེབ་༡243- 244དཔལ་ལྡན་བླ་མར་ཞབས་བརྟན་གསོལ་འདེབས་ལྷའི་རྔ་ཆེན་སོགས་ལ་ལྡེབ་༤245- 252རྒྱལ་བསྟེན་མཆོག་སྤྲུལ་གྱི་སྐྱེས་ཕྲེང་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་ལྡེབ་༡253- 254འཁྲུལ་ཞིག་བདེ་ཆེན་དཔའ་བོ་རྡོ་རྗེའི་ཞབས་བརྟན་སོགས་ལ་ལྡེབ་༢255- 257རང་ལྟོས་སློབ་བུའི་ཚོགས་ལ་འཕྲིན་དུ་གསོལ་བ་རབ་རིབ་མུན་སེལ་ལྡེབ་༥259- 267རང་གཞན་ལ་གདམས་པ་ཕན་བདེའི་འཁྲི་ཤིང་ལྡེབ་༩269- 286རང་གཞན་ལ་གདམས་པ་གཏམ་དུ་བྱ་བ་རིན་ཆེན་ཕྲེང་མཛེས་ལྡེབ་༡༡287- 307རང་ལ་གྲོས་སུ་འདེབས་པ་ལྡེབ་༢309- 311ཞལ་གདམས་གནད་ཀྱི་ཕྲེང་བ་ལྡེབ་༢313- 315ཞལ་གདམས་བྱང་ཆུབ་བདེ་ལམ་ལྡེབ་༣317- 322ཞལ་གདམས་མགུར་གླུ་རིན་ཆེན་མགུལ་རྒྱན་ལྡེབ་༤323- 329ཞལ་གདམས་ཐར་པའི་འཁྲི་ཤིང་ལྡེབ་༣331- 335རང་གཞན་ལ་གྲོས་སུ་འདེབས་པ་ཕན་བདེའི་འཁྲི་ཤིང་ལྡེབ་༣337- 341ཞལ་གདམས་ཀུན་ཕན་བདུད་རྩི་ལྡེབ་༢343- 346གནས་དགོན་མཆོག་སྤྲུལ་ལ་གདམས་པ་ལྡེབ་༢347- 349གདམས་ངག་གནད་དྲིལ་ལྡེབ་༢351- 354ཞལ་གདམས་ཐར་ལམ་སྒྲོན་མེ་ལྡེབ་༣355- 359ཞལ་གདམས་གནད་ཕྲེང་ལྡེབ་༦361- 371གདམས་པ་རིན་ཆེན་ཕྲེང་མཛེས་ལྡེབ་༢373- 376ཞལ་གདམས་བདུད་རྩིའི་བུམ་བཟང་ལྡེབ་༡377- 378གདམས་པའི་བསླབ་བྱ་ཉུང་ངུ་ལྡེབ་༡379- 380གསང་སྤྱོད་སྙན་བརྒྱུད་གནད་ཀྱི་བཅུད་ཕུར་རྒྱབ་ཡིག་ལྡེབ་༡381- 382ཡི་གེའི་མ་མོ་དང་སྦྱར་བའི་ཞལ་གདམས་ལྡེབ་༡383- 384ཡང་ཞལ་གདམས་ལྡེབ་༡385- 386ཀྱེ་མ་མ་དུལ་སོགས་ཞལ་གདམས་ལྡེབ་༡387- 388ནད་སེལ་གྱི་སྨན་དཀར་པོ་གཅིག་ཐུབ་ལྡེབ་༡389- 390ཞལ་གདམས་བསླབ་བྱ་གནད་ཀྱི་ཕྲེང་བ་ལྡེབ་༣391- 396ཞལ་གདམས་བསིལ་སྦྱིན་བདུད་རྩི་ཞེས་བྱ་བ་ལྡེབ་༢397- 400ཞལ་གདམས་ཉུང་ངུ་དགེ་མ་ཀུན་བཟང་གི་ངོར་གནང་བ་ལྡེབ་༡401- 402ལྕེ་བཙུན་སྙིང་ཐིག་ཁྲིད་ཀྱི་ཟིན་བྲིས་ལྡེབ་༢༣403- 447རྫོགས་ཆེན་གྱི་དོན་ཁྲིད་མདོར་བསྡུས་ལྡེབ་༣449- 453གཞི་ཀ་དག་ཁྲེགས་ཆོད་ལམ་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་བསྡུས་ལྡེབ་༣455- 459སེམས་དོན་ངོ་སྤྲོད་ཀྱི་གནད་མདོར་བསྡུས་པ་ལྡེབ་༣461- 465མ་ནམ་མཁའ་དང་སོགས་སྨོན་ལམ་ལྡེབ་༡467- 468ངེས་དོན་ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་འཁྲུལ་བར་བརྗོད་པ་ལྡེབ་༢469- 471དབུ་མ་ཐལ་འགྱུར་བའི་དོན་སྙིང་ངེས་པར་བརྗོད་པ་ལྡེབ་༡473- 474ཟུང་འཇུག་དབུ་མ་ཆེན་པོའི་དོན་བརྗོད་པ་མཐའ་བྲལ་དབུ་མ་ཆེན་པོ་ཐལ་འགྱུར་བའི་ངོས་གསང་ཟླ་བའི་ཞལ་ལུང་བཅས་ལྡེབ་༡༢475- 498བཞུགས།། །། ༈ གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་འཕྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱི་བཀའ་འབུམ་གླེགས་བམ་གསུམ་པ་ལ། ག༽རྡོ་རྗེའི་གླུ་སྤྲིན་དཀར་འཛུམ་པའི་ལྷ་ཡི་དབྱངས་སྙན་ལྡེབ་༤1- 7གླུ་ཟབ་དོན་གླིང་བུ་ལྡེབ་༢9- 11ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྗེས་དྲན་གྱི་གླུ་ཀ་ལ་པིངྐའི་དབྱངས་སྙན་ལྡེབ་༢13- 15ཉམས་མཚར་དུ་བརྗོད་པ་ཁུ་བྱུག་མགྲིན་གླུ་ལྡེབ་༢17- 19ངེས་དོན་སྙིང་པོའི་གླུ་བྱང་ཆུབ་བདེ་ལམ་ལྡེབ་༢21- 23གླུ་ཡེ་ཤེས་བྱིན་འབེབས་ལྡེབ་༢25- 27ཨེ་མ་ཧོ། འཁོར་འདས་སོགས་གླུ་ཚན་པ་གཅིག་ལ་ལྡེབ་༢29- 31རང་ཉམས་ངེས་པའི་དོ་ཧ་ལྡེབ་༡33- 34འ་འེ་ཀུན་མཁྱེན་སོགས་ལྡེབ་༡35- 36ཨ་ཧོ། སེམས་ཅན་ཀུན་ལ་སོགས་ལྡེབ་༡37- 38འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་མགུར་གླུ་ལྡེབ་༢39- 42ཨ་ཧོ། གདོད་ནས་སོགས་ལྡེབ་༡43- 44གླུ་ཡེ་ཤེས་བྱིན་འབེབས་ལྡེབ་༡45- 46ཨ་ཧོ་ཡེ་འབྲས་ལྗོངས་སོགས་ལྡེབ་༡47- 48གླུ་ཐ་ལ་ཐ་ལ་སོགས་ལྡེབ་༡49- 50བལ་ཡུལ་གནས་བསྐོར་འཁོར་བའི་གླུ་ལྡེབ་༡51- 52བླ་མ་ལ་གསོལ་བ་འདེབས་པའི་གླུ་ཡེ་ཤེས་བྱིན་འབེབས་ལྡེབ་༡53- 54ཚོགས་གླུ་ཌཱ་ཀི་དགྱེས་རོལ་ལྡེབ་༡55- 56ངོ་མཚར་སྤྲོ་བ་བསྐྱེད་པ་ལྷ་ཡི་གླུ་དབྱངས་ལྡེབ་༢57- 60དུས་ལ་མངོན་པར་སྐྱོ་བའི་གཏམ་མུ་ཀུའི་མགྲིན་གླུ་ལྡེབ་༣61- 65ཐུགས་དམ་རྒྱུད་བསྐུལ་གྱི་གླུ་དད་པའི་གློག་ཞགས་ལྡེབ་༡67- 68ཤྲཱི་གཱིརྟི་ཨ་ལ་ལ་ཧོཿདཔལ་བདེ་བ་སོགས་ལྡེབ་༡69- 70ཨེ་མ་ཧོཿཨེ་མ་ཀི་རི་ཨ་ཧོཿརྡོ་རྗེ་སོགས་ལྡེབ་༡71- 72སྐྱོ་གླུ་སྙིང་གི་གཟེར་ཆེན་སོགས་ལ་ལྡེབ་༨73- 87མདའ་བསྣུན་ཞབས་ཀྱི་སྙན་བརྒྱུད་ཐབས་ལམ་གྱི་དུམ་བུ་སོགས་ལ་ལྡེབ་༧89- 102བལ་ཡུལ་ཡང་ལེ་ཤོད་ཀྱི་མདོ་བྱང་སོགས་ལ་ལྡེབ་༡༤103- 129གསོལ་འདེབས་ལེའུ་བདུན་པ། ཞིང་རྒྱུལ་སོགས་ལྡེབ་༡༣131- 156རིག་འཛིན་སྲོག་སྒྲུབ་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མྱུར་ལམ་ལྡེབ་༡༨157- 191ཚེ་གཡང་འགུགས་པའི་དབང་གི་མཚམས་སྦྱོར་ལྡེབ་༦193- 203ཚེ་དཔག་མེད་ཀྱི་གཟུངས་མདོ་བཀླག་ཐབས་ལྡེབ་༡205- 206མི་ཏྲའི་ཚེ་དཀར་དམར་གྱི་བརྒྱུད་འདེབས་དང་། རྒྱུན་ཁྱེར་ཚོགས་མཆོད་བཅས་ལྡེབ་༥207- 215ཚེ་འགུགས་ལྡེབ་༡217- 218གྲོལ་ཏིག་ཚེ་སྒྲུབ་བསྟོན་དམིགས་ལྡེབ་༡219- 220རྡོར་སེམས་རྒྱུན་ཁྱེར་ལྡེབ་༡221- 222བླ་མ་དགོངས་འདུས་རྒྱུན་ཁྱེར་ལྡེབ་༡223- 224བཀའ་བརྒྱད་རྒྱུན་ཁྱེར་ལྡེབ་༡225- 226ཕུར་པའི་རྒྱུན་ཁྱེར་ལྡེབ་༡227- 228གྲུབ་ཐོབ་བཀའ་བརྒྱད་ཀྱི་རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ་ལྡེབ་༩229- 245གུར་དྲག་རྒྱུན་ཁྱེར་ལྡེབ་༡247- 242འཇམ་དཔལ་གཤིན་རྗེ་གནམ་ལྕགས་སྡིག་པའི་རྣལ་འབྱོར་ལྡེབ་༣249- 253འཇམ་དཔལ་གཤིན་རྗེའི་རྒྱུན་ཁྱེར་ལྡེབ་༡255- 256འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དངོས་གྲུབ་བསྐུལ་བ་ལྡེབ་༡257- 258བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒོས་སྒྲུབ་བླ་མ་སྨྲ་སེང་གི་བསྙེན་ཡིག་ལྡེབ་༤259- 266འཇམ་དཔལ་དྲག་པོ་ཕ་རོལ་རྒོལ་འཇོམས་ཀྱི་བསྙེན་ཡིག་ལྡེབ་༧267- 279ཐུགས་སྒྲུབ་བདུད་གཤེད་རྒྱུན་ཁྱེར་ལྡེབ་༣281- 284གཏེར་གསར་རྟ་མགྲིན་ཡང་ཕྱུངས་དམར་པོའི་བསྙེན་སྒྲུབ་ཟིན་བྲིས་ལྡེབ་༤285- 292དབང་ཆེན་རྟ་མགྲིན་གྱི་རྟ་སྐད་ཐེངས་གསུམ་བཤད་པ་ལྡེབ་༡༥293- 321དཔལ་རྟ་མཆོག་རོལ་པ་ལ་བསྟོད་པ་དབང་ཆེན་རྔམས་པའི་གད་མོ་ལྡེབ་༣323- 328ཕྲིན་ལས་ཕུར་པའི་གནད་ཏིག་ལས་སྔོན་འགྲོའི་རྣལ་འབྱོར་སྙིང་པོ་དང་། བརྒྱུད་འདེབས་རྒྱུན་ཁྱེར་བཅས་ལྡེབ་༩329- 345སྙན་བརྒྱུད་ཕུར་པའི་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་བསྡེབས་ཕྲིན་ལས་རྣམ་རོལ་ལྡེབ་༡༢347- 370ལས་བྱང་ཕྲིན་ལས་རྣམ་རོལ་མཛེས་རྒྱན་ལྡེབ་༨371- 386སྙན་བརྒྱུད་ཕུར་པའི་སྐོང་བ་བདུད་ལས་རྣམ་རྒྱལ་ལྡེབ་༤387- 393སྙན་བརྒྱུད་ཕུར་པའི་ཚེ་སྒྲུབ་དམིགས་བཟླས་ལྡེབ་༡395- 396སྙན་བརྒྱུད་ཕུར་པའི་གཏོར་བཟློག་ཕྲིན་ལས་རྡོ་རྗེའི་ཐོག་འབེབས་དགྲ་བགེགས་ཀུན་འཇོམས་ལྡེབ་༢༢397- 439ཕུར་པའི་ལས་བཞིའི་སྦྱིན་སྲེག་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ་ལྡེབ་༡༠441- 459སྙན་བརྒྱུད་ཕུར་པའི་མནན་པ་རྡོ་རྗེའི་རི་རབ་ལྡེབ་༡༦461- 492བཅས་བཞུགས།། །། ༈ གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་འཕྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱི་བཀའ་འབུམ་གླེགས་བམ་བཞི་པ་ལ། ང༽དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་སྒྲུབ་ཁོག་ཡེ་ཤེས་གཏེར་མཛོད་ལྡེབ་༤༤1- 87འཆི་མེད་འཕགས་མ་སྙིང་ཐིག་གི་སྐོང་བ་ལྡེབ་༤89- 96དཀོན་མཆོག་སྤྱི་འདུས་བརྒྱུད་འདེབས་ཁ་སྐོངས་སོགས་ལྡེབ་༤97- 103ཡང་གཏེར་རྟ་མགྲིན་གཉེན་པོ་ལྷ་ལྔའི་བརྒྱུད་འདེབས་ལྡེབ་༡105- 106རྟ་མགྲིན་རྒྱུན་ཁྱེར་ལྡེབ་༡107- 108སྙན་བརྒྱུད་རྟ་མཆོག་རོལ་པའི་བརྒྱུད་འདེབས་ལྡེབ་༡109- 110སྙན་བརྒྱུད་རྟ་མགྲིན་སྐོང་བ་ལྡེབ་༡111- 112ཡང་དག་རྒྱུན་ཁྱེར་ལྡེབ་༡113- 114སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས་ལྡེབ་༣115- 119སྙན་བརྒྱུད་མ་མོའི་གནད་ཏིག་གི་བརྒྱུད་འདེབས་ལྡེབ་༡121- 122མཁའ་འགྲོ་གསང་འདུས་བརྒྱུད་འདེབས་ཁ་སྐོངས་ལྡེབ་༡123- 124བསང་ཆུ་བྱིན་བརླབ་དཀར་གཏེར་བཅས་ལྡེབ་༡125- 126ཛབi་ཁང་དབྱེ་བ་ཛབi་བསྐུལ་ཐོད་བུམ་སྒྲུབ་པ་བཅས་ལྡེབ་༢127- 129ཚོགས་བསྡུས་སྨན་གྱི་རྟོགས་བརྗོད་བཅས་ལྡེབ་༡131- 132ཆད་ཐོ་ལྡེབ་༢133- 135འཇམ་དཔལ་སྒྱུ་དྲའི་རྒྱུད་ཀྱི་དུམ་བུ་བའི་འགྲེལ་ཊཱིཀ་ཟིན་བྲིས་སྐོར་ལྡེབ་༤༣137- 220དཔལ་ཀྱེ་རྡོ་རྗེའི་ལམ་དུས་ཤིན་ཏུ་བསྡུས་པ་ལྡེབ་༦221- 231དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྲུང་འཁོར་རྡོ་རྗེ་བྲག་རྫོང་མ་གསང་སྒྲུབ་དང་བཅས་ལྡེབ་༤༠233- 309བླ་མ་རིན་འབྱུང་དང་ཐང་རྒྱལ་གཡང་སྐྱབས་སྦྲག་སྒྲུབ་ཀྱི་འདོན་ཟིན་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ་ལྡེབ་༡༩311- 148དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྟོད་པ་བསྐང་བ་བཅས་ལྡེབ་༣349- 354དཔལ་ནག་པོ་ཆེན་པོ་ཞལ་བཞི་པའི་གསོལ་ཀ་ལྡེབ་༢355- 358དཀོར་བདག་དམ་སྲིའི་གླུད་བསྔོ་ལྡེབ་༣359- 363ཡུལ་སྐྱོང་ཆེན་པོ་རྡོ་རྗེ་ང་འདྲ་སེང་ཆེན་རྒྱལ་པོ་མཆེད་བརྒྱད་བསང་གསོལ་ལྡེབ་༢༢365་408བཟང་སྤྱོད་འདོན་ཐབས་སོགས་བསྔོ་སྨོན་སྐོར་ལྡེབ་༣༣409- 472མངོན་དགའི་ཞིང་གི་སྨོན་ལམ་བདེ་ཆེན་སྒོ་འབྱེད་ལྡེབ་༤473- 479བཅས་བཞུགས།། །། ༈ གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་འཕྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱི་བཀའ་འབུམ་གླེགས་བམ་ལྔ་པ་ལ། ཅ༽འཇམ་དཔལ་ཡེ་ཤེས་སྙིང་པོའི་རྒྱུད་དང་སྒྲུབ་ཐབས་དབང་ཆོག་བཅས་ལྡེབ་༢༣1- 49མཚོ་སྐྱེས་རྡོ་རྗེར་བསྟོད་ཤིས་མེ་ཏོག་ཕྲེང་མཛེས་ལྡེབ་༡51- 52བླ་སྒྲུབ་འོད་གསལ་སྙིང་ཐིག་གི་བརྒྱུད་འདེབས་ལྡེབ་༡53- 54བླ་སྒྲུབ་འོད་གསལ་སྙིང་ཐིག་དབང་བསྐུར་འོད་གསལ་བཅུད་ཐིག་བཅས་ལྡེབ་༢༥55- 104བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་སྟེར་ལྡེབ་༣105- 109བླ་མ་ལ་གསོལ་བ་འདེབས་པའི་གླུ་ཡེ་ཤེས་བྱིན་འབེབས་ལྡེབ་༡111- 112ཚོགས་ཀྱི་འཁོར་ལོའི་གླུ་ཌཱ་ཀི་བཞད་པའི་དབྱངས་སྙན་མཚོ་བྱུང་དགྱེས་པའི་ཏམ་བུ་ར་པི་ཝཾ་དབྱངས་སྙན་བཅས་ལྡེབ་༥113- 122ཐུགས་སྒྲུབ་པདྨའི་སྙིང་ཐིག་ལས། རྩ་གསུམ་སྤྱི་དྲིལ་སྒྲུབ་པའི་སྐོར་ལ་ལྡེབ་༣༡123- 183ཟབ་གསང་པདྨའི་ཡང་ཏིག་ལས། གུ་རུ་དྲག་པོའི་སྒྲུབ་སྐོར་ལྡེབ་༡༨185- 220སེང་གདོང་བརྒྱུད་འདེབས་ལྡེབ་༡221- 222སེང་གདོང་མའི་ཕྲིན་ལས་སྙིང་པོར་དྲིལ་བ་སོགས་ལ་ལྡེབ་༣༦223- 296སེང་གདོང་མའི་སྐོང་བ་ལྡེབ་༢297- 299རྩ་གསུམ་བྱིན་འབེབས་ཐུགས་རྗེའི་གློག་ཞགས་ལྡེབ་༥301- 310ཀརྨ་པ་རང་བྱུང་རྡོ་རྗེའི་བླ་སྒྲུབ་ཟབ་དོན་སྙིང་ཐིག་ལྡེབ་༧311- 325འཇམ་དབྱངས་བླ་མའི་སྒྲུབ་ཐབས་ཡེ་ཤེས་སྣང་གཏེར་ལྡེབ་༦325- 336འཇམ་དབྱངས་བསྟོད་པ་བྱིན་རླབས་མྱུར་འཇུག་ལྡེབ་༡337- 338ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་རབ་དགའི་དབྱངས་སྙན་ལྡེབ་༡339- 340ཚར་ཆེན་རྡོ་རྗེ་འཆང་གི་བླ་སྒྲུབ་ཧེ་རུ་ཀའི་དགོངས་རྒྱན་ལྡེབ་༡༡341- 362བླ་རྣལ་དང་འབྲེལ་བའི་མཆོད་ཆོག་བྱིན་རླབས་བདུད་རྩིའི་རོལ་མཚོ་ལྡེབ་༢༨363- 418སེང་གདོང་ཆ་ལག་པཎ་ཆེན་བི་མའི་བླ་སྒྲུབ་སོགས་ལ་ལྡེབ་༡༥419- 448ཀྱཻ་རྡོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལྡེབ་༣449- 453རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་མཁའ་སྤྱོད་ལམ་བཟང་འཕོ་བ་བཅས་ལྡེབ་༡༤455- 482སྒྲོལ་དཀར་སྒྲོལ་མ་དམར་མོ་རྗེ་བཙུན་རིག་བྱེད་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་བཅས་ལྡེབ་༦483- 493བཅས་བཞུགས།། །། ༈ གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་འཕྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱི་བཀའ་འབུམ་གླེགས་བམ་དྲུག་པ། ཆ༽བླ་མའི་རྣལ་འབྱོར་བྱང་ཆུབ་བདེ་ལམ་དང་ཕན་བདེའི་དཔལ་སྟེར་སོགས་ལ་ལྡེབ་༧1་14བླ་མའི་རྣལ་འབྱོར་སེམས་ཉིད་ངལ་གསོ་ལྡེབ་༦15- 25འཇམ་དཔལ་རིགས་ལྔར་བསྟོད་གསོལ་ལྡེབ་༢27- 29སྐྱེ་ཕྲེང་གསོལ་འདེབས་ཨུ་དུམ་ཝཱ་རའི་ཕྲེང་མཛེས་ལྡེབ་༢31- 34ཀློང་གསལ་རྡོ་རྗེ་མི་འཁྲུགས་པའི་ཞི་བའི་སྲོག་བླུགས་ཀྱི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་ལྡེབ་༡༢35- 58འཕོ་བའི་དམིགས་རིམ་ལྡེབ་༡59- 60འོད་དཔག་མེད་ཀྱི་ཉལ་བསྒོམ་མདོར་བསྡུས་ལྡེབ་༡61- 62ན་མོ་གུ་རུ། ཆོས་ཉིད་རིག་པ་སོགས་ལྡེབ་༡63- 64རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་སྨོན་ཚུལ་ཁྲིམས་དག་བྱེད་ལྡེབ་༢65- 68ཞལ་གདམས་ཕྱོགས་བསྡུས་ལྡེབ་༡༤69- 95ཨེ་མ་ཧོ་དུས་གསུམ་རྒྱལ་བ་སོགས་ལྡེབ་༡97- 98ཞིང་འདིའི་སྟོན་པ་གཉིས་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་ཤིས་བརྗོད་དང་འབྲེལ་བ་བདེ་ཆེན་ཞིང་གི་སྒྲ་དབྱངས་འོད་སྣང་མཐའ་ཡས་དགྱེས་པའི་སྤྲིན་ཕུང་ལྡེབ་༢99- 102རྗེ་གྲུབ་ཐོབ་ཆེན་པོའི་བཀའ་སྲོལ་གྱི་བླ་མའི་རྣལ་འབྱོར་གསང་སྤྱོད་སྙན་བརྒྱུད་དང་སྦྱར་བའི་ཚོགས་ཀྱི་ཕྲིན་ལས་རིག་འཛིན་མཁའ་འགྲོ་དགྱེས་པའི་རོལ་མོ་ལྡེབ་༡༢༢103- 346གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསང་སྤྱོད་སྙན་བརྒྱུད་ཀྱི་ཉམས་ལེན་ངག་འདོན་བཀླག་ཆོག་ཏུ་བཀོད་པ་གྲུབ་དབང་དགོངས་རྒྱན་ལྡེབ་༡༧347- 379མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས་གསུང་རྡོ་རྗེ་ལོངས་སྐུའི་ཁྲིད་ཀྱི་མཇུག་མཐུད་ལྡེབ་༣381- 385མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས་ཤེར་དབང་དང་འབྲེལ་བ་ཐུགས་རྗེ་ཆོས་སྐུའི་ཁྲིད་ཡིག་ལྡེབ་༨387- 402མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྲིད་ལྡེབ་༥403- 412གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ཀྱི་བརྒྱུད་པའི་རྣམ་ཐར་ཁ་སྐོང་ལྡེབ་༦413- 423བཅས་བཞུགས།། །། ༈ གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་འཕྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱི་བཀའ་འབུམ་གླེགས་བམ་བདུན་པ། ཇ༽གསང་སྤྱོད་མཁའ་འགྲོ་སྙན་བརྒྱུད་ཀྱི་གཤིན་པོ་རྗེས་འཛིན་ངན་སོང་ཀུན་འཇོམས་ལྡེབ་༡༠1- 19དཔལ་ལྕགས་ཟམ་པའི་བསྟན་སྲུང་དབང་པོ་རྣམས་ཀྱི་ཕྲིན་ལས་དངོས་གྲུབ་གཏེར་མཛོད་ལྡེབ་༡༠༩21- 236རྡོ་རྗེའི་ཆོས་སྐྱོང་སྲུང་མར་གཏོར་མ་འབུལ་བའི་ཆོ་ག་ལས་བཞི་ལྷུན་གྲུབ་ལྡེབ་༢༠237- 275ཡེ་ཤེས་མགོན་པོ་གདོང་བཞི་པའི་སྲོག་གཏད་ལྡེབ་༡༣277- 302ཡེ་ཤེས་མགོན་པོ་ཕྱག་བཞི་པའི་ཕྲིན་ལས་དངོས་གྲུབ་འབྱུང་གཏེར་སོགས་ལ་ལྡེབ་༤༩303- 400གནོད་སྦྱིན་གསོལ་མཆོད་ཧཱུྃ་རི་རབ་སོགས་ལྡེབ་༡401- 402རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ཞབས་བརྟན་དུ་གསོལ་བ་དགེ་ལེགས་ཤིས་པའི་དབྱངས་སྙན་ལྡེབ་༢403- 406གཙང་པཎ་ཆེན་ཐམས་ཅད་མཁྱེན་པར་ཞབས་བརྟན་དུ་གསོལ་བ་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལྡེབ་༡407་408དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ཞབས་བརྟན་བཀྲ་ཤིས་འཁྱིལ་པ་ལྡེབ་༡409- 410བྱམས་ཆེན་ཏཱའི་སི་ཏུ་པདྨའི་ལྗགས་ལྡན་སྐུ་ཕྲེང་བཞི་པའི་ཞབས་བརྟན་པདྨའི་དབྱངས་སྙན་ལྡེབ་༡411- 412རྡོ་རྗེ་སློབ་དཔོན་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་སྐྱེ་ལྔའི་སྒྲ་དབྱངས་ལྡེབ་༡413- 414དྷཱ་ཀིའི་སྐུ་ཚེའི་འཕྲང་བཟློག་ལྡེབ་༡415- 416འཐོར་ནས་སྒྲུབ་ཚུལ་ལྡེབ་༡417- 418རྩ་བརྒྱུད་བླ་མ་སོགས་ལྡེབ་༡419་420སྨོན་ལམ་རྡོ་རྗེའི་རྒྱ་མདུད་ཞལ་ནས་གསུངས་པའི་ཤིས་བརྗོད་ལེ་ཚན་བདེན་བརྗོད་བཅས་ལྡེབ་༤421- 428པར་བྱང་སྨོན་ཚིག་ལྡེབ་༢429- 431བཅས་བཞུགས།། །། ༈ ཉ༽གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་འཕྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱི་བཀའ་འབུམ་གླེགས་བམ་བརྒྱད་པ། ཁྱབ་བདག་བླ་མ་འཁོར་ལོའི་མགོན་པོ་པདྨ་ཡེ་ཤེས་རྡོ་རྗེའི་གསང་བའི་རྣམ་ཐར་གྱི་ཆ་ཤས་དད་གསུམ་པད་དཀར་བཞད་པའི་ཉིན་བྱེད་ཅེས་པ་ལྡེབ་༡༨༡1- 361བཅས་བཞུགས་སོ།། །།
[edit]

