DKYD-KABUM-06-CHA-021: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༦
|volyigtib=ཆ
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=06
|volumenumber=06

Revision as of 12:07, 27 June 2024

Wylie title
Location mdo mkhyen brtse bka' 'bum
Volume 6, Text 21, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
།ཁམས་གསུམ་འགྲོ་བའི་སྒྲོན་མེ་མཆོག རིགས་གྱི་བདག་པོ་ཧེ་རུ་ཀཿ དྲིན་ལྡན་འཇའ་ལུས་རྡོ་རྗེ་ལ། སྒོ་གསུམ་གུས་པས་ཕྱག་བགྱིའོ། །ཞེས་མཆོད་བརྗོད་ཉུང་ཙམ་མདུན་བསུས་ཏེ། སྐབས་བབ་ཀྱི་བརྗོད་བྱ་བསྙུངས་བར་གནས་པའི་ཆོ་གའི་འདོན་འགྲིགས་ལ། ཐོག་མར་ཨོ་རྒྱན་ཡུལ་གྱི་སོགས༴ ཧུཾ་ཧཱུཾ་ཧཱུཾ་རྗེ་བཙུན་ཆེན་པོ་མཚོ་དབུས་གེ་སར་མ༴ ཀུན་བཟང་རྡོ་རྗེ་སེམས༴ མནོལ་བསང་གཉུག་མར་གནས་པ་ལ་དཀར་གཏོར་སྦྱིན་ཏེ། ཨོཾ་སྭ་བྷ་ཝ་སོགས༴ ཀུན་འགྲུབ་ཤོག་པར་འདོན། བུམ་པ་རྡོ་རྗེ་སོགས༴ རྒྱ་གར་སྐད་དུུ་སོགས། གཟུངས་རིང་ཚར༴ གཟུངས་འབྲིང་ཚར་བདུན། གཟུངས་ཐུང་བརྒྱའམ་ལྔ་བཅུའི་བསྒྲུབས་ལ། ཡན་ལག་ལྔ་ཁྲུས་བྱ། དེ་ནས་མཆོད་བསྟོད་དང༌། སྡིག་པ་ཐམས་ཅད་སོགས་བརྗོད། དེ་ནས་ནང་དུ་འོང་ལ་ཡེ་ཤེས་སྐུ་མཆོག་མ་འདོན། ཡན་ལག་བདུན་པ་མཎྜ་ལ་སོགས་འབུལ་ལ་གསོ་སྦྱོང་ལེན། སངས་རྒྱས་ཆོས་ཚོགས། །ཐུན་མོང་དང་ཐུན་མིན་སྔོན་འགྲོ་ཁ་ཚང་མྱུར་ཐོབ་ཤོག་བར་འདོན། དེ་ནས་རང་གཞུང་ལ་འཇུག སྔ་ཆོ་ག་ཚར་གཅིག་དེ་ནས་གུང་ཚིག་གསོལ་ནས། གསོལ་སྦྱོང་གི་མདོ་དང༌། ཟབ་མདོ་སོགས་འདོན་ལ་བསྔོ་སྨོན་སོགས་བརྗོད་ནས་གྲོལ། དེ་ནས་ཡང་ཕྱི་ཆོག་གི་རིམ་པར་འདོན་ནས། རྗེས་ཆོག་བཅས་འཇུག་རྫོགས་པར་བྱས་ལ། ཟངས་མདོག་དཔལ་རིའི་སྨོན་ལམ་དང་དགེ་བདུན་བསྔོ་སོགས་ཀྱི་མཐའ་བརྒྱན་པར་བྱའོ། །དེ་ལྟར་ཆ་བརྒྱད་རྫོགས་པར་བྱ། ཉིན་དང་པོ་མིན་པར་རྗེས་མ་རྣམས་ལ་མནོལ་བསང་དང་དཀར་གཏོར་མི་དགོས། གྲོལ་ཉིན་བསྔོ་བ་སྨོན་ལམ་གྱི་རྗེས་སུ་བཀྲ་ཤིས་གང་རིགས་ཀྱིས་མཐའ་བརྒྱན་པར་བྱའོ། འདིར་སྨས་པ། དགེ་བ་འདི་ཡི་བདག་དང་འགྲོ་བ་ཀུན། །རིགས་དྲུག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ། གསང་ཆེན་ཟབ་མོའི་ཉསམ་ལེན་མཐར་ཕྱིན་ནས། །ཧེ་རུ་ཀཿདཔལ་ཐུགས་ཀློང་དབྱེར་མེད་ཤོགས། །ཅེས་པ་སྔགས་བཙུན་བདེ་ཆེན་རིག་པའི་རལ་གྲིས་བྲིས་པ་དགེའོ། སརྦ་མངྒ་ལམ།