DKYD-KABUM-03-GA-034: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཨྱཱྃཿ ཚེ་སྒྲུབ་བསྡུས་པ༔ ཨ་ཡུར་པུཎྱེ་མནྟྲ་གུ་ཧྱཿ རང་ཉིད་གསང་བ་ཡེ་ཤེས་ཀྱིཿ ཐུགས་ཀར་འོད་ཀྱི་ཐིག་ལེའི་དབུསཿ ཚེ་དབང་རིག་འཛིན་པདྨ་འབྱུངཿ དཀར་དམར་མདངས་ལྡན་ཞི་མ་ཁྲོཿ ཤིན་ཏུ་ཆགས་པའི་ཉམས་དང་ལྡནཿ དེ་ཡི་པང་དུ་བདེ་ཆེན་ཡུམཿ འཆི་མེད་ཚེ་ཡི་ལྷ་མོ་ནིཿ མནྡཱ་ར་ཝ་འཆི་མེད་འགྲུབཿ དམར་སྐྱ་ལོངས་སྤྱོད་རྫོགས་སྐུའི་ཆསཿ གཡས་པས་མདའ་དར་གཡོན་ཚེ་བུམཿ ཕྱག་གཉིས་ཡབ་ཀྱི་མགུལ་ནས་འཁྱུདཿ ཞབས་གཉིས་འཁྲིལ་ཞིང་ཐབས་ཤེས་སྦྱོརཿ ཁམས་གསུམ་ཀུན་གྱི་ཚེ་བཅུད་བསྡུསཿ ཡབ་ལ་ཚེ་དང་བདེ་བཅུད་སྤེལཿ ཡབ་ཀྱི་ཐུགས་ཀར་ཐབས་ཤེས་ཀྱིཿ གྭའུའི་དབུས་སུ་ཚེའི་སྙིང་པོཿ གཡོན་དུ་དྲག་ཏུ་འཁོར་བ་ཡིསཿ སྲིད་ཞིའི་ཚེ་ཡི་བཅུད་བསྡུས་ནསཿ རང་ཉིད་བཀྲག་མདངས་གཟི་བརྗིད་རྒྱསཿ འཁོར་འདས་བླ་ཡིད་འཕྲོག་པར་བསམཿ ཧྲཱིཿཨ་མ་ར་ཎ་ཚེ་བྷྲཱུྃ་ནྲྀ་ཛཿ« དམིགས་གནད་ལྡན་པས་འདི་ཉིད་ནིཿ འབུམ་ཕྲག་དག་ཏུ་བཟླས་བྱེད་ནཿ ཚེ་ཡི་རིག་འཛིན་མཆོག་འགྲུབ་ཅིངཿ ཟད་པ་གསོ་ཞིང་ཆད་པ་འཐུདཿ ཞག་གཅིག་ཚེ་ཡང་ལོ་བརྒྱར་འཚོཿ ཆོས་ཉིད་ཉམས་སྣང་གོང་འཕེལ་ཞིངཿ འཁོར་འདས་ཆོས་རྣམས་ཟད་པ་རུཿ འཆོལ་ཞིང་འོད་སྐུར་འགྲུབ་པར་ངེསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུད་དུ་སྦས་པའི་གསང་ཆོས་མན་ངག་གོཿ  
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=03
|volumeLetter=GA
|textnuminvol=034
|pdflink=File:DKYD-KABUM-03-GA-034.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཨྱཱྃཿ ཚེ་སྒྲུབ་བསྡུས་པ༔ ཨ་ཡུར་པུཎྱེ་མནྟྲ་གུ་ཧྱཿ རང་ཉིད་གསང་བ་ཡེ་ཤེས་ཀྱིཿ ཐུགས་ཀར་འོད་ཀྱི་ཐིག་ལེའི་དབུསཿ ཚེ་དབང་རིག་འཛིན་པདྨ་འབྱུངཿ དཀར་དམར་མདངས་ལྡན་ཞི་མ་ཁྲོཿ ཤིན་ཏུ་ཆགས་པའི་ཉམས་དང་ལྡནཿ དེ་ཡི་པང་དུ་བདེ་ཆེན་ཡུམཿ འཆི་མེད་ཚེ་ཡི་ལྷ་མོ་ནིཿ མནྡཱ་ར་ཝ་འཆི་མེད་འགྲུབཿ དམར་སྐྱ་ལོངས་སྤྱོད་རྫོགས་སྐུའི་ཆསཿ གཡས་པས་མདའ་དར་གཡོན་ཚེ་བུམཿ ཕྱག་གཉིས་ཡབ་ཀྱི་མགུལ་ནས་འཁྱུདཿ ཞབས་གཉིས་འཁྲིལ་ཞིང་ཐབས་ཤེས་སྦྱོརཿ ཁམས་གསུམ་ཀུན་གྱི་ཚེ་བཅུད་བསྡུསཿ ཡབ་ལ་ཚེ་དང་བདེ་བཅུད་སྤེལཿ ཡབ་ཀྱི་ཐུགས་ཀར་ཐབས་ཤེས་ཀྱིཿ གྭའུའི་དབུས་སུ་ཚེའི་སྙིང་པོཿ གཡོན་དུ་དྲག་ཏུ་འཁོར་བ་ཡིསཿ སྲིད་ཞིའི་ཚེ་ཡི་བཅུད་བསྡུས་ནསཿ རང་ཉིད་བཀྲག་མདངས་གཟི་བརྗིད་རྒྱསཿ འཁོར་འདས་བླ་ཡིད་འཕྲོག་པར་བསམཿ ཧྲཱིཿཨ་མ་ར་ཎ་ཚེ་བྷྲཱུྃ་ནྲྀ་ཛཿ« དམིགས་གནད་ལྡན་པས་འདི་ཉིད་ནིཿ འབུམ་ཕྲག་དག་ཏུ་བཟླས་བྱེད་ནཿ ཚེ་ཡི་རིག་འཛིན་མཆོག་འགྲུབ་ཅིངཿ ཟད་པ་གསོ་ཞིང་ཆད་པ་འཐུདཿ ཞག་གཅིག་ཚེ་ཡང་ལོ་བརྒྱར་འཚོཿ ཆོས་ཉིད་ཉམས་སྣང་གོང་འཕེལ་ཞིངཿ འཁོར་འདས་ཆོས་རྣམས་ཟད་པ་རུཿ འཆོལ་ཞིང་འོད་སྐུར་འགྲུབ་པར་ངེསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུད་དུ་སྦས་པའི་གསང་ཆོས་མན་ངག་གོཿ  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:46, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 3, Text 34, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]