JKW-KABUM-23-'A-008: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(11 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |sectionheading=Yes|classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་ཟབ་རྒྱས་ཆོས་ཚུལ་རབ་འབྱམས་ཀྱི་གླེང་བ་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་པ་གཏེར་མཛོད་ཐོག་མའི་དཀར་ཆག། | |||
|fulltitle=nang rgyud sde gsum gtso bor gyur pa'i zab rgyas chos tshul rab 'byams kyi gleng ba dngos grub sgo brgya 'byed pa'i lde'u mig ces pa gter mdzod thog ma'i dkar chag | |||
|citation=[['jam dbyangs mkhyen brtse'i dbang po]]. ''nang rgyud sde gsum gtso bor gyur pa'i zab rgyas chos tshul rab 'byams kyi gleng ba dngos grub sgo brgya 'byed pa'i lde'u mig ces pa gter mdzod thog ma'i dkar chag''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 23: 371-479. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|editor= | |||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
| | |editortib= | ||
| | |tibgenre=Catalogue of Contents - dkar chag | ||
|terma=No | |||
|sabcadcategory=Ten | |||
|language=Tibetan | |language=Tibetan | ||
| | |volumenumber=023 | ||
| | |volnumtib=༢༣ | ||
| | |volyigtib=འ་ | ||
| | |totalvolumes=25 | ||
|textnuminvol=008 | |textnuminvol=008 | ||
|pdflink=File:JKW-KABUM-23- | |pagenumbers=371-479 | ||
|totalpages=109 | |||
|beginfolioline=1a | |||
|endfolioline=55a6 | |||
|totalfolios=55 | |||
|multivolumework=No | |||
|rectonotes=sde tshan 8 | |||
|versonotes=mkhyen brtse'i bka' 'bum | |||
|pdflink=File:JKW-KABUM-23-A-008.pdf | |||
}} | }} | ||
{{Header}} | {{Header}} | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་ཟབ་རྒྱས་ཆོས་ཚུལ་རབ་འབྱམས་ཀྱི་གླེང་བ་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།། | ||
༄༅། །ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་ཟབ་རྒྱས་ཆོས་ཚུལ་རབ་འབྱམས་ཀྱི་གླེང་བ་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།། །།འདི་རིན་ཆེན་གཏེར་མཛོད་ཐོག་མའི་འཆར་འགོད། མཆན། | །།འདི་རིན་ཆེན་གཏེར་མཛོད་ཐོག་མའི་འཆར་འགོད། མཆན། | ||
ཨོཾ་སྭསྟི་བི་ཛ་ཡནྟུ། །བྱིན་རླབས་སྤྲིན་ལས་དངོས་གྲུབ་བདུད་རྩིའི་ཆར། །ཕབས་པས་གྲུབ་གཉིས་སྙེ་མ་མཆོག་སྦྱིན་པའི། །རྩ་གསུམ་འདུས་ཞལ་བླ་མ་མཚོ་སྐྱེས་རྗེས། །ཕན་བདེའི་དཔལ་ཀུན་རྟག་ཏུ་འཇོ་བར་མཛོད། །གང་གི་ཚེ་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཁྱབ་བདག་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་སྐུ་གསུང་ཐུགས་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་དམ་པར་བཞུགས་ཏེ། ས་བཅུ་རྒྱུན་མཐའ་ལ་ཉེ་བར་སོན་པའི་འཕགས་པ་མཆོག་རྣམས་བཟུང་། གནས་རིགས་དྲུག་གི་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀྱི་བར་མཐའ་ཡས་པའི་གདུལ་བྱའི་དོན་འབད་རྩོལ་མི་མངའ་བར་ངང་གིས་རྫོགས་པར་མཛད་པ་ལས། རེ་ཞིག་གསུང་རྡོ་རྗེ་ནཱ་དའི་དབྱངས་ཀྱི་སྒྲ་སྙན་དང་མཐུན་པར་ཐེག་པ་སྣ་ཚོགས་པའི་ཆོས་ཕུང་འདོད་དགུར་འཇོ་བའི་ཚད་ནི་སེམས་བྱུང་དང་བཅས་པའི་བློ་ཅན་སུ་ཞིག་གིས་བཟུང་བར་ནུས། དེ་ལྟ་མོད་ཀྱི་བསྡུ་བ་ལ་རྣམ་པར་དགའ་བ་རྣམས་ཀྱི་ངོར། སྤྱིར་མདོ་དགོངས་པ་འདུས་པའི་རྒྱུད་ལས། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་རྣམ་པ་གསུམ་དང་། །དེ་ལས་ནང་གསེས་ཀྱི་དབྱེ་བས་ཐེག་པ་རིམ་པ་དགུར་བཞག་པ་ལས། འདིར་གཙོ་བོར་གསང་སྔགས་སྔ་འགྱུར་བའི་གྲུབ་པའི་སྐྱེས་བུ་རྣམས་ལས་རིམ་པར་འོངས་པའི་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་རྡོ་རྗེའི་གནས་ཟབ་ཅིང་རྒྱ་ཆེ་བའི་སྙིང་པོ་ལས་ཀྱང་སྙིང་པོར་དྲིལ་བའི་གཞུང་དང་མན་ངག་རབ་འབྱམས་ཞིག་བཞུགས་པའི་ནང་ཚན། རང་གཞན་ལ་ཉེ་བར་མཁོ་བ་དང་། རྒྱུན་དཀོན་པ་འགའ་ཞིག་མི་ནུབ་པའི་ཆེད་སོགས་སྒོ་དུ་མ་ནས་ལྷག་པའི་བསམ་པ་ཁོ་ན་ཡིད་ལ་བྱས་ཏེ་བཀའི་བསྡུ་བ་ལ་ཉེ་བར་ཞུགས་པའང་སངས་རྒྱས་ཀྱི་བྱིན་རླབས་འབའ་ཞིག་ཏུ་རིག་པར་བྱ་སྟེ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། །རྒྱལ་བའི་ཉན་ཐོས་པ་དག་གང་ཞིག་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡིས་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་བསྐྱེད་རྫོགས་སྡེ་གསུམ་དུ་གསུངས་པ་ལས། དང་པོ་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་ལ་གཉིས། རྒྱ་ཆེ་བ་རྩ་བར་གྱུར་པ་རྒྱུད་སྡེ་དང་། ཟབ་པ་ལག་ལེན་དུ་འདྲིལ་བ་སྒྲུབ་སྡེའོ། །དང་པོ་ལའང་། སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྩ་བར་གྱུར་པ་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་མ་ཚང་བ་ཁ་སྐོང་བའི་རྒྱུད་སྡེ་གཉིས། དེ་ཐམས་ཅད་ཀྱི་ཁྱབ་བྱེད་གཞིའམ་རྩ་བ་ལྟ་བུར་གྱུར་པ་སྤྱི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བའི་སྙིང་པོ་སྟེ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་སོ་སོའི་དབང་། རྒྱུད་ཀྱི་བཤད་པ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར་རིགས་བསྡུས་པའི་དབང་། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེའི་ནང་གསེས་གླང་པོ་ཆེ་རབ་ཏུ་འབོགས་པའི་དུམ་བུ་དྲི་མ་མེད་པ་བཤགས་པའི་རྒྱལ་པོའི་རྒྱུད་ཀྱི་རྗེས་སུ་འབྲང་བ་ཞི་ཁྲོ་ཁྲོམ་དཀྲུགས་དང་། ཆ་མཐུན་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་སོགས་ལ་བརྟེན་པའི་ཞི་ཁྲོ་རིགས་བསྡུས་ཀྱི་དབང་། དེ་རྣམས་ཀྱི་རྒྱབ་བརྟེན་རྒྱུད་སྡེ་རབ་འབྱམས་རྒྱུད་འབུམ་དུ་པོད་གསུམ་ཙམ་བཞུགས་ཀྱི་ལུགས་སོགས་རྒྱ་ཆེར་བཞུགས་པ་ལས། འདིར་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ནའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ་རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་ཞི་བ་རྡོ་རྗེ་དབྱིངས་གསང་ཆེན་རིགས་གཅིག་པ་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་དབང་། རྩ་བའི་ཁྲིད། གཏེར་གཞུང་ཆ་ཚང་། བསྙེན་སྒྲུབ་འཕྲིན་ལས་ཀྱི་ཆོ་ག་ལྷན་ཐབས་དང་བཅས་པ། རྩ་ཁྲིད། བསྙེན་ཡིག །གྲོལ་ལམ་གསུམ་གྱི་མན་ངག་གི་གསལ་z གཡུང་དྲུང་རྟགས་ཅན་འདི་རྣམས་ལེགས་བཤད་ཀྱི་སྒོ་གསར་དུ་སྣང་བའོ། །བྱེད་རྣམས་ཏེ། འདི་ཉིད་ཀྱི་སྤྱིར་སྒྲུབ་སྡེ་གཏེར་མའི་ཕྱོགས་སུ་གཏོགས་ཀྱང་། བསྐྱེད་རྫོགས་ཀྱི་ཟབ་གནད་རྣམས་གསང་བ་སྒྱུ་འཕྲུལ་གྱི་མན་ངག་ཁོ་ནར་སྣང་བས་དོན་གྱིས་བཀའ་གཏེར་ཟུང་འཇུག་ཏུ་འགྱུར་བའི་ཕྱིར་རྒྱུད་སྡེའི་ས་ཁོངས་འཛིན་པ་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་པས་ཐོག་མར་དགེ་བའི་ཚུལ་དུ་བཞག་པ་ཡིན་ནོ། །ཞར་བྱུང་སྒྱུ་འཕྲུལ་གྲོལ་ལམ་གྱི་ཁྲིད་ཡིག་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་གསུང་རབས་ལས་བྱུང་བ། སྙིང་པོའི་རྒྱུད་བཀླག་པའི་མན་ངག །འདི་ལུང་རྒྱུན་ལ་བསམས་ནས་བཀོད། །ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་འགྲོ་འདུལ་ཀརྨ་གླིང་པའི་ཟབ་གཏེར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བསྡུས་པ་འགྲོ་དྲུག་རང་གྲོལ། དེའི་ལས་བྱང་དབང་ཆོག་སོགས་ཡིག་ཆ་ཉེར་མཁོ་རྣམས་སོ།། །། | ཨོཾ་སྭསྟི་བི་ཛ་ཡནྟུ། །བྱིན་རླབས་སྤྲིན་ལས་དངོས་གྲུབ་བདུད་རྩིའི་ཆར། །ཕབས་པས་གྲུབ་གཉིས་སྙེ་མ་མཆོག་སྦྱིན་པའི། །རྩ་གསུམ་འདུས་ཞལ་བླ་མ་མཚོ་སྐྱེས་རྗེས། །ཕན་བདེའི་དཔལ་ཀུན་རྟག་ཏུ་འཇོ་བར་མཛོད། །གང་གི་ཚེ་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཁྱབ་བདག་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་སྐུ་གསུང་ཐུགས་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་དམ་པར་བཞུགས་ཏེ། ས་བཅུ་རྒྱུན་མཐའ་ལ་ཉེ་བར་སོན་པའི་འཕགས་པ་མཆོག་རྣམས་བཟུང་། གནས་རིགས་དྲུག་གི་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀྱི་བར་མཐའ་ཡས་པའི་གདུལ་བྱའི་དོན་འབད་རྩོལ་མི་མངའ་བར་ངང་གིས་རྫོགས་པར་མཛད་པ་ལས། རེ་ཞིག་གསུང་རྡོ་རྗེ་ནཱ་དའི་དབྱངས་ཀྱི་སྒྲ་སྙན་དང་མཐུན་པར་ཐེག་པ་སྣ་ཚོགས་པའི་ཆོས་ཕུང་འདོད་དགུར་འཇོ་བའི་ཚད་ནི་སེམས་བྱུང་དང་བཅས་པའི་བློ་ཅན་སུ་ཞིག་གིས་བཟུང་བར་ནུས། དེ་ལྟ་མོད་ཀྱི་བསྡུ་བ་ལ་རྣམ་པར་དགའ་བ་རྣམས་ཀྱི་ངོར། སྤྱིར་མདོ་དགོངས་པ་འདུས་པའི་རྒྱུད་ལས། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་རྣམ་པ་གསུམ་དང་། །དེ་ལས་ནང་གསེས་ཀྱི་དབྱེ་བས་ཐེག་པ་རིམ་པ་དགུར་བཞག་པ་ལས། འདིར་གཙོ་བོར་གསང་སྔགས་སྔ་འགྱུར་བའི་གྲུབ་པའི་སྐྱེས་བུ་རྣམས་ལས་རིམ་པར་འོངས་པའི་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་རྡོ་རྗེའི་གནས་ཟབ་ཅིང་རྒྱ་ཆེ་བའི་སྙིང་པོ་ལས་ཀྱང་སྙིང་པོར་དྲིལ་བའི་གཞུང་དང་མན་ངག་རབ་འབྱམས་ཞིག་བཞུགས་པའི་ནང་ཚན། རང་གཞན་ལ་ཉེ་བར་མཁོ་བ་དང་། རྒྱུན་དཀོན་པ་འགའ་ཞིག་མི་ནུབ་པའི་ཆེད་སོགས་སྒོ་དུ་མ་ནས་ལྷག་པའི་བསམ་པ་ཁོ་ན་ཡིད་ལ་བྱས་ཏེ་བཀའི་བསྡུ་བ་ལ་ཉེ་བར་ཞུགས་པའང་སངས་རྒྱས་ཀྱི་བྱིན་རླབས་འབའ་ཞིག་ཏུ་རིག་པར་བྱ་སྟེ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། །རྒྱལ་བའི་ཉན་ཐོས་པ་དག་གང་ཞིག་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡིས་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་བསྐྱེད་རྫོགས་སྡེ་གསུམ་དུ་གསུངས་པ་ལས། དང་པོ་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་ལ་གཉིས། རྒྱ་ཆེ་བ་རྩ་བར་གྱུར་པ་རྒྱུད་སྡེ་དང་། ཟབ་པ་ལག་ལེན་དུ་འདྲིལ་བ་སྒྲུབ་སྡེའོ། །དང་པོ་ལའང་། སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྩ་བར་གྱུར་པ་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་མ་ཚང་བ་ཁ་སྐོང་བའི་རྒྱུད་སྡེ་གཉིས། དེ་ཐམས་ཅད་ཀྱི་ཁྱབ་བྱེད་གཞིའམ་རྩ་བ་ལྟ་བུར་གྱུར་པ་སྤྱི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བའི་སྙིང་པོ་སྟེ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་སོ་སོའི་དབང་། རྒྱུད་ཀྱི་བཤད་པ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར་རིགས་བསྡུས་པའི་དབང་། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེའི་ནང་གསེས་གླང་པོ་ཆེ་རབ་ཏུ་འབོགས་པའི་དུམ་བུ་དྲི་མ་མེད་པ་བཤགས་པའི་རྒྱལ་པོའི་རྒྱུད་ཀྱི་རྗེས་སུ་འབྲང་བ་ཞི་ཁྲོ་ཁྲོམ་དཀྲུགས་དང་། ཆ་མཐུན་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་སོགས་ལ་བརྟེན་པའི་ཞི་ཁྲོ་རིགས་བསྡུས་ཀྱི་དབང་། དེ་རྣམས་ཀྱི་རྒྱབ་བརྟེན་རྒྱུད་སྡེ་རབ་འབྱམས་རྒྱུད་འབུམ་དུ་པོད་གསུམ་ཙམ་བཞུགས་ཀྱི་ལུགས་སོགས་རྒྱ་ཆེར་བཞུགས་པ་ལས། འདིར་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ནའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ་རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་ཞི་བ་རྡོ་རྗེ་དབྱིངས་གསང་ཆེན་རིགས་གཅིག་པ་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་དབང་། རྩ་བའི་ཁྲིད། གཏེར་གཞུང་ཆ་ཚང་། བསྙེན་སྒྲུབ་འཕྲིན་ལས་ཀྱི་ཆོ་ག་ལྷན་ཐབས་དང་བཅས་པ། རྩ་ཁྲིད། བསྙེན་ཡིག །གྲོལ་ལམ་གསུམ་གྱི་མན་ངག་གི་གསལ་z གཡུང་དྲུང་རྟགས་ཅན་འདི་རྣམས་ལེགས་བཤད་ཀྱི་སྒོ་གསར་དུ་སྣང་བའོ། །བྱེད་རྣམས་ཏེ། འདི་ཉིད་ཀྱི་སྤྱིར་སྒྲུབ་སྡེ་གཏེར་མའི་ཕྱོགས་སུ་གཏོགས་ཀྱང་། བསྐྱེད་རྫོགས་ཀྱི་ཟབ་གནད་རྣམས་གསང་བ་སྒྱུ་འཕྲུལ་གྱི་མན་ངག་ཁོ་ནར་སྣང་བས་དོན་གྱིས་བཀའ་གཏེར་ཟུང་འཇུག་ཏུ་འགྱུར་བའི་ཕྱིར་རྒྱུད་སྡེའི་ས་ཁོངས་འཛིན་པ་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་པས་ཐོག་མར་དགེ་བའི་ཚུལ་དུ་བཞག་པ་ཡིན་ནོ། །ཞར་བྱུང་སྒྱུ་འཕྲུལ་གྲོལ་ལམ་གྱི་ཁྲིད་ཡིག་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་གསུང་རབས་ལས་བྱུང་བ། སྙིང་པོའི་རྒྱུད་བཀླག་པའི་མན་ངག །འདི་ལུང་རྒྱུན་ལ་བསམས་ནས་བཀོད། །ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་འགྲོ་འདུལ་ཀརྨ་གླིང་པའི་ཟབ་གཏེར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བསྡུས་པ་འགྲོ་དྲུག་རང་གྲོལ། དེའི་ལས་བྱང་དབང་ཆོག་སོགས་ཡིག་ཆ་ཉེར་མཁོ་རྣམས་སོ།། །། | ||
གཉིས་པ་སྒྲུབ་སྡེ་ལ་གཉིས། རྩ་བ་སྒྲུབ་པའི་ཐབས་གཙོ་བོར་གྱུར་པ་དང་། ཡན་ལག་ལས་ཀྱི་ཆོ་ག་གཙོ་བོར་གྱུར་པའི་སྐོར་རོ། །དང་པོ་ལ་སངས་རྒྱས་གཉིས་པ་མཚོ་སྐྱེས་ཞབས་ཀྱིས། བྱིན་རླབས་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ཕྲིན་ལས་མྱུར་མགྱོགས་མཁའ་འགྲོའི་ཚོགས༔ ཞེས་བྱིན་རླབས་དང་། དངོས་གྲུབ་དང་། ཕྲིན་ལས་ཀྱི་གཏེར་ཆེན་པོ་རྩ་བ་གསུམ་དུ་བཞག་པ་སྟེ། དེ་ལའང་གཉིས། རྩ་གསུམ་བྱེ་བྲག་གི་སྒྲུབ་ཐབས་དང་། སྤྱིར་སྒྲུབ་ཐབས་སྣ་ཚོགས་རྣམས་སོ། །དང་པོ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་སྐོར་གསུམ་གྱི། དང་པོ་བྱིན་རླབས་ཀྱི་རྩ་བ་བླ་མའི་སྒྲུབ་སྐོར་ལ། བླ་མ་ཞི་བ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་རྩ་བའི་དབང་བཞི། གཏོར་དབང་༡ ཨང་རྟགས་ཅན་རྣམས་སྒྲུབ་ཐབས་འདོད་བུམ་དུ་བཞུགས་པའི་གྲས་སོ། །ལས་བྱང་། དབང་ཆོག །རྒྱུན་ཁྱེར། བཀའ་གཏེར་གྱི་སྲུང་མའི་གསོལ་མཆོད་ཉེར་བསྡུས། བསྙེན་ཡིག་མ་བུ་བཅས་ཉེར་མཁོའི་ཡིག་ཆ་ཚང་བ། བླ་མ་ལོངས་སྐུ་ཚེ་དཔག་མེད་རྫོགས་ཆེན་ཚེ་དབང་༢། དེའི་ཐེམ་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་དབང་། གཞུང་ཉམས་ལེན་དབང་ཆོག་བཅས་ཚང་མ། ཞར་བྱུང་གཏེར་ཕྲན་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་སཱཙྪའི་རིམ་པ་དང་བཅས་པ། བླ་མ་སྤྲུལ་སྐུ་ཐོད་ཕྲེང་རྩལ་ཟླུམ་པོ་བཞི་དབང་༣སྟེ། དེ་རྣམས་ནི་བླ་མའི་སྒྲུབ་སྐོར་གྱི་བཀའ་བབས་མངའ་བདག་གསུང་སྤྲུལ་མཆོག་གཏེར་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་བྱུང་བ་ཡིན་ལ། བླ་སྒྲུབ་སྐོར་ལྔའི་གླེགས་བམ་ཡོངས་སུ་རྫོགས་པའི་ལུང་zཔོད་གཉིས་ཙམ་རྒྱུན་ཀྱང་བཞུགས་མོད། འདིར་ཉེ་བར་མཁོ་བ་ཙམ་ཞིག་བཀོད་པ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །མངའ་བདག་སྐུ་སྤྲུལ་ཉང་ཉི་མ་འོད་ཟེར་གྱི་ཟབ་གཏེར་བླ་མ་ཡོངས་རྫོགས་ཀྱི་གཏོར་དབང་༤། དེའི་སྒྲུབ་ཕྲིན་རིན་ཆེན་སྒྲོན་མེ་ཀུན་མཁྱེན་ཀློང་ཆེན་པས་མཛད་པ། སྟག་ལུང་སངས་རྒྱས་དབོན་གྱི་ཟབ་གཏེར་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་དབང་། སྒྲུབ་ཕྲིན་དབང་ཆོག་དང་བཅས་པ། བཀའ་འདུས་བར་པ་སྤྱིར་བཀའ་འདུས་སྔ་ཕྱི་བར་གསུམ་སྟེ། སྔ་མ་ཤེལ་བྲག་པདྨ་བརྩེགས་པ་ནས་ཨོ་རྒྱན་གླིང་པས་གདན་དྲངས་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བར་པ་བླ་མ་དགོངས་འདུས། ཕྱི་མ་རིག་འཛིན་མངའ་རིས་པའི་གཏེར་བྱོན་བླ་མ་བཀའ་བརྒྱད་རིག་འཛིན་ཡོངས་འདུས་དང་། འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱི་གཏེར་བྱོན་གྲོལ་ཐིག་དགོངས་པ་རང་གྲོལ་གཉིས་སོ། །དགོངས་འདུས་ལའང་། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་པོད་བཅུ་གསུམ། སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས༩། གྲོ་ཤུལ་བདེ་ཆེན་གླིང་པ་སྔ་ཕྱི་བར་གསུམ་གྱི་མཁའ་འགྲོ་དགོངས་འདུས་པོད་དྲུག་སྟེ་གསུམ་དུ་གྲགས་སོ། །ལྷ་སྲས་མུ་རུབ་བཙད་པོའི་རྣམ་འཕྲུལ་གཏེར་ཆེན་སངས་རྒྱས་གླིང་པའི་བླ་མ་དགོངས་པ་འདུས་པའི་དོན་དབང་། གཏོར་དབང་། ལས་བྱང་། དབང་ཆོག །རྒྱུན་ཁྱེར་གཏེར་སྲུང་གསོལ་བསྡུས་བསྙེན་ཡིག་བཅས་ཉེར་མཁོ་འདི་ལ་པོད་ཆེན་བཅུ་གསུམ་བཞུགས་ཤིང་། བསྐྱེད་རྫོགས་ཕྲིན་ལས་དང་བཅས་པ་མ་ཚང་བ་མེད་པའི་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་ཏུ་བསྔགས་པ་དོན་དང་ལྡན་པའི་ངོ་མཚར་ཅན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གན་མཛོད་ལྟ་བུ་ཉིད་དོ། །ལང་གྲོའི་རྣམ་སྤྲུལ་ལྷོ་གཏེར་རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་དོན་དབང་z། ཉང་བན་རྣམ་སྤྲུལ་འཇའ་ཚོན་ལས་འཕྲོ་གླིང་པའི་བླ་སྒྲུབ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་རྩ་དབང་། ཚེ་དབང་བསྐྱེད་རྫོགས་ཀྱི་ཁྲིད། ལས་བྱང་། སྔོན་འགྲོ་དང་བསྐྱེད་རིམ་ལྷ་ཁྲིད། རྫོགས་རིམ། བསྙེན་ཡིག་བཅས་ཉེར་མཁོ་ཚང་བ། མངའ་བདག་ཐུགས་སྤྲུལ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་གཏེར་བྱོན་གུ་རུ་ཡོན་ཏན་གཏེར་མཛོད་དང་། ནམ་སྙིང་རྣམ་སྤྲུལ་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་། སོ་སོའི་ཡིག་ཆ་ཚང་བ། འཁོན་ཀླུ་དབང་སྲུང་བའི་རྣམ་སྤྲུལ་རིག་འཛིན་རོལ་པའི་རྡོ་རྗེའི་ཟབ་གཏེར་བླ་མ་རྒྱལ་བ་ཀུན་འདུས་བཅས། བདུད་འཇོམས་རྣམ་སྤྲུལ་བྱང་གཏེར་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུའི་དག་སྣང་བརྡ་དོན་ལམ་ཟབ་བླ་མའི་རྣལ་འབྱོར་དང་། རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་གྱི་ཐོག་མ་བླ་སྒྲུབ་རིག་འཛིན་ཐུག་ཐིག་གི་གཏེར་སྒྲུབ་ཀྱི་གསོལ་འདེབས་དང་འབྲེལ་བ་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཁྲིད། སོ་སོའི་ཡིག་ཆ། པདྨས་དངོས་སུ་རྗེས་བཟུང་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་ཉམས་ལས་འཁྲུངས་པའི་ཨོ་རྒྱན་བླ་མའི་རྣལ་འབྱོར་གྱི་སྐོར། བདུད་འཇོམས་རྣམ་འཕྲུལ་རིག་འཛིན་ལེགས་ལྡན་རྗེའི་ཟབ་གཏེར་བླ་མ་སྐུ་གསུམ་མའི་ཁྲིད། དེའི་ཁྲིད་ཡིག་དང་ངག་འདོན། བཻ་རོའི་རྣམ་སྤྲུལ་གཏེར་ཆེན་འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱི་ཟབ་གཏེར་གྲོལ་ཏིག་ལམ་བསྡུས་པ་སྐུ་གསུམ་རིགས་འདུས་བརྡ་དབང་ལྔ་པ། དེའི་གཏེར་གཞུང་གསལ་བྱེད་ལྗགས་བསྒྲིགས་དང་བཅས་པ། མངའ་བདག་གི་ཡོན་ཏན་རྣམ་སྤྲུལ་ཆོས་རྒྱལ་བྱང་པའི་ཟབ་གཏེར་བླ་མ་མཚོ་སྐྱེས་རྡོ་རྗེ་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་དབང་། གཏེར་གཞུང་དང་རིག་འཛིན་པདྨ་ཕྲིན་ལས་ཀྱི་ཆོག་བསྒྲིགས་སྐོར་ཚང་བ། དབང་ཆོག་ནག་འགྲོས་བཅས། z ཞར་བྱུང་རཏྣའི་རྩ་གསུམ་འབྲས་བུའི་དོན་ཁྲིད་ཅེས་རྩ་བ་གསུམ་དང་། བླ་རྫོགས་ཐུགས་གསུམ་གྱི་བཅུད་དྲིལ་གདམས་ཟབ་ཁྱད་པར་ཅན་གྱི་དབང་། གཏེར་གཞུང་ཆ་ཚང་། z ལྷ་སྲས་རྣམ་སྤྲུལ་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་ཟབ་གཏེར་ཞི་ཁྲོ་རྩ་གསུམ་དགོངས་པ་ཡང་ཟབ་ཀྱི་གཏོར་དབང་། z འཇིག་རྟེན་དབང་ཕྱུག་ཀརྨ་པ་བརྒྱད་པའི་དག་སྣང་རྩ་གསུམ་དྲིལ་སྒྲུབ་ཀྱི་ཉམས་ལེན། འཇའ་ཚོན་ཟབ་གཏེར་ཨོ་རྒྱན་སྒམ་པོ་པའི་གསང་ལམ་བླ་སྒྲུབ་ཀྱི་དབང་། གཏེར་གཞུང་གསལ་བྱེད་དང་བཅས་པ་དག་སྣང་ཧཱུྃ་ནག་སྙིང་ཐིག་བཀའ་བརྒྱ་མའི་སྐོར། ལྷ་སྲས་རྣམ་སྤྲུལ་རིག་འཛིན་མི་འགྱུར་རྡོ་རྗེའི་དག་སྣང་གྲུབ་ཆེན་པཀྴིའི་བླ་སྒྲུབ་ཀྱི་དབང་གདམས་ངག་དང་བཅས་པ་རྣམས་སོ། །བླ་མ་དྲག་པོའི་སྐོར་ལ། གུ་རུ་དྲག་དམར་བཀའ་མའོ་བྲན་ལུགས་ཀྱི་དབང་༥། རྗེ་དགུ་པའི་ཡིག་ཆ་སྐོར་ཚང་བ། ཉང་གཏེར་དྲག་དམར་བདེ་འདི་ཉང་དང་། རྡོར་གླིང་ཟུང་འཇུག་དང་། པད་གླིང་དྲག་དམར་ཁྱད་པར་དུ་ཕྱེ་བ་བཅས་གཏེར་མ་སུམ་ལྡན་ནོ། །གཤེགས་འདུས་པ་དང་༦། མེའི་སྤུ་གྲིའི་དབང་༧། བྱིན་རླབས་ལུ་གུ་རྒྱུད༨། ལས་བྱང་རྒྱུན་ཁྱེར། བསྙེན་ཡིག་བཅས། བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་མཐིང་གའི་བྱིན་རླབས་ཐུགས་རྗེའི་དབང་༩། རྒྱུན་ཁྱེར་ངག་འདོན་བསྙེན་ཐབས་བཅསz། རཏྣའི་དྲག་དམར་མེ་རླུང་འཁྱིལ་པའི་དོན་དབང་། གཏོར་དབང་། དཔལ་ནཱ་རོ་པའི་རྣམ་སྤྲུལ་འབྲུག་པ་རིན་པོ་ཆེ་པདྨ་དཀར་པོའི་དག་སྣང་བླ་མ་དྲག་དམར་ཀཱི་ལ་ཡའི་དབང་། གཞུང་གསལ་བྱེད་དབང་ཆོག་བཅས། གུ་རུ་ཆོས་དབང་གིས་ཡར་ཀླུང་བརྩོན་སེང་ལ་བཀའ་བསྒོས་ནས་སྤྱན་དྲངས་པའི་ཟབ་གཏེར་ཀརྨ་གུ་རུ་དར་ནག་བེར་ཆེན་གྱི་གཞུང་བསྙེན་ཐབས་བཅས། ཆོས་དབང་རིན་པོ་ཆེའི་རྣམ་སྤྲུལ་བྱང་བདག་པའི་ཟབ་གཏེར་ཀརྨ་གུ་རུའི་སྲོག་གཏད། གཏེར་གཞུང་དང་། མངའ་བདག་གི་ཕྲིན་ལས་རྣམ་འཕྲུལ་རྡོ་རྗེ་ཐོགས་མེད་རྩལ་གྱི་ལྗགས་བསྒྲིགས་སྐོར་ཚང་བ། གཏོར་ནག་གི་ལས་སྦྱོར་བཀླག་ཆོག་ལ། འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱི་དྲག་དམར་སྒོས་དབང་། ལང་གྲོའི་རྣམ་སྤྲུལ་རིག་འཛིན་ཀློང་གསལ་སྙིང་པོ་མདོ་སྔགས་གླིང་པའི་ཟབ་གཏེར་དྲག་པོ་ཡེ་ཤེས་རབ་འབར་གྱི་དོན་དབང་། རོལ་རྡོར་ཟབ་གཏེར་གུ་རུ་དྲག་ཁྲོས་ཀྱི་དབང་དེ་དག་གི་ཡིག་ཆ་ཉེར་མཁོ་བཅས་སོ། །བླ་མ་ཞི་དྲག་གི་སྐོར་འདི་རྣམས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དབང་དུ་བྱས་ན་གཙོ་བོར་པདྨ་གསུང་གི་ཕྱོགས་སུ་འདུ་བ་ཡིན་ནོ།། །། | གཉིས་པ་སྒྲུབ་སྡེ་ལ་གཉིས། རྩ་བ་སྒྲུབ་པའི་ཐབས་གཙོ་བོར་གྱུར་པ་དང་། ཡན་ལག་ལས་ཀྱི་ཆོ་ག་གཙོ་བོར་གྱུར་པའི་སྐོར་རོ། །དང་པོ་ལ་སངས་རྒྱས་གཉིས་པ་མཚོ་སྐྱེས་ཞབས་ཀྱིས། བྱིན་རླབས་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ཕྲིན་ལས་མྱུར་མགྱོགས་མཁའ་འགྲོའི་ཚོགས༔ ཞེས་བྱིན་རླབས་དང་། དངོས་གྲུབ་དང་། ཕྲིན་ལས་ཀྱི་གཏེར་ཆེན་པོ་རྩ་བ་གསུམ་དུ་བཞག་པ་སྟེ། དེ་ལའང་གཉིས། རྩ་གསུམ་བྱེ་བྲག་གི་སྒྲུབ་ཐབས་དང་། སྤྱིར་སྒྲུབ་ཐབས་སྣ་ཚོགས་རྣམས་སོ། །དང་པོ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་སྐོར་གསུམ་གྱི། དང་པོ་བྱིན་རླབས་ཀྱི་རྩ་བ་བླ་མའི་སྒྲུབ་སྐོར་ལ། བླ་མ་ཞི་བ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་རྩ་བའི་དབང་བཞི། གཏོར་དབང་༡ ཨང་རྟགས་ཅན་རྣམས་སྒྲུབ་ཐབས་འདོད་བུམ་དུ་བཞུགས་པའི་གྲས་སོ། །ལས་བྱང་། དབང་ཆོག །རྒྱུན་ཁྱེར། བཀའ་གཏེར་གྱི་སྲུང་མའི་གསོལ་མཆོད་ཉེར་བསྡུས། བསྙེན་ཡིག་མ་བུ་བཅས་ཉེར་མཁོའི་ཡིག་ཆ་ཚང་བ། བླ་མ་ལོངས་སྐུ་ཚེ་དཔག་མེད་རྫོགས་ཆེན་ཚེ་དབང་༢། དེའི་ཐེམ་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་དབང་། གཞུང་ཉམས་ལེན་དབང་ཆོག་བཅས་ཚང་མ། ཞར་བྱུང་གཏེར་ཕྲན་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་སཱཙྪའི་རིམ་པ་དང་བཅས་པ། བླ་མ་སྤྲུལ་སྐུ་ཐོད་ཕྲེང་རྩལ་ཟླུམ་པོ་བཞི་དབང་༣སྟེ། དེ་རྣམས་ནི་བླ་མའི་སྒྲུབ་སྐོར་གྱི་བཀའ་བབས་མངའ་བདག་གསུང་སྤྲུལ་མཆོག་གཏེར་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་བྱུང་བ་ཡིན་ལ། བླ་སྒྲུབ་སྐོར་ལྔའི་གླེགས་བམ་ཡོངས་སུ་རྫོགས་པའི་ལུང་zཔོད་གཉིས་ཙམ་རྒྱུན་ཀྱང་བཞུགས་མོད། འདིར་ཉེ་བར་མཁོ་བ་ཙམ་ཞིག་བཀོད་པ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །མངའ་བདག་སྐུ་སྤྲུལ་ཉང་ཉི་མ་འོད་ཟེར་གྱི་ཟབ་གཏེར་བླ་མ་ཡོངས་རྫོགས་ཀྱི་གཏོར་དབང་༤། དེའི་སྒྲུབ་ཕྲིན་རིན་ཆེན་སྒྲོན་མེ་ཀུན་མཁྱེན་ཀློང་ཆེན་པས་མཛད་པ། སྟག་ལུང་སངས་རྒྱས་དབོན་གྱི་ཟབ་གཏེར་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་དབང་། སྒྲུབ་ཕྲིན་དབང་ཆོག་དང་བཅས་པ། བཀའ་འདུས་བར་པ་སྤྱིར་བཀའ་འདུས་སྔ་ཕྱི་བར་གསུམ་སྟེ། སྔ་མ་ཤེལ་བྲག་པདྨ་བརྩེགས་པ་ནས་ཨོ་རྒྱན་གླིང་པས་གདན་དྲངས་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བར་པ་བླ་མ་དགོངས་འདུས། ཕྱི་མ་རིག་འཛིན་མངའ་རིས་པའི་གཏེར་བྱོན་བླ་མ་བཀའ་བརྒྱད་རིག་འཛིན་ཡོངས་འདུས་དང་། འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱི་གཏེར་བྱོན་གྲོལ་ཐིག་དགོངས་པ་རང་གྲོལ་གཉིས་སོ། །དགོངས་འདུས་ལའང་། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་པོད་བཅུ་གསུམ། སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས༩། གྲོ་ཤུལ་བདེ་ཆེན་གླིང་པ་སྔ་ཕྱི་བར་གསུམ་གྱི་མཁའ་འགྲོ་དགོངས་འདུས་པོད་དྲུག་སྟེ་གསུམ་དུ་གྲགས་སོ། །ལྷ་སྲས་མུ་རུབ་བཙད་པོའི་རྣམ་འཕྲུལ་གཏེར་ཆེན་སངས་རྒྱས་གླིང་པའི་བླ་མ་དགོངས་པ་འདུས་པའི་དོན་དབང་། གཏོར་དབང་། ལས་བྱང་། དབང་ཆོག །རྒྱུན་ཁྱེར་གཏེར་སྲུང་གསོལ་བསྡུས་བསྙེན་ཡིག་བཅས་ཉེར་མཁོ་འདི་ལ་པོད་ཆེན་བཅུ་གསུམ་བཞུགས་ཤིང་། བསྐྱེད་རྫོགས་ཕྲིན་ལས་དང་བཅས་པ་མ་ཚང་བ་མེད་པའི་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་ཏུ་བསྔགས་པ་དོན་དང་ལྡན་པའི་ངོ་མཚར་ཅན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གན་མཛོད་ལྟ་བུ་ཉིད་དོ། །ལང་གྲོའི་རྣམ་སྤྲུལ་ལྷོ་གཏེར་རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་དོན་དབང་z། ཉང་བན་རྣམ་སྤྲུལ་འཇའ་ཚོན་ལས་འཕྲོ་གླིང་པའི་བླ་སྒྲུབ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་རྩ་དབང་། ཚེ་དབང་བསྐྱེད་རྫོགས་ཀྱི་ཁྲིད། ལས་བྱང་། སྔོན་འགྲོ་དང་བསྐྱེད་རིམ་ལྷ་ཁྲིད། རྫོགས་རིམ། བསྙེན་ཡིག་བཅས་ཉེར་མཁོ་ཚང་བ། མངའ་བདག་ཐུགས་སྤྲུལ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་གཏེར་བྱོན་གུ་རུ་ཡོན་ཏན་གཏེར་མཛོད་དང་། ནམ་སྙིང་རྣམ་སྤྲུལ་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་། སོ་སོའི་ཡིག་ཆ་ཚང་བ། འཁོན་ཀླུ་དབང་སྲུང་བའི་རྣམ་སྤྲུལ་རིག་འཛིན་རོལ་པའི་རྡོ་རྗེའི་ཟབ་གཏེར་བླ་མ་རྒྱལ་བ་ཀུན་འདུས་བཅས། བདུད་འཇོམས་རྣམ་སྤྲུལ་བྱང་གཏེར་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུའི་དག་སྣང་བརྡ་དོན་ལམ་ཟབ་བླ་མའི་རྣལ་འབྱོར་དང་། རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་གྱི་ཐོག་མ་བླ་སྒྲུབ་རིག་འཛིན་ཐུག་ཐིག་གི་གཏེར་སྒྲུབ་ཀྱི་གསོལ་འདེབས་དང་འབྲེལ་བ་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཁྲིད། སོ་སོའི་ཡིག་ཆ། པདྨས་དངོས་སུ་རྗེས་བཟུང་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་ཉམས་ལས་འཁྲུངས་པའི་ཨོ་རྒྱན་བླ་མའི་རྣལ་འབྱོར་གྱི་སྐོར། བདུད་འཇོམས་རྣམ་འཕྲུལ་རིག་འཛིན་ལེགས་ལྡན་རྗེའི་ཟབ་གཏེར་བླ་མ་སྐུ་གསུམ་མའི་ཁྲིད། དེའི་ཁྲིད་ཡིག་དང་ངག་འདོན། བཻ་རོའི་རྣམ་སྤྲུལ་གཏེར་ཆེན་འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱི་ཟབ་གཏེར་གྲོལ་ཏིག་ལམ་བསྡུས་པ་སྐུ་གསུམ་རིགས་འདུས་བརྡ་དབང་ལྔ་པ། དེའི་གཏེར་གཞུང་གསལ་བྱེད་ལྗགས་བསྒྲིགས་དང་བཅས་པ། མངའ་བདག་གི་ཡོན་ཏན་རྣམ་སྤྲུལ་ཆོས་རྒྱལ་བྱང་པའི་ཟབ་གཏེར་བླ་མ་མཚོ་སྐྱེས་རྡོ་རྗེ་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་དབང་། གཏེར་གཞུང་དང་རིག་འཛིན་པདྨ་ཕྲིན་ལས་ཀྱི་ཆོག་བསྒྲིགས་སྐོར་ཚང་བ། དབང་ཆོག་ནག་འགྲོས་བཅས། z ཞར་བྱུང་རཏྣའི་རྩ་གསུམ་འབྲས་བུའི་དོན་ཁྲིད་ཅེས་རྩ་བ་གསུམ་དང་། བླ་རྫོགས་ཐུགས་གསུམ་གྱི་བཅུད་དྲིལ་གདམས་ཟབ་ཁྱད་པར་ཅན་གྱི་དབང་། གཏེར་གཞུང་ཆ་ཚང་། z ལྷ་སྲས་རྣམ་སྤྲུལ་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་ཟབ་གཏེར་ཞི་ཁྲོ་རྩ་གསུམ་དགོངས་པ་ཡང་ཟབ་ཀྱི་གཏོར་དབང་། z འཇིག་རྟེན་དབང་ཕྱུག་ཀརྨ་པ་བརྒྱད་པའི་དག་སྣང་རྩ་གསུམ་དྲིལ་སྒྲུབ་ཀྱི་ཉམས་ལེན། འཇའ་ཚོན་ཟབ་གཏེར་ཨོ་རྒྱན་སྒམ་པོ་པའི་གསང་ལམ་བླ་སྒྲུབ་ཀྱི་དབང་། གཏེར་གཞུང་གསལ་བྱེད་དང་བཅས་པ་དག་སྣང་ཧཱུྃ་ནག་སྙིང་ཐིག་བཀའ་བརྒྱ་མའི་སྐོར། ལྷ་སྲས་རྣམ་སྤྲུལ་རིག་འཛིན་མི་འགྱུར་རྡོ་རྗེའི་དག་སྣང་གྲུབ་ཆེན་པཀྴིའི་བླ་སྒྲུབ་ཀྱི་དབང་གདམས་ངག་དང་བཅས་པ་རྣམས་སོ། །བླ་མ་དྲག་པོའི་སྐོར་ལ། གུ་རུ་དྲག་དམར་བཀའ་མའོ་བྲན་ལུགས་ཀྱི་དབང་༥། རྗེ་དགུ་པའི་ཡིག་ཆ་སྐོར་ཚང་བ། ཉང་གཏེར་དྲག་དམར་བདེ་འདི་ཉང་དང་། རྡོར་གླིང་ཟུང་འཇུག་དང་། པད་གླིང་དྲག་དམར་ཁྱད་པར་དུ་ཕྱེ་བ་བཅས་གཏེར་མ་སུམ་ལྡན་ནོ། །གཤེགས་འདུས་པ་དང་༦། མེའི་སྤུ་གྲིའི་དབང་༧། བྱིན་རླབས་ལུ་གུ་རྒྱུད༨། ལས་བྱང་རྒྱུན་ཁྱེར། བསྙེན་ཡིག་བཅས། བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་མཐིང་གའི་བྱིན་རླབས་ཐུགས་རྗེའི་དབང་༩། རྒྱུན་ཁྱེར་ངག་འདོན་བསྙེན་ཐབས་བཅསz། རཏྣའི་དྲག་དམར་མེ་རླུང་འཁྱིལ་པའི་དོན་དབང་། གཏོར་དབང་། དཔལ་ནཱ་རོ་པའི་རྣམ་སྤྲུལ་འབྲུག་པ་རིན་པོ་ཆེ་པདྨ་དཀར་པོའི་དག་སྣང་བླ་མ་དྲག་དམར་ཀཱི་ལ་ཡའི་དབང་། གཞུང་གསལ་བྱེད་དབང་ཆོག་བཅས། གུ་རུ་ཆོས་དབང་གིས་ཡར་ཀླུང་བརྩོན་སེང་ལ་བཀའ་བསྒོས་ནས་སྤྱན་དྲངས་པའི་ཟབ་གཏེར་ཀརྨ་གུ་རུ་དར་ནག་བེར་ཆེན་གྱི་གཞུང་བསྙེན་ཐབས་བཅས། ཆོས་དབང་རིན་པོ་ཆེའི་རྣམ་སྤྲུལ་བྱང་བདག་པའི་ཟབ་གཏེར་ཀརྨ་གུ་རུའི་སྲོག་གཏད། གཏེར་གཞུང་དང་། མངའ་བདག་གི་ཕྲིན་ལས་རྣམ་འཕྲུལ་རྡོ་རྗེ་ཐོགས་མེད་རྩལ་གྱི་ལྗགས་བསྒྲིགས་སྐོར་ཚང་བ། གཏོར་ནག་གི་ལས་སྦྱོར་བཀླག་ཆོག་ལ། འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱི་དྲག་དམར་སྒོས་དབང་། ལང་གྲོའི་རྣམ་སྤྲུལ་རིག་འཛིན་ཀློང་གསལ་སྙིང་པོ་མདོ་སྔགས་གླིང་པའི་ཟབ་གཏེར་དྲག་པོ་ཡེ་ཤེས་རབ་འབར་གྱི་དོན་དབང་། རོལ་རྡོར་ཟབ་གཏེར་གུ་རུ་དྲག་ཁྲོས་ཀྱི་དབང་དེ་དག་གི་ཡིག་ཆ་ཉེར་མཁོ་བཅས་སོ། །བླ་མ་ཞི་དྲག་གི་སྐོར་འདི་རྣམས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དབང་དུ་བྱས་ན་གཙོ་བོར་པདྨ་གསུང་གི་ཕྱོགས་སུ་འདུ་བ་ཡིན་ནོ།། །། | ||
གཉིས་པ་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོའི་སྐོར་ལ། སྤྱིར་རིགས་ཀྱི་འཁོར་ལོས་སྒྱུར་བ་རྣམ་པ་ལྔ་ལས་རབ་ཏུ་ཕྱེ་བའི་ལྷག་པའི་ལྷ་རབ་འབྱམས་སྒྱུ་འཕྲུལ་དྲ་བའི་སྒྲུབ་ཐབས་དང་མན་ངག་མཐའ་ཡས་པ་ཉིད་ཀྱང་། རེ་ཞིག་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་ཅི་རིགས་པར་འདུ་བས་ན། འདི་ལ་གཉིས། སྤྱི་དང་བྱེ་བྲག་གོ། །དང་པོ་ནི། སྤྱིར་བཀའ་མ་མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་རྫོང་འཕྲང་། གཏེར་མ་ཉང་རིན་པོ་ཆེའི་བདེ་འདུས་པོད་སྙིང་དང་འདྲ་བ། དགུ། ཆོས་དབང་གསང་རྫོགས་པོད་སྙིང་ཁྲག་དང་འདྲ་བ། བཞི། བྱང་གཏེར་རང་ཤར་ཏེ་པོད་དྭངས་མདང་འདྲ་བ། གཉིས། བཀའ་བརྒྱད་རྣམ་གསུམ་དུ་གྲགས་པ་དང་། པདྨ་གླིང་པའི་ཐུགས་ཀྱི་མེ་སྲོག་དང་འདྲ་བ་ལོང་། བསམ་གཏན་བདེ་ཆེན་གླིང་པའི་ཡང་གསང་དྲེགས། འདུལ། ལུས་དང་འདྲ་བ། z མངའ་རིས་པཎ་ཆེན་རིན་པོ་ཆེའི་བླ་མ་བཀའ་བརྒྱད་རིག་འཛིན་ཡོངས་འདུས། འཇའ་ཚོན་པའི་དངོས་གྲུབ་སྙིང་པོ་ཀློང་གསལ། མདོ་སྔགས་གླིང་པའི་བདེ་གཤེགས་ཡོངས་འདུས། པདྨ་བདེ་ཆེན་གླིང་པའི་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་རྣམས་ལས་དྲེགས་འདུལ་མ་གཏོགས་པའི་ལུགས་སྲོལ་དགུ་ཙམ་གྱི་སྨིན་གྲོལ་མ་ནུབ་པར་མཆིས་ཤིང་། གཞན་ཡང་སྔ་ཕྱིར་བཀའ་གཏེར་དག་སྣང་དང་འབྲེལ་བའི་གདམས་པ་རྒྱ་ཆེར་བྱོན་པ་ལས་འདིར་གཏེར་ཁ་གོང་མ་ཉང་རིན་པོ་ཆེའི་ཟབ་ཆོས་བཀའ་གཏེར་ཟུང་འཇུག་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྣལ་འབྱོར་རྒྱུན་དབང་། དེའི་དབང་ཆོག་བདུད་རྩིའི་ཐིག་ལེ། ལས་བྱང་བདེ་ཆེན་རྣམ་རོལ། མངོན་རྟོགས་རྒྱས་པ་རྒྱུན་ཁྱེར། སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པའི་ཆོ་ག །སྡེ་དཔོན་སུམ་ཅུའི་གསོལ་བསྡུས་རྣམས་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་། བསྙེན་ཡིག་བཅས་ཉེར་མཁོའི་ཡི་གེ་ཚང་བ། གཏེར་ཁ་འོག་མ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་གསང་རྫོགས་མགྱོགས་དབང་བུམ་རྒྱ་ཅན། བདེ་གསང་གཉིས་ཀའི་རྫོགས་རིམ་སྙིང་པོ་རིགས་ལྔའི་ཟབ་ཁྲིད། འཇའ་ཚོན་ལས་འཕྲོ་གླིང་པའི་བཀའ་བརྒྱད་དངོས་གྲུབ་སྙིང་པོ་རྣམས་སོ།། །། | གཉིས་པ་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོའི་སྐོར་ལ། སྤྱིར་རིགས་ཀྱི་འཁོར་ལོས་སྒྱུར་བ་རྣམ་པ་ལྔ་ལས་རབ་ཏུ་ཕྱེ་བའི་ལྷག་པའི་ལྷ་རབ་འབྱམས་སྒྱུ་འཕྲུལ་དྲ་བའི་སྒྲུབ་ཐབས་དང་མན་ངག་མཐའ་ཡས་པ་ཉིད་ཀྱང་། རེ་ཞིག་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་ཅི་རིགས་པར་འདུ་བས་ན། འདི་ལ་གཉིས། སྤྱི་དང་བྱེ་བྲག་གོ། །དང་པོ་ནི། སྤྱིར་བཀའ་མ་མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་རྫོང་འཕྲང་། གཏེར་མ་ཉང་རིན་པོ་ཆེའི་བདེ་འདུས་པོད་སྙིང་དང་འདྲ་བ། དགུ། ཆོས་དབང་གསང་རྫོགས་པོད་སྙིང་ཁྲག་དང་འདྲ་བ། བཞི། བྱང་གཏེར་རང་ཤར་ཏེ་པོད་དྭངས་མདང་འདྲ་བ། གཉིས། བཀའ་བརྒྱད་རྣམ་གསུམ་དུ་གྲགས་པ་དང་། པདྨ་གླིང་པའི་ཐུགས་ཀྱི་མེ་སྲོག་དང་འདྲ་བ་ལོང་། བསམ་གཏན་བདེ་ཆེན་གླིང་པའི་ཡང་གསང་དྲེགས། འདུལ། ལུས་དང་འདྲ་བ། z མངའ་རིས་པཎ་ཆེན་རིན་པོ་ཆེའི་བླ་མ་བཀའ་བརྒྱད་རིག་འཛིན་ཡོངས་འདུས། འཇའ་ཚོན་པའི་དངོས་གྲུབ་སྙིང་པོ་ཀློང་གསལ། མདོ་སྔགས་གླིང་པའི་བདེ་གཤེགས་ཡོངས་འདུས། པདྨ་བདེ་ཆེན་གླིང་པའི་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་རྣམས་ལས་དྲེགས་འདུལ་མ་གཏོགས་པའི་ལུགས་སྲོལ་དགུ་ཙམ་གྱི་སྨིན་གྲོལ་མ་ནུབ་པར་མཆིས་ཤིང་། གཞན་ཡང་སྔ་ཕྱིར་བཀའ་གཏེར་དག་སྣང་དང་འབྲེལ་བའི་གདམས་པ་རྒྱ་ཆེར་བྱོན་པ་ལས་འདིར་གཏེར་ཁ་གོང་མ་ཉང་རིན་པོ་ཆེའི་ཟབ་ཆོས་བཀའ་གཏེར་ཟུང་འཇུག་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྣལ་འབྱོར་རྒྱུན་དབང་། དེའི་དབང་ཆོག་བདུད་རྩིའི་ཐིག་ལེ། ལས་བྱང་བདེ་ཆེན་རྣམ་རོལ། མངོན་རྟོགས་རྒྱས་པ་རྒྱུན་ཁྱེར། སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པའི་ཆོ་ག །སྡེ་དཔོན་སུམ་ཅུའི་གསོལ་བསྡུས་རྣམས་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་། བསྙེན་ཡིག་བཅས་ཉེར་མཁོའི་ཡི་གེ་ཚང་བ། གཏེར་ཁ་འོག་མ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་གསང་རྫོགས་མགྱོགས་དབང་བུམ་རྒྱ་ཅན། བདེ་གསང་གཉིས་ཀའི་རྫོགས་རིམ་སྙིང་པོ་རིགས་ལྔའི་ཟབ་ཁྲིད། འཇའ་ཚོན་ལས་འཕྲོ་གླིང་པའི་བཀའ་བརྒྱད་དངོས་གྲུབ་སྙིང་པོ་རྣམས་སོ།། །། | ||
