SPCD-KABUM-02-KHA-020: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle='phags mchog bka' 'bum | |||
|collectiontitletib=འཕགས་མཆོག་བཀའ་འབུམ། | |||
|totalvolumes=3 | |||
|author='phags mchog rdo rje | |||
|authortib=འཕགས་མཆོག་རྡོ་རྗེ་ | |||
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=02 | |||
|volumeLetter=KHA | |||
|textnuminvol=020 | |||
|pdflink=File:SPCD-KABUM-02-KHA-020.pdf | |||
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP| | |||
༄༅། །རྒྱུད་ཚོད་ཆོས་ལ་བསྲེ་བའི་བྲོ། །བླུན་ཚིག་ཐོལ་གྱི་བྱུང་བ་དགེ།། | ༄༅། །རྒྱུད་ཚོད་ཆོས་ལ་བསྲེ་བའི་བྲོ། །བླུན་ཚིག་ཐོལ་གྱི་བྱུང་བ་དགེ།། | ||
ཨ་ཧོ་ཡེ། འདིར་ཚོགས་འདུས་པ་ཡི་མཆེད་ལྕམ། །དམ་ཚིག་གཅིག་པ་ཡིས་འདུས་བྱུང་། །སྒོ་གསུམ་ཐུགས་ཉམས་འདྲ་ཕབས་ནས། །ཟོལ་མེད་དད་དམ་གྱི་སྣང་བས། །སྐལ་པ་བཟང་པོ་རུ་ཤེས་ཏེ། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །འགྲོ་རྣམས་སྐྱེ་འཕོས་ནི་རེས་མོས། །ཐོག་མཐའ་བར་མེད་དུ་བླངས་པས། །དྲིན་ཆེན་མ་གྱུར་གྱི་འགྲོ་རྣམས། །མི་བཟད་སྡུག་བསྔལ་གྱིས་མནར་བ། །གཏན་བདེའི་གོ་འཕང་ལ་འགོད་ཕྱིར། །དགའ་བས་ཆོས་བྲོ་ཞིག་འཁྲབ་བོ། །བསླུ་མེད་མཆོག་གསུམ་དང་རྩ་གསུམ། །འབྲལ་མེད་སྤྱི་གཙུག་ཏུ་མཆོད་ཅིང་། །སྐྱབས་གནས་གཅིག་ཆོག་ཏུ་བཅོལ་ཏེ། །འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཕྱིར། །སེམས་བསྐྱེད་ཟབ་མོ་དང་ལྡན་པས། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །སྐྱེ་འགྲོ་ཕལ་ཆེར་ལས་འཕགས་པའི། །དལ་བརྒྱད་འབྱོར་བཅུ་ཡི་རྟེན་བཟང་། །ད་རེས་ཐོབ་པ་ཡི་སྐབས་འདིར། །བསྟན་པའི་ཆོས་སྤྱོད་དང་འདུལ་ཁྲིམས། །སྙིང་ནས་བརྩོན་འགྲུས་རང་བསྐྱེད་ནས། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །ཕྱི་སྣོད་ནང་བཅུད་དང་བཅས་པ། །རྟག་བརྟན་མེད་པ་ཡི་ཟློས་གར། །གློག་བཞིན་གཡོ་བ་འགའ་མཐོང་བྱུང་། །ངེས་པར་འབྱུང་བ་འདིས་བསྐུལ་ཏེ། །ཐར་པའི་ལམ་སྣ་རེ་ཟིན་ཕྱིར། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །དཀར་ནག་ལས་དང་ནི་འབྲས་བུ། །སྲིད་འདིར་སྨིན་པ་རང་མཐོང་བྱུང་། །དགེ་སྡིག་སྤང་བླང་གི་རིམ་པ། །དྲན་ཤེས་བག་ཡོད་དང་ལྡན་པས། །ཚུལ་བཞིན་སློབ་པ་ལ་སྤྱོད་ནས། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །སྡུག་བསྔལ་འཁོར་ཡུག་གི་རང་བཞིན། །ངན་སོང་གསུམ་པོ་ནི་ལྟ་ཞོག །མཐོ་རིས་ལྷ་མི་ཡི་གནས་ཀྱང་། །བདེ་བའི་གོ་སྐབས་འགའ་མ་མཐོང་། །ཐར་པའི་གླིང་མཆོག་ཏུ་ཕྱིན་ཕྱིར། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །རིམ་གཉིས་ཟབ་མོ་ཡི་ལམ་ལ། །རྩེ་གཅིག་བརྩོན་འགྲུས་ལ་གཞོལ་དང་། །དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི། །ལེགས་ལམ་བཟང་པོ་ཡི་རྟེན་འབྲེལ། །གནས་མཆོག་འདི་རུ་རང་ཡོད་གྲགས། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ།། ༈ །།ཐུན་མོང་སྔོན་འགྲོ་ཡི་བློ་ལྡོག་རྣམ་བཞི་འདི། །སྡུག་བསྔལ་འཁོར་བ་ལས་ཞེན་པ་ལྡོག་བྱེད་ཡིན། །ཁ་བཤད་ལག་ལེན་འདྲའི་བར་ན་འཛོལ་ཉན་ཡོད། །ཡང་ཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ཐུན་མིན་སྐྱབས་སེམས་ནས་རིམ་པ་ལྔ་པོ་འདི། །སྒྲིབ་སྦྱང་ཚོགས་རྫོགས་སོགས་དཔག་མེད་གསོག་ཕྱིར་ཡིན། །སྙན་ཆོས་མཛེས་ཆོས་འདྲས་ཉམས་ཕན་འབྱུང་བ་དཀའ། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ས་ལམ་བདེ་མྱུར་ཀྱང་སེམས་བསྐྱེད་གཅིག་ལ་རག །ཚད་མེད་བཞི་པོ་དེས་གཞན་དོན་སེམས་བསྐྱེད་ནས། །རང་དོན་སྒྲུབ་པ་འདི་ཐེག་ཆེན་ཕྱོགས་མ་ཡིན། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ལྟ་སྒོམ་སྤྱོད་འབྲས་བཞི་གསང་སྔགས་ཁྱད་ཆོས་ཡིན། །སྙོམ་ལས་མཁས་པ་ཚོས་ཤེས་ལོ་སྒྲུབ་ལོ་བྱེད། །གོང་མའི་རྣམ་ཐར་ཉིད་ཡིད་སྨོན་ཙམ་དུ་འཆོར། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །མཚན་ལྡན་བླ་མ་དེ་རྡོ་རྗེ་འཆང་དངོས་ཡིན། །བརྩོན་འགྲུས་ཞེན་པ་ང་ངན་འགྲོར་ཕྱོགས་ལ་ཉེ། །འདི་ལྟར་བསྡད་ན་ནི་དམན་པའི་ཟླ་རུ་གོལ། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །གདམས་པ་ཟབ་མོ་འདི་ཕ་ཡི་ནོར་སྐལ་རེད། །རྗེས་འཇུག་ལྷ་བུ་ཚོའི་ཆུད་ཟོས་བཏང་སྲིད་ན༑ །རྒྱལ་སྲིད་དོར་ནས་ནི་དམངས་སུ་འཁྱམས་པ་འདྲ། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ངན་སོང་སྡུག་བསྔལ་དེས་བཟོད་དཀའ་ཡུན་རིང་མནར། །དགེ་བ་ཕྲན་བུ་རེས་བཟློག་པར་ག་ལ་ནུས། །ནམ་ཡང་ཆོག་ཤེས་ནི་མ་བྱེད་བརྩོན་འགྲུས་བསྐྱེད། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །རྒྱལ་བ་མཉེས་བྱེད་དེ་གཞན་དོན་གཅིག་པུས་བྱུང་། །ལྷག་པའི་བསམ་སྦྱོར་ཀྱང་ཆེ་ཕྲ་མེད་པར་སྒྲུབས། །རང་འདོད་མེད་པ་དེ་ཤེས་རབ་ཟབ་མོས་འབྱུང་། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །བྱ་བའི་མཐར་ཐུག་ནི་ཆོས་ཀྱི་སྦྱིན་པ་གཏོང་། །བདེ་སྐྱིད་འདོད་པ་ཚོའི་གཏན་གྱི་འདུན་མ་ཡིན། །ཐར་པ་བསྒྲུབ་འདོད་ན་ཐུགས་ལ་ཡང་ཡང་ཞོག །འདིར་ཚོགས་འདུས་པ་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ཞེས་རང་ངོ་ལ་ལྟོས་པའི་ཉམས་ཕན་གྱི་ཆོས་བྲོ་འདི་སྲས་མིང་པས་སྐྱོ་བའི་ཉམས་ཚུལ་དང་སྦྱར་བའོ།། །། | ཨ་ཧོ་ཡེ། འདིར་ཚོགས་འདུས་པ་ཡི་མཆེད་ལྕམ། །དམ་ཚིག་གཅིག་པ་ཡིས་འདུས་བྱུང་། །སྒོ་གསུམ་ཐུགས་ཉམས་འདྲ་ཕབས་ནས། །ཟོལ་མེད་དད་དམ་གྱི་སྣང་བས། །སྐལ་པ་བཟང་པོ་རུ་ཤེས་ཏེ། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །འགྲོ་རྣམས་སྐྱེ་འཕོས་ནི་རེས་མོས། །ཐོག་མཐའ་བར་མེད་དུ་བླངས་པས། །དྲིན་ཆེན་མ་གྱུར་གྱི་འགྲོ་རྣམས། །མི་བཟད་སྡུག་བསྔལ་གྱིས་མནར་བ། །གཏན་བདེའི་གོ་འཕང་ལ་འགོད་ཕྱིར། །དགའ་བས་ཆོས་བྲོ་ཞིག་འཁྲབ་བོ། །བསླུ་མེད་མཆོག་གསུམ་དང་རྩ་གསུམ། །འབྲལ་མེད་སྤྱི་གཙུག་ཏུ་མཆོད་ཅིང་། །སྐྱབས་གནས་གཅིག་ཆོག་ཏུ་བཅོལ་ཏེ། །འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཕྱིར། །སེམས་བསྐྱེད་ཟབ་མོ་དང་ལྡན་པས། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །སྐྱེ་འགྲོ་ཕལ་ཆེར་ལས་འཕགས་པའི། །དལ་བརྒྱད་འབྱོར་བཅུ་ཡི་རྟེན་བཟང་། །ད་རེས་ཐོབ་པ་ཡི་སྐབས་འདིར། །བསྟན་པའི་ཆོས་སྤྱོད་དང་འདུལ་ཁྲིམས། །སྙིང་ནས་བརྩོན་འགྲུས་རང་བསྐྱེད་ནས། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །ཕྱི་སྣོད་ནང་བཅུད་དང་བཅས་པ། །རྟག་བརྟན་མེད་པ་ཡི་ཟློས་གར། །གློག་བཞིན་གཡོ་བ་འགའ་མཐོང་བྱུང་། །ངེས་པར་འབྱུང་བ་འདིས་བསྐུལ་ཏེ། །ཐར་པའི་ལམ་སྣ་རེ་ཟིན་ཕྱིར། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །དཀར་ནག་ལས་དང་ནི་འབྲས་བུ། །སྲིད་འདིར་སྨིན་པ་རང་མཐོང་བྱུང་། །དགེ་སྡིག་སྤང་བླང་གི་རིམ་པ། །དྲན་ཤེས་བག་ཡོད་དང་ལྡན་པས། །ཚུལ་བཞིན་སློབ་པ་ལ་སྤྱོད་ནས། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །སྡུག་བསྔལ་འཁོར་ཡུག་གི་རང་བཞིན། །ངན་སོང་གསུམ་པོ་ནི་ལྟ་ཞོག །མཐོ་རིས་ལྷ་མི་ཡི་གནས་ཀྱང་། །བདེ་བའི་གོ་སྐབས་འགའ་མ་མཐོང་། །ཐར་པའི་གླིང་མཆོག་ཏུ་ཕྱིན་ཕྱིར། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ། །རིམ་གཉིས་ཟབ་མོ་ཡི་ལམ་ལ། །རྩེ་གཅིག་བརྩོན་འགྲུས་ལ་གཞོལ་དང་། །དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི། །ལེགས་ལམ་བཟང་པོ་ཡི་རྟེན་འབྲེལ། །གནས་མཆོག་འདི་རུ་རང་ཡོད་གྲགས། །དགའ་བའི་ཆོས་བྲོ་ཞིག་འཁྲབ་བོ།། ༈ །།ཐུན་མོང་སྔོན་འགྲོ་ཡི་བློ་ལྡོག་རྣམ་བཞི་འདི། །སྡུག་བསྔལ་འཁོར་བ་ལས་ཞེན་པ་ལྡོག་བྱེད་ཡིན། །ཁ་བཤད་ལག་ལེན་འདྲའི་བར་ན་འཛོལ་ཉན་ཡོད། །ཡང་ཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ཐུན་མིན་སྐྱབས་སེམས་ནས་རིམ་པ་ལྔ་པོ་འདི། །སྒྲིབ་སྦྱང་ཚོགས་རྫོགས་སོགས་དཔག་མེད་གསོག་ཕྱིར་ཡིན། །སྙན་ཆོས་མཛེས་ཆོས་འདྲས་ཉམས་ཕན་འབྱུང་བ་དཀའ། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ས་ལམ་བདེ་མྱུར་ཀྱང་སེམས་བསྐྱེད་གཅིག་ལ་རག །ཚད་མེད་བཞི་པོ་དེས་གཞན་དོན་སེམས་བསྐྱེད་ནས། །རང་དོན་སྒྲུབ་པ་འདི་ཐེག་ཆེན་ཕྱོགས་མ་ཡིན། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ལྟ་སྒོམ་སྤྱོད་འབྲས་བཞི་གསང་སྔགས་ཁྱད་ཆོས་ཡིན། །སྙོམ་ལས་མཁས་པ་ཚོས་ཤེས་ལོ་སྒྲུབ་ལོ་བྱེད། །གོང་མའི་རྣམ་ཐར་ཉིད་ཡིད་སྨོན་ཙམ་དུ་འཆོར། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །མཚན་ལྡན་བླ་མ་དེ་རྡོ་རྗེ་འཆང་དངོས་ཡིན། །བརྩོན་འགྲུས་ཞེན་པ་ང་ངན་འགྲོར་ཕྱོགས་ལ་ཉེ། །འདི་ལྟར་བསྡད་ན་ནི་དམན་པའི་ཟླ་རུ་གོལ། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །གདམས་པ་ཟབ་མོ་འདི་ཕ་ཡི་ནོར་སྐལ་རེད། །རྗེས་འཇུག་ལྷ་བུ་ཚོའི་ཆུད་ཟོས་བཏང་སྲིད་ན༑ །རྒྱལ་སྲིད་དོར་ནས་ནི་དམངས་སུ་འཁྱམས་པ་འདྲ། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ངན་སོང་སྡུག་བསྔལ་དེས་བཟོད་དཀའ་ཡུན་རིང་མནར། །དགེ་བ་ཕྲན་བུ་རེས་བཟློག་པར་ག་ལ་ནུས། །ནམ་ཡང་ཆོག་ཤེས་ནི་མ་བྱེད་བརྩོན་འགྲུས་བསྐྱེད། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །རྒྱལ་བ་མཉེས་བྱེད་དེ་གཞན་དོན་གཅིག་པུས་བྱུང་། །ལྷག་པའི་བསམ་སྦྱོར་ཀྱང་ཆེ་ཕྲ་མེད་པར་སྒྲུབས། །རང་འདོད་མེད་པ་དེ་ཤེས་རབ་ཟབ་མོས་འབྱུང་། །ཡང་གཅིག་གསོན་དང་ནི་རྡོ་རྗེའི་གྲོགས་མཆེད་ལགས། །བྱ་བའི་མཐར་ཐུག་ནི་ཆོས་ཀྱི་སྦྱིན་པ་གཏོང་། །བདེ་སྐྱིད་འདོད་པ་ཚོའི་གཏན་གྱི་འདུན་མ་ཡིན། །ཐར་པ་བསྒྲུབ་འདོད་ན་ཐུགས་ལ་ཡང་ཡང་ཞོག །འདིར་ཚོགས་འདུས་པ་ནི་རྡོ་རྗེའི་གྲོགས་མཆེད་ལགས། །ཞེས་རང་ངོ་ལ་ལྟོས་པའི་ཉམས་ཕན་གྱི་ཆོས་བྲོ་འདི་སྲས་མིང་པས་སྐྱོ་བའི་ཉམས་ཚུལ་དང་སྦྱར་བའོ།། །། }} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 15:27, 3 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | 'phags mchog bka' 'bum Volume 2, Text 20, Pages (Folios to ) | |
Author | འཕགས་མཆོག་རྡོ་རྗེ་ | |
Less details More details | ||
Citation | 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |
Genre |