DKYD-KABUM-07-JA-079: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volnumtib=ཇ
|volyigtib=༧
|volumeLetter=JA
|volumeLetter=JA
|textnuminvol=079
|textnuminvol=079

Revision as of 10:35, 28 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 79, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
༄༅། །མདུན་གྱི་དམིགས་རྟེན་སྣོད་བཅུད་སྐད་ཅིག་གིས། །ཨ་རམ་གྲུ་གསུམ་ཧོམ་ཁུང་འབར་བའི་ནང༌། །ནྲྀ་ལས་དམ་ཉམས་དགྲ་བོ་ལས་ངན་མོ། །ཕུང་ཁམས་སྐྱེ་མཆེད་མངོན་སུམ་ཇི་བཞིན་གསལ། །མགོན་མེད་སྐྱབས་བྲལ་ཉམ་ཐག་གཟུགས་སུ་གྱུར། །བདག་མདུན་ཐུགས་ལས་སྤྲུལ་པའི་ཕོ་ཉའི་ཚོགས། །གྲངས་མེད་འཕྲོས་ཤིང་དགྲ་བོ་དབང་མེད་བཀུག «ཞེས་བསྐྱེད་ཅིང་འགུགས་པ་ནི།» ན་མོ་རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་བསྲུང་མར་བཅས། །སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུ། །ཁྱད་པར་མཐུ་ལྡན་གཟའ་བདུད་རཱ་ཧུ་ལ། །གཟའ་བརྒྱད་གདོང་མོ་བཞི་དང་རྒྱུ་སྐར་འཁོར།« སོགས་སྐབས་སུ་གང་བབ་སྦྱར་» མ་མགོན་གཟའ་དམ་དགེ་བསྙེན་མཐུ་བོ་ཆེ། །མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་རིགས། །རོལ་པ་རྐྱ་བདུན་འབར་བ་དྲག་རྩལ་བདུན། །དྲེགས་པ་སྡེ་བརྒྱད་འཁོར་བཅས་སྟོབས་ཤུགས་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨད། ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །ཁ་འཇམ་གཏིང་རྩུབ་ཞེ་ནས་དམོད་པ་དང༌། །དོ་བདོ་ཕོད་བཙུག་བསམ་ངན་སྦྱོར་རྩུབ་བྱེད། །མཐུ་དང་ནུས་པ་བུ་ལོན་བཞིན་དུ་སྙེགས། །དམག་སྣ་ཇག་སྣ་རྐུ་སྣ་སྟོན་པ་དང༌། །བར་ཆད་བྱེད་པའི་བདུད་དང་དམ་སྲིའི་ཚོགས། །ཡིད་ལ་དམིགས་པའི་དམ་ཉམས་ལས་ངན་དགྲ། །རྣམས་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། །གནམ་ས་གླིང་བཞི་གླིང་ཕྲན་རི་རབ་སེང༌། །ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། །གང་ན་གནས་ཀྱང་ལིང་ག་འདི་ཉིད་ལ། །ཁུག་ཅིག་བཛྲ་ཨང་ཀུ་ཤ་ཡ་ཛཿ །སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བམ། །མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོ། །ཕྱེས་ཤིག་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དབྱེར་མེད་བསྟིམས་ཤིག་ཨ་ཝེ་ཤ་ཡ་ཨཱཿ« འགུགས་སྔགས་ལན་གསུམ་རོལ་མོར་བཅས་བཟླ། འགུགས་ཐུང་སྔགས་བཅས། བསད་དམིགས་»བདག་མདུན་ཐུགས་ལས་ཛཿཡིག་དམར་ནག་འཕྲོས། །དགྲ་བོའི་སྣ་བུག་གཤང་ལམ་གཉིས་ནས་ཞུགས། །སྙིང་ཀར་ཕྱིན་པའི་ཟངས་ལྕགས་འཁོར་ལོ་གཉིས། །གཡས་གཡོན་འཁོར་བས་ཤ་ཁྲག་བླ་ཚེ་གཏུམས། །རྣམ་ཤེས་ཨཱཿཡིག་རྒྱལ་བའི་ཐུགས་ཀར་འཕོས། །ཚེ་བསོད་ནྲྀ་ཡིག་ལྗང་ཀུ་བདག་ལ་བསྟིམས། །ཤ་ཁྲག་ནང་རོལ་དྲོད་དབུགས་ལྷག་མེད་གསོལ།« བསད་སྔགས» ནྲྀ་ཏྲི་ཤ་ཏྲུཾ་ཆྒཻ་མ་ར་ཡ་ཕཊཿ« སྔགས་གཤམ་» དམ་ཉམས་དགྲ་བོ་ཆྒཻ་མོའི་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིང་ནི་རི་ཏི་སརྦ་ཁཱ་རཾ་ཁཱ་ཧི།« །ཞེས་བསྟབ་པོ། །རྗེས་ལ་བཟློག་པ་ཡི་དམ་སྒོམ་བཟླས་འབད། །མན་ངག་ཟབ་ཟབ་འགའ་འགའི་གནད་བསྡུས་པ། །སླད་མེད་རྣམ་པར་དག་པའི་ཁུལ་བྱས་ཏེ། །རང་ལ་དགོས་གལ་བྱུང་དུས་སྔགས་ནག་པོ། །ཁྲག་འཐུང་རྡོ་རྗེས་བཀོད་འདིས་དགྲ་འཇོམས་ཤོག །