གཉིས་པ་བྱེ་བྲག་ལ་བརྒྱད་ལས། དང་པོ་འཇམ་དཔལ་སྐུའི་སྐོར་ལ། ཐོག་མར་འཇམ་དཔལ་ཞིང་སྒྲུབ་ཀྱི་སྐོར་ནི། ཤར་གཏེར་སངས་རྒྱས་གླིང་པའི་གཏེར་བྱོན་ཟབ་རྒྱ་དང་པོ་འཇམ་དཔལ་དཀར་པོ་བློའི་མུན་སེལ། དགོངས་འདུས་ལས། འཇམ་དཔལ་སྨྲ་སེང་བློ་འཕེལ་ཤེས་རབ་རལ་གྲི། ཟབ་རྒྱ་གཉིས་པ་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་རྣམས་ཀྱི་དབང་། སོ་སོའི་གཞུང་ཆ་ཚང་། གཞན་ཡང་ཉང་གཏེར་དྲག་དམར་གྱི་འཇམ་དཔལ་སྒོས་སྒྲུབ། ཆོས་དབང་རིན་པོ་ཆེའི་བླ་མ་གསང་འདུས་ཀྱི་བློ་ལྡན་མཆོག་སྲེད་སྒོས་སྒྲུབ་གསལ་བྱེད་བཅསz། བཻ་རོའི་རྣམ་སྤྲུལ་རྡོ་རྗེ་གླིང་པའི་ཟབ་གཏེར་ལྟ་བ་ཀློང་ཡངས་ཀྱི་ཆ་ལག་འཇམ་དཔལ་དམར་སེར་བློ་ཡི་མུན་སེལ། མངའ་རིས་པཎ་ཆེན་རིན་པོ་ཆེའི་རིག་འཛིན་ཡོངས་འདུས་ཀྱི་འཇམ་དཔལ་བསྐྱེད་རྫོགས། གཏེར་བདག་གླིང་པའི་ཟབ་གཏེར་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་འཇམ་དཔལ་ཞི་སྒྲུབ་གསལ་བྱེད་དང་བཅས་པ་སྟེ་ཐོར་བུའི་སྐོར་དང་། ཞར་བྱུང་རཏྣའི་གཏེར་ཕྲན་དབྱངས་ཅན་མ་དཀར་མོ། འགྲོ་འདུལ་ཤེས་རབ་འོད་ཟེར་གྱི་གཏེར་ཕྲན་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ། དེ་ཉིད་ཀྱི་དགོངས་གཏེར་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་བློ་གྲོས་གསལ་བྱེད་རྣམས་སོ། །རྗེས་འབྲེལ་དུ་ཕྱི་འགྱུར་གྱི་གདམས་ཟབ་འཇམ་དཔལ་དཀར་པོ་མ་ཏི་ལུགས༡༠། འཇམ་དཔལ་སྨྲ་སེང་དམ་པའི་ལུགས༡༡། དབྱངས་ཅན་མ་དཀར་མོ་བྲམ་ཟེ་ཕུར་པུའི་ལུགས་༡༢བཅས་གཏེར་ཆེན་རིན་པོ་ཆེའི་ལྗགས་བསྒྲིགས་སྒྲུབ་ཐབས་འདོད་འཇོ་བུམ་བཟང་ལས་བྱུང་བ་སྟེ། ཕྱི་མ་འདི་ཀུན་མཁྱེན་ཀློང་ཆེན་པར་ཉེ་བརྒྱུད་ཀྱི་བཀའ་བབས་པའི་མན་ངག་ཁྱད་པར་ཅན་དང་འབྲེལ་བའོ། །གཞན་ཡང་གཏེར་སྟོན་ཆེན་པོ་སར་བན་ཕྱོགས་མེད་ཀྱི་ཟབ་གཏེར་འཇམ་དཔལ་རྫོགས་པ་ཆེན་པོའི་སྨིན་གྲོལ་གྱི་སྐོར་སོགས་རྙེད་ནའང་སྐབས་འདིར་བསྡེབས་པར་བྱའོ། །འཇམ་དཔལ་དྲག་པོ་གཤིན་རྗེ་རོལ་པའི་སྐོར་ལ། སྤྱིར་དེ་བཞིན་གཤེགས་པའི་རིགས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ལྕགས་འདྲ། ལྕགས་སྡིགས། ཡང་ཟློག །རྡོ་རྗེའི་རིགས་འཇོམས་བྱེད་འཆར་ཀ་ནག་པོ། རིན་པོ་ཆེའི་རིགས་ཁ་ཐུན། པདྨའི་རིགས་འཇིགས་བྱེད་རུ་མཚོན་དམར་པོ། ལས་ཀྱི་རིགས་གཤོར་གསང་ཉི་མ་ཁྲོས་པ་སོགས་དང་། ཁྲོ་ཆུ་དང་ཀིང་ཀང་དམར་ནག་སོགས་བཀའ་གཏེར་གྱི་གཤེད་སྐོར་མཐའ་ཡས་པ་ཞིག་བྱུང་བ་ལས། བཀའ་མ་གཤིན་རྗེ་གཤེད་རུ་མཚོན་དམར་པོ། ཁ་ཐུན་ནག་པོ། གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་སྒྲུབ་པ་སྡེ་གསུམ་དང་། བཀའ་གཏེར་ཟུང་འཇུག་ཚེ་བདག །ཡང་ཟློག །འཆར་ཀ་སྒྲོམ་བུམ། གཤོར་གསང་ཀིང་ཀང་ནག་པོ་ཕས་རྒོལ་འཇོམ་བྱེད། གཏེར་མ་འཇམ་དཔལ་རིགས་གསུམ་འདུས་པ་ཁྲོ་ཆུ་དུག་སྡོང་། འཆར་ཀ་གནམ་སྐས་མ། འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་སོགས་ཀྱི་དབང་དང་མན་ངག །རྒྱུད་སྡེ་པོད་གཉིས། རབ་འབྱམས་དང་བཅས་པའི་རྒྱུན་མ་ནུབ་པར་བཞུགས་མོད། ཆོས་བཀའ་རྒྱ་ཆེ་བའི་ཕྱིར་རེ་ཞིག་འདིར་ཉེར་མཁོ་ཕྲ་མོ་ཙམ་ལ། གནུབས་ལུགས་བཀའ་མ་དང་། གནུབས་ཆེན་དངོས་བྱོན་རྒྱ་སྟོན་རྡོ་རྗེ་འོད་འབར་དང་། དེའི་སློབ་མ་ལྷ་རྗེ་གནུབས་ཆུང་གི་ཟབ་གཏེར་བཅས་བཀའ་གཏེར་སུམ་འདྲིལ་ཡང་ཟློག་མེའི་སྤུ་གྲི་རྣོན་པོ་༡༣ནང་གཅོད་ཀྱི་དབང་། ཉེར་མཁོའི་ཡི་གེ་འགའ་ཞིག །འབྲི་གུང་ཆོས་གྲགས་ཀྱི་གསུང་རྡོ་རྗེ་བཞིའི་རྫོགས་རིམ་ཟབ་མོ། ཆོས་དབང་རིན་པོ་ཆེའི་འཆར་ཀ་གནམ་སྐས་མའི་ཟོར་དབང་། ཀིང་ནག་བཀའ་གཏེར་གཉིས་ལྡན་གྱི་གཏོར་དབང་། སངས་གླིང་གཏེར་བྱོན་ཟབ་རྒྱ་གསུམ་པ་འཇམ་དཔལ་ནག་པོ་ཡང་ཟློག་ཐུགས་ཀྱི་ཚལ་པའི་དབང་། ཡིག་ཆ་ཚང་བ། རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཀྱི་ཆོས་སྡེ་འཇིགས་བྱེད་མེའི་སྤུ་གྲིའི་དབང་། སྒྲུབ་ཐབས་ལས་ཚོགས་བཅས་གཏེར་གཞུང་ཡོངས་རྫོགས། ལྷ་ལྕམ་པདྨ་གསལ་གྱི་རྣམ་འཕྲུལ་ལྷོ་གཏེར་པདྨ་གླིང་པའི་གཏེར་ཕྲན་ནག་པོ་སྐོར་གསུམ་ཞེས་གཤིན་རྗེ་ཁ་ཐུན་ནག་པོ། ཕྲ་མེན་ཕག་ཤ་ནག་པོ། མུ་སྟེགས་གུང་ལང་ནག་པོ་རྣམས་ཀྱི་གཞུང་ཆ་ཚང་བ། འདིའི་ཕྱི་མ་གཉིས་དྲག་སྔགས་ཀྱི་སྐབས་སུ་འགོད་འོས་ཀྱང་སྡེ་ཚན་གཅིག་པའི་ཕྱིར་འདིར་བཞག །ཞར་བྱུང་འཇམ་དཔལ་ཤིན་ཏུ་ཁྲོས་པ་ཁྱབ་བདག་ནཱ་ག་རཀྴའི་སྐོར་ལ། གཏེར་ཁ་གོང་འོག་གི་རྒྱུན་ཡང་ཅི་རིགས་པར་མཆིས་མོད། འདིར་ཨོ་རྒྱན་རིན་པོ་ཆེའི་ཐུགས་སྲས་རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་རིན་ཆེན་གླིང་པའི་ཟབ་གཏེར་ནཱ་ག་རཀྴའི་རྗེས་གནང་༡༤། རྒྱུད་དང་མན་ངག་ཚང་བ་རྣམས་སོ།། །། | གཉིས་པ་བྱེ་བྲག་ལ་བརྒྱད་ལས། དང་པོ་འཇམ་དཔལ་སྐུའི་སྐོར་ལ། ཐོག་མར་འཇམ་དཔལ་ཞིང་སྒྲུབ་ཀྱི་སྐོར་ནི། ཤར་གཏེར་སངས་རྒྱས་གླིང་པའི་གཏེར་བྱོན་ཟབ་རྒྱ་དང་པོ་འཇམ་དཔལ་དཀར་པོ་བློའི་མུན་སེལ། དགོངས་འདུས་ལས། འཇམ་དཔལ་སྨྲ་སེང་བློ་འཕེལ་ཤེས་རབ་རལ་གྲི། ཟབ་རྒྱ་གཉིས་པ་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་རྣམས་ཀྱི་དབང་། སོ་སོའི་གཞུང་ཆ་ཚང་། གཞན་ཡང་ཉང་གཏེར་དྲག་དམར་གྱི་འཇམ་དཔལ་སྒོས་སྒྲུབ། ཆོས་དབང་རིན་པོ་ཆེའི་བླ་མ་གསང་འདུས་ཀྱི་བློ་ལྡན་མཆོག་སྲེད་སྒོས་སྒྲུབ་གསལ་བྱེད་བཅསz། བཻ་རོའི་རྣམ་སྤྲུལ་རྡོ་རྗེ་གླིང་པའི་ཟབ་གཏེར་ལྟ་བ་ཀློང་ཡངས་ཀྱི་ཆ་ལག་འཇམ་དཔལ་དམར་སེར་བློ་ཡི་མུན་སེལ། མངའ་རིས་པཎ་ཆེན་རིན་པོ་ཆེའི་རིག་འཛིན་ཡོངས་འདུས་ཀྱི་འཇམ་དཔལ་བསྐྱེད་རྫོགས། གཏེར་བདག་གླིང་པའི་ཟབ་གཏེར་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་འཇམ་དཔལ་ཞི་སྒྲུབ་གསལ་བྱེད་དང་བཅས་པ་སྟེ་ཐོར་བུའི་སྐོར་དང་། ཞར་བྱུང་རཏྣའི་གཏེར་ཕྲན་དབྱངས་ཅན་མ་དཀར་མོ། འགྲོ་འདུལ་ཤེས་རབ་འོད་ཟེར་གྱི་གཏེར་ཕྲན་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ། དེ་ཉིད་ཀྱི་དགོངས་གཏེར་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་བློ་གྲོས་གསལ་བྱེད་རྣམས་སོ། །རྗེས་འབྲེལ་དུ་ཕྱི་འགྱུར་གྱི་གདམས་ཟབ་འཇམ་དཔལ་དཀར་པོ་མ་ཏི་ལུགས༡༠། འཇམ་དཔལ་སྨྲ་སེང་དམ་པའི་ལུགས༡༡། དབྱངས་ཅན་མ་དཀར་མོ་བྲམ་ཟེ་ཕུར་པུའི་ལུགས་༡༢བཅས་གཏེར་ཆེན་རིན་པོ་ཆེའི་ལྗགས་བསྒྲིགས་སྒྲུབ་ཐབས་འདོད་འཇོ་བུམ་བཟང་ལས་བྱུང་བ་སྟེ། ཕྱི་མ་འདི་ཀུན་མཁྱེན་ཀློང་ཆེན་པར་ཉེ་བརྒྱུད་ཀྱི་བཀའ་བབས་པའི་མན་ངག་ཁྱད་པར་ཅན་དང་འབྲེལ་བའོ། །གཞན་ཡང་གཏེར་སྟོན་ཆེན་པོ་སར་བན་ཕྱོགས་མེད་ཀྱི་ཟབ་གཏེར་འཇམ་དཔལ་རྫོགས་པ་ཆེན་པོའི་སྨིན་གྲོལ་གྱི་སྐོར་སོགས་རྙེད་ནའང་སྐབས་འདིར་བསྡེབས་པར་བྱའོ། །འཇམ་དཔལ་དྲག་པོ་གཤིན་རྗེ་རོལ་པའི་སྐོར་ལ། སྤྱིར་དེ་བཞིན་གཤེགས་པའི་རིགས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ལྕགས་འདྲ། ལྕགས་སྡིགས། ཡང་ཟློག །རྡོ་རྗེའི་རིགས་འཇོམས་བྱེད་འཆར་ཀ་ནག་པོ། རིན་པོ་ཆེའི་རིགས་ཁ་ཐུན། པདྨའི་རིགས་འཇིགས་བྱེད་རུ་མཚོན་དམར་པོ། ལས་ཀྱི་རིགས་གཤོར་གསང་ཉི་མ་ཁྲོས་པ་སོགས་དང་། ཁྲོ་ཆུ་དང་ཀིང་ཀང་དམར་ནག་སོགས་བཀའ་གཏེར་གྱི་གཤེད་སྐོར་མཐའ་ཡས་པ་ཞིག་བྱུང་བ་ལས། བཀའ་མ་གཤིན་རྗེ་གཤེད་རུ་མཚོན་དམར་པོ། ཁ་ཐུན་ནག་པོ། གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་སྒྲུབ་པ་སྡེ་གསུམ་དང་། བཀའ་གཏེར་ཟུང་འཇུག་ཚེ་བདག །ཡང་ཟློག །འཆར་ཀ་སྒྲོམ་བུམ། གཤོར་གསང་ཀིང་ཀང་ནག་པོ་ཕས་རྒོལ་འཇོམ་བྱེད། གཏེར་མ་འཇམ་དཔལ་རིགས་གསུམ་འདུས་པ་ཁྲོ་ཆུ་དུག་སྡོང་། འཆར་ཀ་གནམ་སྐས་མ། འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་སོགས་ཀྱི་དབང་དང་མན་ངག །རྒྱུད་སྡེ་པོད་གཉིས། རབ་འབྱམས་དང་བཅས་པའི་རྒྱུན་མ་ནུབ་པར་བཞུགས་མོད། ཆོས་བཀའ་རྒྱ་ཆེ་བའི་ཕྱིར་རེ་ཞིག་འདིར་ཉེར་མཁོ་ཕྲ་མོ་ཙམ་ལ། གནུབས་ལུགས་བཀའ་མ་དང་། གནུབས་ཆེན་དངོས་བྱོན་རྒྱ་སྟོན་རྡོ་རྗེ་འོད་འབར་དང་། དེའི་སློབ་མ་ལྷ་རྗེ་གནུབས་ཆུང་གི་ཟབ་གཏེར་བཅས་བཀའ་གཏེར་སུམ་འདྲིལ་ཡང་ཟློག་མེའི་སྤུ་གྲི་རྣོན་པོ་༡༣ནང་གཅོད་ཀྱི་དབང་། ཉེར་མཁོའི་ཡི་གེ་འགའ་ཞིག །འབྲི་གུང་ཆོས་གྲགས་ཀྱི་གསུང་རྡོ་རྗེ་བཞིའི་རྫོགས་རིམ་ཟབ་མོ། ཆོས་དབང་རིན་པོ་ཆེའི་འཆར་ཀ་གནམ་སྐས་མའི་ཟོར་དབང་། ཀིང་ནག་བཀའ་གཏེར་གཉིས་ལྡན་གྱི་གཏོར་དབང་། སངས་གླིང་གཏེར་བྱོན་ཟབ་རྒྱ་གསུམ་པ་འཇམ་དཔལ་ནག་པོ་ཡང་ཟློག་ཐུགས་ཀྱི་ཚལ་པའི་དབང་། ཡིག་ཆ་ཚང་བ། རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཀྱི་ཆོས་སྡེ་འཇིགས་བྱེད་མེའི་སྤུ་གྲིའི་དབང་། སྒྲུབ་ཐབས་ལས་ཚོགས་བཅས་གཏེར་གཞུང་ཡོངས་རྫོགས། ལྷ་ལྕམ་པདྨ་གསལ་གྱི་རྣམ་འཕྲུལ་ལྷོ་གཏེར་པདྨ་གླིང་པའི་གཏེར་ཕྲན་ནག་པོ་སྐོར་གསུམ་ཞེས་གཤིན་རྗེ་ཁ་ཐུན་ནག་པོ། ཕྲ་མེན་ཕག་ཤ་ནག་པོ། མུ་སྟེགས་གུང་ལང་ནག་པོ་རྣམས་ཀྱི་གཞུང་ཆ་ཚང་བ། འདིའི་ཕྱི་མ་གཉིས་དྲག་སྔགས་ཀྱི་སྐབས་སུ་འགོད་འོས་ཀྱང་སྡེ་ཚན་གཅིག་པའི་ཕྱིར་འདིར་བཞག །ཞར་བྱུང་འཇམ་དཔལ་ཤིན་ཏུ་ཁྲོས་པ་ཁྱབ་བདག་ནཱ་ག་རཀྴའི་སྐོར་ལ། གཏེར་ཁ་གོང་འོག་གི་རྒྱུན་ཡང་ཅི་རིགས་པར་མཆིས་མོད། འདིར་ཨོ་རྒྱན་རིན་པོ་ཆེའི་ཐུགས་སྲས་རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་རིན་ཆེན་གླིང་པའི་ཟབ་གཏེར་ནཱ་ག་རཀྴའི་རྗེས་གནང་༡༤། རྒྱུད་དང་མན་ངག་ཚང་བ་རྣམས་སོ།། །། | ||
གཉིས་པ་པདྨ་གསུང་གི་སྐོར་ལ། ཐོག་མར་རིགས་བདག་ཚེ་དཔག་མེད་ཀྱི་སྐོར། བྱང་གཏེར་ཚེ་དཔག་མེད་སྤྲུལ་སྐུ་ལྕགས་སྡོང་མ་ནང་སྒྲུབ་ལྷ་མང་སེ་བཀྲ་བཟང་བའི་གསུང་རྒྱུན་མ། དང་། ལྷ་གཅིག་བུམ་གཅིག་གི་དབང་༡༥། གཏེར་གཞུང་ཚང་བ། ལྷ་མང་གི་དབང་ཆོག །ལྷ་གཅིག་གི་རྒྱུན་ཁྱེར། ཕྱི་ནང་གསང་བའི་སྒྲུབ་ཐབས་ཀྱི་གསལ་བྱེད་བཅས། ལོངས་སྐུ་འཆི་མེད་འོད་སྣང་གི་དབང་། ཉེར་མཁོའི་ཡིག་ཆ་དག་སྣང་ཚེ་སྒྲུབ་སྦྲག་མའི་དབང་། པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་དབང་༡༦གསུང་རྒྱུན་མ། ཞར་བྱུང་ཚེ་ཁྲིད། སྤྱི་ལའང་ཉེ་བར་མཁོ་བའི་ཆ་ལག་ཏུ་གཞུང་དེ་ཉིད་ལས་བྱུང་བའི་འཆི་ལྟས་བརྟག་པ། འཆི་བསླུ་བཅུད་ལེན་ཚེ་འཁོར་ཚེ་གཏའ་བསྡོམས་པ། ཚེ་པྲ་བརྟག་པ། ཉང་གཏེར་ཚེ་པྲ་བརྟགས་པའི་གདམས་པ་zཁྱད་པར་ཅན་རྣམས་སོ། །རཏྣའི་ཚེ་སྒྲུབ་གསང་འདུས་དོན་དབང་། པདྨའི་རྣམ་སྤྲུལ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་བཀའ་གཏེར་ཟུང་འཇུག་ཚེ་རྟ་ཟུང་འབྲེལ་༡༧འཆི་མེད་དཔལ་སྟེར་གྱི་དབང་། བསྙེན་ཡིག་ཉུང་གསལ། རས་ཆེན་དཔལ་འབྱོར་བཟང་པོ་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གནང་བའི་ཚེ་སྒྲུབ་མདའ་འཕེལ་མའི་དབང་། ཡིག་ཆ་ཚང་བ། འབྲི་གུང་དགོངས་ཟབ་ཚེ་སྒྲུབ་ཕྱི་ནང་གསང་བའི་དབང་། གཏེར་གཞུང་དང་ཆོག་བསྒྲིགས་ཚང་བ། འདིའི་རྫོགས་རིམ་ཐུན་མོང་མ་ཡིན་པ་ཛཱ་བཱིར་གྱི་སྐོར་ནི་འོག་ཏུ་གསལ་ལོ། །གཏེར་ཆེན་ཤེས་རབ་འོད་ཟེར་གྱི་ཟབ་གཏེར་འཆི་མེད་སྐུ་གསུམ་འདུས་པའི་དབང་། གཏེར་གཞུང་དང་ལྗགས་བསྒྲིགས་བཅས། རིག་འཛིན་ལེགས་ལྡན་རྗེར་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་ཚེ་སྒྲུབ་ནམ་མཁའ་ཟས་ཟའི་མན་ངག་གསལ་བྱེད་དང་བཅས་པ། ལྷ་སྲས་རྣམ་སྤྲུལ་དཔལ་ཆོས་ཀྱི་གྲགས་པའི་དག་སྣང་སྒྲ་མི་སྙན་གྱི་ཚེ་དབང་། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོའི་ནང་སྒྲུབ་གར་དབང་ཚེ་འདི་འོག་ཏུ་ཐུགས་རྗེ་ཆེན་པོའི་སྐབས་བཀོད་པར་འོས་ཀྱང་། ཚེ་སྒྲུབ་རྣམས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བཀོད། དཔག་མེད་ཀྱི་དབང་། གཏེར་གཞུང་གསལ་བྱེད་འཆི་བསླུ་དང་བཅས་པའི་སྐོར་ཚང་བ། རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་རིག་འཛིན་ཆོས་རྗེ་གླིང་པའི་ཟབ་གཏེར་བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དབང་གཞུང་གསལ་བྱེད་བཅས། བཻ་རོའི་རྣམ་སྤྲུལ་པདྨ་བདེ་ཆེན་གླིང་པའི་ཟབ་གཏེར་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དབང་། ཉེར་མཁོའི་ཡིག་ཆ་ཚང་བ། རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་ཕྲན་ནམ་མཁའི་སྙིང་པོའི་ཚེ་སྒྲུབ་དང་། བཻ་རོའི་རྣམ་སྤྲུལ་དཔལ་ལྡན་དཔའ་བོ་བརྒྱད་པའི་དགོངས་གཏེར་ཚེ་སྒྲུབ་ཀྱི་དབང་། སོ་སོའི་གཞུང་བཅས་སོ། །གཞན་ཡང་པཎ་ཆེན་ནགས་རིན་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་པདྨ་ཚེ་ཁྲིད་སོགས་ཀྱི་རྒྱུན་རྙེད་ནའང་འདིར་འགོད། ཞར་བྱུང་འོད་དཔག་མེད་ཀྱི་སྐོར་ལ། སྤྱིར་འོད་དཔག་མེད་ཀྱི་སྒྲུབ་སྐོར་གཞུང་རྙིང་པ་བྱང་གཏེར་རྟེན་འབྲེལ་ཆོས་བདུན་དང་། བྱང་གླིང་ཀུན་བཟང་ཐུགས་གཏེར་ལས་བྱུང་བའི་སྐོར་དང་། ཀཿདམ་པ་བདེ་གཤེགས་ཀྱི་དག་སྣང་གསུང་རྡོ་རྗེ་སོགས་ཐོར་བུ་ཙམ་སྣང་ངོ་། མཆན། ཨཱ་ཙཪྻ་ས་ལེའི་རྣམ་སྤྲུལ་སྟག་ཤམ་བསམ་གཏན་གླིང་པའི་ཟབ་གཏེར་འོད་དཔག་མེད་ཀྱི་ཀླུ་སྒྲུབ་ལུགས་ཀྱི་རྗེས་གནང་། བཻ་རོའི་རྣམ་སྤྲུལ་རིག་འཛིན་མི་འགྱུར་རྡོ་རྗེའི་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་དབང་། ཡིག་ཆ་ཉེར་མཁོའི་སྐོར། དགོངས་གཏེར་སྣང་བ་མཐའ་ཡས་ཀྱི་ཚེ་དབང་། ཆོས་བློན་ཉི་མའི་སྐྱེ་མཐའ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་ཟབ་གཏེར་དང་། དག་སྣང་འོད་དཔག་མེད་ཀྱི་འཕོ་བའི་གདམས་པ་ལེ་ཚན་གྱི་ཁྲིད། དེ་དག་གི་ཡིག་ཆ་ཚང་བ། རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་གྱི་བསྟན་བཅོས་ཚེ་དཔག་མེད་སྐུ་གསུམ་ལམ་རིམ་གྱི་ཟབ་ཁྲིད་འདི་གཙོ་བོ་བདེ་གླིང་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་དང་འབྲེལ་ལོ། །ངོ་མཚར་ཅན་རྣམས་སོ།། །། | གཉིས་པ་པདྨ་གསུང་གི་སྐོར་ལ། ཐོག་མར་རིགས་བདག་ཚེ་དཔག་མེད་ཀྱི་སྐོར། བྱང་གཏེར་ཚེ་དཔག་མེད་སྤྲུལ་སྐུ་ལྕགས་སྡོང་མ་ནང་སྒྲུབ་ལྷ་མང་སེ་བཀྲ་བཟང་བའི་གསུང་རྒྱུན་མ། དང་། ལྷ་གཅིག་བུམ་གཅིག་གི་དབང་༡༥། གཏེར་གཞུང་ཚང་བ། ལྷ་མང་གི་དབང་ཆོག །ལྷ་གཅིག་གི་རྒྱུན་ཁྱེར། ཕྱི་ནང་གསང་བའི་སྒྲུབ་ཐབས་ཀྱི་གསལ་བྱེད་བཅས། ལོངས་སྐུ་འཆི་མེད་འོད་སྣང་གི་དབང་། ཉེར་མཁོའི་ཡིག་ཆ་དག་སྣང་ཚེ་སྒྲུབ་སྦྲག་མའི་དབང་། པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་དབང་༡༦གསུང་རྒྱུན་མ། ཞར་བྱུང་ཚེ་ཁྲིད། སྤྱི་ལའང་ཉེ་བར་མཁོ་བའི་ཆ་ལག་ཏུ་གཞུང་དེ་ཉིད་ལས་བྱུང་བའི་འཆི་ལྟས་བརྟག་པ། འཆི་བསླུ་བཅུད་ལེན་ཚེ་འཁོར་ཚེ་གཏའ་བསྡོམས་པ། ཚེ་པྲ་བརྟག་པ། ཉང་གཏེར་ཚེ་པྲ་བརྟགས་པའི་གདམས་པ་zཁྱད་པར་ཅན་རྣམས་སོ། །རཏྣའི་ཚེ་སྒྲུབ་གསང་འདུས་དོན་དབང་། པདྨའི་རྣམ་སྤྲུལ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་བཀའ་གཏེར་ཟུང་འཇུག་ཚེ་རྟ་ཟུང་འབྲེལ་༡༧འཆི་མེད་དཔལ་སྟེར་གྱི་དབང་། བསྙེན་ཡིག་ཉུང་གསལ། རས་ཆེན་དཔལ་འབྱོར་བཟང་པོ་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གནང་བའི་ཚེ་སྒྲུབ་མདའ་འཕེལ་མའི་དབང་། ཡིག་ཆ་ཚང་བ། འབྲི་གུང་དགོངས་ཟབ་ཚེ་སྒྲུབ་ཕྱི་ནང་གསང་བའི་དབང་། གཏེར་གཞུང་དང་ཆོག་བསྒྲིགས་ཚང་བ། འདིའི་རྫོགས་རིམ་ཐུན་མོང་མ་ཡིན་པ་ཛཱ་བཱིར་གྱི་སྐོར་ནི་འོག་ཏུ་གསལ་ལོ། །གཏེར་ཆེན་ཤེས་རབ་འོད་ཟེར་གྱི་ཟབ་གཏེར་འཆི་མེད་སྐུ་གསུམ་འདུས་པའི་དབང་། གཏེར་གཞུང་དང་ལྗགས་བསྒྲིགས་བཅས། རིག་འཛིན་ལེགས་ལྡན་རྗེར་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་ཚེ་སྒྲུབ་ནམ་མཁའ་ཟས་ཟའི་མན་ངག་གསལ་བྱེད་དང་བཅས་པ། ལྷ་སྲས་རྣམ་སྤྲུལ་དཔལ་ཆོས་ཀྱི་གྲགས་པའི་དག་སྣང་སྒྲ་མི་སྙན་གྱི་ཚེ་དབང་། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོའི་ནང་སྒྲུབ་གར་དབང་ཚེ་འདི་འོག་ཏུ་ཐུགས་རྗེ་ཆེན་པོའི་སྐབས་བཀོད་པར་འོས་ཀྱང་། ཚེ་སྒྲུབ་རྣམས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བཀོད། དཔག་མེད་ཀྱི་དབང་། གཏེར་གཞུང་གསལ་བྱེད་འཆི་བསླུ་དང་བཅས་པའི་སྐོར་ཚང་བ། རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་རིག་འཛིན་ཆོས་རྗེ་གླིང་པའི་ཟབ་གཏེར་བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དབང་གཞུང་གསལ་བྱེད་བཅས། བཻ་རོའི་རྣམ་སྤྲུལ་པདྨ་བདེ་ཆེན་གླིང་པའི་ཟབ་གཏེར་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དབང་། ཉེར་མཁོའི་ཡིག་ཆ་ཚང་བ། རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་ཕྲན་ནམ་མཁའི་སྙིང་པོའི་ཚེ་སྒྲུབ་དང་། བཻ་རོའི་རྣམ་སྤྲུལ་དཔལ་ལྡན་དཔའ་བོ་བརྒྱད་པའི་དགོངས་གཏེར་ཚེ་སྒྲུབ་ཀྱི་དབང་། སོ་སོའི་གཞུང་བཅས་སོ། །གཞན་ཡང་པཎ་ཆེན་ནགས་རིན་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་པདྨ་ཚེ་ཁྲིད་སོགས་ཀྱི་རྒྱུན་རྙེད་ནའང་འདིར་འགོད། ཞར་བྱུང་འོད་དཔག་མེད་ཀྱི་སྐོར་ལ། སྤྱིར་འོད་དཔག་མེད་ཀྱི་སྒྲུབ་སྐོར་གཞུང་རྙིང་པ་བྱང་གཏེར་རྟེན་འབྲེལ་ཆོས་བདུན་དང་། བྱང་གླིང་ཀུན་བཟང་ཐུགས་གཏེར་ལས་བྱུང་བའི་སྐོར་དང་། ཀཿདམ་པ་བདེ་གཤེགས་ཀྱི་དག་སྣང་གསུང་རྡོ་རྗེ་སོགས་ཐོར་བུ་ཙམ་སྣང་ངོ་། མཆན། ཨཱ་ཙཪྻ་ས་ལེའི་རྣམ་སྤྲུལ་སྟག་ཤམ་བསམ་གཏན་གླིང་པའི་ཟབ་གཏེར་འོད་དཔག་མེད་ཀྱི་ཀླུ་སྒྲུབ་ལུགས་ཀྱི་རྗེས་གནང་། བཻ་རོའི་རྣམ་སྤྲུལ་རིག་འཛིན་མི་འགྱུར་རྡོ་རྗེའི་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་དབང་། ཡིག་ཆ་ཉེར་མཁོའི་སྐོར། དགོངས་གཏེར་སྣང་བ་མཐའ་ཡས་ཀྱི་ཚེ་དབང་། ཆོས་བློན་ཉི་མའི་སྐྱེ་མཐའ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་ཟབ་གཏེར་དང་། དག་སྣང་འོད་དཔག་མེད་ཀྱི་འཕོ་བའི་གདམས་པ་ལེ་ཚན་གྱི་ཁྲིད། དེ་དག་གི་ཡིག་ཆ་ཚང་བ། རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་གྱི་བསྟན་བཅོས་ཚེ་དཔག་མེད་སྐུ་གསུམ་ལམ་རིམ་གྱི་ཟབ་ཁྲིད་འདི་གཙོ་བོ་བདེ་གླིང་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་དང་འབྲེལ་ལོ། །ངོ་མཚར་ཅན་རྣམས་སོ།། །། | ||