@#/__/gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'i rnam 'phrul 'jam dbyangs chos kyi blo gros zhabs kyi bka' 'bum dkar chag dil mkhyen rin po ches mdzad pa bzhugs so/__/ thub dbang ring lugs 'chi med rdzing ring ngogs/__/rnam thar nyi zla'i snang bas 'dzam gling khyon/__/rab mdzes 'jam dbyangs chos kyi blo gros rje'i/__/ye shes 'od snang bye bas skyongs gyur cig__/de yang mi slob 'bras bu'i dpal la dgyes pa'i sangs rgyas rnams kyi rnam mkhyen gyi 'bras bu'i yon tan gyi snying po ni mkhyen pa gnyis ldan gyi ye shes te/__de nyid gdul bya'i don du sprul pa'i gzugs su shar ba rje btsun 'jam pa'i dbyangs zhes phyogs bcu'i zhing rab 'byams na snyan par grags shing /__sangs rgyas kyi mdzad pa sgrub pa'i rnam thar gyi gsang ba mtha' dag ni thams cad mkhyen pa'i ye shes kyi spyod yul kho nar zad mod/__tshur mthong gi gdul bya phyogs re'i thun mong snang ngor shar ba'i ngo mtshar gyi mdzad pa cha shas re yang nor bu rin po che dbang gi rgyal po'i rdul ltar ngo mtshar gyi rin thang bsam brjod kyi yul las 'das pa kho na'i phyir/__bdag cag gi 'dren pa 'di ni thams cad mkhyen gzigs rje btsun bla ma 'jam dbyangs mkhyen brtse'i dbang po'i ye shes sgyu ma rol pa'i bdag nyid chen po ste/__rje de'i rnam par thar pa ni/__gsang ba'i bdag po gu Na sa mu dra'i zhal snga nas/__sa sogs 'byung ba mthu che yang /__/kun khyab nam mkhar mtshungs min ltar/__/gangs can bstan 'dzin su dang yang /__/thun min rnam thar rmad kyi phul/__/zhes dang /__'jigs bral gyi paN+Di ta chen po mi pham rnam par rgyal bas/__/mkhas dang btsun pa grub pa gsum/__/'gran pa bzhin du khyod la 'phel/__/'di 'dra'i phun tshogs mthong dka' bas/__/ngo mtshar che yang shes pa dkon/__/zhes ched du bsngags pa'i bdag nyid chen po de'i rnam thar zhal gsung ma las/__ma 'ongs bi ma'i bla sgrub skabs/__/tshe 'di 'phos ma thag pa nas/__/sprul gzhi ri bo rtse lnga ru/__/paN chen bi ma'i thugs kar thim/__/sprul pa lnga 'byung smon lam mthus/__/ris med bstan par phan ces gsungs/__/ces rdo rje'i gsung gis zhal gyis 'ches pa'i seng ge'i sgra bzhin/__ye shes spyan ldan bai ro dngos byon 'jam pa'i rdo rje blo gros mtha' yas pa'i sdes dag chen ye shes kyi gzigs pas ngos 'dzin tshigs su bcad par/__rnam 'phrul sbrul dang rta lug lo/__zhes 'byung ba'i chu sbrul dgung ldan/__rje bla ma nyid gtso bor phrin las mi zad pa rgyan gyi 'khor lo'i zhal skyin du kaHthog si tu paN+Di ta la rjes brtse'i gsung gsang phebs pa'i dgongs don/__mdo khams gnas chen nyer lnga'i bye brag phrin las gnas kyi gtso bo kaHthog rdo rje gdan chen po yin pa dang /__rje mkhyen brtse dbang po lang gro lo tsA ba'i phrin las kyi sprul par gter lung du ma nas 'byung bas/__rje bla ma rin po che yang mkhyen brtse'i phrin las kyi sprul skur bsngags pa'i rten 'brel gyis lang gro dngos byon gter chen klong gsal mdo sngags gling pa'i gdan sar seng ge'i khri la bzhugs stan chags na rten 'brel dang dgos pa phun sum tshogs par gzigs nas/__bse pa gter rgan 'chi med grub pa'i rig 'dzin gyi gdung sras grub chen rnal 'byor spyod pa 'gyur med tshe dbang rgya mtsho'i sprul pa'i sras mchog rin po che 'jam dbyangs chos kyi blo gros rin po che dgung grangs 'phags nor gyi grangs su phebs pa dang kaHthog tu zhabs kyi pad+mo bkod/__rigs kyi bdag po si tu ma hA paN+Di tas rten sdom pa gsum dang /__phyag bris 'bri klog nas brtsams mdo sngags rig gnas dang bcas pa'i gsan sbyangs/__snga 'gyur bka' gter mdo sgyu sems gsum/__bla rdzogs thugs gsum gyi smin grol rgya mtsho lta bus bskyangs bzhin pa'i skabs/__skyes chen dam pa'i thugs bskyed dang phrin las kyi dam bca' ni rgya mtsho chen po'i rlabs bzhin nam yang dus las yol ba med pas phyi nang gi rkyen du mas bskul ba ltar mdzad de/__dgung grangs bco lnga'i steng rje gong ma'i gdan sa shrI na lan+Da gnyis pa rdzong gsar bkra shis lha rtse'i gzims chung bkra shis 'chi med grub pa'i dga' tshal gyi bka' gter chos kyi gsang mdzod chen po'i seng ge'i khri la zhabs sor bkra shis kyi re khA bkod pas bzhugs stan chags nas/__yongs 'dzin sogs dmigs bsal med kyang dam pa mchog ni dngul chu sar lhungs bzhin skyes bu dam pa'i ngang tshul 'gran zla dang bral ba dwangs ba'i mkha' la ston zla 'char ba bzhin du gyur te/__rje 'jam mgon chos kyi rgyal po rnam gnyis kyi thugs sras/__mkhas grub rnal 'byor gyi dbang phyug__/grub mtha' ris su ma chad pa'i skyes chen dam pa bcu phrag 'phags lam gyi grangs las brgal ba/__dbang rnon chos rjes 'brang ba'i dad mos kyis bsten nas zab chos kyi bdud rtsi ngoms pa med par bzhes te mang du thos pa rgya mtsho'i mdzod bsags/__de dag kyang blun dad kyis 'ba' sam bsdus pa lta bu ma yin pa mkhas grub rang rang gi lta sgom spyod pa'i zab gnad khyad chos thams cad skyes sbyang gi mkhyen rab rno myur gyis thugs su chud par mdzad/__bka' gter gsar rnying gi rtsa gsum lhag pa'i lha brgya rtsa lhag gi bsnyen sgrub nyams bzhes/__blo sbyongs don bdun/__gsung ngag lam 'bras/__dwags shangs chos drug__/zhi gcod/__dus 'khor sbyor drug rdo rje gsum gyi bsnyen sgrub/__khyad par rdzogs chen skor gtso bor gyur pa'i thugs dam nyams bzhes dngos shugs kun nas mdzad cing /__rnam g.yengs dang chags sdang gi gsung 'phros yud tsam yang mi mnga'/__dgung gsar dang /__dbyar ston thugs spro sangs phebs na yang chos kyi 'bel gtam bsdus tshad kyi rtsod pa/__bla ma'i rnam thar/__gnas rten gyi lo rgyus sogs chos mthun gyi gsung gsang 'ba' zhig gis gdul bya rnams spro ba bskyed par mdzad/__bla ma dang lhag pa'i lha du mas rjes su bzung zhing dngos grub kyi mtshan ma'i rigs mngon sum du gyur/__gsang ba sbas tshul gyi thugs sgam por bzhugs kyang sngar 'dzing rnam rgyal mgon khang la khrus dang rab gnas mdzad pa'i bgegs bskrad kyi skabs dgongs pas gzir bas mgon po'i sku'i g.yo 'gul mdzad pas las rdor phyir bros dgos pa byung ba sogs snang sems 'dres pa'i grub rtags dang /__dgung grangs bcu gcig pa'i steng a 'dzoms 'brug pa rin po che dang mjal 'phrad mdzad skabs mkhyen brtse'i dbang po dngos su mjal ba'i dag snang gis bsngags brjod/__dngos rdzas spangs dag gi 'bul ba rgya cher gnang ba dang /__rdzong gsar bkra shis lha rtse'i zhol khams kyi bye ma thang du chos rje 'jam mgon rnam gnyis kyi rigs gsum sprul pa'i lha khang bshad sgrub dar rgyas gling du bshad grwa lnga bcu tham pa'i 'tsho chas grwa gshag re re bzhin thub dbang gnas brtan bcu drug gi snang brnyan 'bur du btod pa bcas dang /__gzhi gsum dang mthun pa'i bsgrigs 'dzugs gnang ste/__mkhan chen gzhan phan chos kyi snang bas thog mar sgo 'byed gnang nas dbus 'gyur gyi bar phrin las rgyun mched pas mkhas pa'i 'byung gnas su gyur/__sde dge grwa ma sgang du gsung ngag rin po che lam 'bras gtso bor gyur pa'i snyan brgyud kyi sgrub sde dang /__bod khams bkra shis 'byung ba'i gnas mchog rong rme dkar mo stag tshang du sgrub brgyud shing rta chen po brgyad kyi bskyed rdzogs man ngag dang bcas pa'i sgrub grwa gtan tshugs/__rigs kyi bdag po kaHthog si tu paN+Di ta'i phrin las kyi mjug skyongs phyir lo bco lnga'i ring kaHthog gi bstan rgyun la gzigs skyong chen po'i rgyud sde'i bshad grwa nyams gsos dang /__gzhi gsum phyag bzhes gtsang dag dang /__thub chen khang rten dang brten par bcas pa gsar bzhengs dang /__si tu rin po che'i mchog sprul khrir bkod gnang bas mtshon/__gzhan yang zhe chen rgyal tshab rin po che'i mchog sprul ngos 'dzin/__bka' 'bum yongs rdzogs shing spar gyi bdag rkyen/__gnas brtan dgon gyi gter chen mchog gling sku phreng gsum pa'i sku skye/__bshad grwa gsar tshugs kyi bslab ston/__rtsi ke'i mchog gling sprul sku ngos 'dzin gnang bas mtshon mdo smad sa rnying bka' brgyud kyi bshad sgrub kyi sde rnams/__gsar rnying gi rgyud sde'i dus mchod rnams la thugs bskyed dang phrin las kyis ma khyab pa med cing /__dgung grangs dgur phebs skabs gling dkar chos rgyal yab yum la 'jam dpal bstod pa gang blo ma thugs thog nas ljags bshad gnang ba dang /__kaHthog tshogs khang du bde smon spyi bshad gsungs pa nas dbu brtsams/__phyis sku gshegs kyi bar dbang chos 'chad nyan bar ma chad pa gnang ba'i gtso bo snga 'gyur bka' ma yongs rdzogs lan bzhi/__gter mdzod dbang khrid lung bcas rgyas pa tshar gcig__/rnying ma rgyud 'bum lan gcig__/gdams ngag mdzod tshar gnyis/__sgrub thabs kun btus lan bzhi/__sa skya'i lam 'bras slob bshad lan gsum/__tshogs bshad lan gnyis/__jo zhal shing rta gnyis kyi lugs dus 'khor dbang chen lan brgyad/__ngor lugs dkyil 'khor bdun gyi dbang chen lan bzhi sogs smos kyi mi ldang bas shar nub rgya mtsho'i mtha' tshun chad du phrin las khyab par brdal ba'i chos kyi rgyal mtshan chen po bsgrengs te/__rgya dkar nag dbus gtsang khams gsum gyi bstan pa 'dzin skyong spel nus kyi skyes chen dam pas gtsos chos byed phal cher slob mar ma gyur pa med cing /__khyad par zab gter gyi bka' bab chen po bzhugs par nges kyang ji bzhin rtsal 'don ma gnang na'ang sku gsung thugs rten/__bla rdo sogs khyad mtshar du ma phyag tu rtsol med kyis 'byor ba dang /__dgongs gter gyi chos tshan kha shas dang /__rdo rje'i gnas zhal gsar 'byed/__de'i gnas yig__/rnying ba rnams la gnas chen byin 'bebs/__lha srin dam bsgrags/__rab gnas sogs ched dang zhar byung du mdzad pa dang /__mdo khams stod smad kun tu ma Ni dung sgrub kyis dge bskul gnang ba'i rgyun da lta'ang btsan byol ba rnams la tshugs pas mtshon bstan 'gro'i dge mtshan zla ba mthong ba'i chu gter ltar spel nas tha ma'i mdzad pa gu ru'i sbas gnas lha ri 'bras ljongs sprul pa'i zhing du bstan cing sku gdung rin po che'i mchod rten dang /__mchog sprul rin po che sa skya bdag khri sgrol ma pho brang gi ye shes gzigs pas ngos 'dzin gnang ba gdan par zhabs pad bkod de gsan bsam dam pa'i yon tan bdag gir bzhes bzhin pa dang /__gzhan yang thugs sras so so'i dgongs nyams kyis mtshan bzhes pa'i mchog sprul dag kyang mchis la/__mdor na bdag nyid chen po de'i gsung rtsom bka' 'bum skor yang /__kun gzigs 'jam pa'i dbyangs gu Na sa mu dras/__ston pa'i dam chos yid bzhin nor bu la/__/dkon zhing chos lhag su zhig thob pa 'tshol/__/'di dang gtan du bde ba sbyin pa'i mthu/__/shes bya'i khong na btsal yang gzhan la med/__/ces dang gzhan yang /__chos rnams thams cad bka' dang bstan bcos te/__/legs par gsung dang de yi dgongs 'grel dang /__/de yi dbang gis shAkya'i bstan pa 'di/__'jig rten khams 'dir yun ring gnas par 'gyur/__/zhes gsungs pa ltar rgyal ba'i bstan pa rin po che'i snying mig srog tu gyur pa lung rtogs gnyis yin la/__de nyid 'dzin spel srung ba ni bka' dang bstan bcos gnyis su mkhas grub kun la rlung ltar grags pa bzhin/__rtsom pa po rgyu gsum tshang zhing /__brtsams pa'i legs bshad drug bral gsum ldan du nges pa'i dpal mgon bla ma rin po che'i bka' rtsom 'di dag dgos pa'i khyad par du ma dang ldan pa'i phyir/__sku tshe'i smad tsam du gsang 'dzin mkha' 'gro'i gtso mo tshe ring chos kyi sgrol mas gsung gis bskul zhing bsdu rtsol gnang ba gus rmongs la dkar chag zhig zhabs tog zhu dgos phebs pa rje bla ma rin po cher bka' slob zhus par/__rje gong ma 'jam mgon rnam gsum yab sras kyi bka' 'bum la 'chad nyan dang 'dzin spel gnang na bstan rgyun la phan ngos las/__bdag 'dra lag pa bzung rgyu med pa chab chob mang po bris pa don dang ldan pa ci med kyang khyed rnam pa gnyis kyis dag snang gis bsdu dgos na sde tshan 'di ltar mdzad na gsungs pa bzhin dkar chag bri khul zhus shing /__thams cad bsdu bshu grub pa dang shing spar brko rgyu'i thugs bzhed gnang kyang dus kyi 'gyur bas mdzad pa mtha' brtul ba dang /__phyis sku gshegs rjes thugs zin slob ma'i gtso bo nang chen tshes bcu grwa tshang gi bla ma ngag dbang blo gros mchog ldan gyis dbus gtsang du phebs skabs kyi gsung skor gang yod thugs nyar gnang ba phyag bris las zhal bshus dad slob mkhyen ldan bsod bkra nas bgyis te/__phyag mdzod bla ma bkra shis rnam rgyal gyis 'phrul par du bskrun skabs rdo rje 'chang gi dngos slob tre hor gdong thog mchog sprul ngag dbang theg mchog bstan pa'i rgyal mtshan gyis zhus dag dang /__rdo rje'i mched po bla ma mchog ldan gyis sde tshan bsgrigs te drung yig tshe ring gis spar gzhi bri bsdur phyed tso grub pa dang tshe ma zin pas 'phros rnams dang blo mkhyen spyan yangs pa khams ri bo che'i bris pa bstan 'dzin nas mthar dbyung ba dang /__thams cad mkhyen gzigs mkhyen brtse rin po che sku gong 'og gnyis ka'i bka' 'bum rnams go rim bsgrigs pa dang /__zhus dag bcas gnas dgon byang 'dren 'gyur med pad+ma bkra shis nas rgyu mtshan shes pas bla ma'i zhabs tog tu 'bad brtson chen po gnang ba dang chabs cig 'jam mgon bla ma'i mchog sprul rin po che 'jam dbyangs chos kyi rgya mtsho'i thugs bskyed dang phrin