DKYD-KABUM-07-JA-022: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
྅྅྅ གནོད་སྦྱིན་ཆེན་པོ་ཙིའུ་དམརཿ བསང་མཆོད་ཕྲིན་ལས་གློག་ཞགས་བཞུགས་སོཿ པདྨ་དབང་ཆེན་རྟ་མཆོག་ཧེ་རུ་ཀཿ དྲེགས་པའི་ཚུལ་འཛིན་ལྷ་བཙན་དགྲ་ལྷའི་རྒྱལཿ གནོད་སྦྱིན་ཆེན་པོ་ཙིའུ་དམར་པོ་ཡིཿ བསང་མཆོད་ཕྲིན་ལས་གློག་ཞགས་འདིར་བསྟན་བྱཿ དེ་ཡང་གནོད་སྦྱིན་ཆེན་པོའི་བསར་མཆོད་འདོད་པ་གང་ཞིག་གིས་ཕྱེ་མར་འབྲུ་སྨན་མངར་གསུམ་ཟས་སྣ་དམར་གསུམ་སོགས་བསྲེགས་ཞིང་སྐྱེམས་ཕུད་སོགས་བཤམས་ལཿ རཾ་ཡཾ་ཁཾཿ ལན་གསུམཿ རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་རླུང་ཆུས་བསང་རྫས་ཀྱི་མ་དག་བསྲེགས་གཏོགས་བཀྲུསཿ སླར་ཡང་དྲི་ཞིམ་གྱི་དུད་སྤྲིན་འདོད་ཡོན་ལྔ་ཡི་འོད་ཟེར་འཕྲོ་བ་ཟག་པ་མེད་པའི་བདེ་བ་བསྐྱེད་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་ཅིགཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་བདུན་བརྗོད་པཿ མདའ་དར་དང་རུ་མཚོན་ཕྱརཿ རོལ་མོ་སྒྲོགས་དུང་འབུད་དར་དམར་གཡབ་ཅིངཿ ཀྱཻཿ ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་དམར་པོ་དངཿ དཀོར་མཛོད་གླིང་སོགས་རང་བཞིན་གནས་མཆོག་ནསཿ པདྨ་དབང་ཆེན་ཕྲིན་ལས་སྤྲུལ་བསྒྱུར་གརཿ དགྲ་ལྷའི་རྒྱལ་པོ་གནོད་བཞིན་ཙིའུ་དམར་བཿ སྐུ་མདོག་དམར་ལྗང་དར་དམར་ལ་ཐོད་ཅནཿ སྟག་རལ་གཟིག་ཤུབ་བཀང་ཞིང་ལྕགས་མདུང་དངཿ བཙན་ཞགས་འཕེན་ཞིང་བྲ་ནག་སྟེང་ན་འགྱིངཿ རང་གི་ལུས་ལས་སྐྱེས་པའི་བཙན་དྲུག་དངཿ ཡུམ་ཆེན་ལྷ་མོ་ཡིད་བཞིན་འོད་འབར་མཿ བཀའ་བློན་ཆེན་པོ་བཙན་རྒོད་མདུང་དམར་བཿ ཤན་པ་དྲེགས་པ་སྲོག་གི་སྤུ་གྲིའངཿ ལས་མཁན་སྟོབས་ལྡན་དྲག་ཤུལ་དབང་པོ་སོགསཿ བཙན་རྒོད་འབུམ་དང་གནོད་སྦྱིན་བྱེ་བས་བསྐོརཿ སྡེ་བརྒྱད་དྲེགས་པའི་དམག་ཚོགས་སྐར་ལྟར་འཁྲུགསཿ སྔོན་ཚེ་རྒྱལ་བའི་ཐུགས་དམ་དྲན་གྱིས་ལཿ གློག་ལྟར་མྱུར་བའི་ཤུགས་ཀྱིས་གནས་འདིར་གཤེགསཿ ཙ་ཡཀྴ་ཙ་ཏྲི་ཤུ་ལ་བཛྲ་ས་མ་ཡ་ཛཿ ཞེས་འབོད་ཅིང་ཿ ཧྲཱིཿ སྔོན་ཚེ་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམཿ བར་ཁང་གཡུ་ཞལ་འབར་བར་དཔལ་ཆེན་གྱིསཿ དཀྱིལ་འཁོར་བཞེངས་ཤིང་དབང་བསྐུར་དམ་འོག་བཅུགཿ རྡོ་རྗེའི་ཐ་ཚིག་ཁས་བླངས་དམ་བཅས་ཚེཿ ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བརཿ འདིར་བཞུགས་བདག་ལ་དགྱེས་པའི་ཞལ་བཟང་སྟོནཿ ཕྲིན་ལས་སྒྲུབ་ཅིང་བསང་མཆོད་བཞེས་སུ་གསོལཿ ཞེས་དམ་བསྒྲག་ཕུད་གཏོར་ཞིངཿ ཀྱཻཿ འབྱུང་བའི་དྭངས་མ་ཤིང་རྩི་མེར་བསྲེགས་ཅིངཿ ཕྱེ་མར་ཟས་སྣ་སྨན་དང་སྤོས་དར་ཟབཿ འབྲུ་སྣ་ཟས་ཕུད་སྦྱར་བའི་བསང་དུད་སྤྲིནཿ དྲི་བཞོན་ཤུགས་འཆང་འདོད་ཡོན་ཆབ་སྤྲིན་འཕྲོཿ མི་གཙང་དྲི་མ་མ་ལུས་བསང་བྱེད་ཅིངཿ བཀྲག་མདངས་གཟི་བརྗིད་དཔལ་བསྐྱེད་བདེ་སྟེར་རྫསཿ གང་འདོད་ཡིད་བཞིན་འདོད་ཡོན་རེ་སྐོང་འདིསཿ བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་བསངཿ མ་ཚོགས་ཌཱཀྐི་བསྟན་སྲུང་རྒྱ་མཚོ༴ ཁྱད་པར་པདྨ་ཐོད་ཕྲེང་བཀའ་སྡོད་ཆེཿ འཛམ་གླིང་སྲོག་དབུགས་བདག་པོར་མངའ་གསོལ་བཿ གནོད་སྦྱིན་ཆེན་པོ་ཙིའུ་དམར་པོ༴ ལྷ་བཙན་ཆེན་པོ་དགྲ་ལྷའི་རྒྱལ་པོ༴ ཀུན་ཁྱབ་རྡོ་རྗེ་དྲག་རྩལ་ཆེན་པོ༴ སྐུ་ལྷ་གཉན་གྱི་ལྷ་བཙན་ཆེན་པོ༴ གྲོ་ཤོད་བོད་ཀྱི་སྒང་དམག་རྗེ་བོ༴ ར་ཙ་གང་སྔོན་གདུག་རྩུབ་ཀླུ་བཙན༴ རྡོ་རིང་དམར་པོའི་གྲིབ་བཙན་དྲག་པོ༴ ཀང་ཀ་ཐོད་ནག་བདུད་བཙན་ལྗང་ནག༴ རྩལ་ཐོག་རྒྱུག་གི་གྲིབ་བཙན་དྲག་པོ༴ ཡུམ་ཆེན་ལྷ་མོ་ཉི་མ་གཞོན་ནུ༴ བཀའ་ཡི་བློནཔོ་བཙན་རྒོད་ཆེན་པོ༴ ལས་ཀྱི་ཤན་པ་སྲོག་གི་སྤུ་གྲི༴ ཕོ་ཉ་སྟོབས་ལྡན་དྲག་ཤུལ་དབང་པོ༴ བཀའ་འཁོར་དྲེགས་པའི་དམག་དཔུང་སྡེ་བརྒྱད༴ བཙན་དམག་འབུམ་དང་གནོད་སྦྱིན་བྱེ་བ༴ རུ་འདྲེན་སྡེ་བཞི་བཀའ་ཉན་འཁོར་ཚོགས༴ བདུད་རྩི་ཟག་མེད་གསེར་སྐྱེམས་ཕུད་ཀྱིས་མཆོདཿ འདོད་ཡོན་བསང་མཆོད་འདོད་དགུའི་རེ་སྐོང་འདིསཿ གནོད་སྦྱིན་བཙན་རྒོད་འཁོར་བཅས་ཐུགས་དམ་བསྐངཿ བཀྲག་མདངས་གཟི་བརྗིད་བསྐྱེད་ལ་སྟོབས་རྩལ་ཕྱུངསཿ ཐུགས་དང་འགལ་བའི་ལས་བགྱིས་མཐོལ་ལོ་བཤགསཿ མནོལ་བཙོག་གྲིབ་དང་མི་གཙང་དག་གྱུར་ཅིགཿ དགྱེས་པའི་ཞལ་སྟོན་འཛུམ་པའི་མདངས་ཕྱུངས་ལཿ འབྲལ་མེད་ཕྲིན་ལས་བསྒྲུབ་པའི་གཉེར་ལོངས་ཤིགཿ སྐབས་འདིར་གཏོར་མ་འབུལ་ཞིང་མཐར་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནིཿ ཧྲིཿ སྔོན་ཚེ་རྒྱལ་བའི་བསྟན་པ་སྲུང་བའི་ཕྱིརཿ ལས་མཁན་མཐུ་ལྡན་བཀའ་ཡི་ཕོ་ཉ་བཿ གནོད་སྦྱིན་ཙིའུ་དམར་པོ་ཞེས་གྲགས་པའིཿ ཆོས་སྐྱོང་སྟོབས་ལྡན་ཁྱོད་ལ་བསྟོད་པར་བགྱིསཿ དབང་ཆེན་སྤྱན་སྔར་སྲོག་གི་སྙིང་པོ་ཕུལཿ པདྨ་ཐོད་ཕྲེང་སྤྱན་སྔར་ཁས་བླངས་ཞིང་ཿ གུ་རུ་དྲག་པོར་བྲོ་བོར་དམ་བཅས་ལྟརཿ རྒྱལ་བའི་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོདཿ དམ་ཆོས་སྐྱོང་ལ་འཕགས་ཚོགས་འདུས་སྡེ་སྐྱོངསཿ ཁྱད་པར་རིག་འཛིན་རྣལ་འབྱོར་བདག་ཅག་དངཿ སྔོན་གྱི་སྨོན་ལམ་དྲག་པོའི་མཐུས་འབྲེལ་བའིཿ སྐད་ཅིག་མི་འབྲལ་བསྲུང་བ་དམ་བཅས་བཞིནཿ རིག་འཛིན་བདག་དང་དམ་ལྡན་བརྒྱུད་པར་བཅསཿ ལུས་དང་གྲིབ་བཞིན་འགོ་ཞིང་སྡོང་གྲོགས་མཛོདཿ དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་ཿ ལེགས་སྤེལ་ཉེས་ལྡོག་ཚེ་བསོད་དཔལ་འབྱོར་བསྐྱེདཿ སྙན་དང་གྲགས་པ་ཕྱོགས་བཅུར་ཡོངས་ཁྱབ་ཅིངཿ མངའ་ཐང་ཆོས་སྲིད་འཁོར་འབངས་དར་རྒྱས་མཛོདཿ ཕ་རོལ་ཕམ་ཞིང་རང་ཕྱོགས་རྒྱལ་བ་དངཿ བགེགས་དང་རྩོད་པ་ཀུན་ལས་དཔལ་ཐོབ་ཅིངཿ ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྒྲེངསཿ འཁོར་དང་ལོངས་སྤྱོད་དཀོར་ཆ་མེལ་ཚེ་གྱིསཿ འགྲན་སེམས་ཕྲག་དོག་ཅན་ཀུན་དཔའ་བཀང་ལཿ སྲིད་པའི་སེམས་ལྡན་དོ་བདོ་ཕོད་བཙུགས་པའིཿ དགྲ་ལ་གྲི་འཐབ་ཆོ་འཕྲུལ་མྱུར་དུ་སྟོནཿ དྲག་པོའི་ཆད་པས་བདུན་བརྒྱུད་དུས་མཐར་སྟུངསཿ གནོད་བྱེད་བགེགས་དཔུང་ལོག་པར་འདྲེན་པ་ཡིཿ རྒྱལ་བསེན་འབྱུང་པོ་ཐལ་བའི་རྡུལ་དུ་རློགཿ རྣལ་འབྱོར་འདོད་པའི་དོན་དང་གཉེར་པའི་ལསཿ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དངཿ ཕྱཱ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལཿ ཅེས་བརྗོད་ཅིང་ཕུད་མཆོད་དོཿ དགྲ་ལྷའི་རྒྱལ་པོ་གནོད་བཞིན་ཙིའུ་དམར་འདིཿ དེང་སང་དུས་འདིའི་འཛམ་གླིང་སྲོག་གི་བདགཿ རང་དང་སྨོན་ལམ་འབྲེལ་བའི་སྲུང་མ་སྟེཿ རང་གི་བརྒྱུད་འཛིན་དོན་དུ་བཀོད་པ་དགེཿ དེ་ལྟར་བཙན་རྒོད་ཆེན་པོའི་བསང་མཆོད་ཕྲིན་ལས་གློག་ཞགས་འདི་ཡངཿ བུ་སློབ་རིག་པ་འཛིན་པ་དཔལ་གྱི་སེང་གེས་བསྐུལ་བ་ལྟརཿ ཁྲག་འཐུང་ལས་ཀྱི་དཔའ་བོས་ཤར་མར་སྤེལ་བས་དགྲ་གདོན་ཐལ་བར་བརླག་པའི་ནུས་ལྡན་དུ་གྱུར་ཅིག་གུཿ  
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=022
|pdflink=File:DKYD-KABUM-07-JA-022.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|྅྅྅ གནོད་སྦྱིན་ཆེན་པོ་ཙིའུ་དམརཿ བསང་མཆོད་ཕྲིན་ལས་གློག་ཞགས་བཞུགས་སོཿ པདྨ་དབང་ཆེན་རྟ་མཆོག་ཧེ་རུ་ཀཿ དྲེགས་པའི་ཚུལ་འཛིན་ལྷ་བཙན་དགྲ་ལྷའི་རྒྱལཿ གནོད་སྦྱིན་ཆེན་པོ་ཙིའུ་དམར་པོ་ཡིཿ བསང་མཆོད་ཕྲིན་ལས་གློག་ཞགས་འདིར་བསྟན་བྱཿ དེ་ཡང་གནོད་སྦྱིན་ཆེན་པོའི་བསར་མཆོད་འདོད་པ་གང་ཞིག་གིས་ཕྱེ་མར་འབྲུ་སྨན་མངར་གསུམ་ཟས་སྣ་དམར་གསུམ་སོགས་བསྲེགས་ཞིང་སྐྱེམས་ཕུད་སོགས་བཤམས་ལཿ རཾ་ཡཾ་ཁཾཿ ལན་གསུམཿ རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་རླུང་ཆུས་བསང་རྫས་ཀྱི་མ་དག་བསྲེགས་གཏོགས་བཀྲུསཿ སླར་ཡང་དྲི་ཞིམ་གྱི་དུད་སྤྲིན་འདོད་ཡོན་ལྔ་ཡི་འོད་ཟེར་འཕྲོ་བ་ཟག་པ་མེད་པའི་བདེ་བ་བསྐྱེད་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་ཅིགཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་བདུན་བརྗོད་པཿ མདའ་དར་དང་རུ་མཚོན་ཕྱརཿ རོལ་མོ་སྒྲོགས་དུང་འབུད་དར་དམར་གཡབ་ཅིངཿ ཀྱཻཿ ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་དམར་པོ་དངཿ དཀོར་མཛོད་གླིང་སོགས་རང་བཞིན་གནས་མཆོག་ནསཿ པདྨ་དབང་ཆེན་ཕྲིན་ལས་སྤྲུལ་བསྒྱུར་གརཿ དགྲ་ལྷའི་རྒྱལ་པོ་གནོད་བཞིན་ཙིའུ་དམར་བཿ སྐུ་མདོག་དམར་ལྗང་དར་དམར་ལ་ཐོད་ཅནཿ སྟག་རལ་གཟིག་ཤུབ་བཀང་ཞིང་ལྕགས་མདུང་དངཿ བཙན་ཞགས་འཕེན་ཞིང་བྲ་ནག་སྟེང་ན་འགྱིངཿ རང་གི་ལུས་ལས་སྐྱེས་པའི་བཙན་དྲུག་དངཿ ཡུམ་ཆེན་ལྷ་མོ་ཡིད་བཞིན་འོད་འབར་མཿ བཀའ་བློན་ཆེན་པོ་བཙན་རྒོད་མདུང་དམར་བཿ ཤན་པ་དྲེགས་པ་སྲོག་གི་སྤུ་གྲིའངཿ ལས་མཁན་སྟོབས་ལྡན་དྲག་ཤུལ་དབང་པོ་སོགསཿ བཙན་རྒོད་འབུམ་དང་གནོད་སྦྱིན་བྱེ་བས་བསྐོརཿ སྡེ་བརྒྱད་དྲེགས་པའི་དམག་ཚོགས་སྐར་ལྟར་འཁྲུགསཿ སྔོན་ཚེ་རྒྱལ་བའི་ཐུགས་དམ་དྲན་གྱིས་ལཿ གློག་ལྟར་མྱུར་བའི་ཤུགས་ཀྱིས་གནས་འདིར་གཤེགསཿ ཙ་ཡཀྴ་ཙ་ཏྲི་ཤུ་ལ་བཛྲ་ས་མ་ཡ་ཛཿ ཞེས་འབོད་ཅིང་ཿ ཧྲཱིཿ སྔོན་ཚེ་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམཿ བར་ཁང་གཡུ་ཞལ་འབར་བར་དཔལ་ཆེན་གྱིསཿ དཀྱིལ་འཁོར་བཞེངས་ཤིང་དབང་བསྐུར་དམ་འོག་བཅུགཿ རྡོ་རྗེའི་ཐ་ཚིག་ཁས་བླངས་དམ་བཅས་ཚེཿ ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བརཿ འདིར་བཞུགས་བདག་ལ་དགྱེས་པའི་ཞལ་བཟང་སྟོནཿ ཕྲིན་ལས་སྒྲུབ་ཅིང་བསང་མཆོད་བཞེས་སུ་གསོལཿ ཞེས་དམ་བསྒྲག་ཕུད་གཏོར་ཞིངཿ ཀྱཻཿ འབྱུང་བའི་དྭངས་མ་ཤིང་རྩི་མེར་བསྲེགས་ཅིངཿ ཕྱེ་མར་ཟས་སྣ་སྨན་དང་སྤོས་དར་ཟབཿ འབྲུ་སྣ་ཟས་ཕུད་སྦྱར་བའི་བསང་དུད་སྤྲིནཿ དྲི་བཞོན་ཤུགས་འཆང་འདོད་ཡོན་ཆབ་སྤྲིན་འཕྲོཿ མི་གཙང་དྲི་མ་མ་ལུས་བསང་བྱེད་ཅིངཿ བཀྲག་མདངས་གཟི་བརྗིད་དཔལ་བསྐྱེད་བདེ་སྟེར་རྫསཿ གང་འདོད་ཡིད་བཞིན་འདོད་ཡོན་རེ་སྐོང་འདིསཿ བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་བསངཿ མ་ཚོགས་ཌཱཀྐི་བསྟན་སྲུང་རྒྱ་མཚོ༴ ཁྱད་པར་པདྨ་ཐོད་ཕྲེང་བཀའ་སྡོད་ཆེཿ འཛམ་གླིང་སྲོག་དབུགས་བདག་པོར་མངའ་གསོལ་བཿ གནོད་སྦྱིན་ཆེན་པོ་ཙིའུ་དམར་པོ༴ ལྷ་བཙན་ཆེན་པོ་དགྲ་ལྷའི་རྒྱལ་པོ༴ ཀུན་ཁྱབ་རྡོ་རྗེ་དྲག་རྩལ་ཆེན་པོ༴ སྐུ་ལྷ་གཉན་གྱི་ལྷ་བཙན་ཆེན་པོ༴ གྲོ་ཤོད་བོད་ཀྱི་སྒང་དམག་རྗེ་བོ༴ ར་ཙ་གང་སྔོན་གདུག་རྩུབ་ཀླུ་བཙན༴ རྡོ་རིང་དམར་པོའི་གྲིབ་བཙན་དྲག་པོ༴ ཀང་ཀ་ཐོད་ནག་བདུད་བཙན་ལྗང་ནག༴ རྩལ་ཐོག་རྒྱུག་གི་གྲིབ་བཙན་དྲག་པོ༴ ཡུམ་ཆེན་ལྷ་མོ་ཉི་མ་གཞོན་ནུ༴ བཀའ་ཡི་བློནཔོ་བཙན་རྒོད་ཆེན་པོ༴ ལས་ཀྱི་ཤན་པ་སྲོག་གི་སྤུ་གྲི༴ ཕོ་ཉ་སྟོབས་ལྡན་དྲག་ཤུལ་དབང་པོ༴ བཀའ་འཁོར་དྲེགས་པའི་དམག་དཔུང་སྡེ་བརྒྱད༴ བཙན་དམག་འབུམ་དང་གནོད་སྦྱིན་བྱེ་བ༴ རུ་འདྲེན་སྡེ་བཞི་བཀའ་ཉན་འཁོར་ཚོགས༴ བདུད་རྩི་ཟག་མེད་གསེར་སྐྱེམས་ཕུད་ཀྱིས་མཆོདཿ འདོད་ཡོན་བསང་མཆོད་འདོད་དགུའི་རེ་སྐོང་འདིསཿ གནོད་སྦྱིན་བཙན་རྒོད་འཁོར་བཅས་ཐུགས་དམ་བསྐངཿ བཀྲག་མདངས་གཟི་བརྗིད་བསྐྱེད་ལ་སྟོབས་རྩལ་ཕྱུངསཿ ཐུགས་དང་འགལ་བའི་ལས་བགྱིས་མཐོལ་ལོ་བཤགསཿ མནོལ་བཙོག་གྲིབ་དང་མི་གཙང་དག་གྱུར་ཅིགཿ དགྱེས་པའི་ཞལ་སྟོན་འཛུམ་པའི་མདངས་ཕྱུངས་ལཿ འབྲལ་མེད་ཕྲིན་ལས་བསྒྲུབ་པའི་གཉེར་ལོངས་ཤིགཿ སྐབས་འདིར་གཏོར་མ་འབུལ་ཞིང་མཐར་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནིཿ ཧྲིཿ སྔོན་ཚེ་རྒྱལ་བའི་བསྟན་པ་སྲུང་བའི་ཕྱིརཿ ལས་མཁན་མཐུ་ལྡན་བཀའ་ཡི་ཕོ་ཉ་བཿ གནོད་སྦྱིན་ཙིའུ་དམར་པོ་ཞེས་གྲགས་པའིཿ ཆོས་སྐྱོང་སྟོབས་ལྡན་ཁྱོད་ལ་བསྟོད་པར་བགྱིསཿ དབང་ཆེན་སྤྱན་སྔར་སྲོག་གི་སྙིང་པོ་ཕུལཿ པདྨ་ཐོད་ཕྲེང་སྤྱན་སྔར་ཁས་བླངས་ཞིང་ཿ གུ་རུ་དྲག་པོར་བྲོ་བོར་དམ་བཅས་ལྟརཿ རྒྱལ་བའི་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོདཿ དམ་ཆོས་སྐྱོང་ལ་འཕགས་ཚོགས་འདུས་སྡེ་སྐྱོངསཿ ཁྱད་པར་རིག་འཛིན་རྣལ་འབྱོར་བདག་ཅག་དངཿ སྔོན་གྱི་སྨོན་ལམ་དྲག་པོའི་མཐུས་འབྲེལ་བའིཿ སྐད་ཅིག་མི་འབྲལ་བསྲུང་བ་དམ་བཅས་བཞིནཿ རིག་འཛིན་བདག་དང་དམ་ལྡན་བརྒྱུད་པར་བཅསཿ ལུས་དང་གྲིབ་བཞིན་འགོ་ཞིང་སྡོང་གྲོགས་མཛོདཿ དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་ཿ ལེགས་སྤེལ་ཉེས་ལྡོག་ཚེ་བསོད་དཔལ་འབྱོར་བསྐྱེདཿ སྙན་དང་གྲགས་པ་ཕྱོགས་བཅུར་ཡོངས་ཁྱབ་ཅིངཿ མངའ་ཐང་ཆོས་སྲིད་འཁོར་འབངས་དར་རྒྱས་མཛོདཿ ཕ་རོལ་ཕམ་ཞིང་རང་ཕྱོགས་རྒྱལ་བ་དངཿ བགེགས་དང་རྩོད་པ་ཀུན་ལས་དཔལ་ཐོབ་ཅིངཿ ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྒྲེངསཿ འཁོར་དང་ལོངས་སྤྱོད་དཀོར་ཆ་མེལ་ཚེ་གྱིསཿ འགྲན་སེམས་ཕྲག་དོག་ཅན་ཀུན་དཔའ་བཀང་ལཿ སྲིད་པའི་སེམས་ལྡན་དོ་བདོ་ཕོད་བཙུགས་པའིཿ དགྲ་ལ་གྲི་འཐབ་ཆོ་འཕྲུལ་མྱུར་དུ་སྟོནཿ དྲག་པོའི་ཆད་པས་བདུན་བརྒྱུད་དུས་མཐར་སྟུངསཿ གནོད་བྱེད་བགེགས་དཔུང་ལོག་པར་འདྲེན་པ་ཡིཿ རྒྱལ་བསེན་འབྱུང་པོ་ཐལ་བའི་རྡུལ་དུ་རློགཿ རྣལ་འབྱོར་འདོད་པའི་དོན་དང་གཉེར་པའི་ལསཿ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དངཿ ཕྱཱ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལཿ ཅེས་བརྗོད་ཅིང་ཕུད་མཆོད་དོཿ དགྲ་ལྷའི་རྒྱལ་པོ་གནོད་བཞིན་ཙིའུ་དམར་འདིཿ དེང་སང་དུས་འདིའི་འཛམ་གླིང་སྲོག་གི་བདགཿ རང་དང་སྨོན་ལམ་འབྲེལ་བའི་སྲུང་མ་སྟེཿ རང་གི་བརྒྱུད་འཛིན་དོན་དུ་བཀོད་པ་དགེཿ དེ་ལྟར་བཙན་རྒོད་ཆེན་པོའི་བསང་མཆོད་ཕྲིན་ལས་གློག་ཞགས་འདི་ཡངཿ བུ་སློབ་རིག་པ་འཛིན་པ་དཔལ་གྱི་སེང་གེས་བསྐུལ་བ་ལྟརཿ ཁྲག་འཐུང་ལས་ཀྱི་དཔའ་བོས་ཤར་མར་སྤེལ་བས་དགྲ་གདོན་ཐལ་བར་བརླག་པའི་ནུས་ལྡན་དུ་གྱུར་ཅིག་གུཿ  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 08:46, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 22, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]