ཞི་བ་ཐུགས་རྗེ་ཆེན་པོའི་སྐོར་ལ། སྤྱིར་བོད་ཡུལ་ཐུགས་རྗེ་ཆེན་པོའི་འདུལ་ཞིང་དུ་གྱུར་པའི་རྟེན་འབྲེལ་གྱི་བཀའ་གཏེར་དག་སྣང་གི་འཕགས་པའི་ལམ་སྲོལ་མཐའ་ཡས་པ་ཞིག་བྱུང་བ་ལས། འདིར་འཆི་མེད་གྲུབ་ཐོབ་དངོས་གྲུབ་ཀྱི་ཟབ་གཏེར་གཙོ་བོར་གྱུར་པ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་ཕྱག་བཞི་པའི་དབང་ཆེན་འདི་དང་འཇའ་ཚོན་པའི་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གཉིས་ཤིན་ཏུ་མཐུན་པས་གཏེར་ཁ་གཉིས་ལྡན་ནོ། །འདོད་བུམ་ལས་འབྱུང་བའི་དོན་དབང་༡༨། བཅུ་གཅིག་ཞལ་ནམ་མཁའི་རྒྱལ་༡༩པོའི་བསྒོམ་ལུང་། སྐུ་གསུམ་སྙིང་པོའི་དོན་ཁྲིད། ཡི་གེ་དྲུག་པའི་སྒྲུབ་ཐབས་དྲུག་སྐོར། ལས་ཚོགས་སོ་དྲུག །ཐུན་མོང་ལས་ཕྲན། འདི་རྒྱུན་དཀོན། ཞར་བྱུང་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས་བྱུང་བའི་ཁྲུས་ཆབ་དང་བལ་བུའི་སྒྲུབ་ཐབས། དཔལ་ཆོས་ཀྱི་གྲགས་པའི་བསྐྱེད་རྫོགས་ཀྱི་གཞུང་ཕྲེང་བ་སྐོར་གསུམ། ལོ་ཆེན་རིན་པོ་ཆེའི་ཁྲིད་ཡིག་བཅས། བཀའ་གཏེར་ཟུང་འཇུག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་༢༠གྱི་བྱིན་རླབས། ཉང་གཏེར་བ་མཁལ་མའི་གཞུང་ལེའུ་བཅུ་གཉིས་པ་སྔགས་ཀྱི་ཐེམ་བྱང་། གསལ་བྱེད་གའུ་དང་བ་མཁལ་ལ་བརྟེན་ནས་སྣང་བ་དབང་སྡུད། བ་མཁལ་མ་དང་འབྲེལ་བའི་ལས་ཕྲན། ཞར་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྡོ་རྗེ་སྙིང་པོས་མཛད་པ་གསར་འགྱུར་བཅས། འདི་བརྒྱུད་པ་མི་གསུངས་ཞེས་སྣང་། བདེ་ཀུན་གྱི་རྩ་བ་དང་ཕལ་ཆེར་ཤིན་ཏུ་མཚུངས་སོ། །ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་། དབང་མཆོག་དང་ལས་བྱང་སོགས་ཉེར་མཁོའི་སྐོར། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྩ་དབང་། ལམ་དབང་། གཏེར་གཞུང་ཚང་བ་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག །རྒྱུན་གྱི་རྣལ་འབྱོར་བཅས། z རཏྣའི་གསང་འདུས་དོན་དབང་། ཨཱ་ཙཪྻ་ས་ལེའི་རྣམ་འཕྲུལ་གཏེར་སྟོན་དྲི་མེད་ལྷུན་པོའི་ཟབ་གཏེར་དོན་ཏིག་འགྲོ་བ་ཀུན་གྲོལ་དང་། མངའ་རིས་གཏེར་སྟོན་གར་དབང་ཟླ་བ་རྒྱ་མཚན་གྱིས་ཟབ་ཏིག་ཆོས་དབྱིངས་རང་གསལ་ཟུང་དུ་འབྲེལ་བའི་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ལ་བརྟེན་པའི་ཐེག་པ་རིམ་དགུའི་དབང་། དེའི་ལས་བྱང་། དབང་ཆོག །དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད། མ་བསྒོམ་སངས་རྒྱས་ཆོས་དྲུག་བཅས་ཉེར་མཁོ་བསྡུས་པ། ཆོས་གླིང་ཟབ་གཏེར་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་དབང་། རྒྱལ་པོ་ལུགས་དང་སྨར་ཁྲིད་རིགས་བཞི་བཅས་བཀའ་གཏེར་ཐམས་ཅད་ཀྱི་བྱིན་རླབས་ཆུ་བོ་གཅིག་འདུས་ཐུགས་རྗེ་ཆེན་པོའི་ཁྲིད་རིམ་རིག་འཛིན་ཚེ་དབང་ནོར་བུས་མཛད་པ། འདི་ཇི་སྐད་སྨོས་པ་རྣམས་ཀྱི་ཚིག་དོན་གཉིས་ཀ་འདུས་པས་ཁྱད་པར་དུ་འཕགས་ཤིང་། ཉམས་ཁྲིད་ཀྱི་རྒྱུན་ཡང་མཆིས་སོ། །ཞར་བྱུང་ཉང་གཏེར་ཐུགས་རྗེ་ཆེན་པོའི་མིག་འབྱེད་ཀྱི་གདམས་ཟབ། གནམ་ཆོས་པདྨ་གཙུག་ཏོར། སེང་གེ་སྒྲ། ཚད་ནད་ཞི་བྱེད་བཅས། དྲག་པོ་རྟ་མཆོག་རོལ་པའི་སྐོར་ལ། སྤྱིར་པདྨ་རིགས་ཀྱི་རྟ་མགྲིན་དམར་པོ། རྡོ་རྗེའི་རིགས་ཀྱི་རྟ་མགྲིན་ནག་པོ། ལས་ཀྱི་རིགས་ཀྱི་རྟ་མགྲིན་ལྗང་གུ་རྒྱུད་ལུང་སོགས་རིགས་ཀྱི་དབྱེ་བ་དང་། བཀའ་མ་རྟ་མགྲིན་རྒྱལ་པོ་ལུགས་དྲེགས་པ་ལྔ་དྲིལ། ཀཾ་ཚང་བཀའ་བརྒྱུད་ལ་བཀའ་བབས་པའི་རྟ་མགྲིན་བདེ་གཤེགས་ཐུགས་དྲིལ་སོགས་ཅི་རིགས་པ་བྱུང་ནའང་དེང་སང་རྒྱུད་སྡེ་རབ་འབྱམས་ཀྱི་ལུང་ཙམ་ལས་དབང་དང་མན་ངག་གི་རྒྱུན་ཡོད་མེད་མ་འཚལ། གཏེར་མའི་ཕྱོགས་ལ་གཙོ་བོར་གཏེར་སྟོན་སུམ་ཚོགས་ཀྱི་ཡང་གསང་། རཏྣའི་གསང་འདུས། རྒྱལ་བའི་བློ་གྲོས་ཀྱི་རྣམ་འཕྲུལ་གྲུབ་ཆེན་མཆོག་ལྡན་རྡོ་རྗེའི་རྟ་མགྲིན་སྙིང་ཐིག་སྙིང་པོ་དོན་སྦྱོར། སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་སོགས་རྒྱ་ཆེར་མཆིས་པ་ལས། འདིར་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་བྱང་ཆུབ་ཚུལ་ཁྲིམས་འབྲོ་ཤེས་རབ་འབར་སྟེ་གཏེར་སྟོན་སུམ་ཚོགས་ཀྱིས་གདན་དྲངས་ཤིང་དཔལ་ལྡན་གྲུབ་ཐོབ་འདར་འཕྱར་བ་རིན་ཆེན་བཟང་པོ་ལ་བཀའ་བབས་པའི་རྟ་མགྲིན་དམར་པོ་ཡང་གསང་ཁྲོས་པའི་གཏོར་དབང་། ཕྱག་རྒྱ་རྐྱང་སྒྲུབ་ཀྱི་རྣལ་འབྱོར་ཚར་ཆེན་རིན་པོ་ཆེས་མཛད་པ། རྫོགས་རིམ་ཡེ་ཤེས་གསང་ལམ། པདྨ་གསང་ལམ། དབང་བཞིའི་དོན་ཁྲིད་བཅས་བསྐྱེད་རྫོགས་མདོ་ཙམ། དེ་དང་འབྲེལ་བའི་འཆི་མེད་རྫོང་ཆུང་ཚེ་དབང་། དེའི་ཡིག་ཆ་ཚར་ཆེན་རིན་པོ་ཆེའི་གསུང་། སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱི་ཟབ་གཏེར་གྲུབ་ཆེན་སྐྱེར་སྒང་བ་ཆོས་ཀྱི་སེང་གེ་ལ་བཀའ་བབས་པའི་རྟ་མགྲིན་དམར་པོ་གསང་སྒྲུབ་༢༡ཀྱི་བྱིན་རླབས། གསང་བདག་སྒྲོལ་མགོན་ཞབས་ཀྱིས་མཛད་པའི་ལས་བྱང་། དེ་དང་འབྲེལ་བའི་བསྙེན་ཐབས། ཞར་བྱུང་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་ཟབ་གཏེར་དཔལ་རྟ་མགྲིན་གྱི་ལས་ཚོགས་བརྒྱ་རྩ། ཉང་གཏེར་རྟ་མགྲིན་ནག་པོ་ལྕགས་རལ་ཅན་༢༢གྱི་དབང་རྗེས་གནང་དང་བཅས་པ། དེའི་ཡིག་ཆ་ཤིན་ཏུ་ཚང་བ། བསྙེན་སྒྲུབ་ལས་གསུམ་གྱི་གསལ་བྱེད། z ཆོས་དབང་རིན་པོ་ཆེའི་རྟ་ནག་གི་དབང་༢༣། འདིའི་གཏེར་གཞུང་སྒྲུབ་ཐབས་ལས་ཚོགས་བཅས་ཀྱི་ལུང་རྒྱུན་སླར་རྙེད་ན་འཛུད་དགོས། ལས་འབྲེལ་ཅན་གྱི་གཉེན་པོ་ལྷ་གསུམ་གྱི་དབང་། དེའི་ལས་བྱང་དང་དབང་ཆོག །རཏྣའི་གསང་འདུས་དོན་དབང་དང་། རྟ་མགྲིན་ནག་པོ་ལྕགས་རལ་གྱི་དབང་། དེའི་གཏེར་གཞུང་སྐོར་ཚང་བ། གཞན་ཡང་ཉང་གཏེར་དྲག་པོ་ལྷ་གསུམ་སོགས་ཀྱི་རྒྱུན་རྙེད་ནའང་འདིར་དྲང་བར་བྱའོ།། །། | ཞི་བ་ཐུགས་རྗེ་ཆེན་པོའི་སྐོར་ལ། སྤྱིར་བོད་ཡུལ་ཐུགས་རྗེ་ཆེན་པོའི་འདུལ་ཞིང་དུ་གྱུར་པའི་རྟེན་འབྲེལ་གྱི་བཀའ་གཏེར་དག་སྣང་གི་འཕགས་པའི་ལམ་སྲོལ་མཐའ་ཡས་པ་ཞིག་བྱུང་བ་ལས། འདིར་འཆི་མེད་གྲུབ་ཐོབ་དངོས་གྲུབ་ཀྱི་ཟབ་གཏེར་གཙོ་བོར་གྱུར་པ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་ཕྱག་བཞི་པའི་དབང་ཆེན་འདི་དང་འཇའ་ཚོན་པའི་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གཉིས་ཤིན་ཏུ་མཐུན་པས་གཏེར་ཁ་གཉིས་ལྡན་ནོ། །འདོད་བུམ་ལས་འབྱུང་བའི་དོན་དབང་༡༨། བཅུ་གཅིག་ཞལ་ནམ་མཁའི་རྒྱལ་༡༩པོའི་བསྒོམ་ལུང་། སྐུ་གསུམ་སྙིང་པོའི་དོན་ཁྲིད། ཡི་གེ་དྲུག་པའི་སྒྲུབ་ཐབས་དྲུག་སྐོར། ལས་ཚོགས་སོ་དྲུག །ཐུན་མོང་ལས་ཕྲན། འདི་རྒྱུན་དཀོན། ཞར་བྱུང་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས་བྱུང་བའི་ཁྲུས་ཆབ་དང་བལ་བུའི་སྒྲུབ་ཐབས། དཔལ་ཆོས་ཀྱི་གྲགས་པའི་བསྐྱེད་རྫོགས་ཀྱི་གཞུང་ཕྲེང་བ་སྐོར་གསུམ། ལོ་ཆེན་རིན་པོ་ཆེའི་ཁྲིད་ཡིག་བཅས། བཀའ་གཏེར་ཟུང་འཇུག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་༢༠གྱི་བྱིན་རླབས། ཉང་གཏེར་བ་མཁལ་མའི་གཞུང་ལེའུ་བཅུ་གཉིས་པ་སྔགས་ཀྱི་ཐེམ་བྱང་། གསལ་བྱེད་གའུ་དང་བ་མཁལ་ལ་བརྟེན་ནས་སྣང་བ་དབང་སྡུད། བ་མཁལ་མ་དང་འབྲེལ་བའི་ལས་ཕྲན། ཞར་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྡོ་རྗེ་སྙིང་པོས་མཛད་པ་གསར་འགྱུར་བཅས། འདི་བརྒྱུད་པ་མི་གསུངས་ཞེས་སྣང་། བདེ་ཀུན་གྱི་རྩ་བ་དང་ཕལ་ཆེར་ཤིན་ཏུ་མཚུངས་སོ། །ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་། དབང་མཆོག་དང་ལས་བྱང་སོགས་ཉེར་མཁོའི་སྐོར། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྩ་དབང་། ལམ་དབང་། གཏེར་གཞུང་ཚང་བ་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག །རྒྱུན་གྱི་རྣལ་འབྱོར་བཅས། z རཏྣའི་གསང་འདུས་དོན་དབང་། ཨཱ་ཙཪྻ་ས་ལེའི་རྣམ་འཕྲུལ་གཏེར་སྟོན་དྲི་མེད་ལྷུན་པོའི་ཟབ་གཏེར་དོན་ཏིག་འགྲོ་བ་ཀུན་གྲོལ་དང་། མངའ་རིས་གཏེར་སྟོན་གར་དབང་ཟླ་བ་རྒྱ་མཚན་གྱིས་ཟབ་ཏིག་ཆོས་དབྱིངས་རང་གསལ་ཟུང་དུ་འབྲེལ་བའི་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ལ་བརྟེན་པའི་ཐེག་པ་རིམ་དགུའི་དབང་། དེའི་ལས་བྱང་། དབང་ཆོག །དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད། མ་བསྒོམ་སངས་རྒྱས་ཆོས་དྲུག་བཅས་ཉེར་མཁོ་བསྡུས་པ། ཆོས་གླིང་ཟབ་གཏེར་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་དབང་། རྒྱལ་པོ་ལུགས་དང་སྨར་ཁྲིད་རིགས་བཞི་བཅས་བཀའ་གཏེར་ཐམས་ཅད་ཀྱི་བྱིན་རླབས་ཆུ་བོ་གཅིག་འདུས་ཐུགས་རྗེ་ཆེན་པོའི་ཁྲིད་རིམ་རིག་འཛིན་ཚེ་དབང་ནོར་བུས་མཛད་པ། འདི་ཇི་སྐད་སྨོས་པ་རྣམས་ཀྱི་ཚིག་དོན་གཉིས་ཀ་འདུས་པས་ཁྱད་པར་དུ་འཕགས་ཤིང་། ཉམས་ཁྲིད་ཀྱི་རྒྱུན་ཡང་མཆིས་སོ། །ཞར་བྱུང་ཉང་གཏེར་ཐུགས་རྗེ་ཆེན་པོའི་མིག་འབྱེད་ཀྱི་གདམས་ཟབ། གནམ་ཆོས་པདྨ་གཙུག་ཏོར། སེང་གེ་སྒྲ། ཚད་ནད་ཞི་བྱེད་བཅས། དྲག་པོ་རྟ་མཆོག་རོལ་པའི་སྐོར་ལ། སྤྱིར་པདྨ་རིགས་ཀྱི་རྟ་མགྲིན་དམར་པོ། རྡོ་རྗེའི་རིགས་ཀྱི་རྟ་མགྲིན་ནག་པོ། ལས་ཀྱི་རིགས་ཀྱི་རྟ་མགྲིན་ལྗང་གུ་རྒྱུད་ལུང་སོགས་རིགས་ཀྱི་དབྱེ་བ་དང་། བཀའ་མ་རྟ་མགྲིན་རྒྱལ་པོ་ལུགས་དྲེགས་པ་ལྔ་དྲིལ། ཀཾ་ཚང་བཀའ་བརྒྱུད་ལ་བཀའ་བབས་པའི་རྟ་མགྲིན་བདེ་གཤེགས་ཐུགས་དྲིལ་སོགས་ཅི་རིགས་པ་བྱུང་ནའང་དེང་སང་རྒྱུད་སྡེ་རབ་འབྱམས་ཀྱི་ལུང་ཙམ་ལས་དབང་དང་མན་ངག་གི་རྒྱུན་ཡོད་མེད་མ་འཚལ། གཏེར་མའི་ཕྱོགས་ལ་གཙོ་བོར་གཏེར་སྟོན་སུམ་ཚོགས་ཀྱི་ཡང་གསང་། རཏྣའི་གསང་འདུས། རྒྱལ་བའི་བློ་གྲོས་ཀྱི་རྣམ་འཕྲུལ་གྲུབ་ཆེན་མཆོག་ལྡན་རྡོ་རྗེའི་རྟ་མགྲིན་སྙིང་ཐིག་སྙིང་པོ་དོན་སྦྱོར། སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་སོགས་རྒྱ་ཆེར་མཆིས་པ་ལས། འདིར་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་བྱང་ཆུབ་ཚུལ་ཁྲིམས་འབྲོ་ཤེས་རབ་འབར་སྟེ་གཏེར་སྟོན་སུམ་ཚོགས་ཀྱིས་གདན་དྲངས་ཤིང་དཔལ་ལྡན་གྲུབ་ཐོབ་འདར་འཕྱར་བ་རིན་ཆེན་བཟང་པོ་ལ་བཀའ་བབས་པའི་རྟ་མགྲིན་དམར་པོ་ཡང་གསང་ཁྲོས་པའི་གཏོར་དབང་། ཕྱག་རྒྱ་རྐྱང་སྒྲུབ་ཀྱི་རྣལ་འབྱོར་ཚར་ཆེན་རིན་པོ་ཆེས་མཛད་པ། རྫོགས་རིམ་ཡེ་ཤེས་གསང་ལམ། པདྨ་གསང་ལམ། དབང་བཞིའི་དོན་ཁྲིད་བཅས་བསྐྱེད་རྫོགས་མདོ་ཙམ། དེ་དང་འབྲེལ་བའི་འཆི་མེད་རྫོང་ཆུང་ཚེ་དབང་། དེའི་ཡིག་ཆ་ཚར་ཆེན་རིན་པོ་ཆེའི་གསུང་། སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱི་ཟབ་གཏེར་གྲུབ་ཆེན་སྐྱེར་སྒང་བ་ཆོས་ཀྱི་སེང་གེ་ལ་བཀའ་བབས་པའི་རྟ་མགྲིན་དམར་པོ་གསང་སྒྲུབ་༢༡ཀྱི་བྱིན་རླབས། གསང་བདག་སྒྲོལ་མགོན་ཞབས་ཀྱིས་མཛད་པའི་ལས་བྱང་། དེ་དང་འབྲེལ་བའི་བསྙེན་ཐབས། ཞར་བྱུང་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་ཟབ་གཏེར་དཔལ་རྟ་མགྲིན་གྱི་ལས་ཚོགས་བརྒྱ་རྩ། ཉང་གཏེར་རྟ་མགྲིན་ནག་པོ་ལྕགས་རལ་ཅན་༢༢གྱི་དབང་རྗེས་གནང་དང་བཅས་པ། དེའི་ཡིག་ཆ་ཤིན་ཏུ་ཚང་བ། བསྙེན་སྒྲུབ་ལས་གསུམ་གྱི་གསལ་བྱེད། z ཆོས་དབང་རིན་པོ་ཆེའི་རྟ་ནག་གི་དབང་༢༣། འདིའི་གཏེར་གཞུང་སྒྲུབ་ཐབས་ལས་ཚོགས་བཅས་ཀྱི་ལུང་རྒྱུན་སླར་རྙེད་ན་འཛུད་དགོས། ལས་འབྲེལ་ཅན་གྱི་གཉེན་པོ་ལྷ་གསུམ་གྱི་དབང་། དེའི་ལས་བྱང་དང་དབང་ཆོག །རཏྣའི་གསང་འདུས་དོན་དབང་དང་། རྟ་མགྲིན་ནག་པོ་ལྕགས་རལ་གྱི་དབང་། དེའི་གཏེར་གཞུང་སྐོར་ཚང་བ། གཞན་ཡང་ཉང་གཏེར་དྲག་པོ་ལྷ་གསུམ་སོགས་ཀྱི་རྒྱུན་རྙེད་ནའང་འདིར་དྲང་བར་བྱའོ།། །། | ||
གསུམ་པ་ཡང་དག་ཐུགས་ཀྱི་སྐོར་ལ། ཞི་བ་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ནི་གོང་དུ་སྨོས་ཟིན་ལ། འདིར་རིག་འཛིན་ཚེ་དབང་ནོར་བུའི་མཛད་པའི་གཏེར་ཁ་གསུམ་ལྡན་གྱི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དང་འབྲེལ་བའི་དབང་། དེའི་ཡིག་ཆ་ཉེར་མཁོའི་སྐོར། དྲག་པོ་དཔལ་ཡང་དག་ཧེ་རུ་ཀ་བཀའ་མ་ཟླ་གམ་གཅིག་པ། དགུ་མ། ལྔ་བཅུ་རྩ་བརྒྱད་སོགས་སོ་སོའི་དབང་ཀ་དང་མན་ངག་གི་རྒྱུན་རྒྱ་ཆེར་བྱུང་སྣང་ནའང་། དེང་དུས་ནི་ཟླ་གམ་དགུ་མ་སོ་ལུགས་དང་། འཁོན་ལུགས་ཀྱི་དབང་དང་། རྒྱུད་སྡེ་མང་པོའི་ལུང་རྒྱུན་ཙམ་བཞུགས་ཤིང་། གཞན་ཡང་པཎ་ཆེན་ཤཱཀྱ་ཤྲཱི་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་ཡང་དག་མེ་གཅིག་གི་གདམས་པ་ངོ་མཚར་ཅན་སོགས་བྱུང་བ་ལས། འདིར་གཏེར་མའི་ཕྱོགས་ལས་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་དང་། བཀའ་མའི་བྱིན་རླབས་ཀྱི་རྒྱུན་ཡང་གཅིག་ཏུ་འདྲེས་པའི་ཡང་དག་སྙིང་པོ་མེ་གཅིག་གི་དབང་། བསྐྱེད་རིམ་རྒྱས་འབྲིང་བསྡུས་གསུམ་དང་། རྫོགས་རིམ་ཡང་དག་རྩ་རླུང་གི་དགོངས་པ་སྒྲོལ་མ་རྡོ་རྗེའི་ཚིགས་བདུན་སོགས་བསྐྱེད་རྫོགས་ཆ་ལག་གསལ་བྱེད་དང་བཅས་པ། གཏེར་ཆེན་ཆོས་རྗེ་གླིང་པའི་ཟབ་གཏེར་ཡང་དག་བདེ་ཆེན་སྙིང་པོའི་དབང་གཏེར་གཞུང་གི་བསྐྱེད་རྫོགས་རྫོགས་རིམ་གྱི་ཁྲིད་རྒྱུན་གཏེར་ཁ་འདི་རང་གི་ཡིག་ཆའི་སྟེང་ནས་དམིགས་བསལ་མི་བཞུགས་ཀྱང་། བདེ་མཆོག་སྙན་བརྒྱུད་ཀྱི་སྐོར་དམིགས་པའི་ངོ་བོ་གཅིག་ཏུ་འབབས་པས། དེའི་ཁྲིད་རྒྱུན་གཏེར་ཆེན་མཆོག་ནས་བརྒྱུད་པ་བར་མ་ཆད་པར་བཞུགས་པས་དོན་གྱིས་ཁྲིད་རྒྱུན་ཀྱང་ཚང་བར་སེམས། གསལ་བྱེད་དང་བཅས་ཚང་བ་རྣམས་སོ། །ཞར་བྱུང་ཕྱག་རྡོར་གྱི་སྐོར་རྣམས་ཀྱང་རིགས་ཀྱི་དབང་དུ་བྱས་ན་འདིར་བསྡུ་བར་འོས་པས་དེ་ལ་སྤྱིར་ཕྱག་རྡོར་བཀའ་མ་རྒྱ་འཇམ་དཔལ་གསང་བའི་ལུགས་སོགས་སྔར་གདམས་ཟབ་ཁྱད་པར་ཅན་འབྱུང་བར་སྣང་ནའང་དེང་སང་རྒྱུན་མི་བཞུགས་པར་མངོན། འདིར་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་སྒྲུབ་ཡིག་ཐོར་བུ་བཅོ་བརྒྱད་ཀྱི་ནང་ཚན་བླ་མ་གསང་འདུས་ཀྱི་ཐེམ་མེད་དུ་གཏོགས་པ་གཏུམ་པོ་སེང་གེ་སྒྲ་སྒྲོག་མེ་ལྕེ་ཕྲེང་བའི་དབང་། གཏེར་གཞུང་ཚང་བ། བརྒྱུད་འདེབས། ལས་བྱང་། དབང་ཆོག །བསྙེན་ཡིག་བཅས། ལྷ་ལྕམ་པདྨ་གསལ་བྱེད་ཀྱི་རྣམ་སྤྲུལ་པདྨ་ལས་འབྲེལ་རྩལ་གྱི་ཟབ་གཏེར་ཕྱག་རྡོར་དྲེགས་འདུལ་ནང་སྒྲུབ་གཙོར་གྱུར། རྡོར་གླིང་། པད་གླིང་སྟེ་དྲེགས་འདུལ་གཏེར་ཁ་སུམ་ལྡན་༢༤གྱི་དབང་། དྲེགས་འདུལ་སྐུ་སྒྲུབ་ཀྱི་ལས་ཚོགས་ཉེར་མཁོ་ཀླུང་ཆོག་གདེངས་ཅན་བདུད་རྩི་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ། ཞར་བྱུང་གཏེར་ཆེན་རིན་པོ་ཆེའི་གསུང་ཀླུ་གཏོར་གདེངས་ཅན་དགའ་བྱེད་བཅས། ནམ་སྙིང་རྣམ་སྤྲུལ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཟབ་གཏེར་ཕྱག་རྡོར་གཏུམ་པོ་དྲག་པོ་ཆེན་པོའི་དབང་༢༥། འདིའི་གཏེར་གཞུང་ཉུང་ལ་འདྲིལ་བ་ཞིག་ཡོད་སྣང་བས་རྒྱུན་རྙེད་ན་འགོད། བཻ་རོའི་རྣམ་སྤྲུལ་གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་ཟབ་གཏེར་ཕྱག་རྡོར་ཁང་བུ་བརྩེགས་པའི་དབང་༢༦། འདིའི་གཏེར་གཞུང་བར་སྐབས་ནས་རྒྱུན་ཡོད་པར་མངོན་ནོ། །རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཀྱི་ཆོས་སྡེ་ཕྱག་རྡོར་གཏུམ་པོ་མེ་འཁོར་གྱི་དབང་། གཏེར་གཞུང་ཆ་ཚང་། བཞི་པ་བདུད་རྩི་ཡོན་ཏན་གྱི་སྐོར་ལ། བཀའ་མ་བདུད་རྩི་རྒྱ་ལུགས་ཀྱི་དབང་དང་བཤད་བཀའ་སོགས་སྔར་དར་རྒྱས་སུ་བྱུང་སྣང་ནའང་། དེང་སང་རྒྱུད་སྡེའི་ལུང་ཙམ་ལས་མི་བཞུགས་ཤིང་། གཏེར་མ་བཀའ་བརྒྱད་ལུགས་སྲོལ་ཐ་དད་པའི་བདུད་རྩིའི་སྐོར་དང་། རཏྣ་གླིང་པ་དང་། པདྨ་གླིང་པའི་བདུད་རྩིའི་སྒོས་བཀའ་སོགས་ཅི་རིགས་པ་བཞུགས་པ་ལས། འདིར་བདུད་རྩི་སྨན་གྱི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་གཏེར་ཆེན་རིན་པོ་ཆེའི་གསུང་རབས་དེའི་དགོངས་དོན་ལྟར་སྨན་སྒྲུབ་བྱ་ཚུལ་མདོར་z བསྡུས་སྙིང་པོ། བླ་མ་གསང་བ་འདུས་པའི་བདུད་རྩི་སྨན་གྱི་སྒྲོམ་ལྟར་བདུད་རྩི་སྒྲུབ་z ཚུལ་གྱི་ཕྱག་ལེན་བཅས་སོ།། །། | གསུམ་པ་ཡང་དག་ཐུགས་ཀྱི་སྐོར་ལ། ཞི་བ་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ནི་གོང་དུ་སྨོས་ཟིན་ལ། འདིར་རིག་འཛིན་ཚེ་དབང་ནོར་བུའི་མཛད་པའི་གཏེར་ཁ་གསུམ་ལྡན་གྱི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དང་འབྲེལ་བའི་དབང་། དེའི་ཡིག་ཆ་ཉེར་མཁོའི་སྐོར། དྲག་པོ་དཔལ་ཡང་དག་ཧེ་རུ་ཀ་བཀའ་མ་ཟླ་གམ་གཅིག་པ། དགུ་མ། ལྔ་བཅུ་རྩ་བརྒྱད་སོགས་སོ་སོའི་དབང་ཀ་དང་མན་ངག་གི་རྒྱུན་རྒྱ་ཆེར་བྱུང་སྣང་ནའང་། དེང་དུས་ནི་ཟླ་གམ་དགུ་མ་སོ་ལུགས་དང་། འཁོན་ལུགས་ཀྱི་དབང་དང་། རྒྱུད་སྡེ་མང་པོའི་ལུང་རྒྱུན་ཙམ་བཞུགས་ཤིང་། གཞན་ཡང་པཎ་ཆེན་ཤཱཀྱ་ཤྲཱི་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་ཡང་དག་མེ་གཅིག་གི་གདམས་པ་ངོ་མཚར་ཅན་སོགས་བྱུང་བ་ལས། འདིར་གཏེར་མའི་ཕྱོགས་ལས་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་དང་། བཀའ་མའི་བྱིན་རླབས་ཀྱི་རྒྱུན་ཡང་གཅིག་ཏུ་འདྲེས་པའི་ཡང་དག་སྙིང་པོ་མེ་གཅིག་གི་དབང་། བསྐྱེད་རིམ་རྒྱས་འབྲིང་བསྡུས་གསུམ་དང་། རྫོགས་རིམ་ཡང་དག་རྩ་རླུང་གི་དགོངས་པ་སྒྲོལ་མ་རྡོ་རྗེའི་ཚིགས་བདུན་སོགས་བསྐྱེད་རྫོགས་ཆ་ལག་གསལ་བྱེད་དང་བཅས་པ། གཏེར་ཆེན་ཆོས་རྗེ་གླིང་པའི་ཟབ་གཏེར་ཡང་དག་བདེ་ཆེན་སྙིང་པོའི་དབང་གཏེར་གཞུང་གི་བསྐྱེད་རྫོགས་རྫོགས་རིམ་གྱི་ཁྲིད་རྒྱུན་གཏེར་ཁ་འདི་རང་གི་ཡིག་ཆའི་སྟེང་ནས་དམིགས་བསལ་མི་བཞུགས་ཀྱང་། བདེ་མཆོག་སྙན་བརྒྱུད་ཀྱི་སྐོར་དམིགས་པའི་ངོ་བོ་གཅིག་ཏུ་འབབས་པས། དེའི་ཁྲིད་རྒྱུན་གཏེར་ཆེན་མཆོག་ནས་བརྒྱུད་པ་བར་མ་ཆད་པར་བཞུགས་པས་དོན་གྱིས་ཁྲིད་རྒྱུན་ཀྱང་ཚང་བར་སེམས། གསལ་བྱེད་དང་བཅས་ཚང་བ་རྣམས་སོ། །ཞར་བྱུང་ཕྱག་རྡོར་གྱི་སྐོར་རྣམས་ཀྱང་རིགས་ཀྱི་དབང་དུ་བྱས་ན་འདིར་བསྡུ་བར་འོས་པས་དེ་ལ་སྤྱིར་ཕྱག་རྡོར་བཀའ་མ་རྒྱ་འཇམ་དཔལ་གསང་བའི་ལུགས་སོགས་སྔར་གདམས་ཟབ་ཁྱད་པར་ཅན་འབྱུང་བར་སྣང་ནའང་དེང་སང་རྒྱུན་མི་བཞུགས་པར་མངོན། འདིར་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་སྒྲུབ་ཡིག་ཐོར་བུ་བཅོ་བརྒྱད་ཀྱི་ནང་ཚན་བླ་མ་གསང་འདུས་ཀྱི་ཐེམ་མེད་དུ་གཏོགས་པ་གཏུམ་པོ་སེང་གེ་སྒྲ་སྒྲོག་མེ་ལྕེ་ཕྲེང་བའི་དབང་། གཏེར་གཞུང་ཚང་བ། བརྒྱུད་འདེབས། ལས་བྱང་། དབང་ཆོག །བསྙེན་ཡིག་བཅས། ལྷ་ལྕམ་པདྨ་གསལ་བྱེད་ཀྱི་རྣམ་སྤྲུལ་པདྨ་ལས་འབྲེལ་རྩལ་གྱི་ཟབ་གཏེར་ཕྱག་རྡོར་དྲེགས་འདུལ་ནང་སྒྲུབ་གཙོར་གྱུར། རྡོར་གླིང་། པད་གླིང་སྟེ་དྲེགས་འདུལ་གཏེར་ཁ་སུམ་ལྡན་༢༤གྱི་དབང་། དྲེགས་འདུལ་སྐུ་སྒྲུབ་ཀྱི་ལས་ཚོགས་ཉེར་མཁོ་ཀླུང་ཆོག་གདེངས་ཅན་བདུད་རྩི་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ། ཞར་བྱུང་གཏེར་ཆེན་རིན་པོ་ཆེའི་གསུང་ཀླུ་གཏོར་གདེངས་ཅན་དགའ་བྱེད་བཅས། ནམ་སྙིང་རྣམ་སྤྲུལ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཟབ་གཏེར་ཕྱག་རྡོར་གཏུམ་པོ་དྲག་པོ་ཆེན་པོའི་དབང་༢༥། འདིའི་གཏེར་གཞུང་ཉུང་ལ་འདྲིལ་བ་ཞིག་ཡོད་སྣང་བས་རྒྱུན་རྙེད་ན་འགོད། བཻ་རོའི་རྣམ་སྤྲུལ་གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་ཟབ་གཏེར་ཕྱག་རྡོར་ཁང་བུ་བརྩེགས་པའི་དབང་༢༦། འདིའི་གཏེར་གཞུང་བར་སྐབས་ནས་རྒྱུན་ཡོད་པར་མངོན་ནོ། །རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཀྱི་ཆོས་སྡེ་ཕྱག་རྡོར་གཏུམ་པོ་མེ་འཁོར་གྱི་དབང་། གཏེར་གཞུང་ཆ་ཚང་། བཞི་པ་བདུད་རྩི་ཡོན་ཏན་གྱི་སྐོར་ལ། བཀའ་མ་བདུད་རྩི་རྒྱ་ལུགས་ཀྱི་དབང་དང་བཤད་བཀའ་སོགས་སྔར་དར་རྒྱས་སུ་བྱུང་སྣང་ནའང་། དེང་སང་རྒྱུད་སྡེའི་ལུང་ཙམ་ལས་མི་བཞུགས་ཤིང་། གཏེར་མ་བཀའ་བརྒྱད་ལུགས་སྲོལ་ཐ་དད་པའི་བདུད་རྩིའི་སྐོར་དང་། རཏྣ་གླིང་པ་དང་། པདྨ་གླིང་པའི་བདུད་རྩིའི་སྒོས་བཀའ་སོགས་ཅི་རིགས་པ་བཞུགས་པ་ལས། འདིར་བདུད་རྩི་སྨན་གྱི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་གཏེར་ཆེན་རིན་པོ་ཆེའི་གསུང་རབས་དེའི་དགོངས་དོན་ལྟར་སྨན་སྒྲུབ་བྱ་ཚུལ་མདོར་z བསྡུས་སྙིང་པོ། བླ་མ་གསང་བ་འདུས་པའི་བདུད་རྩི་སྨན་གྱི་སྒྲོམ་ལྟར་བདུད་རྩི་སྒྲུབ་z ཚུལ་གྱི་ཕྱག་ལེན་བཅས་སོ།། །། | ||