las kyis thams cad mkhyen gzigs 'jam dbyangs mkhyen brtse sku phreng dang po'i bka' 'bum pod 13sde dge rdzong gsar bkra shis lha rtse'i shing par bzhin 'phrul par gsar bskrun mdzad pa la sgo gsum ngal ba dwangs len gyis zhabs zhus mkhyen ldan gdong grwa mgon po tshe brtan dang /__'brug grwa shes rab rgyal mtshan gnyis nas legs byas mthar phyin pa dang /__der ma zad khams bod du rgyal bstan rin po che'i nyin byed slar yang 'char ba'i dge mtshan gyi skya rengs dang po 'char ba'i tshe/__yab gcig bla ma bka' drin can gyi nges 'dzin gnang zhing lung rtogs yon tan gyis spras pa'i dpe war mchog sprul 'jam dbyangs bsod nams dbang po'i sde dge lhun grub steng du shing par bskrun rgyu'i rnam dkar gyi mdzad bzang zla gzhon tshes pa'i dbu tshugs pa'ang 'phros don du dril bsgrags bya ba'i skal bzang thob pa ltar/__de dag thub bstan rin po che'i rgyan du bskrun pa la bstan dang bstan 'dzin dgyes pa'i dpal du 'gyur bar sems so/__/blo ldan chos phyir srog kyang btang nus shing /__/lung rtogs rtsa ba bshad dang sgrub pas byed/__/dam pa'i rjes slob rmad byung rnam dkar dpal/__/'jig rten gsum na mchog tu cis mi mdzes/__/tshul de'i lung rtogs dbyar mtsho ltar 'phel zhing /__/bstan bzang yul 'khor skyong kun dgyes dgur 'du/__/phan bde'i pad tshal zad mi shes pa yis/__/bla ma'i bzhed skong 'gro kun rnam grol shog__/tshe rabs kun tu mkhyen gnyis ye shes gter/__/dge ba'i bshes su mdzad nas byang chub spyod/__/rgyal ba dgyes pa'i lam la zhugs nas kyang /__/rnam thar bdud rtsi chos kyi dbyings brdal shog__/ces pa'ang 'phrul par gyi las 'dzin shes rab rgyal mtshan gyi thugs bzhed bzhin 'jam dbyangs bla ma dgyes pa'i 'bangs mang+ga las brjod pa mchog tu dge bar gyur cig__/dge'o//___//__!__rgya gar 'phrul par du ci yod nges pa'i phyir pod so so'i them byang zur du bkol ba ni/__gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'i rnam 'phrul 'jam dbyangs chos kyi blo gros zhabs kyi bka' 'bum glegs bam dang po la/__ka)'jam dbyangs chos kyi blo gros kyi rtogs pa brjod pa sgyu ma'i rol rtsed ldeb 22[1] [43]lha dang bcas pa'i ston pa mnyam med thub pa'i dbang po la bstod pa lha'i sil snyan ldeb 4[45] [52]jo bo byang chub chen po la bstod pa bsod nams rab 'phel ldeb 1[53] [54]rdo rje sems dpa' la yang snying gi bstod pa'i glu ldeb 1[55] [56]dpal chen po la bstod pa rngams pa'i 'gying glu ldeb 2[57] [59]sgrub sde brgyad la bstod pa he ru ka dgyes pa'i gad rgyang ldeb 2[61- 64]dus gsum kun mkhyen pad+ma kA ra la bstod pa mos gus kyi tam+bu ra ldeb 6[65- 76]skyabs gnas kun 'dus mtsho skyes rdo rje la bstod pa 'chi med zla shel bdud rtsi ldeb 3[77- 81]'chi med mtsho skyes rdo rje la bstod pa 'chi bdud kun 'joms ldeb 2[83- 86]dbyings phyug DA ki'i gtso mo ye shes mtsho rgyal la bstod pa dbyangs can dgyes rol ldeb 3[87- 91]'chi med tshe lha rnam gsum la bstod pa 'chi med grub pa'i dpal ster ldeb 4[93- 99]rje btsun 'phags ma yid bzhin 'khor lo la bstod pa 'chi med mchog sbyin ldeb 4[101] [107]'phags ma sgrol ma gtso 'khor la bstod pa bar chad kun sel ldeb 5[109- 118]sgrol ma dkar mor bstod pa tshangs pa'i dbyangs snyan ldeb tshe dpag dkar po la bstod pa gtsug tor rnam rgyal ma la bstod pa bcas la ldeb 3[119- 123]'chi med mgon po tshe dpag med la bstod pa 'chi bdag bdud bcom ldeb 2[125- 127]rje btsun 'jam dpal dbyangs la bstod pa gur gum gsar pa'i me tog ldeb 2[129- 132]mgon po 'jam dpal la bstod pa rdo rje sgra ma'i rgyud mangs ldeb 1[133- 134]rje btsun rdo rje rnal 'byor ma la bstod pa pad+ma'i lcug phrag ldeb 2[135- 138]sgra dbyangs lha mor bstod pa gang gA'i rlabs phreng ldeb 2[139- 142]dbyangs can dmar mo la bstod pa rdo rje sgra ma'i dbyangs snyan ldeb 1[143- 144]lha mo dbyangs can la bstod pa gang gA'i rlabs phreng ldeb 1[145- 146]srid pa'i lha chen la bstod pa khams gsum 'gugs pa'i lcags kyu ldeb 2[147- 150]tshe ring mar bstod pa ka la ping+ka'i dbyangs snyan ldeb 2[151- 153]jo bo chen po smr-i ti dz+nyA na la bstod pa ye shes rang gsal ldeb 3[155- 159]slob dpon zla ba grags pa la bstod pa kun dga'i dbyangs snyan ldeb 2[161- 164]ma hA paN+Di ta nags kyi rin chen la bstod pa lha'i dbyangs snyan ldeb 6[165- 176]ma gcig lab sgron la bstod pa bdud bzhi dbyings gcod ldeb 3[177- 181]rje btsun mi la bzhad pa rdo rje la bstod pa ldeb 1[183- 184]'bri gung skyob pa rin po cher bstod pa dad pa'i gling bu ldeb 1[185- 186]sa skya paN+Di ta la bstod pa me tog phreng mdzes ldeb 5[187- 196]kun mkhyen chen po la bstod pa rab dga'i dbyangs snyan ldeb 3[197- 202]chos rje thams cad mkhyen pa bu ston rin chen grub la bstod pa ka ma la'i phreng mdzes ldeb 5[203- 211]rje bla ma tsong kha pa chen por bstod pa dad pa'i me tog ldeb 2[213- 215]kun mkhyen go rams pa bsod nams seng ge la bstod pa dbyangs kyi 'brug sgra ldeb 2[217- 219]chos rgyal gter bdag gling pa la bstod pa man dA ra ba'i dbyangs snyan ldeb 5[221- 229]lha btsun nam mkha' 'jigs med la bstod pa rdo rje sgra ma'i dbyangs snyan ldeb 2[231- 234]khrag 'thung nam mkha' 'jigs med la bstod pa khrag 'thung dpa' bo'i gad rgyang ldeb 2[235- 238]'jigs med gling pa la khyad 'phags bstod pa ldeb 1[239- 240]mkhan chen rdo rje 'chang byams pa kun dga' bstan 'dzin la bstod pa lha'i me tog ldeb 1[241- 242]kaHthog si tu paN+Di ta la bstod pa gzhon nu rol dga'i dbyangs ldeb 4[243- 249]blo gter dbang po la bstod pa byin rlabs mchog stsol ldeb 2[251- 254]mkhan rin po che kun dpal la bstod pa bka' drin rjes dran gyi me tog mchod pa ldeb 4[255- 262]mkhan chen kun bzang dpal ldan thub bstan chos kyi grags pa la gdung dbyangs su gsol ba thugs rje'i glog zhags ldeb 1[263- 264]'phags yul gnas chen rnams la bstod pa khag phyogs gcig tu bkod pa ldeb 19[265- 301]'phags yul ma ga d+ha'i byang chub chen po'i bzhugs gnas rten dang brten par bcas pa'i gsol smon bkra shis 'khyil pa ldeb 2[303- 305]sbas gnas 'bras mo ljongs kyi rtogs brjod ku hu'i mgrin glu ldeb 4[307- 313]bod kyi gnas chen rnams la bstod pa phyogs bsgrigs ldeb 6[315- 325]thub dbang bla ma'i rnal 'byor byin rlabs rol mtsho ldeb 4[327- 334]bla ma thub pa chen po'i bla ma'i rnal 'byor ldeb 2[335- 337]dga' rab rdo rje'i bla ma'i rnal 'byor ldeb 2[339- 341]o rgyan