DKYD-KABUM-07-JA-043: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
ཀྵཿ མི་སྲུན་གཟའ་བདུད་རཱ་ཧུ་ལའིཿ གསང་སྒྲུབ་དུག་མཚོ་ཁོལ་མ་བཞུགསཿ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=07 | |||
|volumeLetter=JA | |||
|textnuminvol=043 | |||
|pdflink=File:DKYD-KABUM-07-JA-043.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཀྵཿ མི་སྲུན་གཟའ་བདུད་རཱ་ཧུ་ལའིཿ གསང་སྒྲུབ་དུག་མཚོ་ཁོལ་མ་བཞུགསཿ | |||
«ཀྵཿ གསང་བདག་གཏུམ་པོའི་ཞབས་ལ་འདུདཿ གཟའ་བདུད་སྒྲུབ་ཐབས་ཀུན་ཀྱི་མཆོགཿ ཁྲག་མཚོ་ཁོལ་མའི་རྒྱུད་ཀྱི་དོནཿ རླུང་ལྟར་སྒྲུབ་པའི་མན་ངག་བསྟནཿ »ཀྵཿ གསང་བདག་གཏུམ་པོའི་ཐུགས་ལས་སྤྲུལ་པ་ཡིཿ ལྷོ་ནུབ་སྲིན་ཡུལ་ལང་ཀ་པུ་རི་ནསཿ འཇིགས་བྱེད་ཆེན་པོ་མི་སྲུན་དྲེགས་པའི་གཙོཿ སྲིན་པོའི་རྒྱལ་པོ་གཟའ་བདུད་རཱ་ཧུ་ལཿ སྐུ་མདོག་དུད་ཁ་དབུ་དགུ་སྲིན་པོའི་གདོངཿ སྟེང་ཞལ་བྱ་རོག་དབུ་བཅས་སྤྱན་གསུམ་ལྡནཿ གཡས་དཀར་གཡོན་དམར་དབུས་མཐིང་དུད་པའི་མདོགཿ བྱ་རོག་དབུ་རྩེར་མི་མངོན་གསང་བདག་དབུཿ བགེགས་དཔུང་ལོག་འདྲེན་བདུད་སྡེ་ཚར་གཅོད་ཅིངཿ ཕྱག་བཞི་ཆུ་སྲིན་རྒྱལ་མཚན་རལ་གྲི་དངཿ སྦྲུལ་ཞགས་རྭ་ཡི་མདའ་གཞུ་ཁམས་གསུམ་སྒྲོལཿ སྦྲུལ་མཇུག་གདུག་པས་སྲིད་གསུམ་གཡོ་ཞིང་དཀྲུགསཿ སྤྱན་སྟོང་སངས་རྒྱས་བསྟན་དང་རྣལ་འབྱོར་སྲུངཿ ལྟོ་ཞལ་འཇིགས་རུང་དམ་ཉམས་ཟས་སུ་ཟཿ ཁམ་ནག་རལ་པ་སྨིན་མ་སྨ་ར་སེརཿ རིན་ཆེན་རུས་རྒྱན་མི་ལྤགས་སྟོད་གཡོགས་དངཿ སྟག་ཤམ་མི་མགོའི་ཕྲེང་སོགས་ཁྲོ་ཆས་བརྒྱནཿ མེ་རླུང་དམར་ནག་འཁྲུགས་པའི་ཀློང་ན་བཞུགསཿ འཁོར་དུ་སྤྲུལ་པའི་གཟའ་ཆེན་རྣམ་བརྒྱད་དངཿ གདོང་མོ་མཆེད་བཞི་རྒྱུ་སྐར་ཉི་ཤུ་བརྒྱདཿ ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅསཿ སྔོན་གྱི་ཐ་ཚིག་ཞལ་བཞེས་དྲན་མཛོད་ལཿ དད་དང་དམ་ཚིག་གཉན་པོ་རྗེས་དགོངས་ནསཿ རྣལ་འབྱོར་གདུང་བའི་ང་རོས་ཁྱོད་འབོད་ཕྱིརཿ མཁའ་ལ་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ རཱ་ཧུ་ལ་ས་མ་ཡཿ ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཀྵཿ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནཿ པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུཿ དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོཿ ཁྱེད་དང་མཐུན་པའི་རྫས་ཀྱི་མཆོད་པ་ནིཿ མདངས་ལྡན་ཤ་ཁྲག་གཏོར་མ་རི་ལྟར་སྦུངསཿ བདུད་རྩི་སྨན་གྱི་མཆོད་པ་མཚོ་ལྟར་བསྐྱིལཿ རཀྟ་དམར་གྱི་རྦ་ཀློང་རབ་ཏུ་འཁྲུགཿ བསད་པའི་ཤ་ཁྲག་ཤ་རུལ་ཁྲག་རུལ་དངཿ ཉ་རུལ་ར་མཆིན་བཙོས་དང་རྗེན་ཤའི་རིགསཿ དཀར་གསུམ་ཀླུ་སྨན་ག་བུར་སྨན་སྣ་དངཿ སྟག་དོམ་བ་གླང་ཉ་སྙིང་སྒྲུབ་རྟེན་རྫསཿ གཞན་ཡང་ཤ་སྣ་ཁྲག་སྣ་སྙིང་སྣ་དངཿ འབྲུ་སྣ་སྤྱན་གཟིགས་དཀོར་ཆ་ལོངས་སྤྱོད་རྫསཿ ཁྲག་ཆེན་ཨརྒྷཾ་དུག་ཆུའི་ཞབས་བསིལ་མཚོཿ དབང་ལྔའི་མེ་ཏོག་ཤ་ཆེན་བདུག་སྦོས་འཐིབསཿ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་དངཿ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔ་སོགསཿ མ་ཚང་མེད་པ་ལེགས་པར་བཀོད་པ་འདིཿ གཟའ་བདུད་ཆེན་པོ་འཁོར་དང་བཅས་རྣམས་ལཿ མཆོད་པ་འབུལ་ལོ་དགྱེས་པར་བཞེས་སུ་གསོལཿ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པསཿ སྤྲུལ་པའི་གཟའ་མཆོག་ཆེན་པོའི་ཐུགས་དམ་བསྐངཿ སྐྱེད་མཛད་ཡབ་ཡུམ་གཉིས་ཀྱི་ཐུགས་དམ་བསྐངཿ ལས་མཛད་གཟའ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐངཿ དགྱེས་སྡེ་གདོང་མོ་མཆེད་བཞིའི་ཐུགས་དམ་བསྐངཿ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐངཿ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐངཿ འཁོར་བཅས་ཐུགས་དམ་བསྐངས་ལ་དགྱེས་པ་སྐྱེདཿ བདག་དང་གཡར་དམ་གཅིག་པའི་ཐ་ཚིག་དོནཿ མི་འདའ་རྡོ་རྗེའི་སྲོག་ལྟར་ཁྱོད་ཀྱིས་ཟུངསཿ བདག་ཀྱང་རྡོ་རྗེའི་དམ་ལ་མི་འདའ་ནཿ ལྷ་ཁྱོད་དམ་ཚིག་གཉན་ལས་མ་འདའ་བརཿ གཉིས་ཀ་གསང་བའི་དམ་ལས་མི་འདའ་ཞིངཿ གཡར་དམ་གཉན་པོ་གཅིག་ཏུ་བསྲེ་བར་བགྱིཿ ཨ་མྲྀ་ཏ་ས་མ་ཡ་རཀྵནྟུཿ བདག་གི་ཚེ་རབས་ཐོག་མ་མེད་པ་ནསཿ སྒོ་གསུམ་དམ་ཚིག་ཉམས་འགལ་རལ་པ་དངཿ ཁྱད་པར་གཟའ་མཆོག་གསང་གསུམ་དང་འགལ་བའིཿ ཉེས་བྱས་བཤགས་སོ་ཚངས་པར་སྩལ་དུ་གསོལཿ རཱ་ཧུ་ལ་ས་མ་ཡ་ཤུདྡྷེ་ཨཱཿ བསྟན་དགྲའི་གཤེད་མ་གཟའ་འདུད་རཱ་ཧུ་ལཿ སྲིན་པོའི་གཟུགས་ཀྱིས་སངས་རྒྱས་བསྟན་པ་སྲུངཿ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་སྟེཿ གསང་བའི་བདག་པོའི་ཐུགས་སྦྲུལ་ཧེ་རུ་ཀཿ མི་སྲུན་དྲང་སྲོང་ཆེན་པོ་ཁྱོད་ལ་བསྟོདཿ ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་ཀྱངཿ ལོག་རྟོག་འདུལ་ཕྱིར་སོ་སོའི་སྐུར་སྣང་བཿ སྦྲུལ་པའི་གཟའ་མཆོག་ཆེན་པོ་རྣམ་བརྒྱད་དངཿ གདོང་མོ་མཆེད་བཞི་རྒྱུ་སྐར་ཉི་ཤུ་བརྒྱདཿ དྲེགས་པ་སྡེ་བརྒྱད་མི་སྲུན་ཚོགས་ལ་བསྟོདཿ ཧྲཱིཿཤག་རུ་རཾ་ནཱ་ག་ཙིཏྟ་ཀྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་གི་ཤ་ལ་ཛ་ཛཿ«བཟླའོཿ» ཀྵཿ གསང་བདག་དཔའ་བོའི་ཐུགས་སྦྲུལ་ལས་མཛད་པཿ མི་སྲུན་དྲང་སྲོང་གཟའ་བདུད་རཱ་ཧུ་ལཿ རྡོ་རྗེ་འཆང་དང་གསང་བདག་མར་མེ་མཛདཿ པདྨ་ཐོད་ཕྲེང་བཀའ་བསྒོས་དམ་བཅས་བཞིནཿ བསྟན་དང་རིག་འཛིན་གྲུབ་ཐོབ་རྣལ་འབྱོར་སྐྱོངསཿ བླ་མེད་ཨ་ཏིའི་བཀའ་ཡི་བྱ་ར་གྱིསཿ བདག་དང་གཡར་དམ་གཅིག་པའི་ཐ་ཚིག་ལྟརཿ མ་གཡེལ་ཉིན་མཚན་ཀུན་ཏུ་མེལ་ཚེ་གྱིསཿ དམ་ཆོས་སྒྲུབ་པའི་རྐྱེན་གེགས་བར་ཆད་སོལཿ འཕོ་ཆེན་འཇའ་ལུས་འགྲུབ་པའི་ཐེམ་སྐས་ཚུགསཿ བྱང་ཆུབ་སེམས་བསྐྱེད་འགྲོ་བའི་དོན་སྤྱོད་ཅིངཿ ཟབ་གསང་ལམ་ཞུགས་རྫོགས་ཆེན་སྒོམ་པ་ལཿ དོ་བསྡོ་ཕོད་བཙུག་ལོག་པར་འདྲེན་པ་ཡིཿ དགྲ་བོ་སྲོག་དབུགས་ཆོད་ལ་སྙིང་ཁྲག་འཐུངཿ ཁ་རླངས་ནད་ཀྱི་ཆར་པས་དུས་མཐའ་སྟུངསཿ སློབ་བུ་དམ་ལོག་དྲིན་ལན་ཁྱད་དུ་གསོདཿ གཡོ་ཅན་བཟང་པོར་བརྫུ་ཞིང་ལོག་སྦྱོར་རྩོམཿ དངོས་སམ་བརྒྱུད་ནས་བསམ་ངན་སྦྱོར་རྩུབ་མཁནཿ གཟའ་ནད་སྨྱོ་འབོགས་ཧུར་ཐུམ་ལྐུགས་རེངས་ནདཿ མཛེ་ནད་དུག་གཟེར་ནག་པོས་བདུན་རྒྱུད་ཆོདཿ ཞི་རྒྱས་དབང་དང་དྲག་པོ་མངོན་སྤྱོད་ལསཿ ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་སྒྲུབསཿ གཟུགས་མེད་བགེགས་ཚོགས་ལོག་པར་འདྲེན་པའི་དཔུངཿ མཐུ་སྟོབས་ནུས་པའི་མེ་ལྕེའི་དཔལ་གྱིས་བསྲེགསཿ ཀུན་བཟང་ཐུགས་སྦྲུལ་དྲང་སྲོང་རཱ་ཧུ་ལཿ བླ་མ་ལྟར་དུ་བསྟེན་ནོ་བྱིན་རླབས་ཞུཿ ཡི་དམ་ལྟར་དུ་བསྙེན་བསྒྲུབ་དངོས་གྲུབ་སྩོལཿ མཁའ་འགྲོ་ལྟར་དུ་གྲོགས་བགྱིད་ཕྲིན་ལས་སྒྲུབསཿ ཆོས་སྐྱོང་ལྟར་དུ་ལས་བཅོལ་འདོད་དོན་སྐོངསཿ མདོར་ན་བསམ་པའི་དོན་དང་གཉེར་བའི་ལསཿ འདི་དང་ཕྱི་མའི་རེ་འབྲས་མ་ལུས་ཀུནཿ བུམ་པ་བཟང་དང་ཡིད་བཞིན་ནོར་བུ་དངཿ འདོད་འཇོའི་བ་དང་དཔག་བསམ་ཤིང་ལྟ་བུཿ རེ་སྐོང་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ སྲུང་མ་མཆོད་བསྒྲུབས་དགེ་བས་དགྲ་སྡེ་ཐུལཿ དམ་ཅན་རྒྱ་མཚོ་ལུས་དང་གྲིབ་བཞིན་འགྲོགསཿ བཀྲ་ཤིས་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ཞིངཿ ལྷ་སྔགས་ཏིང་འཛིན་ནུས་པའི་རྩལ་འབར་ཤོགཿ རང་རིག་རྩལ་ལས་ཤར་བའི་ལྷ་ཚོགས་ཀུནཿ འཇའ་ཚོན་ན་བུན་མཁའ་ལ་ཐིམ་བཞིན་དུཿ མ་སྐྱེས་མི་འགགས་རང་བྱུང་རང་ཤར་བཿ སྤྲོས་བྲལ་འདུས་མ་བྱས་པའི་ཀློང་དུ་ཨཱཿ «ཨེ་མ་པདྨཐོད་ཕྲེང་ཐུགས་ཀྱི་བཅུདཿ ཁྲག་མཚོ་ཁོལ་མའི་རྒྱུད་ཀྱི་དོནཿ མཁའ་འགྲོའི་སྙིང་ཁྲག་དམར་པོ་སྟེཿ རླུང་བསྒྲུབ་དུག་མཚོ་ཁོལ་མ་འདིཿ སྙིང་འདྲའི་གྲོགས་ལ་ཤོར་བས་ནཿ རྡོ་རྗེའི་དམ་ཚིག་སྲོག་གི་རྒྱཿ བཀའ་རྐུན་དམ་ཉམས་ལས་ངན་ཀུནཿ རཱ་ཧུ་ལ་ཡི་ཟས་སྐལ་གཏོདཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ན་རཀྐ་ནཿ ཆུ་འབྲུག་ཧོར་ཟླ་བཅུ་གཉིས་པའི་ཚེ་བརྒྱད་གཟའ་མཆོག་རྒྱུ་བའི་དུས་སྲོད་འཁོར་དྲག་པོའི་དུས་ཁྲག་འཐུང་དཔའ་བོས་ཀློང་སྒྲོམ་སྨུག་པོ་ཡང་དྲིལ་ནས་ཕབ་པའོཿ ཤིན་ཏུ་གསང་བའི་སྐོར་རོཿ རྒྱཿ | «ཀྵཿ གསང་བདག་གཏུམ་པོའི་ཞབས་ལ་འདུདཿ གཟའ་བདུད་སྒྲུབ་ཐབས་ཀུན་ཀྱི་མཆོགཿ ཁྲག་མཚོ་ཁོལ་མའི་རྒྱུད་ཀྱི་དོནཿ རླུང་ལྟར་སྒྲུབ་པའི་མན་ངག་བསྟནཿ »ཀྵཿ གསང་བདག་གཏུམ་པོའི་ཐུགས་ལས་སྤྲུལ་པ་ཡིཿ ལྷོ་ནུབ་སྲིན་ཡུལ་ལང་ཀ་པུ་རི་ནསཿ འཇིགས་བྱེད་ཆེན་པོ་མི་སྲུན་དྲེགས་པའི་གཙོཿ སྲིན་པོའི་རྒྱལ་པོ་གཟའ་བདུད་རཱ་ཧུ་ལཿ སྐུ་མདོག་དུད་ཁ་དབུ་དགུ་སྲིན་པོའི་གདོངཿ སྟེང་ཞལ་བྱ་རོག་དབུ་བཅས་སྤྱན་གསུམ་ལྡནཿ གཡས་དཀར་གཡོན་དམར་དབུས་མཐིང་དུད་པའི་མདོགཿ བྱ་རོག་དབུ་རྩེར་མི་མངོན་གསང་བདག་དབུཿ བགེགས་དཔུང་ལོག་འདྲེན་བདུད་སྡེ་ཚར་གཅོད་ཅིངཿ ཕྱག་བཞི་ཆུ་སྲིན་རྒྱལ་མཚན་རལ་གྲི་དངཿ སྦྲུལ་ཞགས་རྭ་ཡི་མདའ་གཞུ་ཁམས་གསུམ་སྒྲོལཿ སྦྲུལ་མཇུག་གདུག་པས་སྲིད་གསུམ་གཡོ་ཞིང་དཀྲུགསཿ སྤྱན་སྟོང་སངས་རྒྱས་བསྟན་དང་རྣལ་འབྱོར་སྲུངཿ ལྟོ་ཞལ་འཇིགས་རུང་དམ་ཉམས་ཟས་སུ་ཟཿ ཁམ་ནག་རལ་པ་སྨིན་མ་སྨ་ར་སེརཿ རིན་ཆེན་རུས་རྒྱན་མི་ལྤགས་སྟོད་གཡོགས་དངཿ སྟག་ཤམ་མི་མགོའི་ཕྲེང་སོགས་ཁྲོ་ཆས་བརྒྱནཿ མེ་རླུང་དམར་ནག་འཁྲུགས་པའི་ཀློང་ན་བཞུགསཿ འཁོར་དུ་སྤྲུལ་པའི་གཟའ་ཆེན་རྣམ་བརྒྱད་དངཿ གདོང་མོ་མཆེད་བཞི་རྒྱུ་སྐར་ཉི་ཤུ་བརྒྱདཿ ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅསཿ སྔོན་གྱི་ཐ་ཚིག་ཞལ་བཞེས་དྲན་མཛོད་ལཿ དད་དང་དམ་ཚིག་གཉན་པོ་རྗེས་དགོངས་ནསཿ རྣལ་འབྱོར་གདུང་བའི་ང་རོས་ཁྱོད་འབོད་ཕྱིརཿ མཁའ་ལ་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ རཱ་ཧུ་ལ་ས་མ་ཡཿ ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཀྵཿ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནཿ པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུཿ དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོཿ ཁྱེད་དང་མཐུན་པའི་རྫས་ཀྱི་མཆོད་པ་ནིཿ མདངས་ལྡན་ཤ་ཁྲག་གཏོར་མ་རི་ལྟར་སྦུངསཿ བདུད་རྩི་སྨན་གྱི་མཆོད་པ་མཚོ་ལྟར་བསྐྱིལཿ རཀྟ་དམར་གྱི་རྦ་ཀློང་རབ་ཏུ་འཁྲུགཿ བསད་པའི་ཤ་ཁྲག་ཤ་རུལ་ཁྲག་རུལ་དངཿ ཉ་རུལ་ར་མཆིན་བཙོས་དང་རྗེན་ཤའི་རིགསཿ དཀར་གསུམ་ཀླུ་སྨན་ག་བུར་སྨན་སྣ་དངཿ སྟག་དོམ་བ་གླང་ཉ་སྙིང་སྒྲུབ་རྟེན་རྫསཿ གཞན་ཡང་ཤ་སྣ་ཁྲག་སྣ་སྙིང་སྣ་དངཿ འབྲུ་སྣ་སྤྱན་གཟིགས་དཀོར་ཆ་ལོངས་སྤྱོད་རྫསཿ ཁྲག་ཆེན་ཨརྒྷཾ་དུག་ཆུའི་ཞབས་བསིལ་མཚོཿ དབང་ལྔའི་མེ་ཏོག་ཤ་ཆེན་བདུག་སྦོས་འཐིབསཿ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་དངཿ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔ་སོགསཿ མ་ཚང་མེད་པ་ལེགས་པར་བཀོད་པ་འདིཿ གཟའ་བདུད་ཆེན་པོ་འཁོར་དང་བཅས་རྣམས་ལཿ མཆོད་པ་འབུལ་ལོ་དགྱེས་པར་བཞེས་སུ་གསོལཿ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པསཿ སྤྲུལ་པའི་གཟའ་མཆོག་ཆེན་པོའི་ཐུགས་དམ་བསྐངཿ སྐྱེད་མཛད་ཡབ་ཡུམ་གཉིས་ཀྱི་ཐུགས་དམ་བསྐངཿ ལས་མཛད་གཟའ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐངཿ དགྱེས་སྡེ་གདོང་མོ་མཆེད་བཞིའི་ཐུགས་དམ་བསྐངཿ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐངཿ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐངཿ འཁོར་བཅས་ཐུགས་དམ་བསྐངས་ལ་དགྱེས་པ་སྐྱེདཿ བདག་དང་གཡར་དམ་གཅིག་པའི་ཐ་ཚིག་དོནཿ མི་འདའ་རྡོ་རྗེའི་སྲོག་ལྟར་ཁྱོད་ཀྱིས་ཟུངསཿ བདག་ཀྱང་རྡོ་རྗེའི་དམ་ལ་མི་འདའ་ནཿ ལྷ་ཁྱོད་དམ་ཚིག་གཉན་ལས་མ་འདའ་བརཿ གཉིས་ཀ་གསང་བའི་དམ་ལས་མི་འདའ་ཞིངཿ གཡར་དམ་གཉན་པོ་གཅིག་ཏུ་བསྲེ་བར་བགྱིཿ ཨ་མྲྀ་ཏ་ས་མ་ཡ་རཀྵནྟུཿ བདག་གི་ཚེ་རབས་ཐོག་མ་མེད་པ་ནསཿ སྒོ་གསུམ་དམ་ཚིག་ཉམས་འགལ་རལ་པ་དངཿ ཁྱད་པར་གཟའ་མཆོག་གསང་གསུམ་དང་འགལ་བའིཿ ཉེས་བྱས་བཤགས་སོ་ཚངས་པར་སྩལ་དུ་གསོལཿ རཱ་ཧུ་ལ་ས་མ་ཡ་ཤུདྡྷེ་ཨཱཿ བསྟན་དགྲའི་གཤེད་མ་གཟའ་འདུད་རཱ་ཧུ་ལཿ སྲིན་པོའི་གཟུགས་ཀྱིས་སངས་རྒྱས་བསྟན་པ་སྲུངཿ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་སྟེཿ གསང་བའི་བདག་པོའི་ཐུགས་སྦྲུལ་ཧེ་རུ་ཀཿ མི་སྲུན་དྲང་སྲོང་ཆེན་པོ་ཁྱོད་ལ་བསྟོདཿ ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་ཀྱངཿ ལོག་རྟོག་འདུལ་ཕྱིར་སོ་སོའི་སྐུར་སྣང་བཿ སྦྲུལ་པའི་གཟའ་མཆོག་ཆེན་པོ་རྣམ་བརྒྱད་དངཿ གདོང་མོ་མཆེད་བཞི་རྒྱུ་སྐར་ཉི་ཤུ་བརྒྱདཿ དྲེགས་པ་སྡེ་བརྒྱད་མི་སྲུན་ཚོགས་ལ་བསྟོདཿ ཧྲཱིཿཤག་རུ་རཾ་ནཱ་ག་ཙིཏྟ་ཀྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་གི་ཤ་ལ་ཛ་ཛཿ«བཟླའོཿ» ཀྵཿ གསང་བདག་དཔའ་བོའི་ཐུགས་སྦྲུལ་ལས་མཛད་པཿ མི་སྲུན་དྲང་སྲོང་གཟའ་བདུད་རཱ་ཧུ་ལཿ རྡོ་རྗེ་འཆང་དང་གསང་བདག་མར་མེ་མཛདཿ པདྨ་ཐོད་ཕྲེང་བཀའ་བསྒོས་དམ་བཅས་བཞིནཿ བསྟན་དང་རིག་འཛིན་གྲུབ་ཐོབ་རྣལ་འབྱོར་སྐྱོངསཿ བླ་མེད་ཨ་ཏིའི་བཀའ་ཡི་བྱ་ར་གྱིསཿ བདག་དང་གཡར་དམ་གཅིག་པའི་ཐ་ཚིག་ལྟརཿ མ་གཡེལ་ཉིན་མཚན་ཀུན་ཏུ་མེལ་ཚེ་གྱིསཿ དམ་ཆོས་སྒྲུབ་པའི་རྐྱེན་གེགས་བར་ཆད་སོལཿ འཕོ་ཆེན་འཇའ་ལུས་འགྲུབ་པའི་ཐེམ་སྐས་ཚུགསཿ བྱང་ཆུབ་སེམས་བསྐྱེད་འགྲོ་བའི་དོན་སྤྱོད་ཅིངཿ ཟབ་གསང་ལམ་ཞུགས་རྫོགས་ཆེན་སྒོམ་པ་ལཿ དོ་བསྡོ་ཕོད་བཙུག་ལོག་པར་འདྲེན་པ་ཡིཿ དགྲ་བོ་སྲོག་དབུགས་ཆོད་ལ་སྙིང་ཁྲག་འཐུངཿ ཁ་རླངས་ནད་ཀྱི་ཆར་པས་དུས་མཐའ་སྟུངསཿ སློབ་བུ་དམ་ལོག་དྲིན་ལན་ཁྱད་དུ་གསོདཿ གཡོ་ཅན་བཟང་པོར་བརྫུ་ཞིང་ལོག་སྦྱོར་རྩོམཿ དངོས་སམ་བརྒྱུད་ནས་བསམ་ངན་སྦྱོར་རྩུབ་མཁནཿ གཟའ་ནད་སྨྱོ་འབོགས་ཧུར་ཐུམ་ལྐུགས་རེངས་ནདཿ མཛེ་ནད་དུག་གཟེར་ནག་པོས་བདུན་རྒྱུད་ཆོདཿ ཞི་རྒྱས་དབང་དང་དྲག་པོ་མངོན་སྤྱོད་ལསཿ ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་སྒྲུབསཿ གཟུགས་མེད་བགེགས་ཚོགས་ལོག་པར་འདྲེན་པའི་དཔུངཿ མཐུ་སྟོབས་ནུས་པའི་མེ་ལྕེའི་དཔལ་གྱིས་བསྲེགསཿ ཀུན་བཟང་ཐུགས་སྦྲུལ་དྲང་སྲོང་རཱ་ཧུ་ལཿ བླ་མ་ལྟར་དུ་བསྟེན་ནོ་བྱིན་རླབས་ཞུཿ ཡི་དམ་ལྟར་དུ་བསྙེན་བསྒྲུབ་དངོས་གྲུབ་སྩོལཿ མཁའ་འགྲོ་ལྟར་དུ་གྲོགས་བགྱིད་ཕྲིན་ལས་སྒྲུབསཿ ཆོས་སྐྱོང་ལྟར་དུ་ལས་བཅོལ་འདོད་དོན་སྐོངསཿ མདོར་ན་བསམ་པའི་དོན་དང་གཉེར་བའི་ལསཿ འདི་དང་ཕྱི་མའི་རེ་འབྲས་མ་ལུས་ཀུནཿ བུམ་པ་བཟང་དང་ཡིད་བཞིན་ནོར་བུ་དངཿ འདོད་འཇོའི་བ་དང་དཔག་བསམ་ཤིང་ལྟ་བུཿ རེ་སྐོང་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ སྲུང་མ་མཆོད་བསྒྲུབས་དགེ་བས་དགྲ་སྡེ་ཐུལཿ དམ་ཅན་རྒྱ་མཚོ་ལུས་དང་གྲིབ་བཞིན་འགྲོགསཿ བཀྲ་ཤིས་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ཞིངཿ ལྷ་སྔགས་ཏིང་འཛིན་ནུས་པའི་རྩལ་འབར་ཤོགཿ རང་རིག་རྩལ་ལས་ཤར་བའི་ལྷ་ཚོགས་ཀུནཿ འཇའ་ཚོན་ན་བུན་མཁའ་ལ་ཐིམ་བཞིན་དུཿ མ་སྐྱེས་མི་འགགས་རང་བྱུང་རང་ཤར་བཿ སྤྲོས་བྲལ་འདུས་མ་བྱས་པའི་ཀློང་དུ་ཨཱཿ «ཨེ་མ་པདྨཐོད་ཕྲེང་ཐུགས་ཀྱི་བཅུདཿ ཁྲག་མཚོ་ཁོལ་མའི་རྒྱུད་ཀྱི་དོནཿ མཁའ་འགྲོའི་སྙིང་ཁྲག་དམར་པོ་སྟེཿ རླུང་བསྒྲུབ་དུག་མཚོ་ཁོལ་མ་འདིཿ སྙིང་འདྲའི་གྲོགས་ལ་ཤོར་བས་ནཿ རྡོ་རྗེའི་དམ་ཚིག་སྲོག་གི་རྒྱཿ བཀའ་རྐུན་དམ་ཉམས་ལས་ངན་ཀུནཿ རཱ་ཧུ་ལ་ཡི་ཟས་སྐལ་གཏོདཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ན་རཀྐ་ནཿ ཆུ་འབྲུག་ཧོར་ཟླ་བཅུ་གཉིས་པའི་ཚེ་བརྒྱད་གཟའ་མཆོག་རྒྱུ་བའི་དུས་སྲོད་འཁོར་དྲག་པོའི་དུས་ཁྲག་འཐུང་དཔའ་བོས་ཀློང་སྒྲོམ་སྨུག་པོ་ཡང་དྲིལ་ནས་ཕབ་པའོཿ ཤིན་ཏུ་གསང་བའི་སྐོར་རོཿ རྒྱཿ | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 08:48, 2 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | mdo mkhyen brtse bka' 'bum Volume 7, Text 43, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | ||
Genre |