དེ་དང་རྗེས་སུ་འབྲེལ་བར་ལེགས་ལྡན་རྗེའི་ཟབ་གཏེར་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ཀྱི་དགོངས་དོན་ཚེ་སྒྲུབ་བདུད་རྩི་འཁྱིལ་པའི་བསྙེན་དབང་། རྩ་དབང་། ལས་བྱང་དང་དབང་ཆོག །ཚེ་འཁོར་སོགས་ཉེར་མཁོ། སྤྲུལ་པའི་སྐུ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་མཁའ་འགྲོ་དཔལ་ལྡན་ཕྲེང་བ་ཞེས་འཆི་མེད་མནྡྷཱ་རའི་མཚན་གཞན་དུ་བསྒྱུར་བ་དེ་ཉིད་ཀྱིས་གནང་བའི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ལས། དྲིལ་སྒྲུབ་དང་འབྲེལ་བའི་དོན་དབང་མདོར་བསྡུས། སྒྲུབ་ཐབས་དབང་ཆོག་དབང་དང་བཅས་པ། z དེ་དང་འབྲེལ་བའི་ཚེ་དབང་འཆི་བདག་བདུད་འཇོམས། ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་དག་སྣང་འབྲི་གུང་ཆོས་ཀྱི་གྲགས་པས་བསྒྲིགས་པའི་སྨན་བླ་ལོངས་སྐུ་གཙོ་འཁོར་ལྔའི་སྒྲུབ་ཐབས་དཀོན་མཆོག་ཕྲིན་ལས་བཟང་པོའི་གསུང་དམ་ཅན་སྡེ་དགུའི་གཏོར་བསྔོ་བསྡུས་པ། སྨན་གྱི་རབ་གནས་ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་རྒྱ་ z བཞི་ལྡན། སྨན་གྱི་ལྷ་མོའི་རྗེས་གནང་། དེའི་རྩ་པྲ་སྒྲུབ་པའི་ལག་ལེན་ཟིན་བྲིས། བྲང་ཏི་རྒྱལ་ཉེ་མཁར་བུའི་ཟབ་གཏེར་གཡུ་ཐོག་པར་བཀའ་བབས་པའི་དྲང་སྲོང་སེར་སྐྱའི་རིག་གཏད། གཞན་ཡང་དཔལ་ལྡན་རྒྱུད་བཞིས་མཚོན་གསོ་དཔྱད་ཀྱི་གཞུང་དང་མན་ངག་ཟབ་གཏེར་དང་འབྲེལ་བ་རྣམས་ཀྱང་འདིར་གཏོགས་ནའང་རེ་ཞིག་སྐབས་འདིར་ནི། སློབ་དཔོན་གྲུབ་པའི་སྙིང་པོའི་རྣམ་སྤྲུལ་རྡོར་འབུམ་ཆོས་གྲགས་ཀྱི་གཏེར་བྱོན་འཆི་མེད་བདུད་རྩི་བུམ་པའི་སྣོད་རུང་གི་དབང་། གཏེར་གཞུང་ཚང་བ། བྱང་བདག་པའི་གསལ་བྱེད་ཀྱི་སྐོར། དབང་ཆོག་རྒྱུན་ཁྱེར་བཅས། འཆི་མེད་གྲུབ་པ་རྒྱ་བན་རྡོ་རྗེ་འོད་འབར་གྱི་གཏེར་བྱོན་ཡེ་ཤེས་བདུད་རྩི་འོད་ལྡན་རྟག་དུའི་བཅུད་ལེན། ཀུན་སྤངས་ཟླ་འོད་ཀྱི་ཟབ་གཏེར་དབང་པོ་ལག་པའི་བཅུད་ལེན། ཆོས་དབང་རིན་པོ་ཆེའི་གཏེར་ཁ་བདུད་པ་གཉན་སྟོན་ཛམྦྷ་ལ་བཀའ་བསྒོས་ནས་མཁོ་མཐིང་སྣང་མཐའི་ཕྱག་མཐེབ་ནས་བཏོན་པའི་བཅུད་ལེན་ལེ་ཚན་བཅུ་བཞི། ཆོས་དབང་གཏེར་བྱོན་ཨོ་རྒྱན་གླིང་པ་ལ་བཀའ་བབས་པའི་ཤུག་འབྲུའི་བཅུད་ལེན། བྱང་གཏེར་དགོངས་པ་ཟངས་ཐལ་གྱི་ཆ་ལག་གཙོར་གྱུར། པད་གླིང་སངས་རྒྱས་གླིང་སོགས་ཀྱི་གཏེར་ཁ་མང་པོ་ལས་མཐུན་པར་འབྱུང་བའི་ཅོང་ཞིའི་བཅུད་ལེན་ཕྱག་བཞེས་བཅས། མཆོག་ཏུ་ཟབ་པ་རླུང་བཅུད་ལེན་ཛ་བཱིར་གྱི་གདམས་སྐོར་ལ། བཀའ་བབས་དང་པོ་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱིས་མཛད་པའི་གཞུང་ཚང་བ་དང་། ཁྲིད་ཡིག །བར་པ་མངའ་བདག་རྣམ་སྤྲུལ་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ནས་བརྒྱུད་པའི་གཞུང་དང་གསལ་བྱེད། ཕྱི་མ་མུ་ནེའི་རྣམ་འཕྲུལ་གྲུབ་ཆེན་ཉི་ཟླ་ཀློང་གསལ་གྱི་དག་སྣང་འཇའ་ལུས་འོད་ཕུང་རང་གྲོལ་གྱི་དབང་། གཞུང་ཆ་ཚང་། ལས་བྱང་དང་ཁྲིད་ཡིག་བཅས། ལྔ་པ་ཕུར་པ་ཕྲིན་ལས་ཀྱི་སྐོར་ལ། བཀའ་མ་རྒྱལ་པོ་ལུགས། ཇོ་མོ་ལུགས། འཁོན་ལུགས་གསུམ་ལས་གཙོ་བོར་གྱེས་པའི་སྣ་ནམ་ལུགས། ལྕམ་ལུགས། རྒྱ་ལུགས། རོང་ལུགས། རོག་ལུགས། སྐྱི་ལུགས། འོ་བྲན་ལུགས། དཔྱལ་ལུགས། གཞན་ཡང་སོ་ཟུར་གནུབས་གསུམ་དང་། རམ་འགོས་ཁྱུང་གསུམ། སྒྱུས་ལུགས་དང་། གུར་ལུགས་སོགས་ལམ་སྲོལ་ཐ་དད་པ་དང་། གཞན་ཡང་སློབ་དཔོན་རིན་པོ་ཆེས་གྲུབ་ཆེན་དམ་པ་རྒྱ་གར་ལ་དངོས་སུ་གནང་བའི་ཕུར་པ་ལྷན་སྐྱེས་ཀྱིས་མཚོན་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་ཞིག་བྱུང་ནས་གངས་ཅན་གྱི་ལྗོངས་ཕལ་ཆེར་ཕུར་བུ་གྲུབ་པའི་རིག་འཛིན་གྱིས་ཁྱབ་པར་གྱུར་པ་ལས། དེང་སང་འཁོན་ལུགས། རོང་ལུགས། རོག་ལུགས་གསུམ་གྱི་དབང་མན་ངག་ཕྱག་བཞེས་ཀྱིས་བརྒྱན་པ་དང་། པོད་གཉིས་རྒྱུད་སྡེ་རབ་འབྱམས་ཀྱི་ལུང་བཅས་བཞུགས་ཤིང་། དེ་བཞིན་དུ་གཏེར་མའང་སྤུ་གྲི་རྣམ་གསུམ་ཆོས་དབང་ལྷོ་བྱང་བཅས། གྱིས་མཚོན་ཏེ་རྒྱ་ཆེར་བཞུགས་པ་ལས་འདིར་ཆོས་དབང་རིན་པོ་ཆེའི་ཟབ་ཆོས་བཀའ་གཏེར་ཟུང་དུ་འཇུག་པ་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་དབང་། ལས་བྱང་ཀུན་བཟང་རོལ་མཚོ། རྒྱུན་ཁྱེར་སྒྲུབ་ཁོག་དངོས་གྲུབ་དགའ་སྟོན། གཏོར་ཟློག་བདུད་འཇོམས་རྣམ་རོལ། གདབ་ཁའི་ཟིན་བྲིས་བཅས་གཏེར་ཆེན་རིན་པོ་ཆེའི་གསུང་། ལོ་ཆེན་རིན་པོ་ཆེས་མཛད་པའི་བསྙེན་ཡིག་རིན་ཆེན་སྙེ་མ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་དབང་ཆོག་སོགས་བསྐྱེད་རིམ་ཉེར་མཁོའི་སྐོར་དང་། རྫོགས་རིམ་རྫོགས་འཕྲང་ལྟ་སྒོམ་གྱི་གདམས་པ། ཕུར་སྲུང་གི་གསོལ་མཆོད་བཅས། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་། ཆོས་གླིང་ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་། གཏེར་གཞུང་གསལ་བྱེད་དང་བཅས་པའི་སྐོར། ཡང་ཕུར་ཐུན་མོང་གི་རྫོགས་རིམ། བསམ་གཏན་གླིང་པའི་ཨ་ཏི་ཞེས་མཁས་གྲུབ་རྣམས་ཀྱིས་བསྔགས་བརྗོད་རྒྱ་ཆེར་སྤེལ་བའི་གཞུང་གི་རྒྱུན་སླར་འཚོལ་བར་འོས་ལ། སྐབས་འདིར་གཏེར་ཆེན་པྲཛྙཱ་རསྨིའི་གསུང་རབ་ལས་བྱུང་བའི་ཨ་ཏིའི་ཟིན་བྲིས་ཐར་པའི་སྒོ་གཅིག་ཙམ་བཞུགས་སོ།། །། | དེ་དང་རྗེས་སུ་འབྲེལ་བར་ལེགས་ལྡན་རྗེའི་ཟབ་གཏེར་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ཀྱི་དགོངས་དོན་ཚེ་སྒྲུབ་བདུད་རྩི་འཁྱིལ་པའི་བསྙེན་དབང་། རྩ་དབང་། ལས་བྱང་དང་དབང་ཆོག །ཚེ་འཁོར་སོགས་ཉེར་མཁོ། སྤྲུལ་པའི་སྐུ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་མཁའ་འགྲོ་དཔལ་ལྡན་ཕྲེང་བ་ཞེས་འཆི་མེད་མནྡྷཱ་རའི་མཚན་གཞན་དུ་བསྒྱུར་བ་དེ་ཉིད་ཀྱིས་གནང་བའི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ལས། དྲིལ་སྒྲུབ་དང་འབྲེལ་བའི་དོན་དབང་མདོར་བསྡུས། སྒྲུབ་ཐབས་དབང་ཆོག་དབང་དང་བཅས་པ། z དེ་དང་འབྲེལ་བའི་ཚེ་དབང་འཆི་བདག་བདུད་འཇོམས། ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་དག་སྣང་འབྲི་གུང་ཆོས་ཀྱི་གྲགས་པས་བསྒྲིགས་པའི་སྨན་བླ་ལོངས་སྐུ་གཙོ་འཁོར་ལྔའི་སྒྲུབ་ཐབས་དཀོན་མཆོག་ཕྲིན་ལས་བཟང་པོའི་གསུང་དམ་ཅན་སྡེ་དགུའི་གཏོར་བསྔོ་བསྡུས་པ། སྨན་གྱི་རབ་གནས་ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་རྒྱ་ z བཞི་ལྡན། སྨན་གྱི་ལྷ་མོའི་རྗེས་གནང་། དེའི་རྩ་པྲ་སྒྲུབ་པའི་ལག་ལེན་ཟིན་བྲིས། བྲང་ཏི་རྒྱལ་ཉེ་མཁར་བུའི་ཟབ་གཏེར་གཡུ་ཐོག་པར་བཀའ་བབས་པའི་དྲང་སྲོང་སེར་སྐྱའི་རིག་གཏད། གཞན་ཡང་དཔལ་ལྡན་རྒྱུད་བཞིས་མཚོན་གསོ་དཔྱད་ཀྱི་གཞུང་དང་མན་ངག་ཟབ་གཏེར་དང་འབྲེལ་བ་རྣམས་ཀྱང་འདིར་གཏོགས་ནའང་རེ་ཞིག་སྐབས་འདིར་ནི། སློབ་དཔོན་གྲུབ་པའི་སྙིང་པོའི་རྣམ་སྤྲུལ་རྡོར་འབུམ་ཆོས་གྲགས་ཀྱི་གཏེར་བྱོན་འཆི་མེད་བདུད་རྩི་བུམ་པའི་སྣོད་རུང་གི་དབང་། གཏེར་གཞུང་ཚང་བ། བྱང་བདག་པའི་གསལ་བྱེད་ཀྱི་སྐོར། དབང་ཆོག་རྒྱུན་ཁྱེར་བཅས། འཆི་མེད་གྲུབ་པ་རྒྱ་བན་རྡོ་རྗེ་འོད་འབར་གྱི་གཏེར་བྱོན་ཡེ་ཤེས་བདུད་རྩི་འོད་ལྡན་རྟག་དུའི་བཅུད་ལེན། ཀུན་སྤངས་ཟླ་འོད་ཀྱི་ཟབ་གཏེར་དབང་པོ་ལག་པའི་བཅུད་ལེན། ཆོས་དབང་རིན་པོ་ཆེའི་གཏེར་ཁ་བདུད་པ་གཉན་སྟོན་ཛམྦྷ་ལ་བཀའ་བསྒོས་ནས་མཁོ་མཐིང་སྣང་མཐའི་ཕྱག་མཐེབ་ནས་བཏོན་པའི་བཅུད་ལེན་ལེ་ཚན་བཅུ་བཞི། ཆོས་དབང་གཏེར་བྱོན་ཨོ་རྒྱན་གླིང་པ་ལ་བཀའ་བབས་པའི་ཤུག་འབྲུའི་བཅུད་ལེན། བྱང་གཏེར་དགོངས་པ་ཟངས་ཐལ་གྱི་ཆ་ལག་གཙོར་གྱུར། པད་གླིང་སངས་རྒྱས་གླིང་སོགས་ཀྱི་གཏེར་ཁ་མང་པོ་ལས་མཐུན་པར་འབྱུང་བའི་ཅོང་ཞིའི་བཅུད་ལེན་ཕྱག་བཞེས་བཅས། མཆོག་ཏུ་ཟབ་པ་རླུང་བཅུད་ལེན་ཛ་བཱིར་གྱི་གདམས་སྐོར་ལ། བཀའ་བབས་དང་པོ་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱིས་མཛད་པའི་གཞུང་ཚང་བ་དང་། ཁྲིད་ཡིག །བར་པ་མངའ་བདག་རྣམ་སྤྲུལ་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ནས་བརྒྱུད་པའི་གཞུང་དང་གསལ་བྱེད། ཕྱི་མ་མུ་ནེའི་རྣམ་འཕྲུལ་གྲུབ་ཆེན་ཉི་ཟླ་ཀློང་གསལ་གྱི་དག་སྣང་འཇའ་ལུས་འོད་ཕུང་རང་གྲོལ་གྱི་དབང་། གཞུང་ཆ་ཚང་། ལས་བྱང་དང་ཁྲིད་ཡིག་བཅས། ལྔ་པ་ཕུར་པ་ཕྲིན་ལས་ཀྱི་སྐོར་ལ། བཀའ་མ་རྒྱལ་པོ་ལུགས། ཇོ་མོ་ལུགས། འཁོན་ལུགས་གསུམ་ལས་གཙོ་བོར་གྱེས་པའི་སྣ་ནམ་ལུགས། ལྕམ་ལུགས། རྒྱ་ལུགས། རོང་ལུགས། རོག་ལུགས། སྐྱི་ལུགས། འོ་བྲན་ལུགས། དཔྱལ་ལུགས། གཞན་ཡང་སོ་ཟུར་གནུབས་གསུམ་དང་། རམ་འགོས་ཁྱུང་གསུམ། སྒྱུས་ལུགས་དང་། གུར་ལུགས་སོགས་ལམ་སྲོལ་ཐ་དད་པ་དང་། གཞན་ཡང་སློབ་དཔོན་རིན་པོ་ཆེས་གྲུབ་ཆེན་དམ་པ་རྒྱ་གར་ལ་དངོས་སུ་གནང་བའི་ཕུར་པ་ལྷན་སྐྱེས་ཀྱིས་མཚོན་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་ཞིག་བྱུང་ནས་གངས་ཅན་གྱི་ལྗོངས་ཕལ་ཆེར་ཕུར་བུ་གྲུབ་པའི་རིག་འཛིན་གྱིས་ཁྱབ་པར་གྱུར་པ་ལས། དེང་སང་འཁོན་ལུགས། རོང་ལུགས། རོག་ལུགས་གསུམ་གྱི་དབང་མན་ངག་ཕྱག་བཞེས་ཀྱིས་བརྒྱན་པ་དང་། པོད་གཉིས་རྒྱུད་སྡེ་རབ་འབྱམས་ཀྱི་ལུང་བཅས་བཞུགས་ཤིང་། དེ་བཞིན་དུ་གཏེར་མའང་སྤུ་གྲི་རྣམ་གསུམ་ཆོས་དབང་ལྷོ་བྱང་བཅས། གྱིས་མཚོན་ཏེ་རྒྱ་ཆེར་བཞུགས་པ་ལས་འདིར་ཆོས་དབང་རིན་པོ་ཆེའི་ཟབ་ཆོས་བཀའ་གཏེར་ཟུང་དུ་འཇུག་པ་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་དབང་། ལས་བྱང་ཀུན་བཟང་རོལ་མཚོ། རྒྱུན་ཁྱེར་སྒྲུབ་ཁོག་དངོས་གྲུབ་དགའ་སྟོན། གཏོར་ཟློག་བདུད་འཇོམས་རྣམ་རོལ། གདབ་ཁའི་ཟིན་བྲིས་བཅས་གཏེར་ཆེན་རིན་པོ་ཆེའི་གསུང་། ལོ་ཆེན་རིན་པོ་ཆེས་མཛད་པའི་བསྙེན་ཡིག་རིན་ཆེན་སྙེ་མ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་དབང་ཆོག་སོགས་བསྐྱེད་རིམ་ཉེར་མཁོའི་སྐོར་དང་། རྫོགས་རིམ་རྫོགས་འཕྲང་ལྟ་སྒོམ་གྱི་གདམས་པ། ཕུར་སྲུང་གི་གསོལ་མཆོད་བཅས། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་། ཆོས་གླིང་ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་། གཏེར་གཞུང་གསལ་བྱེད་དང་བཅས་པའི་སྐོར། ཡང་ཕུར་ཐུན་མོང་གི་རྫོགས་རིམ། བསམ་གཏན་གླིང་པའི་ཨ་ཏི་ཞེས་མཁས་གྲུབ་རྣམས་ཀྱིས་བསྔགས་བརྗོད་རྒྱ་ཆེར་སྤེལ་བའི་གཞུང་གི་རྒྱུན་སླར་འཚོལ་བར་འོས་ལ། སྐབས་འདིར་གཏེར་ཆེན་པྲཛྙཱ་རསྨིའི་གསུང་རབ་ལས་བྱུང་བའི་ཨ་ཏིའི་ཟིན་བྲིས་ཐར་པའི་སྒོ་གཅིག་ཙམ་བཞུགས་སོ།། །། | ||
དྲུག་པ་མ་མོ་རྦོད་གཏོང་གི་སྐོར་ལས། བཀའ་མ་མ་མོ་ལྷོ་འགྱུར་གྱི་སྐོར་དང་། གཏེར་མ་ར་ཤག་གཏེར་སྟོན་བསོད་ནམས་རྡོ་རྗེའི་མ་མོ་སྒང་ཤར་སོགས་སྨིན་གྲོལ་ངོ་མཚར་ཅན་མང་དུ་བྱུང་སྣང་བ་ལས། དེང་སང་བཀའ་མའི་རྒྱུད་སྡེའི་སྐོར་དང་། པོད་གཅིག་ལྷག སྒང་ཤར་གྱི་ལུང་རྒྱུན་ཙམ་བཞུགས་ནའང་སྐབས་འདིར་བསྡུ་འོས་པ་མ་འཚལ་བས། རྗེས་འབྲེལ་ཙམ་དུ་མཁའ་འགྲོ་སེང་གདོང་མའི་སྐོར་ལ། བོ་དོང་རྟོགས་ལྡན་སངས་རྒྱས་མགོན་པོ་ལ་མཁའ་འགྲོ་སེང་གེའི་གདོང་ཅན་དང་། ཨོ་རྒྱན་ཆེན་པོས་དངོས་སུ་གནང་བས་མཚོན་བཀའ་གཏེར་དག་སྣང་ཟུང་དུ་འབྲེལ་བའི་སེང་གདོང་སྙན་རྒྱུད་ཀྱི་རྗེས་གནང་བཅུ། བསྙེན་སྒྲུབ་ལས་གསུམ་དང་། རྗེས་གནང་བཅས་ཀྱི་ཡིག་ཆ་ཉེར་མཁོ། ཀློང་གསལ་གཏེར་བྱོན་སེདྷ་དམར་མོ། ལོ་ཆེན་ཀླུའི་རྒྱལ་མཚན་གྱི་རྣམ་སྤྲུལ་གྲུབ་དབང་ཀརྨ་ཆགས་མེད་ཀྱི་དག་སྣང་གཙོར་གྱུར་གཏོར་དབང་མནལ་ལམ་མ། དེའི་བསྐྱེད་རྫོགས་ལས་ཚོགས་ཉེར་མཁོ་དང་། ཡང་ཟློག་གི་འཁོར་ལོ་གསེར་ཆོས་བཀའ་རྒྱ་ཅན། འཇའ་ཚོན་སྤྱི་འདུས་ཀྱི་ཆ་ལག་སེང་གདོང་མའི་བཀའ་གཏན་རྣམས་བཞུགས་ཤིང་། སྤྱིར་སྔར་བྱོན་པའི་གཏེར་ཁ་རྣམས་ནས་སེང་གདོང་མའི་སྐོར་ཆེར་འབྱུང་བ་མ་མཐོང་། ཕྱིས་སུ་གྲོ་ཤུལ་ལས་འཕྲོ་གླིང་པ། མ་ཏི་རཏྣ། སྟག་ཤམ། | དྲུག་པ་མ་མོ་རྦོད་གཏོང་གི་སྐོར་ལས། བཀའ་མ་མ་མོ་ལྷོ་འགྱུར་གྱི་སྐོར་དང་། གཏེར་མ་ར་ཤག་གཏེར་སྟོན་བསོད་ནམས་རྡོ་རྗེའི་མ་མོ་སྒང་ཤར་སོགས་སྨིན་གྲོལ་ངོ་མཚར་ཅན་མང་དུ་བྱུང་སྣང་བ་ལས། དེང་སང་བཀའ་མའི་རྒྱུད་སྡེའི་སྐོར་དང་། པོད་གཅིག་ལྷག སྒང་ཤར་གྱི་ལུང་རྒྱུན་ཙམ་བཞུགས་ནའང་སྐབས་འདིར་བསྡུ་འོས་པ་མ་འཚལ་བས། རྗེས་འབྲེལ་ཙམ་དུ་མཁའ་འགྲོ་སེང་གདོང་མའི་སྐོར་ལ། བོ་དོང་རྟོགས་ལྡན་སངས་རྒྱས་མགོན་པོ་ལ་མཁའ་འགྲོ་སེང་གེའི་གདོང་ཅན་དང་། ཨོ་རྒྱན་ཆེན་པོས་དངོས་སུ་གནང་བས་མཚོན་བཀའ་གཏེར་དག་སྣང་ཟུང་དུ་འབྲེལ་བའི་སེང་གདོང་སྙན་རྒྱུད་ཀྱི་རྗེས་གནང་བཅུ། བསྙེན་སྒྲུབ་ལས་གསུམ་དང་། རྗེས་གནང་བཅས་ཀྱི་ཡིག་ཆ་ཉེར་མཁོ། ཀློང་གསལ་གཏེར་བྱོན་སེདྷ་དམར་མོ། ལོ་ཆེན་ཀླུའི་རྒྱལ་མཚན་གྱི་རྣམ་སྤྲུལ་གྲུབ་དབང་ཀརྨ་ཆགས་མེད་ཀྱི་དག་སྣང་གཙོར་གྱུར་གཏོར་དབང་མནལ་ལམ་མ། དེའི་བསྐྱེད་རྫོགས་ལས་ཚོགས་ཉེར་མཁོ་དང་། ཡང་ཟློག་གི་འཁོར་ལོ་གསེར་ཆོས་བཀའ་རྒྱ་ཅན། འཇའ་ཚོན་སྤྱི་འདུས་ཀྱི་ཆ་ལག་སེང་གདོང་མའི་བཀའ་གཏན་རྣམས་བཞུགས་ཤིང་། སྤྱིར་སྔར་བྱོན་པའི་གཏེར་ཁ་རྣམས་ནས་སེང་གདོང་མའི་སྐོར་ཆེར་འབྱུང་བ་མ་མཐོང་། ཕྱིས་སུ་གྲོ་ཤུལ་ལས་འཕྲོ་གླིང་པ། མ་ཏི་རཏྣ། སྟག་ཤམ། རོལ་པའི་རྡོ་རྗེའི་ཟབ་གཏེར་སོགས་ | ||
ཇི་སྙེད་ཅིག་སྣང་ཞིང་། ལས་འཕྲོ་གླིང་པའི་སེང་གདོང་མའི་སྐོར་མ་གཏོགས་གཞན་རྣམས་ཀྱི་རྒྱུན་དེང་སང་ཡང་ཚང་བར་བཞུགས་སོ།། །། | |||
བདུན་པ་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལ། སྤྱིར་བཀའ་མ་བསྟན་སྲུང་མཆོད་བསྟོད་དྲག་སྔགས་ཀྱི་སྐོར་རྒྱ་ཆེར་བྱུང་བ་ལས། རྒྱུད་སྡེ་རབ་འབྱམས་ནི་རྒྱུད་འབུམ་རིན་པོ་ཆེར་པོད་གཅིག་བཞུགས་ཤིང་། ལེགས་ལྡན་སྟག་ཞོན། བིང་དམར་བཅས་ཀྱི་སྐོར་ནི་འོག་ཏུ་འབྱུང་། འདིར་གཏེར་མའི་ཕྱོགས་ལས། དཀྱིལ་འཁོར་གྱི་གཙོ་བོ་དྲེགས་པ་ཀུན་འདུལ། ཕྱག་ན་རྡོ་རྗེའི་སྐོར་ནི་གོང་དུ་བཀོད་ཟིན་ནས། སྐབས་འདིར་དེ་དང་རྗེས་འབྲེལ་འཇིག་རྟེན་དྲེགས་པ་མཐའ་དག་གནད་ལ་འབེབས་པའི་དྲག་སྔགས་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་དྲང་སྲོང་ལོཀྟྲྀ་པཱ་ལའི་རིགས་གཏད༢༧། དེའི་ལས་བྱང་སྙིང་པོ་དོན་གསལ་དང་། སྲུང་ཟློག་བསད་མནན་རྡོ་རྗེའི་ཐོག་འབེབས། རྒྱུན་ཁྱེར་རྣམས་གཏེར་ཆེན་རིན་པོ་ཆེའི་གསུང་དང་། བསྙེན་ཡིག་བཅས་ཡིག་ z ཆ་ཉེར་མཁོ་རྣམས་སོ། །གཏེར་ཁ་གོང་འོག་གི་དཔལ་མགོན་སོགས་དྲེགས་པ་བྱེ་བྲག་པའི་སྐོར་ནི་འོག་ཏུ་ཆོས་སྲུང་གི་སྐབས་སུ་ཇི་སྙེད་ཅིག་འབྱུང་བ་རྣམས་ཡིན་ལ། གཞན་ཡང་སུམ་པ་བྱང་ཆུབ་བློ་གྲོས་དང་ཉང་གཏེར་དྲེགས་པ་ཉི་ཤུ། བཀའ་མ་རྒྱལ་པོ་བྱེས་ཆས་ཀེ་ཏུ། ཉང་གཏེར་བཙན་གྱི་བྱང་བུ་གཅིག་ཤུར། གུ་རུ་ཧཱུྃ་འབར་གྱི་གཟའ་བདུད་མུན་པ་ཀེ་ཏ་སོགས་དྲེགས་པ་ལས་ལ་བཀོལ་བའི་དྲག་སྔགས་ལག་ལེན་ཉམས་མྱོང་དང་ལྡན་པའི་རྒྱུན་དེང་སང་ཡང་ཅི་རིགས་པར་བཞུགས་སྣང་ངོ་།། །། | བདུན་པ་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལ། སྤྱིར་བཀའ་མ་བསྟན་སྲུང་མཆོད་བསྟོད་དྲག་སྔགས་ཀྱི་སྐོར་རྒྱ་ཆེར་བྱུང་བ་ལས། རྒྱུད་སྡེ་རབ་འབྱམས་ནི་རྒྱུད་འབུམ་རིན་པོ་ཆེར་པོད་གཅིག་བཞུགས་ཤིང་། ལེགས་ལྡན་སྟག་ཞོན། བིང་དམར་བཅས་ཀྱི་སྐོར་ནི་འོག་ཏུ་འབྱུང་། འདིར་གཏེར་མའི་ཕྱོགས་ལས། དཀྱིལ་འཁོར་གྱི་གཙོ་བོ་དྲེགས་པ་ཀུན་འདུལ། ཕྱག་ན་རྡོ་རྗེའི་སྐོར་ནི་གོང་དུ་བཀོད་ཟིན་ནས། སྐབས་འདིར་དེ་དང་རྗེས་འབྲེལ་འཇིག་རྟེན་དྲེགས་པ་མཐའ་དག་གནད་ལ་འབེབས་པའི་དྲག་སྔགས་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་དྲང་སྲོང་ལོཀྟྲྀ་པཱ་ལའི་རིགས་གཏད༢༧། དེའི་ལས་བྱང་སྙིང་པོ་དོན་གསལ་དང་། སྲུང་ཟློག་བསད་མནན་རྡོ་རྗེའི་ཐོག་འབེབས། རྒྱུན་ཁྱེར་རྣམས་གཏེར་ཆེན་རིན་པོ་ཆེའི་གསུང་དང་། བསྙེན་ཡིག་བཅས་ཡིག་ z ཆ་ཉེར་མཁོ་རྣམས་སོ། །གཏེར་ཁ་གོང་འོག་གི་དཔལ་མགོན་སོགས་དྲེགས་པ་བྱེ་བྲག་པའི་སྐོར་ནི་འོག་ཏུ་ཆོས་སྲུང་གི་སྐབས་སུ་ཇི་སྙེད་ཅིག་འབྱུང་བ་རྣམས་ཡིན་ལ། གཞན་ཡང་སུམ་པ་བྱང་ཆུབ་བློ་གྲོས་དང་ཉང་གཏེར་དྲེགས་པ་ཉི་ཤུ། བཀའ་མ་རྒྱལ་པོ་བྱེས་ཆས་ཀེ་ཏུ། ཉང་གཏེར་བཙན་གྱི་བྱང་བུ་གཅིག་ཤུར། གུ་རུ་ཧཱུྃ་འབར་གྱི་གཟའ་བདུད་མུན་པ་ཀེ་ཏ་སོགས་དྲེགས་པ་ལས་ལ་བཀོལ་བའི་དྲག་སྔགས་ལག་ལེན་ཉམས་མྱོང་དང་ལྡན་པའི་རྒྱུན་དེང་སང་ཡང་ཅི་རིགས་པར་བཞུགས་སྣང་ངོ་།། །། | ||
བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྐོར་ལ། སྤྱིར་མ་གཤིན་ཕུར་གསུམ་གཙོ་བོར་གྱུར་པའི་དྲག་སྔགས་ཀྱི་རིགས་མཐའ་ཡས་པ་དང་། བྱེ་བྲག་དབུས་པ་དུ་གུ་རིན་ཆེན་སེང་གེའི་ཟབ་གཏེར་སྟོབས་ལྡན་ནག་པོའི་དྲག་སྔགས་ཆེན་པོ་རྡོ་རྗེ་གཙུག་ལག་གི་རྒྱུད་མན་ངག་དང་བཅས་པ། གཏེར་སྟོན་གྲུ་གུ་ཡང་ཝང་གི་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོ། དྲི་མེད་ལྷུན་པོའི་ཁམས་གསུམ་འཁྲུགས་བྱེད་ཕུང་བྱེད་ལས་ཀྱི་རླུང་དམར་སོགས་དྲེགས་པ་དང་དྲག་སྔགས་ཟུང་འབྲེལ་ཇི་སྙེད་ཅིག་མཆིས་མོད། ཉང་གཏེར་དྲག་སྔགས་སྲིད་པའི་གཏེར་ཁྱིམ་མཐུ་རི་སྤྱི་སྒོམ་ཆེན་མོ་ཉིད་རིགས་སྔགས་འཆང་བ་རྣམས་ཀྱི་ལག་ཆར་མེད་དུ་མི་རུང་ཞིང་རྒྱུན་དཀོན་པར་སྣང་བས་དེ་ཙམ་ཞིག་བཀོད་པ་ཡིན་ལ། འོག་ཏུ་མངོན་སྤྱོད་ཀྱི་ལས་རིམ་སྐབས་ནས་ཀྱང་འགའ་ཞིག་འབྱུང་ངོ་།། །། | བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྐོར་ལ། སྤྱིར་མ་གཤིན་ཕུར་གསུམ་གཙོ་བོར་གྱུར་པའི་དྲག་སྔགས་ཀྱི་རིགས་མཐའ་ཡས་པ་དང་། བྱེ་བྲག་དབུས་པ་དུ་གུ་རིན་ཆེན་སེང་གེའི་ཟབ་གཏེར་སྟོབས་ལྡན་ནག་པོའི་དྲག་སྔགས་ཆེན་པོ་རྡོ་རྗེ་གཙུག་ལག་གི་རྒྱུད་མན་ངག་དང་བཅས་པ། གཏེར་སྟོན་གྲུ་གུ་ཡང་ཝང་གི་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོ། དྲི་མེད་ལྷུན་པོའི་ཁམས་གསུམ་འཁྲུགས་བྱེད་ཕུང་བྱེད་ལས་ཀྱི་རླུང་དམར་སོགས་དྲེགས་པ་དང་དྲག་སྔགས་ཟུང་འབྲེལ་ཇི་སྙེད་ཅིག་མཆིས་མོད། ཉང་གཏེར་དྲག་སྔགས་སྲིད་པའི་གཏེར་ཁྱིམ་མཐུ་རི་སྤྱི་སྒོམ་ཆེན་མོ་ཉིད་རིགས་སྔགས་འཆང་བ་རྣམས་ཀྱི་ལག་ཆར་མེད་དུ་མི་རུང་ཞིང་རྒྱུན་དཀོན་པར་སྣང་བས་དེ་ཙམ་ཞིག་བཀོད་པ་ཡིན་ལ། འོག་ཏུ་མངོན་སྤྱོད་ཀྱི་ལས་རིམ་སྐབས་ནས་ཀྱང་འགའ་ཞིག་འབྱུང་ངོ་།། །། | ||
གསུམ་པ་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྲུང་དང་བཅས་པའི་སྐོར་ལ། ཐོག་མར་ཡེ་ཤེས་ཀྱི་མཁའ་འགྲོ་ཀུན་གྱི་ཁྱབ་བདག་རྡོ་རྗེ་ཕག་མོའི་སྐོར་ནི། བླ་མ་མངའ་བདག་ཆེན་པོ་ཉང་ཉི་མ་འོད་ཟེར་ལ་མཁའ་འགྲོའི་བཀའ་མཐའ་ཡས་པའི་ནང་ཚན་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཉིས་མ༢༨། དབུ་བཅད་མ༢༩། དོན་གྲུབ་མ་གསུམ་གྱི་དབང་༣༠། འདི་རྣམས་ཀྱི་གཞུང་མཁའ་འགྲོ་ཆེན་མོར་གྲགས་པའི་གླེགས་བམ་གྱི་རྒྱུན་ཡང་བཞུགས་མོད། སྐབས་འདིར་ཉེར་མཁོ་བསྡུ་བར་འོས་པའི་རིགས་མ་འཚལ་ལོ། །ཤིན་ཏུ་ཟབ་པ་མཁའ་འགྲོ་ཐུགས་ཀྱི་སྒྲུབ་པ་ཁྲོས་མ་ནག་མོའི་དབང་༣༡། འདི་ལ་བོ་དོང་པའི་གཏོར་རྒྱུན་རྒྱ་མཚོར་དབང་ཀ་རིགས་མི་འདྲ་བ་བཅུ་བཞི་སྣང་བ་ཐམས་ཅད་ཁུངས་དང་འབྲེལ་མིན་དཔྱད། སྐུ་གསུམ་ལམ་བྱེད་ཀྱི་ཁྲིད། པོད་གཞུང་རྒྱ་ཆེར་བཞུགས་པ་ལས། ལས་བྱང་། རྒྱུན་ཁྱེར། བསྙེན་ཡིག །ཁྲིད་ཡིག །བདུད་རྩི་རིལ་བུའི་སྒྲུབ་ཐབས། མེ་མཆོད་གཤིན་བོ་རྗེས་འཛིན། བཅོས་མའི་དུར་ཁྲོད་སྒྲུབ་པའི་ཐབས་སོགས་ཉེར་མཁོའི་ཡི་གེ་ཚང་བ། དེ་དང་འབྲེལ་བའི་གཏུམ་མོ་ཞག་བདུན་མའི་མེ་དབང་། གཏུམ་མོའི་དམིགས་ཁྲིད་ཡིག་ཆ་བཅས། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་མཚོ་རྒྱལ་གཙུག་གི་རྒྱན་གཅིག་མའི་སྒྲུབ་ཐབས། རཏྣའི་མཚོ་རྒྱལ་སྐོར་གསུམ་ཞེས་ཕྱི་མཚོ་རྒྱལ་ལཱ་སྱ་མ། ནང་སྒྲོལ་མ། གསང་བ་ཕག་མོར་སྒྲུབ་པ་སོ་སོའི་དབང་། གཏེར་གཞུང་ཚང་བ་དང་། དབང་ཆོག །གཏེར་ཕྲན་ཕག་དཀར་ཤེས་རབ་གསལ་བྱེད། ལྷ་ལྕམ་ནུས་འབྱིན་ས་ལེའི་རྣམ་འཕྲུལ་རིག་འཛིན་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོའི་ཟབ་གཏེར་རྡོ་རྗེ་འདི་སྒྲུབ་ཐབས་དངོས་ལ་རྟ་ཕག་ཡབ་ཡུམ་ཟུང་འཇུག་གི་སྒྲུབ་པ་ཡིན་ནོ། །ཕག་མོའི་ཟབ་རྒྱའི་དབང་། ཁྲིད་ཡིག་སོགས་ཡིག་ཆ་ཉེར་མཁོ། བི་མའི་རྣམ་སྤྲུལ་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་བླ་མ་རིག་འཛིན་སྲོག་སྒྲུབ་ཀྱི་སྐོར་ལས། ཕག་མོ་དམར་མོ་ཞལ་གཉིས་མ་དང་འབྲེལ་བའི་དབང་། གཏུམ་མོ་བདེ་ཆེན་པདྨའི་གྲུ་རྫིང་དང་། གསང་སྤྱོད་དཔའ་བོ་ཐོལ་གླུའི་ཁྲིད། ལས་བྱང་དང་ཁྲིད་ཡིག་སོགས་ཚང་བ། དབང་ཆོག་བཅས། z ལྷ་སྲས་རྣམ་སྤྲུལ་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་དང་། འབྲོག་བན་རྣམ་འཕྲུལ་གཏེར་ཆེན་བདུད་འདུལ་གླིང་པའི་ཟབ་གཏེར་ཟུང་འབྲེལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་། གཞུང་གསལ་བྱེད་བཅས་ཚང་བ་རྣམས་བཞུགས་ཤིང་། གཞན་ཡང་ཆོས་དབང་རིན་པོ་ཆེའི་སྒྲོལ་དཀར་ཚེ་སྒྲུབ། རྡོ་རྗེ་གླིང་པའི་སྒྲོལ་མའི་རྒྱུད་དང་མན་ངག་སྐོར་ཟབ་རྒྱས། ཚེ་བརྟན་རྒྱལ་མཚན་གྱི་སྒྲོལ་མ་ཨུཏྤ་ལའི་སྐོར། འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་དག་སྣང་སྒྲོལ་དཀར་ཡིད་བཞིན་ནོར་མཆོག་གི་སྐོར་སོགས་རྙེད་ནའང་སྐབས་འདིར་སྦྱར་རོ།། །། | གསུམ་པ་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྲུང་དང་བཅས་པའི་སྐོར་ལ། ཐོག་མར་ཡེ་ཤེས་ཀྱི་མཁའ་འགྲོ་ཀུན་གྱི་ཁྱབ་བདག་རྡོ་རྗེ་ཕག་མོའི་སྐོར་ནི། བླ་མ་མངའ་བདག་ཆེན་པོ་ཉང་ཉི་མ་འོད་ཟེར་ལ་མཁའ་འགྲོའི་བཀའ་མཐའ་ཡས་པའི་ནང་ཚན་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཉིས་མ༢༨། དབུ་བཅད་མ༢༩། དོན་གྲུབ་མ་གསུམ་གྱི་དབང་༣༠། འདི་རྣམས་ཀྱི་གཞུང་མཁའ་འགྲོ་ཆེན་མོར་གྲགས་པའི་གླེགས་བམ་གྱི་རྒྱུན་ཡང་བཞུགས་མོད། སྐབས་འདིར་ཉེར་མཁོ་བསྡུ་བར་འོས་པའི་རིགས་མ་འཚལ་ལོ། །ཤིན་ཏུ་ཟབ་པ་མཁའ་འགྲོ་ཐུགས་ཀྱི་སྒྲུབ་པ་ཁྲོས་མ་ནག་མོའི་དབང་༣༡། འདི་ལ་བོ་དོང་པའི་གཏོར་རྒྱུན་རྒྱ་མཚོར་དབང་ཀ་རིགས་མི་འདྲ་བ་བཅུ་བཞི་སྣང་བ་ཐམས་ཅད་ཁུངས་དང་འབྲེལ་མིན་དཔྱད། སྐུ་གསུམ་ལམ་བྱེད་ཀྱི་ཁྲིད། པོད་གཞུང་རྒྱ་ཆེར་བཞུགས་པ་ལས། ལས་བྱང་། རྒྱུན་ཁྱེར། བསྙེན་ཡིག །ཁྲིད་ཡིག །བདུད་རྩི་རིལ་བུའི་སྒྲུབ་ཐབས། མེ་མཆོད་གཤིན་བོ་རྗེས་འཛིན། བཅོས་མའི་དུར་ཁྲོད་སྒྲུབ་པའི་ཐབས་སོགས་ཉེར་མཁོའི་ཡི་གེ་ཚང་བ། དེ་དང་འབྲེལ་བའི་གཏུམ་མོ་ཞག་བདུན་མའི་མེ་དབང་། གཏུམ་མོའི་དམིགས་ཁྲིད་ཡིག་ཆ་བཅས། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་མཚོ་རྒྱལ་གཙུག་གི་རྒྱན་གཅིག་མའི་སྒྲུབ་ཐབས། རཏྣའི་མཚོ་རྒྱལ་སྐོར་གསུམ་ཞེས་ཕྱི་མཚོ་རྒྱལ་ལཱ་སྱ་མ། ནང་སྒྲོལ་མ། གསང་བ་ཕག་མོར་སྒྲུབ་པ་སོ་སོའི་དབང་། གཏེར་གཞུང་ཚང་བ་དང་། དབང་ཆོག །གཏེར་ཕྲན་ཕག་དཀར་ཤེས་རབ་གསལ་བྱེད། ལྷ་ལྕམ་ནུས་འབྱིན་ས་ལེའི་རྣམ་འཕྲུལ་རིག་འཛིན་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོའི་ཟབ་གཏེར་རྡོ་རྗེ་འདི་སྒྲུབ་ཐབས་དངོས་ལ་རྟ་ཕག་ཡབ་ཡུམ་ཟུང་འཇུག་གི་སྒྲུབ་པ་ཡིན་ནོ། །ཕག་མོའི་ཟབ་རྒྱའི་དབང་། ཁྲིད་ཡིག་སོགས་ཡིག་ཆ་ཉེར་མཁོ། བི་མའི་རྣམ་སྤྲུལ་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་བླ་མ་རིག་འཛིན་སྲོག་སྒྲུབ་ཀྱི་སྐོར་ལས། ཕག་མོ་དམར་མོ་ཞལ་གཉིས་མ་དང་འབྲེལ་བའི་དབང་། གཏུམ་མོ་བདེ་ཆེན་པདྨའི་གྲུ་རྫིང་དང་། གསང་སྤྱོད་དཔའ་བོ་ཐོལ་གླུའི་ཁྲིད། ལས་བྱང་དང་ཁྲིད་ཡིག་སོགས་ཚང་བ། དབང་ཆོག་བཅས། z ལྷ་སྲས་རྣམ་སྤྲུལ་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་དང་། འབྲོག་བན་རྣམ་འཕྲུལ་གཏེར་ཆེན་བདུད་འདུལ་གླིང་པའི་ཟབ་གཏེར་ཟུང་འབྲེལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་། གཞུང་གསལ་བྱེད་བཅས་ཚང་བ་རྣམས་བཞུགས་ཤིང་། གཞན་ཡང་ཆོས་དབང་རིན་པོ་ཆེའི་སྒྲོལ་དཀར་ཚེ་སྒྲུབ། རྡོ་རྗེ་གླིང་པའི་སྒྲོལ་མའི་རྒྱུད་དང་མན་ངག་སྐོར་ཟབ་རྒྱས། ཚེ་བརྟན་རྒྱལ་མཚན་གྱི་སྒྲོལ་མ་ཨུཏྤ་ལའི་སྐོར། འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་དག་སྣང་སྒྲོལ་དཀར་ཡིད་བཞིན་ནོར་མཆོག་གི་སྐོར་སོགས་རྙེད་ནའང་སྐབས་འདིར་སྦྱར་རོ།། །། | ||
ཞར་བྱུང་གཏེར་ཆེན་རིན་པོ་ཆེའི་གསུང་དབང་ཆོག་འཁོར་འདས་གཞི་གྲོལ་གྱི་གཅོད་དབང་། སྟན་ཐོག་གཅིག་མའི་ཁྲིད། ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་གཅོད་ཁྲིད་ཟབ་དོན་སྙིང་པོ་བཅས། འདི་གསར་མའི་སྐོར་དུ་གཏོགས་ཀྱང་། ཉེར་མཁོའི་ཆེད་དང་། མ་གཅིག་གིས་ཀུན་མཁྱེན་ཀློང་ཆེན་པ་ལ་དངོས་སུ་གནང་ཞིང་། རིག་འཛིན་པདྨ་གླིང་པ་ལ་བཀའ་བབས་པའི་ཀུན་མཁྱེན་ལུགས་ཀྱི་ཉེ་བརྒྱུད་ཀྱང་འདྲེས་པས་ཁྱད་པར་འཕགས་པའི་ཕྱིར་བཞུགས་པ་ཡིན་ནོ། །ཕག་མོའི་སྐོར་འདི་རྣམས་སྒྲུབ་སྡེ་བརྒྱད་ཀྱི་དབང་དུ་བྱས་ན། རྟ་མགྲིན་གྱི་ཡུམ་ཀར་གཏོགས་པ་པདྨ་གསུང་གི་གྲས་སུ་འདུ་བ་ཉིད་དོ།། །། | ཞར་བྱུང་གཏེར་ཆེན་རིན་པོ་ཆེའི་གསུང་དབང་ཆོག་འཁོར་འདས་གཞི་གྲོལ་གྱི་གཅོད་དབང་། སྟན་ཐོག་གཅིག་མའི་ཁྲིད། ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་གཅོད་ཁྲིད་ཟབ་དོན་སྙིང་པོ་བཅས། འདི་གསར་མའི་སྐོར་དུ་གཏོགས་ཀྱང་། ཉེར་མཁོའི་ཆེད་དང་། མ་གཅིག་གིས་ཀུན་མཁྱེན་ཀློང་ཆེན་པ་ལ་དངོས་སུ་གནང་ཞིང་། རིག་འཛིན་པདྨ་གླིང་པ་ལ་བཀའ་བབས་པའི་ཀུན་མཁྱེན་ལུགས་ཀྱི་ཉེ་བརྒྱུད་ཀྱང་འདྲེས་པས་ཁྱད་པར་འཕགས་པའི་ཕྱིར་བཞུགས་པ་ཡིན་ནོ། །ཕག་མོའི་སྐོར་འདི་རྣམས་སྒྲུབ་སྡེ་བརྒྱད་ཀྱི་དབང་དུ་བྱས་ན། རྟ་མགྲིན་གྱི་ཡུམ་ཀར་གཏོགས་པ་པདྨ་གསུང་གི་གྲས་སུ་འདུ་བ་ཉིད་དོ།། །། | ||
ཆོས་སྐྱོང་གི་སྐོར་ནི། སྤྱིར་འཁོར་འདས་ཀྱི་དྲེགས་པ་ཐམས་ཅད་ཕོ་མོ་མ་ནིང་གི་རྒྱུད་གསུམ་དུ་འདུ་ཞིང་། དེ་ཡང་གཙོ་བོར་མགོན་པོ་དང་། ལྷ་མོའི་སྐོར་དུ་ཅི་རིགས་པར་འདུ་བས། འདིར་ཐོག་མར་བསྟན་སྲུང་མགོན་པོའི་སྐོར་ལ། བཀའ་མ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་དང་རྗེས་གནང་༣༢། སྒྲུབ་ཡིག་རྒྱས་པ་ལས་བཞི་རྣམ་རོལ་དང་། བསྡུས་པ་ལས་བཞིའི་སྙེ་མ་གཏེར་ཆེན་རིན་པོ་ཆེས་མཛད་པ་བཅས་བཞུགས། གཞན་དུ་གཙང་ཤོད་པའི་ཡིག་ཆ་ལྟར་དབང་བཞི་རྒྱས་པའི་རྒྱུན་དང་། དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ཀྱི་ལུང་ཙམ་ཡོད་ལ་མན་ངག་གི་ཡི་གེ་རྒྱ་ཆེར་སྣང་བའི་རྒྱུན་ནི་བཞུགས་མིན་མ་འཚལ་ལོ། །ཉང་གཏེར་ཕྱག་བཞི་པའི་དབང་༣༣། འདི་ལ་བོ་དོང་པའི་གཏེར་རྒྱུན་རྒྱ་མཚོར་གཙོ་འཁོར་གྱི་དབང་བཀའ་རིགས་མི་འདྲ་བ་བཅུ་གསུམ་སྣང་བ་འགའ་ཞིག་རྒྱུན་ཡོད་ངེས་སུ་སྣང་ནའང་ཐམས་ཅད་ཁུངས་དང་འབྲེལ་མིན་དཔྱད་དོ། །མགོན་དཀར་ཚེ་དབང་༣༤། རྒྱུད་དང་མན་ངག་གི་གཞུང་རྒྱ་ཆེར་བཞུགས་པ་ལས་མགོན་དཀར་ཚེ་སྒྲུབ་བདུད་རྩི་འཁྱིལ་པ། རྩ་གསུམ་འཁོར་ལོ་ལྔའི་རྫོགས་རིམ་ཁྱད་པར་ཅན། དཔལ་མགོན་བདུད་དཔུང་གཡུལ་ཟློག་གི་གཞུང་། དེའི་གསལ་བྱེད་སྐྱོན་མེ་སྐོར་གསུམ་ལོ་ཆེན་རིན་པོ་ཆེས་མཛད་པ་རྣམས་སོ། །ཆོས་དབང་རིན་པོ་ཆེའི་ཟབ་གཏེར་མ་ནིང་ནག་པོའི་སྲོག་དབང་། རྡོར་གླིང་། རཏ་གླིང་། པད་གླིང་། འཇའ་ཚོན་བཅས་ཀྱི་གཏེར་ཁ་ཆུ་བོ་གཅིག་འདུས་ཀྱི་དབང་༣༥། རྒྱུད་མན་ངག་བཅས་མང་དུ་བཞུགས་པ་ལས། འདིར་གཏེར་ཆེན་རིན་པོ་ཆེའི་གསུང་ལས་བྱང་ལས་བཞི་མྱུར་འགྲུབ། གཏེར་བདག་གླིང་པའི་ཟབ་གཏེར་རིག་འཛིན་ཐུག་ཐིག་གི་བཀའ་སྲུང་དཔལ་མགོན་ཞལ་བཞི་པའི་སྲོག་དབང་། གཞུང་གསལ་བྱེད་བཅས། གནུབས་ལུགས་བཀའ་གཏེར་གཉིས་ལྡན་མགོན་པོ་སྟག་ཞོན་གྱི་དབང་༣༦། འདིའི་རྒྱུད་དངོས་གྲུབ་བརྟན་གཟིགས་ཙམ་རྒྱུད་འབུམ་ཁ་ཅིག་ཏུ་བཞུགས། གཞན་དངོས་གྲུབ་བརྟན་གཟིགས་ཀྱི་རྟོགས་པ་ལྔ་པ། ཚར་ཆེན་རིན་པོ་ཆེས་མཛད་པ་བསྐང་གསོ་རྒྱས་པ་ཕྲིན་ལས་ལྷུན་གྲུབ། གཏོར་ཆོག་མདོར་བསྡུས་སོགས་ཀྱི་རྒྱུན་དང་མན་ངག་གི་ཡི་གེའི་རིགས་ཀྱི་རྒྱུན་རྙེད་ན་ཚོལ་བར་བྱའོ། །བིང་དམར་བཀའ་གཏེར་གཉིས་ལྡན་གྱི་དབང་འདི་ལའང་ཡིག་རྙིང་གི་སྐོར་མང་དུ་བཞུགས་མོད། བར་སྐབས་ནས་རྒྱུན་ཡོད་མེད་མ་འཚལ་ལ། ཕྱིས་སུ་བསྙེན་སྒྲུབ་ལས་སྦྱོར་གྱི་ཡིག་ཆ་འདྲ་མཛད་འདུག་པ་ནི་རྒྱུད་དང་མན་ངག་གི་དགོངས་པ་རང་རྐང་ཚུགས་མིན་སླར་དཔྱད་དོ།། །། | ཆོས་སྐྱོང་གི་སྐོར་ནི། སྤྱིར་འཁོར་འདས་ཀྱི་དྲེགས་པ་ཐམས་ཅད་ཕོ་མོ་མ་ནིང་གི་རྒྱུད་གསུམ་དུ་འདུ་ཞིང་། དེ་ཡང་གཙོ་བོར་མགོན་པོ་དང་། ལྷ་མོའི་སྐོར་དུ་ཅི་རིགས་པར་འདུ་བས། འདིར་ཐོག་མར་བསྟན་སྲུང་མགོན་པོའི་སྐོར་ལ། བཀའ་མ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་དང་རྗེས་གནང་༣༢། སྒྲུབ་ཡིག་རྒྱས་པ་ལས་བཞི་རྣམ་རོལ་དང་། བསྡུས་པ་ལས་བཞིའི་སྙེ་མ་གཏེར་ཆེན་རིན་པོ་ཆེས་མཛད་པ་བཅས་བཞུགས། གཞན་དུ་གཙང་ཤོད་པའི་ཡིག་ཆ་ལྟར་དབང་བཞི་རྒྱས་པའི་རྒྱུན་དང་། དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ཀྱི་ལུང་ཙམ་ཡོད་ལ་མན་ངག་གི་ཡི་གེ་རྒྱ་ཆེར་སྣང་བའི་རྒྱུན་ནི་བཞུགས་མིན་མ་འཚལ་ལོ། །ཉང་གཏེར་ཕྱག་བཞི་པའི་དབང་༣༣། འདི་ལ་བོ་དོང་པའི་གཏེར་རྒྱུན་རྒྱ་མཚོར་གཙོ་འཁོར་གྱི་དབང་བཀའ་རིགས་མི་འདྲ་བ་བཅུ་གསུམ་སྣང་བ་འགའ་ཞིག་རྒྱུན་ཡོད་ངེས་སུ་སྣང་ནའང་ཐམས་ཅད་ཁུངས་དང་འབྲེལ་མིན་དཔྱད་དོ། །མགོན་དཀར་ཚེ་དབང་༣༤། རྒྱུད་དང་མན་ངག་གི་གཞུང་རྒྱ་ཆེར་བཞུགས་པ་ལས་མགོན་དཀར་ཚེ་སྒྲུབ་བདུད་རྩི་འཁྱིལ་པ། རྩ་གསུམ་འཁོར་ལོ་ལྔའི་རྫོགས་རིམ་ཁྱད་པར་ཅན། དཔལ་མགོན་བདུད་དཔུང་གཡུལ་ཟློག་གི་གཞུང་། དེའི་གསལ་བྱེད་སྐྱོན་མེ་སྐོར་གསུམ་ལོ་ཆེན་རིན་པོ་ཆེས་མཛད་པ་རྣམས་སོ། །ཆོས་དབང་རིན་པོ་ཆེའི་ཟབ་གཏེར་མ་ནིང་ནག་པོའི་སྲོག་དབང་། རྡོར་གླིང་། རཏ་གླིང་། པད་གླིང་། འཇའ་ཚོན་བཅས་ཀྱི་གཏེར་ཁ་ཆུ་བོ་གཅིག་འདུས་ཀྱི་དབང་༣༥། རྒྱུད་མན་ངག་བཅས་མང་དུ་བཞུགས་པ་ལས། འདིར་གཏེར་ཆེན་རིན་པོ་ཆེའི་གསུང་ལས་བྱང་ལས་བཞི་མྱུར་འགྲུབ། གཏེར་བདག་གླིང་པའི་ཟབ་གཏེར་རིག་འཛིན་ཐུག་ཐིག་གི་བཀའ་སྲུང་དཔལ་མགོན་ཞལ་བཞི་པའི་སྲོག་དབང་། གཞུང་གསལ་བྱེད་བཅས། གནུབས་ལུགས་བཀའ་གཏེར་གཉིས་ལྡན་མགོན་པོ་སྟག་ཞོན་གྱི་དབང་༣༦། འདིའི་རྒྱུད་དངོས་གྲུབ་བརྟན་གཟིགས་ཙམ་རྒྱུད་འབུམ་ཁ་ཅིག་ཏུ་བཞུགས། གཞན་དངོས་གྲུབ་བརྟན་གཟིགས་ཀྱི་རྟོགས་པ་ལྔ་པ། ཚར་ཆེན་རིན་པོ་ཆེས་མཛད་པ་བསྐང་གསོ་རྒྱས་པ་ཕྲིན་ལས་ལྷུན་གྲུབ། གཏོར་ཆོག་མདོར་བསྡུས་སོགས་ཀྱི་རྒྱུན་དང་མན་ངག་གི་ཡི་གེའི་རིགས་ཀྱི་རྒྱུན་རྙེད་ན་ཚོལ་བར་བྱའོ། །བིང་དམར་བཀའ་གཏེར་གཉིས་ལྡན་གྱི་དབང་འདི་ལའང་ཡིག་རྙིང་གི་སྐོར་མང་དུ་བཞུགས་མོད། བར་སྐབས་ནས་རྒྱུན་ཡོད་མེད་མ་འཚལ་ལ། ཕྱིས་སུ་བསྙེན་སྒྲུབ་ལས་སྦྱོར་གྱི་ཡིག་ཆ་འདྲ་མཛད་འདུག་པ་ནི་རྒྱུད་དང་མན་ངག་གི་དགོངས་པ་རང་རྐང་ཚུགས་མིན་སླར་དཔྱད་དོ།། །། | ||
བཻ་རོ་ནས་བརྒྱུད་པའི་བཀའ་མ་དང་། ཆུ་བོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན་གྱི་ཟབ་གཏེར་ཟུང་དུ་འབྲེལ་བའི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་། འདི་ལ་སྒྲུབ་སྐོར་དང་ལས་སྦྱོར་ཤིན་ཏུ་རྒྱ་ཆེ་བ་ཕྱག་ལེན་གྱི་རྒྱུན་དང་བཅས་ཏེ་བཞུགས་པ་ལས། སྐབས་འདིར་ལས་བྱང་དབང་ཆོག་ཙམ་བཞུགས་སོ།། །། | བཻ་རོ་ནས་བརྒྱུད་པའི་བཀའ་མ་དང་། ཆུ་བོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན་གྱི་ཟབ་གཏེར་ཟུང་དུ་འབྲེལ་བའི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་། འདི་ལ་སྒྲུབ་སྐོར་དང་ལས་སྦྱོར་ཤིན་ཏུ་རྒྱ་ཆེ་བ་ཕྱག་ལེན་གྱི་རྒྱུན་དང་བཅས་ཏེ་བཞུགས་པ་ལས། སྐབས་འདིར་ལས་བྱང་དབང་ཆོག་ཙམ་བཞུགས་སོ།། །། | ||