rdo rje 'chang gi bla ma'i rnal 'byor nges don bde 'jug ldeb 3[343- 348]bla ma la gsol ba gdab pa'i rim pa nges don bde 'jug ldeb 7[349- 362]bla ma'i rnal 'byor ye shes gsang ba ldeb 6[363- 374]gsol 'debs dril sgrub ldeb 3[375- 379]rgyal gdon snying nad zhi ba'i bla ma'i rnal 'byor ldeb 1[381- 382]bla ma'i rnal 'byor zab lam gsal sgron ldeb 3[383- 388]bla ma'i rnal 'byor zhal gdams 'brel ba byang chub lam bzung ldeb 6[389] [399]rtsa gsum rigs 'dus dril sgrub rgyun khyer ldeb 2[401- 403]dpal chos kyi grags pa'i bla sgrub ldeb 2[405- 408]rmad byung slob dpon chen po dge bsnyen zla ba'i zhabs kyi sgrub thabs ye shes rang gsal ldeb 2[409- 412]mnyam med jo bo chen po'i bla ma'i rnal 'byor byin rlabs mchog stsol ldeb 4[413- 420]srong btsan sgam po'i bla sgrub ye shes rang shar ldeb 2[421- 424]gsang bdag lha lung dpal gyi rdo rje'i bla ma'i rnal 'byor ldeb 3[425- 429]mnga' bdag mar pa lo tsA'i bla ma'i rnal 'byor ldeb 2[431] [433]rje btsun bzhad pa rdo rje'i bla ma'i rnal 'byor ldeb 2[435- 437]kun mkhyen dol po'i bla sgrub ldeb 3[439- 444]kun mkhyen jo nang pa chen por rgyang 'bod nges don byin rlabs myur du 'gugs pa'i pho nya ldeb 2[445- 447]karma pak+Shi'i bla sgrub rang byung thugs thig ldeb 3[449- 454]dpal sa skya pa kun dga' snying po la brten pa'i bla ma'i rnal 'byor grub gnyis mchog stsol ldeb 5[455- 464]kun mkhyen klong chen pa'i bla ma'i rnal 'byor ye shes snang ster ldeb 3[465- 470]kun mkhyen bu ston rin po che'i bla ma'i rnal 'byor mchog dngos grub pa ldeb 6[471- 481]gter chen pad+ma gling pa'i bla ma'i rnal 'byor ldeb 4[483- 489]rje btsun thams cad mkhyen pa'i bla rnal nyung ngu ldeb 2[491- 494]bla ma gsang ba'i bdag po'i rnal 'byor bdud dpung mthar byed ldeb 3[495- 499]pad+ma dbang mchog rgyal po'i thugs dam rgyud bskul gyi bla ma'i rnal 'byor tshogs mchod ting nge 'dzin gyi dbang bskur bcas ldeb 9[501- 517]rnal 'byor dbang mo rje btsun lo chen gyi bla rnal ldeb 2[519- 521]bcas bzhugs//___//__!__gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'i rnam 'phrul 'jam dbyangs chos kyi blo gros zhabs kyi bka' 'bum glegs bam gnyis pa la/__kha)bla ma'i rnal 'byor snying thig gsal sgron dbang chog bcas ldeb 10[1- 19]bla ma'i rnal 'byor ye shes bcud thig ldeb 3[21- 25]bla ma'i rnal 'byor byin rlabs dpal ster ldeb 3[27- 32]bla ma'i rnal 'byor grub gnyis char 'bebs ldeb 2[33- 35]bla ma'i rnal 'byor byin rlabs 'dus pa ldeb 1[37- 38]bla ma'i rnal 'byor gyi zin bris ye shes gsal sgron ldeb 29[39- 96]o rgyan rin po che la gsol ba 'debs pa dus ngan snyigs ma'i rkyen bzlog ldeb 7[97- 109]rje grub mchog tshul khrims bzang po'i gsol 'debs ldeb 1[111- 112]bla ma rgyang 'bod kyi gsol 'debs srid zhi'i gdung sel ldeb 6[113- 123]rje btsun sgrol mar gsol 'debs sdug bsngal sel byed ldeb 1[125- 126]mar pa lo tsA yab sras gsol 'debs ldeb 1[127- 128]rje phag mo gru pa'i gsol 'debs byin rlabs rol mtsho ldeb 3[129- 134]karma pa dus gsum mkhyen pa'i gsol 'debs ldeb 1[135- 136]rgod tshang mgon po rdo rje'i gsol 'debs ldeb 2[137- 139]rje thams cad mkhyen pa tsong kha chen po'i gsol 'debs ldeb 3[141- 145]rje btsun rdo rje 'chang kun dga' bzang po'i gsol 'debs ldeb 4[147- 153]gsol 'debs bsdus pa ldeb 1[155- 156]tshar chen rdo rje 'chang gi gsol 'debs ldeb 2[157- 160]thar rtse mkhan chen rdo rje 'chang mched gnyis dang /__mkhyen brtse'i dbang po'i gsol 'debs ldeb 2[161- 164]kun mkhyen chen por gsol 'debs rgyang 'bod ldeb 1[165- 166]'jigs med gling pa'i bla ma rgyang 'bod ldeb 1[167- 168]zur mang drung rin po che'i skyes phreng gsol 'debs ldeb 3[169- 173]o rgyan 'jigs med chos kyi dbang po'i gsol 'debs ldeb 2[175- 177]rgyal sras 'chi med pad+ma rdo rje'i gsol 'debs ldeb 2[179- 182]skyes rabs gsol 'debs chu zla'i rdzun ris mos ldan dga' byed ldeb 6[183- 194]skye phreng gsol 'debs u dum wa ra'i phreng mdzes ldeb 1[195- 196]gsol 'debs nyung ngu'i rigs phyogs gcig tu bsgrigs pa ldeb 3[197- 202]rgya rong mkha' 'gro bde chen dbang mo'i gsol 'debs ldeb 1[203- 204]'od gsal 'char ba'i gsol 'debs ldeb 1[205- 206]bal yul mchod sdong rnam gsum gsol 'debs ldeb 3[207- 212]rgyal mchog thams cad mkhyen pa chen po sku phreng bcu bzhi par zhabs brtan du gsol ba 'chi med bdud rtsi'i dbyangs snyan/__gong sa chen por zhabs brtan du gsol ba 'chi med sgra dbyangs/__gong sa 'dren mchog chen por zhabs brtan du gsol ba dpag bsam ljon shing bcas ldeb 5[213- 222]dpal sa skya'i bdag khri rin po che'i zhabs brtan/__'khon gdung many+dzu badz+ra'i zhabs brtan bcas ldeb 3[223- 227]'jig rten dbang phyug karma pa bcu drug pa chen po'i zhabs brtan ldeb 2[229- 232]myos rigs rdo rje 'dzin rgyal gcung rin po che ngag dbang chos grags la zhabs brtan du gsol ba ldeb 1[233- 234]smin gcung rin po cher zhabs brtan du gsol ba ldeb 1[235- 236]gter chen bdud 'joms 'jigs bral ye shes rdo rje'i zhabs brtan ldeb 1[237- 238]kun gzigs mchog sprul rin po che bkra shis dpal 'byor gyi zhabs brtan ldeb 2[239- 242]gter chen bla ma'i rnam rol mchog sprul rin po cher zhabs brtan gsol 'debs ldeb 1[243- 244]dpal ldan bla mar zhabs brtan gsol 'debs lha'i rnga chen sogs la ldeb 4[245- 252]rgyal bsten mchog sprul gyi skyes phreng dang 'brel ba'i zhabs brtan gsol 'debs ldeb 1[253- 254]'khrul zhig bde chen dpa' bo rdo rje'i zhabs brtan sogs la ldeb 2[255- 257]rang ltos slob bu'i tshogs la 'phrin du gsol ba rab rib mun sel ldeb 5[259- 267]rang gzhan la gdams pa phan bde'i 'khri shing ldeb 9[269- 286]rang gzhan la gdams pa gtam du bya ba rin chen phreng mdzes ldeb 11[287- 307]rang la gros su 'debs pa ldeb 2[309- 311]zhal gdams gnad kyi phreng ba ldeb 2[313- 315]zhal gdams byang chub bde lam ldeb 3[317- 322]zhal gdams mgur glu rin chen mgul rgyan ldeb 4[323- 329]zhal gdams thar pa'i 'khri shing ldeb 3[331- 335]rang gzhan la gros su 'debs pa phan bde'i 'khri shing ldeb 3[337- 341]zhal gdams kun phan bdud rtsi ldeb 2[343- 346]gnas dgon mchog sprul la gdams pa ldeb 2[347- 349]gdams ngag gnad dril ldeb 2[351- 354]zhal gdams thar lam sgron me ldeb 3[355- 359]zhal gdams gnad phreng ldeb 6[361- 371]gdams pa rin chen phreng mdzes ldeb 2[373- 376]zhal gdams bdud rtsi'i bum bzang ldeb 1[377- 378]gdams