DKYD-KABUM-05-CA-032: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། «།དབྱིངས་ཆེན་བདེ་སྟེར་ཌཱཀྐི་མ་ལ་འདུདཿ གསང་བའི་མན་ངག་གཅིག་བརྒྱུད༔ འཆི་མེད་པདྨ་ཌཱཀྐི་དྲག་མོ་ལྟར་སྒྲུབ་པ་ནིཿ »ཧྲཱིཿ མ་བཅོས་རང་གྲོལ་བདེ་ཆེན་ལྷག་པའི་ལྷར༔ མ་འགག་རང་གསལ་ངང་ནས་སྐྱབས་སུ་མཆིཿ མ་རིག་འཁྲུལ་པའི་དབང་གྱུར་འགྲོ་བ་ཀུནཿ མ་དག་གནས་ལས་དགྲོལ་བར་སེམས་བསྐྱེད་དོཿ ཧཱུྃཿ རང་རིག་མ་བཅོས་ཆུ་ལས་ཉ་འཕར་ལྟརཿ སྐད་ཅིག་རང་ཉིད་བདུད་འདུལ་ཁྲོ་མོའི་སྐུཿ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་མཿ གཡས་དཀར་གཡོན་དམར་བཞད་དང་ཁྲོ་བའི་ཉམས༔ དབུས་ཁྲོ་གཏུམ་ཆེན་བརྗིད་དང་ཆགས་པའི་ཉམསཿ དང་པོ་ཕྱག་གཉིས་གྲི་ཐོད་ཡབ་མགུལ་འཁྱུདཿ འོག་མ་གཡས་གཉིས་རལ་གྲི་མེ་དཔུང་དང་༔ གཡོན་གཉིས་འཁོར་ལོ་མེ་ཡི་ཁྱུང་ཆེན་བསྣམསཿ ཞབས་གཉིས་གཡས་བརྐྱང་པད་ཉི་བདུད་བཞི་བརྫིསཿ གཡོན་བསྐུམ་དཔའ་བོ་ཡབ་ཀྱི་རྐེད་ནས་འཁྲིལཿ བདེ་བར་སྦྱོར་མཛད་བདུད་འདུལ་དྲག་མོ་རྩལཿ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པཿ གཏུམ་དྲག་ཆགས་པའི་ཉམས་ལྡན་སྤྱན་གསུམ་བསྒྲདཿ གཡས་པས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ཕྱརཿ གཡོན་པས་ལྕགས་སྡིག་མགོ་དགུས་རྒྱལ་བསེན་འདུལ༔ ཞབས་གཉིས་ཁྲོ་བོའི་འདོར་སྟབས་རྒྱལ་བསེན་དང་༔ ནད་རིམས་གྲིབ་དང་དམ་སྲི་འབྱུང་པོ་གནོནཿ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུས་སྤྲསཿ ཡབ་ཡུམ་ཐུགས་ཀར་གསེར་རྡོར་རྩེ་ལྔ་ཡིས༔ ལྟེ་བར་དྲག་སྔགས་མེ་དཔུང་ཚ་ཚྭ་འཕྲོསཿ དེ་དབུས་ཉི་ཟླའི་གའུ་ཁ་སྦྱོར་ནང་ཿ དྭངས་མའི་ཐུགས་སྲོག་ཡི་གེ་ཧྲཱིཿཡིས་མཚནཿ ཡུམ་གྱིས་ཆགས་པའི་གླུ་དང་བརྡས་བསྐུལ་ཞིང་ཿ དཔའ་བོ་བདེ་ཆེན་ཆགས་པ་རབ་རྒྱས་ཤིང་ཿ འདོད་པས་རྡོ་རྗེ་བྷ་གར་རབ་བསྣུན་པསཿ ཡུམ་ཉིད་ཆགས་པའི་བདེ་བས་ལུས་མྱོས་ཤིང་ཿ ཐུགས་ཀའི་སྔགས་ཕྲེང་འཁོར་བའི་རྐྱེན་བྱས་ནསཿ ཡབ་ཡུམ་སྐུ་ལས་འོད་ཟེར་མེ་འབར་བསཿ གནོད་བྱེད་རྒྱལ་བསེན་ནད་རིམས་གྲིབ་ཀྱི་བདགཿ བདག་འཛིན་དགའ་སྡུག་རེ་དོགས་གཙང་གཙོ་སོགསཿ གཉིས་སུ་འཛིན་པའི་རྣམ་རྟོག་ཀུན་སྲེག་ཅིང་ཿ སླར་ཡང་ཡབ་ཡུམ་མཉམ་སྦྱོར་བདེ་བའི་ངངཿ «གསང་བའི་སྙིང་པོ་དྲག་སྔགས་འདི་བཟླའོཿ »ཨོཾ་པདྨ་ཙཎྜ་ཌཱཀྐི་ནི་བཛྲ་ཡཀྴ་པྲ་སོདཿ ར་ཙ་རཱ་ཛ་སོདཿ རུ་དྲེ་སོདཿ བྷ་ཌཾ་ཀཾ་སོདཿ ལུ་བ་ནན་དཱ་མོ་སོདཿ སརྦ་བྷུ་ཏཾ་ཀཾ་སྭཱ་ཧཱཿ «ཅེས་དྲག་སྔགས་འབྲུ་སོ་གཉིསཿ སྨྲ་བཅད་བརྒྱ་སྟོང་བཟླ་པར་བྱཿ མཁའ་འགྲོའི་སྙིང་གི་ཟུངས་ཁྲག་འདིཿ ཡོན་ཏན་བསྐལ་བར་བརྗོད་མི་ལངསཿ མཐར་ནི་སྦྱོར་བའི་མཆོད་པ་དང་ཿ བདེ་བའི་བསྡུ་ཆོག་བྱ་བའོཿ ང་སྤྲུལ་མཐུ་སྟོབས་དཔའ་བོ་ཡིསཿ གསང་ཡུམ་ཌཱཀྐིའི་ཉམས་ལེན་གནདཿ ཡབ་ཡུམ་སྲོག་སྲུང་མཚོན་ཆ་སྟེཿ གཞན་ལ་རླུང་ཕྱོགས་ཙམ་སྤེལ་ནཿ ཡབ་ཡུམ་སྲོག་གི་གཤེད་མར་གྱུརཿ དམ་ཉམས་ལ་སོགས་གྲིབ་རིགས་དང་ཿ ནད་དུག་གདོན་དང་འཛིན་པ་ཀུནཿ མ་བཟློག་ཡབ་ཡུམ་པདྨས་བསླུས། གཟའ་རྒོད་དྲང་སྲོང་རཱ་ཧུ་ལསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ རྒྱ་རྒྱ་རྒྱཿ  
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=05
|volumeLetter=CA
|textnuminvol=032
|pdflink=File:DKYD-KABUM-05-CA-032.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། «།དབྱིངས་ཆེན་བདེ་སྟེར་ཌཱཀྐི་མ་ལ་འདུདཿ གསང་བའི་མན་ངག་གཅིག་བརྒྱུད༔ འཆི་མེད་པདྨ་ཌཱཀྐི་དྲག་མོ་ལྟར་སྒྲུབ་པ་ནིཿ »ཧྲཱིཿ མ་བཅོས་རང་གྲོལ་བདེ་ཆེན་ལྷག་པའི་ལྷར༔ མ་འགག་རང་གསལ་ངང་ནས་སྐྱབས་སུ་མཆིཿ མ་རིག་འཁྲུལ་པའི་དབང་གྱུར་འགྲོ་བ་ཀུནཿ མ་དག་གནས་ལས་དགྲོལ་བར་སེམས་བསྐྱེད་དོཿ ཧཱུྃཿ རང་རིག་མ་བཅོས་ཆུ་ལས་ཉ་འཕར་ལྟརཿ སྐད་ཅིག་རང་ཉིད་བདུད་འདུལ་ཁྲོ་མོའི་སྐུཿ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་མཿ གཡས་དཀར་གཡོན་དམར་བཞད་དང་ཁྲོ་བའི་ཉམས༔ དབུས་ཁྲོ་གཏུམ་ཆེན་བརྗིད་དང་ཆགས་པའི་ཉམསཿ དང་པོ་ཕྱག་གཉིས་གྲི་ཐོད་ཡབ་མགུལ་འཁྱུདཿ འོག་མ་གཡས་གཉིས་རལ་གྲི་མེ་དཔུང་དང་༔ གཡོན་གཉིས་འཁོར་ལོ་མེ་ཡི་ཁྱུང་ཆེན་བསྣམསཿ ཞབས་གཉིས་གཡས་བརྐྱང་པད་ཉི་བདུད་བཞི་བརྫིསཿ གཡོན་བསྐུམ་དཔའ་བོ་ཡབ་ཀྱི་རྐེད་ནས་འཁྲིལཿ བདེ་བར་སྦྱོར་མཛད་བདུད་འདུལ་དྲག་མོ་རྩལཿ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པཿ གཏུམ་དྲག་ཆགས་པའི་ཉམས་ལྡན་སྤྱན་གསུམ་བསྒྲདཿ གཡས་པས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ཕྱརཿ གཡོན་པས་ལྕགས་སྡིག་མགོ་དགུས་རྒྱལ་བསེན་འདུལ༔ ཞབས་གཉིས་ཁྲོ་བོའི་འདོར་སྟབས་རྒྱལ་བསེན་དང་༔ ནད་རིམས་གྲིབ་དང་དམ་སྲི་འབྱུང་པོ་གནོནཿ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུས་སྤྲསཿ ཡབ་ཡུམ་ཐུགས་ཀར་གསེར་རྡོར་རྩེ་ལྔ་ཡིས༔ ལྟེ་བར་དྲག་སྔགས་མེ་དཔུང་ཚ་ཚྭ་འཕྲོསཿ དེ་དབུས་ཉི་ཟླའི་གའུ་ཁ་སྦྱོར་ནང་ཿ དྭངས་མའི་ཐུགས་སྲོག་ཡི་གེ་ཧྲཱིཿཡིས་མཚནཿ ཡུམ་གྱིས་ཆགས་པའི་གླུ་དང་བརྡས་བསྐུལ་ཞིང་ཿ དཔའ་བོ་བདེ་ཆེན་ཆགས་པ་རབ་རྒྱས་ཤིང་ཿ འདོད་པས་རྡོ་རྗེ་བྷ་གར་རབ་བསྣུན་པསཿ ཡུམ་ཉིད་ཆགས་པའི་བདེ་བས་ལུས་མྱོས་ཤིང་ཿ ཐུགས་ཀའི་སྔགས་ཕྲེང་འཁོར་བའི་རྐྱེན་བྱས་ནསཿ ཡབ་ཡུམ་སྐུ་ལས་འོད་ཟེར་མེ་འབར་བསཿ གནོད་བྱེད་རྒྱལ་བསེན་ནད་རིམས་གྲིབ་ཀྱི་བདགཿ བདག་འཛིན་དགའ་སྡུག་རེ་དོགས་གཙང་གཙོ་སོགསཿ གཉིས་སུ་འཛིན་པའི་རྣམ་རྟོག་ཀུན་སྲེག་ཅིང་ཿ སླར་ཡང་ཡབ་ཡུམ་མཉམ་སྦྱོར་བདེ་བའི་ངངཿ «གསང་བའི་སྙིང་པོ་དྲག་སྔགས་འདི་བཟླའོཿ »ཨོཾ་པདྨ་ཙཎྜ་ཌཱཀྐི་ནི་བཛྲ་ཡཀྴ་པྲ་སོདཿ ར་ཙ་རཱ་ཛ་སོདཿ རུ་དྲེ་སོདཿ བྷ་ཌཾ་ཀཾ་སོདཿ ལུ་བ་ནན་དཱ་མོ་སོདཿ སརྦ་བྷུ་ཏཾ་ཀཾ་སྭཱ་ཧཱཿ «ཅེས་དྲག་སྔགས་འབྲུ་སོ་གཉིསཿ སྨྲ་བཅད་བརྒྱ་སྟོང་བཟླ་པར་བྱཿ མཁའ་འགྲོའི་སྙིང་གི་ཟུངས་ཁྲག་འདིཿ ཡོན་ཏན་བསྐལ་བར་བརྗོད་མི་ལངསཿ མཐར་ནི་སྦྱོར་བའི་མཆོད་པ་དང་ཿ བདེ་བའི་བསྡུ་ཆོག་བྱ་བའོཿ ང་སྤྲུལ་མཐུ་སྟོབས་དཔའ་བོ་ཡིསཿ གསང་ཡུམ་ཌཱཀྐིའི་ཉམས་ལེན་གནདཿ ཡབ་ཡུམ་སྲོག་སྲུང་མཚོན་ཆ་སྟེཿ གཞན་ལ་རླུང་ཕྱོགས་ཙམ་སྤེལ་ནཿ ཡབ་ཡུམ་སྲོག་གི་གཤེད་མར་གྱུརཿ དམ་ཉམས་ལ་སོགས་གྲིབ་རིགས་དང་ཿ ནད་དུག་གདོན་དང་འཛིན་པ་ཀུནཿ མ་བཟློག་ཡབ་ཡུམ་པདྨས་བསླུས། གཟའ་རྒོད་དྲང་སྲོང་རཱ་ཧུ་ལསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ རྒྱ་རྒྱ་རྒྱཿ  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 08:43, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 5, Text 32, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]