ལྷ་མོའི་སྐོར་གཙོར་གྱུར་བསྟན་སྲུང་སྣ་ཚོགས་པའི་སྐོར་ལ། པཎ་ཆེན་བི་མ་ལ་བསམ་བཞིན་དུ་བྱོན་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་བཀའ་སྲོལ་ཨེ་ཀཱ་ཛ་ཊཱི་སྡེ་བདུན་སྦགས་སྒྲུབ་ཀྱི་དབང་༣༨། སྡེ་བདུན་གྱི་བསྐང་གསོ་སྟོད་ལས་སྨད་ལས་བཅས་པ་དངོས་གྲུབ་འབྱུང་གཏེར་ཀུན་མཁྱེན་ཆེན་པོས་མཛད་པ། སྙིང་ཏིག་གི་མ་མོ་ཨེ་ཀཱ་ཛ་ཊཱི་གཙོ་རྐྱང་གི་རྗེས་གནང་༣༩། ཟུར་མང་སྙན་བརྒྱུད་རིན་པོ་ཆེར་ཆོས་སྡེ་ལས་བྱུང་བའི་རྒྱུད་དང་མན་ངག་གི་སྐོར་འདི་དག་གཏེར་བརྒྱུད་ཀྱི་དབང་དུ་བྱས་ན། བི་མའི་རྣམ་འཕྲུལ་གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་དང་། ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་དང་། ཞང་སྟོན་བཀྲ་ཤིས་རྡོ་རྗེ་སྟེ་གཏེར་ཁ་སུམ་ལྡན་དུ་གཏོགས་ཤིང་། སྤྱིར་ཀུན་མཁྱེན་ཆེན་པོའི་ཉེ་བརྒྱུད་ཀྱི་གདམས་པ་གཙོ་བོར་སྟོན་པར་སྣང་ངོ་། །བཀའ་མ་སྐྱི་ལུགས་དང་། པུ་རོང་ཞང་བཙུན་དར་མ་རིན་ཆེན་གྱི་ཟབ་གཏེར་ཟུང་འབྲེལ་བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབས་པའི་ལྷ་མོ་རེ་མ་ཏཱི་རང་བྱུང་རྒྱལ་མོའི་རྗེས་གནང་༤༠གཏེར་གཞུང་ལྕགས་ཕུར་བདུན་མ་མ་མོའི་གསང་སྒྲུབ། ཟོར་བདུན། མེ་ཧོམ་རྗེས་གནང་གི་ཆོ་ག་རྗེ་དུས་གསུམ་མཁྱེན་གྱིས་མཛད་པ། གཞན་ཡང་པཀྴི། རང་བྱུང་། དུས་མཁྱེན་གསུམ་གྱི་གཞུང་རྒྱལ་བ་དཀོན་མཆོག་ཡན་ལག་གི་བསྒྲིགས་པ་ལས་ཉེར་མཁོ་བཏུས་པ། ཉང་གཏེར་ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་རྗེས་གནང་༤༠། འདི་ལ་གཞུང་གི་རྒྱུན་སོགས་བར་སྐབས་ནས་མེད་པར་མངོན་ལ། གཏེར་ཆེན་པྲཛྙཱ་རསྨིའི་གྲོལ་ཐིག་གི་བཀའ་སྲུང་གྲས་སུ་སྲོག་དབང་དང་། གཏེར་གཞུང་གསལ་བྱེད་བཅས་བཞུགས་ཤིང་། གཞན་ཡང་འབྲི་གུང་བའི་བསྟན་སྲུང་ཆོས་ཀྱི་སྒྲོན་མ། གཡུ་སྒྲོན་མ། དཔལ་ཞྭ་ལུ་རྒྱན་གོང་གི་སྲུང་མ་རྡོ་རྗེ་རབ་བརྟན་མ་རྣམས་ངོ་བོ་གཅིག་པར་བཞེད་པས། དང་པོ་ལ་དབང་དང་མན་ངག་གི་སྐོར་རྒྱས་པར་བཞུགས་སྣང་ཞིང་། བར་པ་ལ། ཀུན་མཁྱེན་རིན་པོ་ཆེའི་མཁའ་འགྲོ་ཡང་ཏིག་ལས་འབྱུང་བའི་སྒྲུབ་ཐབས་ཟླ་བའི་འདོད་འཇོ་སོགས་ལས། སྲོག་དབང་གི་རྒྱུན་ཡོད་མེད་མ་འཚལ། ཕྱི་མ་ཨུ་རྒྱན་རིན་པོ་ཆེའི་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་དངོས་སུ་གནང་བའི་དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་ཐུན་མོང་དང་། ཐུན་མོང་མ་ཡིན་པ། སྒྲུབ་ཐབས་ནེ་རྐྱམ་མ་སོགས་ཡིག་རྙིང་གི་སྐོར་ཚང་བ་རྣམས་སོ། །ལས་འབྲེལ་ལུགས་ཀྱི་ལྷ་མོ་སྲོག་སྒྲུབ་མའི་དབང་༤༢། འདི་སྒྲུབ་སྐོར་མཁའ་འགྲོ་སྙིང་ཏིག་དང་། ཡང་ཏིག་ལས་བྱུང་བ་ཙམ་མོ། །ལས་འབྲེལ་ལུགས་ཀྱི་གཟའ་རྒོད་དུག་གི་སྤུ་གྲིའི་སྲོག་དབང་གཏོར་དབང་བཅས༤༣། འདིའི་གཏེར་གཞུང་ཡོངས་སུ་རྫོགས་པའི་རྒྱུན་བཞུགས་ཤིང་། མཁའ་འགྲོ་ཡང་ཏིག་ཏུའང་སྒྲུབ་ཡིག་ཁྱད་པར་ཅན་སྣང་བ་སོགས་ལས། འདིར་ཀུན་མཁྱེན་ཆེན་པོས་མཛད་པའི་གཟའ་བདུད་ཀྱི་བསྐང་གསོ་དགྲ་ལས་རྣམ་རྒྱལ་ཙམ་བཞུགས་སོ།། །། | ལྷ་མོའི་སྐོར་གཙོར་གྱུར་བསྟན་སྲུང་སྣ་ཚོགས་པའི་སྐོར་ལ། པཎ་ཆེན་བི་མ་ལ་བསམ་བཞིན་དུ་བྱོན་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་བཀའ་སྲོལ་ཨེ་ཀཱ་ཛ་ཊཱི་སྡེ་བདུན་སྦགས་སྒྲུབ་ཀྱི་དབང་༣༨། སྡེ་བདུན་གྱི་བསྐང་གསོ་སྟོད་ལས་སྨད་ལས་བཅས་པ་དངོས་གྲུབ་འབྱུང་གཏེར་ཀུན་མཁྱེན་ཆེན་པོས་མཛད་པ། སྙིང་ཏིག་གི་མ་མོ་ཨེ་ཀཱ་ཛ་ཊཱི་གཙོ་རྐྱང་གི་རྗེས་གནང་༣༩། ཟུར་མང་སྙན་བརྒྱུད་རིན་པོ་ཆེར་ཆོས་སྡེ་ལས་བྱུང་བའི་རྒྱུད་དང་མན་ངག་གི་སྐོར་འདི་དག་གཏེར་བརྒྱུད་ཀྱི་དབང་དུ་བྱས་ན། བི་མའི་རྣམ་འཕྲུལ་གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་དང་། ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་དང་། ཞང་སྟོན་བཀྲ་ཤིས་རྡོ་རྗེ་སྟེ་གཏེར་ཁ་སུམ་ལྡན་དུ་གཏོགས་ཤིང་། སྤྱིར་ཀུན་མཁྱེན་ཆེན་པོའི་ཉེ་བརྒྱུད་ཀྱི་གདམས་པ་གཙོ་བོར་སྟོན་པར་སྣང་ངོ་། །བཀའ་མ་སྐྱི་ལུགས་དང་། པུ་རོང་ཞང་བཙུན་དར་མ་རིན་ཆེན་གྱི་ཟབ་གཏེར་ཟུང་འབྲེལ་བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབས་པའི་ལྷ་མོ་རེ་མ་ཏཱི་རང་བྱུང་རྒྱལ་མོའི་རྗེས་གནང་༤༠གཏེར་གཞུང་ལྕགས་ཕུར་བདུན་མ་མ་མོའི་གསང་སྒྲུབ། ཟོར་བདུན། མེ་ཧོམ་རྗེས་གནང་གི་ཆོ་ག་རྗེ་དུས་གསུམ་མཁྱེན་གྱིས་མཛད་པ། གཞན་ཡང་པཀྴི། རང་བྱུང་། དུས་མཁྱེན་གསུམ་གྱི་གཞུང་རྒྱལ་བ་དཀོན་མཆོག་ཡན་ལག་གི་བསྒྲིགས་པ་ལས་ཉེར་མཁོ་བཏུས་པ། ཉང་གཏེར་ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་རྗེས་གནང་༤༠། འདི་ལ་གཞུང་གི་རྒྱུན་སོགས་བར་སྐབས་ནས་མེད་པར་མངོན་ལ། གཏེར་ཆེན་པྲཛྙཱ་རསྨིའི་གྲོལ་ཐིག་གི་བཀའ་སྲུང་གྲས་སུ་སྲོག་དབང་དང་། གཏེར་གཞུང་གསལ་བྱེད་བཅས་བཞུགས་ཤིང་། གཞན་ཡང་འབྲི་གུང་བའི་བསྟན་སྲུང་ཆོས་ཀྱི་སྒྲོན་མ། གཡུ་སྒྲོན་མ། དཔལ་ཞྭ་ལུ་རྒྱན་གོང་གི་སྲུང་མ་རྡོ་རྗེ་རབ་བརྟན་མ་རྣམས་ངོ་བོ་གཅིག་པར་བཞེད་པས། དང་པོ་ལ་དབང་དང་མན་ངག་གི་སྐོར་རྒྱས་པར་བཞུགས་སྣང་ཞིང་། བར་པ་ལ། ཀུན་མཁྱེན་རིན་པོ་ཆེའི་མཁའ་འགྲོ་ཡང་ཏིག་ལས་འབྱུང་བའི་སྒྲུབ་ཐབས་ཟླ་བའི་འདོད་འཇོ་སོགས་ལས། སྲོག་དབང་གི་རྒྱུན་ཡོད་མེད་མ་འཚལ། ཕྱི་མ་ཨུ་རྒྱན་རིན་པོ་ཆེའི་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་དངོས་སུ་གནང་བའི་དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་ཐུན་མོང་དང་། ཐུན་མོང་མ་ཡིན་པ། སྒྲུབ་ཐབས་ནེ་རྐྱམ་མ་སོགས་ཡིག་རྙིང་གི་སྐོར་ཚང་བ་རྣམས་སོ། །ལས་འབྲེལ་ལུགས་ཀྱི་ལྷ་མོ་སྲོག་སྒྲུབ་མའི་དབང་༤༢། འདི་སྒྲུབ་སྐོར་མཁའ་འགྲོ་སྙིང་ཏིག་དང་། ཡང་ཏིག་ལས་བྱུང་བ་ཙམ་མོ། །ལས་འབྲེལ་ལུགས་ཀྱི་གཟའ་རྒོད་དུག་གི་སྤུ་གྲིའི་སྲོག་དབང་གཏོར་དབང་བཅས༤༣། འདིའི་གཏེར་གཞུང་ཡོངས་སུ་རྫོགས་པའི་རྒྱུན་བཞུགས་ཤིང་། མཁའ་འགྲོ་ཡང་ཏིག་ཏུའང་སྒྲུབ་ཡིག་ཁྱད་པར་ཅན་སྣང་བ་སོགས་ལས། འདིར་ཀུན་མཁྱེན་ཆེན་པོས་མཛད་པའི་གཟའ་བདུད་ཀྱི་བསྐང་གསོ་དགྲ་ལས་རྣམ་རྒྱལ་ཙམ་བཞུགས་སོ།། །། | ||
ལས་འབྲེལ་དང་། རཏྣའི་གཏེར་ཁ་གཉིས་ལྡན་གནོད་སྦྱིན་ཤན་པ་དམར་ནག་གི་སྲོག་དབང་༤༤། འདི་ལ་ལས་འབྲེལ་གྱི་གཏེར་གཞུང་གསང་རྒྱུད་དང་མན་ངག་གི་ལུང་རྒྱུན་མ་ནུབ་ཙམ་དང་། མཁའ་འགྲོ་ཡང་ཏིག་ལས་འབྱུང་བའི་སྒྲུབ་ཐབས་མེ་རླུང་འཁྱིལ་བ། རཏྣའི་རྟ་གསང་གི་སྒོས་ཀྱི་སྲུང་མའི་སྒྲུབ་སྐོར་ལས་ཚོགས་དང་བཅས་པའི་རྒྱུན་བཞུགས་སོ། །རཏྣའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་སྲུང་མ་གཙོར་གྱུར་དམ་ཅན་མགར་དམར་གྱི་དབང་འདི་ལ་བྱང་གཏེར་དང་༤༥། རཏྣའི་གསང་འདུས། ཀློང་གསལ་སྙིང་ཐིག་བཅས་ཀྱི་སྲུང་མའི་སྐོར་ལས་འབྱུང་བའི་སྒྲུབ་ཐབས་མན་ངག་དང་བཅས་པའི་རྒྱུན་རྒྱས་པར་སྣང་བ་ལས། ཉེར་མཁོའི་ཡི་གེ་འགའ་ཞིག་བཞུགས། རིང་བརྒྱུད་བཀའ་མ་དཔལ་ཀཿཐོག་པ་ནས་བརྒྱུད་པ་དང་། ཉེ་བརྒྱུད་ཨོ་རྒྱན་རིན་པོ་ཆེས་གྲུབ་ཆེན་པཀྴིལ་དངོས་སུ་གནང་བའི་དམ་ཅན་མགར་ནག་གི་རྗེས་གནང་། མ་མགོན་འཁོར་ལྔའི་སྐོར་ལས་འབྱུང་བའི་གཞུང་ཚང་བ། ལས་འབྲེལ་དང་རྒྱལ་སྲས་ལེགས་པའི་ཟབ་གཏེར་ཟུང་འབྲེལ་ཞིང་སྐྱོང་སེང་གདོང་ཅན་གྱི་རྗེས་གནང་། ཆོས་དབང་། རིན་ཆེན་གླིང་པ། ལས་འབྲེལ། རྒྱལ་སྲས་ལེགས་པ་བཅས་ཀྱི་གཞུང་ལས་གཅེས་བཏུས་ཀྱི་སྒྲུབ་སྐོར་རྒྱལ་དབང་དཀོན་མཆོག་ཡན་ལག་གིས་བསྒྲིགས་པ་འདི་ཉིད་ལས་གསུངས་པའི་རྗེས་གནང་དང་། སྒྲུབ་ཐབས་འདོད་འཇོའི་རྗེས་གནང་འབྲིང་པོ་གཉིས་གཅིག་པར་སྣང་ངོ་། །ཉང་གཏེར་དུར་ཁྲོད་མ་མོའི་རྗེས་གནང་༤༦། མ་མོའི་སྐོང་མདོས་ནམ་མཁའི་མཛོད་གཏེར་ཆེན་རིན་པོ་ཆེས་མཛད་པ། འདིའི་རྒྱུད་དང་མན་ངག་རགས་རིམ་གྱི་རྒྱུན་བཞུགས་སོ། །ཆོས་དབང་གཏེར་བྱོན་བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་སྲོག་གཏད༤༨། འདི་ལ་མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཕྱི་ནང་གསང་གསུམ་གྱི་བླ་རྡོའི་མན་ངག་སོགས་ཁྱད་པར་ཅན་གྱི་གདམས་སྐོར་བཞུགས་ཀྱང་དེང་སང་རྒྱུན་ཡོད་མེད་མ་འཚལ་ལ། ཞར་བྱུང་ཉེར་མཁོའི་སླད་གཞོ་སྟོད་ཏེ་སྒྲོ་ནས་བླ་མ་མངའ་བདག་ཆེན་པོས་སྤྱན་དྲངས་པའི་བརྟན་མདོས་ལག་ལེན་བཅས། ཉང་གཏེར་རྒྱལ་པོ་པེ་ཧ་རའི་སྲོག་གཏད༤༩། འདིའི་རྒྱུད་གསུམ་དང་། གསོལ་ཀ་ཕྲིན་ལས་དོན་བཅུ་བཅས་ཀྱི་ལུང་རྒྱུན་མ་ཆད་ཙམ་བཞུགས་ལ། རིག་འཛིན་པདྨ་ཕྲིན་ལས་ཀྱིས་མཛད་པའི་སྐུ་ལྔའི་སྒྲུབ་རིམ་གློག་གི་ཕྲེང་བ་ཞལ་ཤེས་བཅས། འབོད་རྦད་བསད་གསུམ་གྱི་མན་ངག་བསྡུས་པ། ཕྲིན་གཞུང་དངོས་གྲུབ་ཆར་འབེབས། མདོས་ཀྱི་ཟིན་བྲིས། ཀུན་མཁྱེན་ལྔ་པས་མཛད་པའི་མདོས་ཀྱི་གྱེར་གཞུང་བསམ་དོན་ལྷུན་གྲུབ་བཅའ་གཞིའི་ལག་ལེན་དང་བཅས་པ་སོགས་ཀྱང་སྣང་ངོ་། །པཎ་ཆེན་པདྨ་དབང་རྒྱལ་གྱི་ཟབ་གཏེར་གནོད་སྦྱིན་རྩིའུ་དམར་པོའི་སྲོག་གཏད། རྒྱུད་དང་མན་ངག་ཚང་བ། འདིའི་མདོས་ཆོག་དབང་དྲག་གྲུབ་པའི་དགའ་སྟོན་ཞེས་ལྔ་པས་མཛད་པ་ཡོད། བྱང་གཏེར་ཟངས་མཛོད་ཀྱི་སྲུང་མ་ཐང་ལྷའི་སྲོག་གཏད། ལོ་རྒྱུས་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་གཏེར་གཞུང་ཚང་བ་འདི་ལ་ཀུན་མཁྱེན་ལྔ་པས་མཛད་པ་འཕྲིན་ལས་རྒྱས་པ་བརྒྱ་ཕྲག་ཉིད་དངོས་འཛིན་པའི་སྣང་གསལ། ཁྱེར་བདེ་བདུད་རྩིའི་ཆུ་རྒྱུན། སྐོང་མདོས་ཀྱི་ལག་ལེན་བཅས་སྣང་། བཻ་རོའི་རྣམ་འཕྲུལ་སྤྲུལ་སྐུར་ཤག་ཆེན་པོའི་ཟབ་གཏེར་དང་། རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེ་ལ་སྲོག་སྙིང་མདོངས་གསོལ་དུ་ཕུལ་བའི་བཀའ་གཏེར་ཟུང་འཇུག་བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་། སྒྲུབ་ཐབས་ལས་ཚོགས་ཟིན་བྲིས་དང་བཅས་པ་རྣམས་སོ།། །། | ལས་འབྲེལ་དང་། རཏྣའི་གཏེར་ཁ་གཉིས་ལྡན་གནོད་སྦྱིན་ཤན་པ་དམར་ནག་གི་སྲོག་དབང་༤༤། འདི་ལ་ལས་འབྲེལ་གྱི་གཏེར་གཞུང་གསང་རྒྱུད་དང་མན་ངག་གི་ལུང་རྒྱུན་མ་ནུབ་ཙམ་དང་། མཁའ་འགྲོ་ཡང་ཏིག་ལས་འབྱུང་བའི་སྒྲུབ་ཐབས་མེ་རླུང་འཁྱིལ་བ། རཏྣའི་རྟ་གསང་གི་སྒོས་ཀྱི་སྲུང་མའི་སྒྲུབ་སྐོར་ལས་ཚོགས་དང་བཅས་པའི་རྒྱུན་བཞུགས་སོ། །རཏྣའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་སྲུང་མ་གཙོར་གྱུར་དམ་ཅན་མགར་དམར་གྱི་དབང་འདི་ལ་བྱང་གཏེར་དང་༤༥། རཏྣའི་གསང་འདུས། ཀློང་གསལ་སྙིང་ཐིག་བཅས་ཀྱི་སྲུང་མའི་སྐོར་ལས་འབྱུང་བའི་སྒྲུབ་ཐབས་མན་ངག་དང་བཅས་པའི་རྒྱུན་རྒྱས་པར་སྣང་བ་ལས། ཉེར་མཁོའི་ཡི་གེ་འགའ་ཞིག་བཞུགས། རིང་བརྒྱུད་བཀའ་མ་དཔལ་ཀཿཐོག་པ་ནས་བརྒྱུད་པ་དང་། ཉེ་བརྒྱུད་ཨོ་རྒྱན་རིན་པོ་ཆེས་གྲུབ་ཆེན་པཀྴིལ་དངོས་སུ་གནང་བའི་དམ་ཅན་མགར་ནག་གི་རྗེས་གནང་། མ་མགོན་འཁོར་ལྔའི་སྐོར་ལས་འབྱུང་བའི་གཞུང་ཚང་བ། ལས་འབྲེལ་དང་རྒྱལ་སྲས་ལེགས་པའི་ཟབ་གཏེར་ཟུང་འབྲེལ་ཞིང་སྐྱོང་སེང་གདོང་ཅན་གྱི་རྗེས་གནང་། ཆོས་དབང་། རིན་ཆེན་གླིང་པ། ལས་འབྲེལ། རྒྱལ་སྲས་ལེགས་པ་བཅས་ཀྱི་གཞུང་ལས་གཅེས་བཏུས་ཀྱི་སྒྲུབ་སྐོར་རྒྱལ་དབང་དཀོན་མཆོག་ཡན་ལག་གིས་བསྒྲིགས་པ་འདི་ཉིད་ལས་གསུངས་པའི་རྗེས་གནང་དང་། སྒྲུབ་ཐབས་འདོད་འཇོའི་རྗེས་གནང་འབྲིང་པོ་གཉིས་གཅིག་པར་སྣང་ངོ་། །ཉང་གཏེར་དུར་ཁྲོད་མ་མོའི་རྗེས་གནང་༤༦། མ་མོའི་སྐོང་མདོས་ནམ་མཁའི་མཛོད་གཏེར་ཆེན་རིན་པོ་ཆེས་མཛད་པ། འདིའི་རྒྱུད་དང་མན་ངག་རགས་རིམ་གྱི་རྒྱུན་བཞུགས་སོ། །ཆོས་དབང་གཏེར་བྱོན་བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་སྲོག་གཏད༤༨། འདི་ལ་མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཕྱི་ནང་གསང་གསུམ་གྱི་བླ་རྡོའི་མན་ངག་སོགས་ཁྱད་པར་ཅན་གྱི་གདམས་སྐོར་བཞུགས་ཀྱང་དེང་སང་རྒྱུན་ཡོད་མེད་མ་འཚལ་ལ། ཞར་བྱུང་ཉེར་མཁོའི་སླད་གཞོ་སྟོད་ཏེ་སྒྲོ་ནས་བླ་མ་མངའ་བདག་ཆེན་པོས་སྤྱན་དྲངས་པའི་བརྟན་མདོས་ལག་ལེན་བཅས། ཉང་གཏེར་རྒྱལ་པོ་པེ་ཧ་རའི་སྲོག་གཏད༤༩། འདིའི་རྒྱུད་གསུམ་དང་། གསོལ་ཀ་ཕྲིན་ལས་དོན་བཅུ་བཅས་ཀྱི་ལུང་རྒྱུན་མ་ཆད་ཙམ་བཞུགས་ལ། རིག་འཛིན་པདྨ་ཕྲིན་ལས་ཀྱིས་མཛད་པའི་སྐུ་ལྔའི་སྒྲུབ་རིམ་གློག་གི་ཕྲེང་བ་ཞལ་ཤེས་བཅས། འབོད་རྦད་བསད་གསུམ་གྱི་མན་ངག་བསྡུས་པ། ཕྲིན་གཞུང་དངོས་གྲུབ་ཆར་འབེབས། མདོས་ཀྱི་ཟིན་བྲིས། ཀུན་མཁྱེན་ལྔ་པས་མཛད་པའི་མདོས་ཀྱི་གྱེར་གཞུང་བསམ་དོན་ལྷུན་གྲུབ་བཅའ་གཞིའི་ལག་ལེན་དང་བཅས་པ་སོགས་ཀྱང་སྣང་ངོ་། །པཎ་ཆེན་པདྨ་དབང་རྒྱལ་གྱི་ཟབ་གཏེར་གནོད་སྦྱིན་རྩིའུ་དམར་པོའི་སྲོག་གཏད། རྒྱུད་དང་མན་ངག་ཚང་བ། འདིའི་མདོས་ཆོག་དབང་དྲག་གྲུབ་པའི་དགའ་སྟོན་ཞེས་ལྔ་པས་མཛད་པ་ཡོད། བྱང་གཏེར་ཟངས་མཛོད་ཀྱི་སྲུང་མ་ཐང་ལྷའི་སྲོག་གཏད། ལོ་རྒྱུས་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་གཏེར་གཞུང་ཚང་བ་འདི་ལ་ཀུན་མཁྱེན་ལྔ་པས་མཛད་པ་འཕྲིན་ལས་རྒྱས་པ་བརྒྱ་ཕྲག་ཉིད་དངོས་འཛིན་པའི་སྣང་གསལ། ཁྱེར་བདེ་བདུད་རྩིའི་ཆུ་རྒྱུན། སྐོང་མདོས་ཀྱི་ལག་ལེན་བཅས་སྣང་། བཻ་རོའི་རྣམ་འཕྲུལ་སྤྲུལ་སྐུར་ཤག་ཆེན་པོའི་ཟབ་གཏེར་དང་། རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེ་ལ་སྲོག་སྙིང་མདོངས་གསོལ་དུ་ཕུལ་བའི་བཀའ་གཏེར་ཟུང་འཇུག་བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་། སྒྲུབ་ཐབས་ལས་ཚོགས་ཟིན་བྲིས་དང་བཅས་པ་རྣམས་སོ།། །། | ||
དེ་ལྟ་བུའི་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་ཆེན་པོ་རྣམས་ལས་གཙོ་བོར་གྱུར་པ། ལེགས་ལྡན། ཕྱག་བཞི་མ་ནིང་། ཞལ་བཞི། སྔགས་སྲུང་མ། འོག་ནས་འབྱུང་བའི་གཏེར་གསར་དབང་ཕྱུག་ཆེན་པོ། །གཟའ་རྒོད་དུག་གི་སྤུ་གྲི། རྣམ་སྲས་སེར་ཆེན། ཞིང་སྐྱོང་དུར་ཁྲོད་མ་མོ་བཅས་ཀྱི་ཕྲིན་ལས་དངོས་གྲུབ་རོལ་མཚོ་དང་། འདིའི་རྟེན་རྫས་དང་བླ་རྡོའི་མན་ངག་སོགས་གཏེར་ཆེན་རིན་པོ་ཆེའི་གསུང་ལྟར་དགེ་སྦྱོང་བློ་གསལ་རྒྱ་མཚོའི་ཟིན་བྲིས་ཀྱི་སྐོར་ཁྱད་པར་ཅན་ཡོད་སྣང་། གཏོར་མ་རུ་ཚོན་ཟུང་མཇུག་རྣམས་ཀྱི་མན་ངག་གཏེར་ཆེན་རིན་པོ་ཆེས་མཛད་པ། སྲུང་མ་སྤྱི་འགྲོའི་གྲིབ་སེལ་གྱི་མན་ངག་བཀླག་ཆོག་ཏུ་བཀོད་པ་ལོ་ཆེན་རིན་པོ་ཆེའི་གསུང་། ཞར་བྱུང་རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་སྔགས་སྲུང་མའི་ཆ་ལག་མདོས་གྱི་ལས་རིམ་ལ་བརྟེན་ནས་མ་མོའི་འཁྲུགས་སྐོང་གི་ཆོ་ག་ཕྲིན་ལས་འདོད་འཇོ་རྒྱལ་སྲས་པདྨ་དབང་རྒྱལ་གྱིས་མཛད་པ། འཁྲུགས་སྐོང་བསྡུས་པ་ཆགས་མེད་རིན་པོ་ཆེའི་གསུང་བཅས་བཞུགས་སོ། །དེ་ལྟར་ཆོས་སྲུང་གི་སྐོར་འདི་རྣམས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དབང་དུ་བྱས་ན་གཙོ་བོར་འཇིག་རྟེན་མཆོད་བསྟོད་ཀྱི་ཕྱོགས་སུ་གཏོགས་ཤིང་། ཨེ་ཀ་ཛ་ཊཱི་སོགས་མ་མོའི་སྡེ་ཚན་དུ་བསྡུའོ།། །། | དེ་ལྟ་བུའི་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་ཆེན་པོ་རྣམས་ལས་གཙོ་བོར་གྱུར་པ། ལེགས་ལྡན། ཕྱག་བཞི་མ་ནིང་། ཞལ་བཞི། སྔགས་སྲུང་མ། འོག་ནས་འབྱུང་བའི་གཏེར་གསར་དབང་ཕྱུག་ཆེན་པོ། །གཟའ་རྒོད་དུག་གི་སྤུ་གྲི། རྣམ་སྲས་སེར་ཆེན། ཞིང་སྐྱོང་དུར་ཁྲོད་མ་མོ་བཅས་ཀྱི་ཕྲིན་ལས་དངོས་གྲུབ་རོལ་མཚོ་དང་། འདིའི་རྟེན་རྫས་དང་བླ་རྡོའི་མན་ངག་སོགས་གཏེར་ཆེན་རིན་པོ་ཆེའི་གསུང་ལྟར་དགེ་སྦྱོང་བློ་གསལ་རྒྱ་མཚོའི་ཟིན་བྲིས་ཀྱི་སྐོར་ཁྱད་པར་ཅན་ཡོད་སྣང་། གཏོར་མ་རུ་ཚོན་ཟུང་མཇུག་རྣམས་ཀྱི་མན་ངག་གཏེར་ཆེན་རིན་པོ་ཆེས་མཛད་པ། སྲུང་མ་སྤྱི་འགྲོའི་གྲིབ་སེལ་གྱི་མན་ངག་བཀླག་ཆོག་ཏུ་བཀོད་པ་ལོ་ཆེན་རིན་པོ་ཆེའི་གསུང་། ཞར་བྱུང་རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་སྔགས་སྲུང་མའི་ཆ་ལག་མདོས་གྱི་ལས་རིམ་ལ་བརྟེན་ནས་མ་མོའི་འཁྲུགས་སྐོང་གི་ཆོ་ག་ཕྲིན་ལས་འདོད་འཇོ་རྒྱལ་སྲས་པདྨ་དབང་རྒྱལ་གྱིས་མཛད་པ། འཁྲུགས་སྐོང་བསྡུས་པ་ཆགས་མེད་རིན་པོ་ཆེའི་གསུང་བཅས་བཞུགས་སོ། །དེ་ལྟར་ཆོས་སྲུང་གི་སྐོར་འདི་རྣམས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དབང་དུ་བྱས་ན་གཙོ་བོར་འཇིག་རྟེན་མཆོད་བསྟོད་ཀྱི་ཕྱོགས་སུ་གཏོགས་ཤིང་། ཨེ་ཀ་ཛ་ཊཱི་སོགས་མ་མོའི་སྡེ་ཚན་དུ་བསྡུའོ།། །། | ||
Line 44: | Line 67: | ||
ལྔ་པ་གསོན་པོའི་དོན་དུ་རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་ལ། རབ་གནས་ཀྱི་ཆོ་ག་རྒྱས་པ་དགེ་ལེགས་འདོད་འཇོ། འབྲིང་པོ་རྒྱུད་དོན་རབ་གསལ་ལྔ་ཙམ། བསྡུས་པ་རྒྱུད་དོན་སྙིང་པོ། ཡོན་བསྒོའི་གཏོང་ཐུན་སྙིང་པོར་དྲིལ་བ། རབ་གནས་ཀྱི་ལག་ལེན་ལེགས་བཤད་རོལ་མཚོ་ལས་བཏུས་པའི་ཉེར་མཁོ་བཅས་རྗེ་གཏེར་ཆེན་བླ་མ་རིན་པོ་ཆེའི་གསུང་།། །། | ལྔ་པ་གསོན་པོའི་དོན་དུ་རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་ལ། རབ་གནས་ཀྱི་ཆོ་ག་རྒྱས་པ་དགེ་ལེགས་འདོད་འཇོ། འབྲིང་པོ་རྒྱུད་དོན་རབ་གསལ་ལྔ་ཙམ། བསྡུས་པ་རྒྱུད་དོན་སྙིང་པོ། ཡོན་བསྒོའི་གཏོང་ཐུན་སྙིང་པོར་དྲིལ་བ། རབ་གནས་ཀྱི་ལག་ལེན་ལེགས་བཤད་རོལ་མཚོ་ལས་བཏུས་པའི་ཉེར་མཁོ་བཅས་རྗེ་གཏེར་ཆེན་བླ་མ་རིན་པོ་ཆེའི་གསུང་།། །། | ||
དྲུག་པ་གཤིན་པོའི་དོན་དུ་གནས་ལུང་དཔྱང་ཐག་གི་མན་ངག་ལ། གནས་ལུང་སྤྱིར་བཏང་གཤིན་པོ་རྗེས་འཛིན་གྱི་ཆོ་ག་ཐར་པའི་མྱུར་ལམ་གཏེར་ཆེན་རིན་པོ་ཆེའི་གསུང་། དེའི་ལྷན་ཐབས་རིགས་དྲུག་གནས་སྤྱིར་འདི་ལ་བཀའ་མ་དོང་སྤྲུགས་ལུགས་ཀྱི་ངན་སོང་གནས་སྦྱོང་རྫོགས་པར་འབྱུང་གི་རྒྱུད་ལས་གསུང་བའི་རིགས་དྲུག་གནས་འདྲེན་ཁྱད་པར་ཀུན་མཁྱེན་རིན་པོ་ཆེའི་ཐེག་མཆོག་མཛོད་དུ་རྒྱས་པར་བཀྲལ་བ། གཏེར་མ་ཞི་ཁྲོ་དང་ཐུགས་རྗེ་ཆེན་པོར་སྐོར་ལས་གཙོ་བོར་འབྱུང་བའི་རིགས་དྲུག་གནས་འདྲེན་བཅས་ཆོ་ག་མི་འདྲ་བའི་ཁྱད་མེད་གསུམ་ཡོད་ལ། ནང་གསེས་སུ་བྱེ་བྲག་མང་དུ་སྣང་ངོ་། །སྦྱོང་གི་ཆོ་ག་བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ་གཏེར་ཆེན་རིན་པོ་ཆེས་མཛད་པ། གནས་ལུང་སྤྱི་ལ་སྦྱར་དུ་རུང་བའི་གྲི་འགྲོལ་དང་། སྦུབས་གོན་བཤིག་པའི་མན་ངག །ཞར་བྱུང་གདུང་ཆོག་དང་། ཕུང་པོ་བསྲེག་སྦྱོང་སཱཙྪ་སྒྲུབ་གཤེགས་སོགས་ལ་ཉེ་བར་མཁོ་བའི་ཡིག་ཆུང་བཅས་སོ། །གཞན་ཡང་བཀའ་བརྒྱད་སོགས་ལས་འབྱུང་བའི་འདུལ་བ་གྲིའི་ལུང་སོགས་ཀྱང་གཙོ་བོར་སྐབས་འདིར་འདུའོ།། །། | དྲུག་པ་གཤིན་པོའི་དོན་དུ་གནས་ལུང་དཔྱང་ཐག་གི་མན་ངག་ལ། གནས་ལུང་སྤྱིར་བཏང་གཤིན་པོ་རྗེས་འཛིན་གྱི་ཆོ་ག་ཐར་པའི་མྱུར་ལམ་གཏེར་ཆེན་རིན་པོ་ཆེའི་གསུང་། དེའི་ལྷན་ཐབས་རིགས་དྲུག་གནས་སྤྱིར་འདི་ལ་བཀའ་མ་དོང་སྤྲུགས་ལུགས་ཀྱི་ངན་སོང་གནས་སྦྱོང་རྫོགས་པར་འབྱུང་གི་རྒྱུད་ལས་གསུང་བའི་རིགས་དྲུག་གནས་འདྲེན་ཁྱད་པར་ཀུན་མཁྱེན་རིན་པོ་ཆེའི་ཐེག་མཆོག་མཛོད་དུ་རྒྱས་པར་བཀྲལ་བ། གཏེར་མ་ཞི་ཁྲོ་དང་ཐུགས་རྗེ་ཆེན་པོར་སྐོར་ལས་གཙོ་བོར་འབྱུང་བའི་རིགས་དྲུག་གནས་འདྲེན་བཅས་ཆོ་ག་མི་འདྲ་བའི་ཁྱད་མེད་གསུམ་ཡོད་ལ། ནང་གསེས་སུ་བྱེ་བྲག་མང་དུ་སྣང་ངོ་། །སྦྱོང་གི་ཆོ་ག་བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ་གཏེར་ཆེན་རིན་པོ་ཆེས་མཛད་པ། གནས་ལུང་སྤྱི་ལ་སྦྱར་དུ་རུང་བའི་གྲི་འགྲོལ་དང་། སྦུབས་གོན་བཤིག་པའི་མན་ངག །ཞར་བྱུང་གདུང་ཆོག་དང་། ཕུང་པོ་བསྲེག་སྦྱོང་སཱཙྪ་སྒྲུབ་གཤེགས་སོགས་ལ་ཉེ་བར་མཁོ་བའི་ཡིག་ཆུང་བཅས་སོ། །གཞན་ཡང་བཀའ་བརྒྱད་སོགས་ལས་འབྱུང་བའི་འདུལ་བ་གྲིའི་ལུང་སོགས་ཀྱང་གཙོ་བོར་སྐབས་འདིར་འདུའོ།། །། | ||
