DKYD-KABUM-05-CA-028: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། «།བདེ་ཆེན་ཌཱཀྐིའི་སྐུ་ལ་འདུདཿ རྒྱུན་ཁྱེར་ཆོས་ཉིད་ཡམ་ཁྱེར་ནིཿ སྔ་བར་ལངས་ལ་རླུང་རོ་བས་ལཿ» ན་མོ། སྐུ་གསུམ་ཀུན་འདུས་ཆོས་ཀྱི་སྐུཿ བླ་མ་ཡི་དམ་མཁའ་འགྲོ་ལཿ གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ བདག་རྒྱུད་སྨིན་པར་མཛད་དུ་གསོལཿ ཧེ་རུ་ཀ་དང་བདེ་སྟེར་མརཿ བྱང་ཆུབ་བར་དུ་སྐྱབས་སུ་མཆིཿ བདེ་བ་ཆེན་པོར་སེམས་བསྐྱེད་དོཿ ཆོས་རྣམས་སྟོང་པའི་ངང་ཉིད་ལསཿ བདེ་ཆེན་འབར་བའི་ཕོ་བྲང་དབུསཿ པདྨ་ཉི་ཟླའི་གདན་གྱི་སྟེང་ཿ རང་རིག་མ་བཅོས་སྐད་ཅིག་གིཿ ཧྲཱིཿལས་འཆི་མེད་བདེ་སྟེར་མཿ དམར་གསལ་པདྨ་རཱ་གའི་མདོགཿ མདའ་དར་ཚེ་ཡི་བུམ་པ་འཛིནཿ དཔའ་མོའི་སྐྱིལ་ཀྲུང་ཡབ་དང་སྦྱོར་ཿ རིན་ཆེན་རུས་པའི་རྒྱན་གྱིས་བརྒྱནཿ ཐོར་ཅོག་དར་དཔྱངས་མཁའ་འགྲོའི་ཆསཿ ཐབས་མཆོག་དཔའ་བོ་བཛྲ་ནིཿ ཧེ་རུ་ཀ་པ་དཀར་གསལ་མདངསཿ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབསཿ ཞི་མ་ཁྲོ་ཡི་ཉམས་ལྡན་ཞིང་ཿ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུདཿ ཆགས་པས་སྦྱོར་ཞིང་བདེ་བ་སྟེརཿ སྣང་ལ་རང་བཞིན་མེད་པར་གསལཿ སྙིང་ཁར་པདྨ་འདབ་བརྒྱད་སྟེང་ཿ ཧྲཱིཿཡིག་ཐ་མར་སྔགས་ཀྱིས་བསྐོར། འོད་ཀྱི་རྒྱལ་མཆོད་འགྲོ་སྒྲིབ་སྦྱངསཿ བྱིན་ནུས་དྭངས་བཅུད་འོད་རྣམ་པཿ ཡབ་ཀྱི་ཞལ་ཞུགས་སྐུའི་དབྱིབས་བརྒྱུདཿ སྦྱོར་མཚམས་ནས་ཞུགས་ཐུགས་སྲོག་ལཿ ཐིམ་པས་བདེ་ཆེན་རབ་རྒྱས་ཤིང་ཿ ཟག་མེད་དངོས་གྲུབ་ཐོབ་པར་དམིགསཿ ཨོཾ་པདྨ་ཌཱཀྐི་ནི་བཛྲ་དྷ་ར་མ་ཧཱ་རཱ་ག་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཧོཿ «བསྙེན་པ་ཆུ་བོའི་རྒྱུན་བཞིན་བཟླཿ བར་རླུང་བུམ་པ་ཅན་དང་སྦྲགཿ ཐུན་མཐར་སྟོང་ཚིག་མཆོད་ཅིང་བསྟོདཿ ཤིན་ཏུ་སྤྲོས་མེད་གང་ཟག་གིཿ རྒྱུན་གྱི་ཉམས་ལེན་གསལ་གདབ་ཕྱིརཿ པདྨས་གསུང་བཞིན་འཁྲུལ་མེད་དུཿ མནྡྷ་ར་བས་བཀོད་པའོ། །ལས་ཅན་བུ་དང་འཕྲད་པར་ཤོག ས་མ་ཡཱ་རྒྱ་རྒྱ་རྒྱ། བདག་འདྲ་འཇའ་ལུས་རྡོ་རྗེས་ཕབ་པའོ།  
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=05
|volumeLetter=CA
|textnuminvol=028