pa'i bslab bya nyung ngu ldeb 1[379- 380]gsang spyod snyan brgyud gnad kyi bcud phur rgyab yig ldeb 1[381- 382]yi ge'i ma mo dang sbyar ba'i zhal gdams ldeb 1[383- 384]yang zhal gdams ldeb 1[385- 386]kye ma ma dul sogs zhal gdams ldeb 1[387- 388]nad sel gyi sman dkar po gcig thub ldeb 1[389- 390]zhal gdams bslab bya gnad kyi phreng ba ldeb 3[391- 396]zhal gdams bsil sbyin bdud rtsi zhes bya ba ldeb 2[397- 400]zhal gdams nyung ngu dge ma kun bzang gi ngor gnang ba ldeb 1[401- 402]lce btsun snying thig khrid kyi zin bris ldeb 23[403- 447]rdzogs chen gyi don khrid mdor bsdus ldeb 3[449- 453]gzhi ka dag khregs chod lam lhun grub thod rgal gyi khrid bsdus ldeb 3[455- 459]sems don ngo sprod kyi gnad mdor bsdus pa ldeb 3[461- 465]ma nam mkha' dang sogs smon lam ldeb 1[467- 468]nges don phyag rgya chen po'i rtogs pa ma 'khrul bar brjod pa ldeb 2[469- 471]dbu ma thal 'gyur ba'i don snying nges par brjod pa ldeb 1[473- 474]zung 'jug dbu ma chen po'i don brjod pa mtha' bral dbu ma chen po thal 'gyur ba'i ngos gsang zla ba'i zhal lung bcas ldeb 12[475- 498]bzhugs//___//__!__gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'i rnam 'phrul 'jam dbyangs chos kyi blo gros zhabs kyi bka' 'bum glegs bam gsum pa la/__ga)rdo rje'i glu sprin dkar 'dzum pa'i lha yi dbyangs snyan ldeb 4[1- 7]glu zab don gling bu ldeb 2[9- 11]kun mkhyen chos kyi rgyal po rjes dran gyi glu ka la ping+ka'i dbyangs snyan ldeb 2[13- 15]nyams mtshar du brjod pa khu byug mgrin glu ldeb 2[17- 19]nges don snying po'i glu byang chub bde lam ldeb 2[21- 23]glu ye shes byin 'bebs ldeb 2[25- 27]e ma ho/__'khor 'das sogs glu tshan pa gcig la ldeb 2[29- 31]rang nyams nges pa'i do ha ldeb 1[33- 34]'a 'e kun mkhyen sogs ldeb 1[35- 36]a ho/__sems can kun la sogs ldeb 1[37- 38]'khor 'das dbyer med kyi lta ba'i mgur glu ldeb 2[39- 42]a ho/__gdod nas sogs ldeb 1[43- 44]glu ye shes byin 'bebs ldeb 1[45- 46]a ho ye 'bras ljongs sogs ldeb 1[47- 48]glu tha la tha la sogs ldeb 1[49- 50]bal yul gnas bskor 'khor ba'i glu ldeb 1[51- 52]bla ma la gsol ba 'debs pa'i glu ye shes byin 'bebs ldeb 1[53- 54]tshogs glu DA ki dgyes rol ldeb 1[55- 56]ngo mtshar spro ba bskyed pa lha yi glu dbyangs ldeb 2[57- 60]dus la mngon par skyo ba'i gtam mu ku'i mgrin glu ldeb 3[61- 65]thugs dam rgyud bskul gyi glu dad pa'i glog zhags ldeb 1[67- 68]shrI gIrti a la la hoHdpal bde ba sogs ldeb 1[69- 70]e ma hoHe ma ki ri a hoHrdo rje sogs ldeb 1[71- 72]skyo glu snying gi gzer chen sogs la ldeb 8[73- 87]mda' bsnun zhabs kyi snyan brgyud thabs lam gyi dum bu sogs la ldeb 7[89- 102]bal yul yang le shod kyi mdo byang sogs la ldeb 14[103- 129]gsol 'debs le'u bdun pa/__zhing rgyul sogs ldeb 13[131- 156]rig 'dzin srog sgrub kyi sngon 'gro'i ngag 'don byang chub myur lam ldeb 18[157- 191]tshe g.yang 'gugs pa'i dbang gi mtshams sbyor ldeb 6[193- 203]tshe dpag med kyi gzungs mdo bklag thabs ldeb 1[205- 206]mi tra'i tshe dkar dmar gyi brgyud 'debs dang /__rgyun khyer tshogs mchod bcas ldeb 5[207- 215]tshe 'gugs ldeb 1[217- 218]grol tig tshe sgrub bston dmigs ldeb 1[219- 220]rdor sems rgyun khyer ldeb 1[221- 222]bla ma dgongs 'dus rgyun khyer ldeb 1[223- 224]bka' brgyad rgyun khyer ldeb 1[225- 226]phur pa'i rgyun khyer ldeb 1[227- 228]grub thob bka' brgyad kyi rgyun gyi rnal 'byor dngos grub rgya mtsho ldeb 9[229- 245]gur drag rgyun khyer ldeb 1[247- 242]'jam dpal gshin rje gnam lcags sdig pa'i rnal 'byor ldeb 3[249- 253]'jam dpal gshin rje'i rgyun khyer ldeb 1[255- 256]'jam dpal phyag rgya zil gnon gyi dngos grub bskul ba ldeb 1[257- 258]bla ma'i thugs sgrub bar chad kun sel gyi sgos sgrub bla ma smra seng gi bsnyen yig ldeb 4[259- 266]'jam dpal drag po pha rol rgol 'joms kyi bsnyen yig ldeb 7[267- 279]thugs sgrub bdud gshed rgyun khyer ldeb 3[281- 284]gter gsar rta mgrin yang phyungs dmar po'i bsnyen sgrub zin bris ldeb 4[285- 292]dbang chen rta mgrin gyi rta skad thengs gsum bshad pa ldeb 15[293- 321]dpal rta mchog rol pa la bstod pa dbang chen rngams pa'i gad mo ldeb 3[323- 328]phrin las phur pa'i gnad tig las sngon 'gro'i rnal 'byor snying po dang /__brgyud 'debs rgyun khyer bcas ldeb 9[329- 345]snyan brgyud phur pa'i phrin las kyi byang bu khrigs bsdebs phrin las rnam rol ldeb 12[347- 370]las byang phrin las rnam rol mdzes rgyan ldeb 8[371- 386]snyan brgyud phur pa'i skong ba bdud las rnam rgyal ldeb 4[387- 393]snyan brgyud phur pa'i tshe sgrub dmigs bzlas ldeb 1[395- 396]snyan brgyud phur pa'i gtor bzlog phrin las rdo rje'i thog 'bebs dgra bgegs kun 'joms ldeb 22[397- 439]phur pa'i las bzhi'i sbyin sreg mdor bsdus phrin las myur 'grub ldeb 10[441- 459]snyan brgyud phur pa'i mnan pa rdo rje'i ri rab ldeb 16[461- 492]bcas bzhugs//___//__!__gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'i rnam 'phrul 'jam dbyangs chos kyi blo gros zhabs kyi bka' 'bum glegs bam bzhi pa la/__nga)dgongs gter 'chi med 'phags ma'i snying thig gi sgrub khog ye shes gter mdzod ldeb 44[1- 87]'chi med 'phags ma snying thig gi skong ba ldeb 4[89- 96]dkon mchog spyi 'dus brgyud 'debs kha skongs sogs ldeb 4[97- 103]yang gter rta mgrin gnyen po lha lnga'i brgyud 'debs ldeb 1[105- 106]rta mgrin rgyun khyer ldeb 1[107- 108]snyan brgyud rta mchog rol pa'i brgyud 'debs ldeb 1[109- 110]snyan brgyud rta mgrin skong ba ldeb 1[111- 112]yang dag rgyun khyer ldeb 1[113- 114]snyan brgyud yang phur sbrag ma'i zab tig gi rdzogs rim gud sbas ldeb 3[115- 119]snyan brgyud ma mo'i gnad tig gi brgyud 'debs ldeb 1[121- 122]mkha' 'gro gsang 'dus brgyud 'debs kha skongs ldeb 1[123- 124]bsang chu byin brlab dkar gter bcas ldeb 1[125- 126]dzab[i] khang dbye ba dzab[i] bskul thod bum sgrub pa bcas ldeb 2[127- 129]tshogs bsdus sman gyi rtogs brjod bcas ldeb 1[131- 132]chad tho ldeb 2[133- 135]'jam dpal sgyu dra'i rgyud kyi dum bu ba'i 'grel TIka zin bris skor ldeb 43[137- 220]dpal kye rdo rje'i lam dus shin tu bsdus pa ldeb 6[221- 231]dpal rdo rje nag po chen po'i srung 'khor rdo rje brag rdzong ma gsang sgrub dang bcas ldeb 40[233- 309]bla ma rin 'byung dang thang rgyal g.yang skyabs sbrag sgrub kyi 'don zin phywa g.yang 'gugs pa'i lcags kyu ldeb 19[311- 148]dpal ldan dmag zor rgyal mo'i bstod pa bskang ba bcas ldeb 3[349- 354]dpal nag po chen po zhal bzhi pa'i gsol ka ldeb 2[355- 358]dkor bdag dam sri'i glud bsngo ldeb 3[359- 363]yul skyong chen po rdo rje nga 'dra seng chen rgyal po mched brgyad bsang gsol ldeb 22[365] [408]bzang spyod 'don thabs sogs bsngo smon skor ldeb 33[409- 472]mngon dga'i zhing gi smon lam bde chen sgo 'byed ldeb 4[473- 479]bcas bzhugs//___//__!__gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'i rnam 'phrul 'jam dbyangs chos kyi blo gros zhabs kyi bka' 'bum glegs bam lnga pa la/__ca)'jam dpal ye shes snying po'i rgyud dang sgrub thabs dbang chog bcas ldeb 23[1- 49]mtsho skyes rdo rjer bstod shis me tog phreng mdzes ldeb 1[51- 52]bla sgrub 'od gsal snying thig gi brgyud 'debs ldeb 1[53- 54]bla sgrub 'od gsal snying thig dbang bskur 'od gsal bcud thig bcas ldeb 25[55- 104]bla ma'i rnal 'byor ye shes snang ster ldeb 3[105- 109]bla ma la gsol ba 'debs pa'i glu ye shes byin 'bebs ldeb 1[111- 112]tshogs kyi 'khor lo'i glu DA ki bzhad pa'i dbyangs snyan mtsho byung dgyes pa'i tam bu ra pi waM dbyangs snyan bcas ldeb 5[113- 122]thugs sgrub pad+ma'i snying thig las/__rtsa gsum spyi dril sgrub pa'i skor la ldeb 31[123- 183]zab gsang pad+ma'i yang tig las/__gu ru drag po'i sgrub skor ldeb 18[185- 220]seng gdong brgyud 'debs ldeb 1[221- 222]seng gdong ma'i phrin las snying por dril ba sogs la ldeb 36[223- 296]seng gdong ma'i skong ba ldeb 2[297- 299]rtsa gsum byin 'bebs thugs rje'i glog zhags ldeb 5[301- 310]karma pa rang byung rdo rje'i bla sgrub zab don snying thig ldeb 7[311- 325]'jam dbyangs bla ma'i sgrub thabs ye shes snang gter ldeb 6[325- 336]'jam dbyangs bstod pa byin rlabs myur 'jug ldeb 1[337- 338]lha mo dbyangs can ma la bstod pa rab dga'i dbyangs snyan ldeb 1[339- 340]tshar chen rdo rje 'chang gi bla sgrub he ru ka'i dgongs rgyan ldeb 11[341- 362]bla rnal dang 'brel ba'i mchod chog byin rlabs bdud rtsi'i rol mtsho ldeb 28[363- 418]seng gdong cha lag paN chen bi ma'i bla sgrub sogs la ldeb 15[419- 448]kyai rdor lhan skyes kyi sgrub thabs ldeb 3[449- 453]rje btsun rdo rje rnal 'byor ma'i sgrub thabs snying por dril ba mkha' spyod lam bzang 'pho ba bcas ldeb 14[455- 482]sgrol dkar sgrol ma dmar mo rje btsun rig byed ma 'od zer can ma'i sgrub thabs bcas ldeb 6[483- 493]bcas bzhugs//___//__!__gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'i rnam 'phrul 'jam dbyangs chos kyi blo gros zhabs kyi bka' 'bum glegs bam drug pa/__cha)bla ma'i rnal 'byor byang chub bde lam dang phan bde'i dpal ster sogs la ldeb 7[1] [14]bla ma'i rnal 'byor sems nyid ngal gso ldeb 6[15- 25]'jam dpal rigs lngar bstod gsol ldeb 2[27- 29]skye phreng gsol 'debs u dum wA ra'i phreng mdzes ldeb 2[31- 34]klong gsal rdo rje mi 'khrugs pa'i zhi ba'i srog blugs kyi cho ga sdig sgrib rnam sbyong ldeb 12[35- 58]'pho ba'i dmigs rim ldeb 1[59- 60]'od dpag med kyi nyal bsgom mdor bsdus ldeb 1[61- 62]na mo gu ru/__chos nyid rig pa sogs ldeb 1[63- 64]rdo rje 'chang kun dga' bzang po la bstod smon tshul khrims dag byed ldeb 2[65- 68]zhal gdams phyogs bsdus ldeb 14[69- 95]e ma ho dus gsum rgyal ba sogs ldeb 1[97- 98]zhing 'di'i ston pa gnyis pa o rgyan mtsho skyes rdo rje'i bstan pa dar zhing rgyas pa'i smon lam shis brjod dang 'brel ba bde chen zhing gi sgra dbyangs 'od snang mtha' yas dgyes pa'i sprin phung ldeb 2[99- 102]rje grub thob chen po'i bka' srol gyi bla ma'i rnal 'byor gsang spyod snyan brgyud dang sbyar ba'i tshogs kyi phrin las rig 'dzin mkha' 'gro dgyes pa'i rol mo ldeb 122[103- 346]grub chen thang stong rgyal po'i gsang spyod snyan brgyud kyi nyams len ngag 'don bklag chog tu bkod pa grub dbang dgongs rgyan ldeb 17[347- 379]ma gcig gsang spyod snyan brgyud las gsung rdo rje longs sku'i khrid kyi mjug mthud ldeb 3[381- 385]ma gcig gsang spyod snyan brgyud las sher dbang dang 'brel ba thugs rje chos sku'i khrid yig ldeb 8[387- 402]ma gcig gsang spyod snyan brgyud las shes rab kyi pha rol tu phyin pa'i khrid ldeb 5[403- 412]gsang spyod mkha' 'gro'i snyan brgyud kyi brgyud pa'i rnam thar kha skong ldeb 6[413- 423]bcas bzhugs//___//__!__gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'i rnam 'phrul 'jam dbyangs chos kyi blo gros zhabs kyi bka' 'bum glegs bam bdun pa/__ja)gsang spyod mkha' 'gro snyan brgyud kyi gshin po rjes 'dzin ngan song kun 'joms ldeb 10[1- 19]dpal lcags zam pa'i bstan srung dbang po rnams kyi phrin las dngos grub gter mdzod ldeb 109[21- 236]rdo rje'i chos skyong srung mar gtor ma 'bul ba'i cho ga las bzhi lhun grub ldeb 20[237- 275]ye shes mgon po gdong bzhi pa'i srog gtad ldeb 13[277- 302]ye shes mgon po phyag bzhi pa'i phrin las dngos grub 'byung gter sogs la ldeb 49[303- 400]gnod sbyin gsol mchod hU~M ri rab sogs ldeb 1[401- 402]rgyal dbang thams cad mkhyen gzigs tA la'i bla ma sku phreng bcu bzhi par zhabs brtan du gsol ba dge legs shis pa'i dbyangs snyan ldeb 2[403- 406]gtsang paN chen thams cad mkhyen par zhabs brtan du gsol ba bkra shis skye ba lnga pa'i sgra dbyangs ldeb 1[407] [408]dpal sa skya pa phun tshogs pho brang gi bdag chen ngag dbang kun dga' bsod nams kyi zhabs brtan bkra shis 'khyil pa ldeb 1[409- 410]byams chen tA'i si tu pad+ma'i ljags ldan sku phreng bzhi pa'i zhabs brtan pad+ma'i dbyangs snyan ldeb 1[411- 412]rdo rje slob dpon gdong sna mchog sprul rin po che'i zhabs brtan skye lnga'i sgra dbyangs ldeb 1[413- 414]d+hA ki'i sku tshe'i 'phrang bzlog ldeb 1[415- 416]'thor nas sgrub tshul ldeb 1[417- 418]rtsa brgyud bla ma sogs ldeb 1[419] [420]smon lam rdo rje'i rgya mdud zhal nas gsungs pa'i shis brjod le tshan bden brjod bcas ldeb 4[421- 428]par byang smon tshig ldeb 2[429- 431]bcas bzhugs//___//__!__nya)gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan pad+ma 'od gsal mdo sngags gling pa'i rnam 'phrul 'jam dbyangs chos kyi blo gros zhabs kyi bka' 'bum glegs bam brgyad pa/__khyab bdag bla ma 'khor lo'i mgon po pad+ma ye shes rdo rje'i gsang ba'i rnam thar gyi cha shas dad gsum pad dkar bzhad pa'i nyin byed ces pa ldeb 181[1- 361]bcas bzhugs so//___//

Footnotes

Other Information