|pdflink=File:DKYD-KABUM-05-CA-028.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། «།བདེ་ཆེན་ཌཱཀྐིའི་སྐུ་ལ་འདུདཿ རྒྱུན་ཁྱེར་ཆོས་ཉིད་ཡམ་ཁྱེར་ནིཿ སྔ་བར་ལངས་ལ་རླུང་རོ་བས་ལཿ» ན་མོ། སྐུ་གསུམ་ཀུན་འདུས་ཆོས་ཀྱི་སྐུཿ བླ་མ་ཡི་དམ་མཁའ་འགྲོ་ལཿ གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ བདག་རྒྱུད་སྨིན་པར་མཛད་དུ་གསོལཿ ཧེ་རུ་ཀ་དང་བདེ་སྟེར་མརཿ བྱང་ཆུབ་བར་དུ་སྐྱབས་སུ་མཆིཿ བདེ་བ་ཆེན་པོར་སེམས་བསྐྱེད་དོཿ ཆོས་རྣམས་སྟོང་པའི་ངང་ཉིད་ལསཿ བདེ་ཆེན་འབར་བའི་ཕོ་བྲང་དབུསཿ པདྨ་ཉི་ཟླའི་གདན་གྱི་སྟེང་ཿ རང་རིག་མ་བཅོས་སྐད་ཅིག་གིཿ ཧྲཱིཿལས་འཆི་མེད་བདེ་སྟེར་མཿ དམར་གསལ་པདྨ་རཱ་གའི་མདོགཿ མདའ་དར་ཚེ་ཡི་བུམ་པ་འཛིནཿ དཔའ་མོའི་སྐྱིལ་ཀྲུང་ཡབ་དང་སྦྱོར་ཿ རིན་ཆེན་རུས་པའི་རྒྱན་གྱིས་བརྒྱནཿ ཐོར་ཅོག་དར་དཔྱངས་མཁའ་འགྲོའི་ཆསཿ ཐབས་མཆོག་དཔའ་བོ་བཛྲ་ནིཿ ཧེ་རུ་ཀ་པ་དཀར་གསལ་མདངསཿ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབསཿ ཞི་མ་ཁྲོ་ཡི་ཉམས་ལྡན་ཞིང་ཿ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུདཿ ཆགས་པས་སྦྱོར་ཞིང་བདེ་བ་སྟེརཿ སྣང་ལ་རང་བཞིན་མེད་པར་གསལཿ སྙིང་ཁར་པདྨ་འདབ་བརྒྱད་སྟེང་ཿ ཧྲཱིཿཡིག་ཐ་མར་སྔགས་ཀྱིས་བསྐོར། འོད་ཀྱི་རྒྱལ་མཆོད་འགྲོ་སྒྲིབ་སྦྱངསཿ བྱིན་ནུས་དྭངས་བཅུད་འོད་རྣམ་པཿ ཡབ་ཀྱི་ཞལ་ཞུགས་སྐུའི་དབྱིབས་བརྒྱུདཿ སྦྱོར་མཚམས་ནས་ཞུགས་ཐུགས་སྲོག་ལཿ ཐིམ་པས་བདེ་ཆེན་རབ་རྒྱས་ཤིང་ཿ ཟག་མེད་དངོས་གྲུབ་ཐོབ་པར་དམིགསཿ ཨོཾ་པདྨ་ཌཱཀྐི་ནི་བཛྲ་དྷ་ར་མ་ཧཱ་རཱ་ག་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཧོཿ «བསྙེན་པ་ཆུ་བོའི་རྒྱུན་བཞིན་བཟླཿ བར་རླུང་བུམ་པ་ཅན་དང་སྦྲགཿ ཐུན་མཐར་སྟོང་ཚིག་མཆོད་ཅིང་བསྟོདཿ ཤིན་ཏུ་སྤྲོས་མེད་གང་ཟག་གིཿ རྒྱུན་གྱི་ཉམས་ལེན་གསལ་གདབ་ཕྱིརཿ པདྨས་གསུང་བཞིན་འཁྲུལ་མེད་དུཿ མནྡྷ་ར་བས་བཀོད་པའོ། །ལས་ཅན་བུ་དང་འཕྲད་པར་ཤོག ས་མ་ཡཱ་རྒྱ་རྒྱ་རྒྱ། བདག་འདྲ་འཇའ་ལུས་རྡོ་རྗེས་ཕབ་པའོ།  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 5, Text 28, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]