བདུན་པ་ལས་རབ་འབྱམས་མཐར་ཕྱིན་པར་བྱེད་པ་སྦྱིན་སྲེག་གི་སྐོར་ལ་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གཏེར་ཆེན་རིན་པོ་ཆེས་མཛད་པ། དེ་ལ་ལྟོས་པའི་ལས་ཕྱི་མ་གསུམ་གྱི་སྦྱིན་སྲེག་གི་ཁ་བསྒྱུར། རྫས་གཅིག་ལ་བརྟེན་པའི་སྦྱིན་སྲེག་བསྡུས་པ། ལོ་ཆེན་རིན་པོ་ཆེའི་གསུང་སྔ་འགྱུར་བཀའ་མའི་རྒྱུད་ལུང་སྤྱིའི་སྦྱིན་སྲེག་འདོད་གཏེར་དབང་གི་རྒྱལ་པོ་རྣམས་སོ།། །། | བདུན་པ་ལས་རབ་འབྱམས་མཐར་ཕྱིན་པར་བྱེད་པ་སྦྱིན་སྲེག་གི་སྐོར་ལ་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གཏེར་ཆེན་རིན་པོ་ཆེས་མཛད་པ། དེ་ལ་ལྟོས་པའི་ལས་ཕྱི་མ་གསུམ་གྱི་སྦྱིན་སྲེག་གི་ཁ་བསྒྱུར། རྫས་གཅིག་ལ་བརྟེན་པའི་སྦྱིན་སྲེག་བསྡུས་པ། ལོ་ཆེན་རིན་པོ་ཆེའི་གསུང་སྔ་འགྱུར་བཀའ་མའི་རྒྱུད་ལུང་སྤྱིའི་སྦྱིན་སྲེག་འདོད་གཏེར་དབང་གི་རྒྱལ་པོ་རྣམས་སོ།། །། | ||
གཉིས་པ་བྱེ་བྲག་ལས་ཀྱི་ཚོགས་རབ་འབྱམས་ལ། སྤྱིར་ལས་ཀྱི་ངོ་བོ་ནི། སྒྱུ་འཕྲུལ་ཐུགས་ཐིག་ལས། ཕྱི་རོལ་ཚང་མེད་ཉིད་ལས་བཞི། །ཞེས་གསུངས་པ་ལྟར། ཡུལ་གྱི་ཁྱད་པར་གཙོ་བོར་གཞན་དོན་ལ་དམིགས་པ། རྒྱུའི་ཁྱད་པར་ཚད་མེད་པ་བཞིའི་སྦྱོར་བ་ལས་བྱུང་བ། ངོ་བོའི་ཁྱད་པར་ཤེས་རབ་ཆེན་པོའི་རྩིས་ཟིན་པ་བྱེད་ལས་ཀྱི་ཁྱད་པར་ཐབས་མཁས་ཀྱི་མཛད་པས་སངས་རྒྱས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པར་སྒྲུབ་པའོ། །ངེས་ཚིག་ནི། ཀརྨ་ཞེས་པ་སྒྲ་ལས་དྲངས་ན་བྱེད་པ་པོའི་སྒོ་གསུམ་གྱི་ལས་ཀྱི་དོན་དུ་གཉེར་བྱ་ལ་སྦྱོར་བར་བྱེད་པས་ན་དེ་སྐད་དོ། །དབྱེ་ན་དཔལ་གསང་བ་འདུས་པའི་སྙིང་པོའི་རྒྱུད་ཕྱི་མ་ལས། ཞི་བ་ལ་སོགས་རབ་དབྱེ་བས། ལས་ནི་རྣམ་པ་བཞིར་བསྡུས་སོ། །ཞེས་ཞི་རྒྱས་དབང་དྲག་གི་ལས་བཞི་དང་། སྔ་མ་ལ་སྲུང་དང་ཞི་བ་གཉིས་སུ་དབྱེ་བ་རྣམ་པ་ལྔ་སྟེ། དེ་ལའང་ཐུན་མོང་དང་མཆོག་གི་ཁྱད་པར་གྱིས་དབྱེ་ན་གཉིས་གཉིས་སུ་གནས་པ་ཡིན་ལ། བྱ་བའི་ཐབས་ཀྱང་སྙིང་པོའི་འགྲེལ་པ་ཁོག་གཞུང་ལས། མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། ཞེས་མཆོད་རྟེན་སྒྲུབ་པ་དང་། ཕྱག་རྒྱ་བཅའ་ཞིང་བསྒྱུར་བ་དང་། ཧོམ་སྟེ་སྦྱིན་སྲེག་དང་། ལས་ཀྱི་མཐའ་སྡུད་བྲོ་གར་གླུ་ཚིག་དང་བཅས་པ་དང་། རྫས་སྟེ་ལིངྒའི་སྒོ་ནས་སྒྲུབ་པ་རྣམས་གསུངས་ཤིང་། དེས་མཚོན་ཏེ་འཁྲུལ་འཁོར་དང་། སྨན་དང་། སྔགས་དང་། རྟེན་འབྲེལ་དང་། ཏིང་ངེ་འཛིན་གྱི་སྒོ་ནས་སྒྲུབ་པ་སོགས་མཐའ་ཡས་པ་རྣམས་སོ། །དེ་ལ་འདིར་རེ་ཞིག་སྤྱི་དང་། བྱེ་བྲག་གཉིས་སུ་འདུ་བ་ལས། དང་པོ་སྤྱིར་བཏང་ལས་སྣ་ཚོགས་པའི་སྐོར་ལ། བླ་མ་དགོངས་པ་འདུས་པའི་སྲུང་འབུམ་རྡོ་རྗེའི་ཕྲེང་བ་འདི་སྲུང་བ་གཙོ་བོར་བཏོན་པའི་དབང་གི་མཚན་དེ་སྐད་དུ་བཞག་པ་ལས། །ནང་གསེས་སུ་ཞི་རྒྱས་དབང་གི་འཁོར་ལོ་ཅི་རིགས་པར་སྣང་བས་སྐབས་འདིར་འབྲེལ་ལོ། །བརྒྱ་རྩ་བརྒྱད་པ་ཞལ་ཤེས་རབ་གནས་ཀྱི་ལག་ལེན་དང་བཅས་པ། འབྲོག་པ་སྣ་ནམ་ཐུབ་རྒྱལ་གྱི་གཏོ་བཅོས་བརྒྱ་རྩའམ་རྒྱ་ནག་གཏིང་རྫོགས་སུ་གྲགས་པའི་འཁོར་ལོ་བརྒྱ་རྩ་བླ་མ་ཡང་ཏིག །ཡིད་བཞིན་ནོར་བུའི་ཆོས་སྡེ་ལས་བྱུང་བའི་མཆོག་གི་ཕྲིན་ལས་བཏགས་གྲོལ་གྱི་འཁོར་ལོ་དབང་བསྐུར་དང་བཅས་པ། སྤྱིར་རྒྱུད་སྡེ་རྣམས་ལས་གཟུངས་སྔགས་ཟབ་མོ་བཅངས་པའི་ཕན་ཡོན་མཐའ་ཡས་པ་དང་། གླེགས་བམ་འཆང་བའི་ཚུལ་ཕན་ཡོན་དང་བཅས་པ་དང་། སྦྱོང་རྒྱུད་ནས་ཕུང་པོ་སྲེག་སྦྱོང་གིས་སྡིག་པ་སྦྱོང་བའི་སྐབས་གནས་ཡིག་གདགས་པར་གསུངས་པས་མཚོན་བཏགས་གྲོལ་གྱི་ཕྱོགས་སུ་གཏོགས་པ་ཇི་སྙེད་ཅིག་མཆིས་ཀྱང་། གསར་མའི་ཕྱོགས་ལ་དམིགས་ཀྱིས་གསལ་བ་ནི་སོ་སོར་འབྲང་མའི་འཁོར་ལོ་དང་། ཇོ་བོ་རྗེའི་གདམས་ངག་ཏུ་གྲགས་པའི་གྲོང་ཁྱེར་སྒྲོལ་བའི་འཁོར་ལོ་ཙམ་དུ་སྣང་ཞིང་། སྔ་འགྱུར་གྱི་ཕྱོགས་འདིར་བཏགས་གྲོལ་གྱི་རྒྱུད་དང་མན་ངག་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། མཚན་གཞིའི་གཙོ་བོ་ནི་ཡབ་ཡུམ་རང་བྱུང་གིས་དགོངས་པ་དང་། ཐིག་ལེ་ཉི་ཤུ་རྩ་ལྔའི་གསང་སྔགས་སོགས་སུ་སྣང་བས། ཡང་ཏིག་གི་བཏགས་གྲོལ་འདི་ཉིད་རྒྱས་བསྡུས་འཚམས་ཤིང་སྙིང་པོར་དྲིལ་བའི་མན་ངག་ཏུ་ངེས་པས་སྐབས་འདིར་འདི་ཙམ་ཞིག་བཀོད་པ་ཡིན་ལ། གཞན་མཁའ་འགྲོའི་སྙིང་ཏིག་གི་རྒྱུད་དྲུག་དང་། ཞི་ཁྲོ་དང་། དགོངས་འདུས་སོགས་སུ་རྒྱ་ཆེར་འབྱུང་བ་ཤེས་པར་བྱའོ། །དེས་མཚོན་ཏེ་མ་བསྒོམ་སངས་རྒྱས་ཀྱི་ཆོས་གཞན་ཡང་། གསར་མའི་སྔགས་རྒྱུད་རྣམས་སུ་བྲིས་སྐུ་མཐོང་བ་དོན་ལྡན་སོགས་བྲིས་སྐུའི་ཆོ་ག་རབ་འབྱམས་དང་། དྲི་མེད་དང་། ཇོ་བོའི་མཆོད་རྟེན། མི་འཁྲུགས་པའི་གཟུངས་རྣམས་ཀྱི་མཐོང་གྲོལ། གཟུངས་སྔགས་ཟབ་མོ་མཐའ་ཡས་པའི་སྒྲ་ཐོས་པ་དང་། པདྨ་གཙུག་ཏོར་གྱི་སྔགས་དུང་ལ་བཟླས་པའི་ཐོས་གྲོལ། དེ་ཉིད་ཀྱི་བདུག་སྤོས། ཚོར་གྲོལ། བདུད་རྩི་རིལ་བུ་དང་། གཟུངས་སྒྲུབ་ཀྱི་བུམ་པའི་ཆུའི་མྱོང་གྲོལ། བྱེ་མ་སོགས་ལ་གཟུངས་བཟླས་པ་དང་། ཞལ་བཅུ་གཅིག་པའི་སྔགས་བཟླས་པ་པོའི་རྫི་ཕྱོགས་ཕོག་པའང་སྡིག་པ་ལས་གྲོལ་བར་གསུངས་པའི་རིག་གྲོལ་སོགས་སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱ་ཆེར་བཀའ་སྩལ་པ་ལ་བློ་གྲོས་ཀྱི་མིག་ལྡང་ཞིང་། ཡིད་སྲུབ་ཀྱི་དཔུང་ཚོགས་སྙིང་ལ་ཉལ་བ་ཁ་ཅིག་བཏགས་གྲོལ་སོགས་རྙིང་མ་ཁོ་ནའི་སྒེར་ཆོས་དང་། དེ་ཡང་མི་འཐད་པའི་སྒྲུབ་བྱེད་བཀོད་པ་དག་སྣང་མོད། ཚུལ་འདི་ལྟ་བུས་མཚོན་རང་གཞན་གྱི་གྲུབ་མཐའི་ཁ་འཛིན་དང་། འཇིག་རྟེན་གྱི་ཆགས་སྡང་ཙམ་ལ་བརྟེན་ནས་ཆོས་དང་གང་ཟག་ཚད་ལྡན་ལ་བདུད་དང་། བདུད་ཀྱི་གཞུང་དུ་སྒྲུབ་པ་སོགས་ནི་རང་ཉིད་མེ་ཏོག་མདའ་ཅན་གྱི་ཕྲིན་ལས་པར་གསལ་བར་མཚོན་པས་ཕྱོགས་སུ་གཏོགས་པ་ཐམས་ཅད་ཀྱི་ངན་སོང་གི་བཤུལ་ལམ་དུ་འཁྲིད་པའི་དེད་དཔོན་ཆེན་པོར་ཤེས་པར་བྱས་ནས་བདག་ལེགས་སུ་འདོད་པ་དག་གིས། དོན་ལ་རྟོགས་པའི་བློ་གྲོས་ཀྱི་མཐུས་མདོ་རྒྱུད་ཚད་ལྡན་གྱི་དགོངས་པ་དང་སུ་མཐུན་དཔྱད་པ་ལས་ཞལ་དབང་ཡོད་ཀྱིས་སྨྲས་པའི་ཅལ་སྒྲོག་ཙམ་གྱི་རྗེས་སུ་མི་རྒྱུག་པའང་གལ་ཤིན་ཏུ་ཆེ་བར་སྣང་ཞིང་། སྤྱིར་བཏགས་གྲོལ་སོགས་ཀྱིས་གྲོལ་བའང་། རེ་ཞིག་ངན་སོང་ལས་གྲོལ་བ་དང་། འཁོར་བ་ལས་གྲོལ་བ་སོགས་ཁྱད་པར་མཐའ་ཡས་པའི་ཕྱིར། གྲོལ་བ་ཡིན་ན་སངས་རྒྱས་ཐོབ་པ་ལྟ་བུར་གོ་བས་བློར་མ་ཤོང་བར་སྣང་བ་ནི་བློ་གྲོས་ཕུར་ཁུང་ཐུག་པའི་རྟགས་ཏེ་སྙིང་རྗེའི་གནས་ཡིན་ནོ། །ཞར་ལས་འཕྲོས་པའོ། །དེ་ལྟར་ན་མ་བསྒོམ་སངས་རྒྱས་ཀྱི་ཆོས་གཞན་རྣམས་ནི་སྤྱིར་སྔ་འགྱུར་གྱི་རྒྱུད་དང་། མན་ངག་རྣམས་ལས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བར་གསུངས་པ། གོང་དུ་ཐུགས་རྗེ་ཆེན་པོའི་སྐོར་སོགས་སུ་ཅི་རིགས་པ་བཀོད་ཟིན་ཅིང་། སླར་དེ་རྣམས་ཕྱོགས་གཅིག་ཏུ་འདྲིལ་བའི་སྤྱི་དོན་གྱི་ཡི་གེ་སྐབས་འདིར་བསྡུ་བར་འོས་པ་ཞིག་བྱུང་ནའང་ཅི་མ་རུང་སྙམ་དུ་སེམས་སོ། །བྲམ་ཟེ་སྡོམ་པ་བཟང་པོའི་ལུགས་ཀྱི་ཕན་བྱེད་རླུང་འཁོར་བཅོ་བརྒྱད། འདིར་གསར་འགྱུར་རྙིང་མའི་ཕྱོགས་སུ་བཀའ་བབས་པ་ཡིན་ལ། སྔགས་རྣམས་རྒྱུད་སྡེ་ཚད་ལྡན་ལས་བྱུང་བ་ཁོ་ནར་སྣང་བས་སོ་སོའི་ཁུང་དང་འབྲེལ་བའི་དག་པ་ཞིག་བྱུང་ན་ཕན་ཡོན་ཆེན་པོ་འབྱུང་བར་ངེས་སོ། །བླ་མ་དགོངས་པ་འདུས་པའི་སྔགས་༢འབུམ་དགོས་འདོད་ཀུན་འབྱུང་། འདི་དང་གོང་འོག་ཏུ་སྲུང་བརྒྱ་སོགས་དགོངས་འདུས་ལས་བྱུང་བའི་ལས་ཚོགས་འགའ་ཞིག་བཀོད་པ། དེང་སང་ཀར་རྙིང་གི་ཕྱོགས་ལ་གསེར་ཆོས་ཆེན་པོ་འདི་ཉིད་ཀྱི་སྨིན་གྲོལ་ཁྱབ་བརྡལ་དུ་བཞུགས་པས་དགོས་པ་ཆེར་མ་དམིགས་མོད། འོན་ཀྱང་ས་དགེའི་ཆེན་པོར་རློམས་པ་ཁ་ཅིག་ཀྱང་རྙིང་མ་བྱས་ན་ཤངས་གཉེར་བཞིན་དུ། ལས་ཚོགས་འདི་རྣམས་འདུས་ཟབ་ཁྱེར་བདེར་མཐོང་ནས། ནོར་དང་གཏམ་གྱི་འདོད་པས་རང་དབང་མེད་པར་ཐུགས་འཕྲོགས་ཏེ། རྨ་ཁར་ཕན་ན་ཁྱི་ཚིལ་གྱི་དཔེ་ལྟར། ལུང་ཙམ་ཡང་མ་ཉན་པར་འགགས་དགོས་པ་ཨོ་རྒྱན་པདྨ་ལ་བཅོལ་བའི་བླུན་པོ་སྙིང་ཁམས་ཅན་རྣམས་ཀྱི་རྣ་བར་ལུང་རྒྱུན་རེ་ཙམ་བཟུང་ན་ཅི་མ་རུང་སྙམ་པ་དང་། གྲོང་སྔགས་པ་ཉམ་ཆུང་ལག་ལེན་མཁན་འདྲ་ལའང་ཕན་སྲིད་སྙམ་ནས་ཟུར་དུ་བཀོལ་ཏེ་བཀོད་པའོ། །ཀློང་གསལ་གུར་དྲག་ཡེ་ཤེས་རབ་འབར་གྱི་སྔགས་འབུམ་དགོས་འདོད་ཀུན་འབྱུང་ཤིན་ཏུ་ཟབ་པ། རྡོར་གླིང་སོགས་གཏེར་ཁ་མང་པོ་ལས་མཐུན་པར་འབྱུང་བའི་བཟླས་ཆོག་སྔགས་འབུམ་དཀར་པོ། དྲི་མེད་བཛྲ་ཞེས་རྡོ་རྗེ་གླིང་པའི་ཟབ་གཏེར་༣ཟ་ཡིག་ནོར་བུའི་བང་མཛོད། གཏེར་ཁ་མང་པོ་ལས་འབྱུང་བའི་ཕྱོགས་བཅུའི་ཟ་ཡིག་དང་། མཁའ་འགྲོ་མ་སྐུ་ལྔའི་ཡི་གེ་ནད་གདོན་ཀུན་ལ་ཕན་པ། དགོངས་འདུས་ཐེམ་མེད་ཀྱི་མན་ངག་ཐོར་བུའི་ལས་ཚོགས་བརྒྱ་རྩ་ཞེས་སྔགས་དང་འཁོར་ལོ་ཟ་ཡིག་སྣ་ཚོགས་པ། འདི་ལུང་རྒྱུན་ཙམ་སྣང་ཡང་ཡོངས་གྲགས་ཀྱི་གསན་ཡིག་ཕལ་ཆེར་དུ་མི་བཞུགས་པས་རྒྱུན་ཡོད་མེད་སླར་དཔྱད། རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་གུ་རུ་ཨོ་རྒྱན་གླིང་པའི་ཟབ་གཏེར་རྟེན་འབྲེལ་ཡང་༤སྙིང་འདུས་པ་ཞེས་ཕན་བྱེད་ཀྱི་མན་ངག་སྣ་ཚོགས་པ། འདི་ཕལ་ཆེར་ཞི་བྱེད་པའི་སྔགས་དང་རྫས་ཀྱི་རྟེན་འབྲེལ་དང་མཐུན། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་ས་དཔྱད་རྟེན་འབྲེལ་གྱི་ཆེ་བ། སྟག་ཤམ་བསམ་གཏན་གླིང་པའི་དམ་ཅན་གྱི་འཕྲུལ་མོ། །ཤྭ་རྒྱལ་སྲས་ལེགས་པའི་ཟབ་གཏེར་གཡུ་སྒྲོན་མའི་པྲ་འབེབས་ལག་ལེན་མ། རཏྣའི་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ལས་ཚོགས་ཚེ་དང་སྐྱེ་བ་བརྟགས་པ། དགོངས་འདུས་ལས་གསུངས་པའི་རྨི་ལམ་བརྟགས་ཐབས། རཏྣའི་ཟབ་གཏེར་མར་མེའི་པྲ་བརྟག །དགོངས་འདུས་ལས་གསུངས་པའི་མར་མེའི་བརྟགས་པ། རླུང་གི་རྟེན་འབྲེལ་རྩི་ཐབས། ལྷ་བཙུན་རིན་པོ་ཆེའི་དག་སྣང་བརྟག་བསྒྲིལ་གྱི་མན་ངག །མཁའ་འགྲོ་མ་རྡོ་རྗེ་ཕག་མོས་གྲུབ་ཆེན་ཐང་སྟོང་རྒྱལ་པོར་དངོས་སུ་གནང་བའི་ལྷ་མོ་བརྒྱད་རྩིས། རིག་འཛིན་པདྨ་གླིང་པའི་མན་ངག་གཏེར་ཕྲན་ཉེར་དགུ་ཞེས་ཕན་གནོད་ཀྱི་ལས་སྣ་ཚོགས་ཟབ་པར་གྲགས་པ། ཆོས་གླིང་གཏེར་ཕྲན་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ཞེས་དམ་གྲིབ་སོགས་མི་གཙང་བའི་གཉེན་པོ་རྣམ་འཇོམས་དཀར་པོ། དུག་རིགས་སྲུང་ཞིང་གསོ་བ་དུག་སེལ་མ་ལྗང་གུའི་རྗེས་གནང་མན་ངག །དམ་སྲིའི་གཉེན་པོ་རྡོ་རྗེ་ཕུར་པ་དུག་གཟེར་རོག་ཕུང་། འཇམ་དཔལ་ནག་པོའི་སྙིང་ཟློག་བསམ་གཏན་ཉལ་ཆོག་རྣམས་གཞུང་གསལ་བྱེད་དང་བཅས་པ། བྱང་གཏེར་ཐུགས་སྒྲུབ་ཀྱི་ཆོས་ཚན་བཅུ་པ་གནས་ཆེན་བྱིན་འབེབས་ཀྱི་མན་ངག །དེའི་ཆ་ལག་རྣམ་འཇོམས་བག་ཆགས་སྟོབས་སྦྱོང་གི་ཁྲུས་ཆོག །བཀའ་ནན་རབ་བརྗིད་ཀྱི་ཆོ་ག་རྒྱས་པ་བྱང་ཆུབ་གླིང་པའི་གཏེར་བྱོན། བསྡུས་པ་གུ་རུ་ཡོན་ཏན་གཏེར་མཛོད་ལས་བྱུང་བ། ཉང་གཏེར་སྣང་བསང་བདུད་རྩིའི་སྤྲིན་ཕུང་། ཀུན་མཁྱེན་ཀློང་ཆེན་པའི་བསང་མཆོད་བདེ་ལེགས་ཀུན་འབྱུང་དང་། རྒྱགས་བརྔན་ཆེན་མོ་ལོ་རྒྱུས་དང་བཅས་པ། དེའི་ལག་ལེན་གནད་ཀྱི་ལྡེའུ་མིག་རྣམས། ལྷ་བཙུན་རིན་པོ་ཆེའི་དག་སྣང་རི་བོ་བསང་མཆོད། གཞན་ཡང་ཆོས་དབང་རིན་པོ་ཆེའི་སྣང་སྲིད་ཞི་བའི་ཆོ་ག་སོགས་ཞི་བརྔན་བསང་མཆོད་ཀྱི་སྐོར་རྣམས་ཀྱང་འདིར་བསྡུ་བར་འོས་པར་སྣང་མོད། བསང་མཆོད་འདི་དར་སྲོལ་ཆེ་བས་ཕྱིས་ཀྱི་བླ་མ་རྣམས་ཀྱི་གསུང་འབུམ་ཕལ་ཆེར་ཡང་བསང་དང་། གསོལ་འདེབས་ཆེ་ཆུང་མང་པོས་ཟིང་ཟིང་པོར་གྱུར་པས་རེ་ཞིག་དེ་ཙམ་མོ། །གཏེར་ཆེན་རིན་པོ་ཆེའི་གསུང་གསུར་མཆོད་འདོད་ཡོན་སྤྲིན་ཕུང་། འདིར་ཆོས་དབང་གསང་འདུས་ཀྱི་རྒྱུན་གྱི་མེ་མཆོད་ལ་ཁུངས་དྲངས་ནས་མཛད་སྣང་། གནུབས་སངས་རྒྱས་ཡེ་ཤེས་ཀྱི་མཛད་པར་གྲགས་པའི་ལས་ཐམས་ཅད་ཀྱི་སྣ་སེལ་གསེར་སྐྱེམས་སྡེ་བརྒྱད་ཆ་སྙོམས། ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཕུད་སྐོང་སྤྱི་གསོལ་ཆེན་མོ་ལྷན་ཐབས་བཅས། ལོ་ཆེན་རིན་པོ་ཆེའི་གསུང་འབྱུང་རྩིས་པར་མཁོ་བའི་གསེར་སྐྱེམས། ཆགས་མེད་རིན་པོ་ཆེས་མཛད་པའི་ལམ་གཏོར་བསྡུས་པ། དེའི་གནད་ཀྱི་མན་ངག །ཕྱོགས་གར་འགྲོ་ཡང་མགོ་ཐོན་པའི་གདམས་པ། མཁའ་འགྲོའི་སུན་མ་ཟློག་པའི་མན་ངག་ལ། ཆོས་དབང་རིན་པོ་ཆེའི་བླ་མ་གསང་འདུས། སངས་གླིང་དགོངས་འདུས། རཏ་གླིང་ཐུགས་སྒྲུབ་ཡོངས་འདུས་སོགས་རྒྱ་ཆེར་འབྱུང་ཞིང་། སོ་སོར་ཆོག་བསྒྲིགས་སོགས་རྒྱས་པར་སྤེལ་སྣང་བ་ནི་གཞན་དུ་གསལ་ལ། འདིར་ལྷ་བཙུན་ཆེན་པོའི་དག་སྣང་སུན་ཟློག་ཁྱེར་བདེ་བརྟན་བཞུགས་ཀྱི་ཆོ་ག་དང་འབྲེལ་བ། འོད་འབར་ཚོགས་ཤམ་དུ་སྦྱར་རྒྱུའི་སུན་ཟློག་ཉེར་བསྡུ། ལྷ་སྲས་རྣམ་སྤྲུལ་མང་ལམ་རི་ཁྲོད་པ་སྤྲུལ་སྐུ་བཟང་པོ་གྲགས་པའི་ཟབ་གཏེར་སྲི་ཟློག་འཁོར་ལོ་འབར་བའི་གཞུང་མན་ངག་དང་བཅས་པ། སྤྲུལ་སྐུ་བ་མཁར་སྨུག་པོའི་ཟབ་གཏེར་གསོལ་འདེབས་བར་ཆད་ལམ་སེལ་དང་། འདི་འདྲ་ཡོངས་སུ་གྲགས་ཤིང་གསོལ་འདེབས་ཙམ་དུ་ཟད་པས་འདིར་བཀོད་པ་ལ་དགོས་གལ་གཞན་མ་མཆིས་ཀྱང་། གཏེར་སྟོན་བརྒྱ་རྩ་སོགས་ཀྱི་གྲངས་འདྲེན་པའི་ཚེ་ངེས་པར་དགོས་སྣང་བས་བཀོད་པའོ། །ལྷ་བཙུན་རིན་པོ་ཆེའི་དག་སྣང་དུས་མིན་འཆི་བཟློག་གི་གསོལ་འདེབས། འཆི་བསླུའི་ཆོ་ག་འཇའ་ཚོན་གཤིན་རྗེའི་གཏེར་ཆེན་ལག་ལེན་དང་བཅས་པ། །སྔ་འགྱུར་བཀའ་མ་སློབ་དཔོན་སྒེག་པའི་རྡོ་རྗེའི་བླ་བསླུའི་གཞུང་ལག་ལེན་དང་བཅས་པ། བདུད་བཞིའི་གནོད་པ་ཟློག་པ་མཆོད་སྦྱིན་བརྒྱ་བཞིའི་ཆོ་ག་གནུབས་ལུགས། ཆོས་དབང་རིན་པོ་ཆེའི་གཏེར་ཕྲན་ཁ་འབར་མ་དཀར་མོའི་འཆི་བསླུ། ནག་པོས་བྱད་ཕུར་ལྟས་ངན་ཟློག་པ་དང་། ཁྲོ་བོས་མི་ཁ་སྨྲ་མཆུ་ཟློག་པ། དེ་གསུམ་གྱི་འདོན་ཆ་ཁྱེར་བདེ། བཀའ་བརྒྱད་ཀྱི་ཆ་ལག་ཏུ་གྲགས་པའི་འཆི་བསླུ་ཆུ་སྦྱིན་སྟོང་ཟློག །རྙིང་མ་བཀའ་གཏེར་གྱི་མན་ངག །འཆི་སླུ་དང་བླ་སླུ་ཉེར་བསྡུས་ལྟས་ངན་ཟློག་པ་སྒྱེ་ནག་རྡོག་དྲིལ། ར་ཤག་གཏེར་སྟོན་བསོད་ནམས་རྡོ་རྗེའི་ཟབ་གཏེར་མདོས་བཅུ་ཞེས་རཀྴ་དགྲ་མདོས། བདུད་༡ཟློག །བདུད་ཞལ་བསྒྱུར༢། འདྲེ་ཁྲོམ་བསྒྱུར༣། མ་མོའི་གླུད་མདོས༤། མ་མོའི་ཁྲག་མདོས༥། ལྟས་ངན་ཟློག་པ༦། ཕུར་ཁ་ཟློག་པ༧། གཏད་ཟློག་འདི་ཟབ་པར་གསུངས། སྐོང་མདོས་བཅས་དང་སོགས་ཡིག་རྙིང་སྟོད་འཕྱང་སྨད་འཕྱང་བཅས་ཚང་བ། སྒྲུབ་ཆེན་སོགས་ལ་མཁོ་བའི་རཏ་གླིང་གླིང་བཞི་སྤྱི་མདོས་ཟིན་བྲིས་བཅས། ཆོས་རྒྱལ་བྱང་བའི་དག་སྣང་། སྣང་སྲིད་སྤྱི་སྐོང་གི་མདོས་ཆོག །རོལ་རྡོར་ཟབ་གཏེར་དམ་སྲི་གླུད་མདོས། གནམ་ཆོས་ཧ་ས་གརྦྷ། མ་མོའི་ཁྲག་མདོས། ཀག་ཟློག་དགུ། དགོངས་གཏོར་དབང་ཕྱུག་ཟོར་མདོས་རྣམས་ཀྱི་བཀའ་གཏད། ལག་ལེན་མཁན་རྣམས་ཀྱིས་འདི་རྣམས་ཀྱི་བཀའ་གཏད་ཐོབ་དགོས་ཀྱང་རྒྱུན་ཅུང་ཟད་དཀོན་པས་དོན་གཉེར་ཅན་སྲིད་ན་ཕན་ནམ་སྙམ་ནས་བཀོད་པ་དེ། སོ་སོའི་གཞུང་ནི་ཡི་གེ་མང་གི་དོགས་པས་རེ་ཞིག་འདིར་མ་བཀོད་དོ། །གཏེར་ཆེན་གུ་རུ་ཇོ་རྩེས་དབུས་ཟངས་ཡག་བྲག་ནས་སྤྱན་དྲངས་པའི་ཤ་བརྒྱ་ཟན་བརྒྱའི་གླུད་ཆོག །རྙིང་མ་བཀའ་གཏེར་གཞུང་སྤྱིར་སྦྱར་བའི་གླུད་ཆོག་ཕྱག་ལེན་མ། ལྷ་བཙུན་རིན་པོ་ཆེའི་དག་སྣང་ལན་ཆགས་ཆུ་སྒྱུར། སྤྱན་རས་གཟིགས་དངོས་ཀརྨ་ཆགས་མེད་ཀྱི་གསུང་ལན་ཆགས་བརྒྱ་བསྔོས། གུར་དྲག་གི་ལས་མཐའ་བྱིས་པའི་གླུད་བསྔོ། གདོན་གསུམ་གྱི་གཏོ། རིག་འཛིན་བསྟན་གཉིས་གླིང་པའི་མནལ་ལམ་དུ་གུ་རུ་རིན་པོ་ཆེས་གནང་བའི་མི་ཕྱུགས་ཀྱི་གླུད་བསྔོས་བཅས་བཞུགས་སོ། །དེ་ལྟར་ལས་སྣ་ཚོགས་པ་འདི་རྣམས། བསྒྲུབ་བྱའི་ལས་ནི་ཞི་རྒྱས་དབང་དྲག་དང་འབྲེལ་བ་ཅི་རིགས་པའི་ནང་དུ་འདུ་ཞིང་སྒྲུབ་བྱེད་ཀྱི་ཐབས་ཀྱང་འཁོར་ལོ་དང་། སྔགས་དང་། ཟ་ཡིག་དང་། རྟེན་འབྲེལ་ཏེ་རྣམ་པ་བཞིར་འདུ་བ་ཡིན་ཏེ། བསང་མཆོད་མདོས་གཏོར་སོགས་ཕལ་ཆེར་རྟེན་འབྲེལ་གྱི་གཏོ་བཅོས་ཁོ་ནར་སྣང་བའི་ཕྱིར་རོ། །སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དབང་དུ་བྱས་ན་འཁོར་ལོ་དང་སྔགས་སོགས་ནི་ཡི་དམ་གྱི་རྣལ་འབྱོར་གང་ལའང་སྦྱར་དུ་རུང་བ་ཤས་ཆེ་བས་སྤྱིར་བཏང་བའི་ལས་ཀྱི་ཡན་ལག་དང་། མདོས་གཏོར་སོགས་དམིགས་བསལ་འཇིག་རྟེན་མཆོད་བསྟོད་ཀྱི་སྡེ་ཚན་དུ་འདུ་བར་སྣང་སྟེ། མདོས་ཀྱི་གཞུང་ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་དང་། མ་མོའི་རྒྱུད་སོགས་ལས་རྒྱ་ཆེར་གསུངས་པས་མཚོན་ཏེ་ཤེས་པར་བྱའོ།། །། | གཉིས་པ་བྱེ་བྲག་ལས་ཀྱི་ཚོགས་རབ་འབྱམས་ལ། སྤྱིར་ལས་ཀྱི་ངོ་བོ་ནི། སྒྱུ་འཕྲུལ་ཐུགས་ཐིག་ལས། ཕྱི་རོལ་ཚང་མེད་ཉིད་ལས་བཞི། །ཞེས་གསུངས་པ་ལྟར། ཡུལ་གྱི་ཁྱད་པར་གཙོ་བོར་གཞན་དོན་ལ་དམིགས་པ། རྒྱུའི་ཁྱད་པར་ཚད་མེད་པ་བཞིའི་སྦྱོར་བ་ལས་བྱུང་བ། ངོ་བོའི་ཁྱད་པར་ཤེས་རབ་ཆེན་པོའི་རྩིས་ཟིན་པ་བྱེད་ལས་ཀྱི་ཁྱད་པར་ཐབས་མཁས་ཀྱི་མཛད་པས་སངས་རྒྱས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པར་སྒྲུབ་པའོ། །ངེས་ཚིག་ནི། ཀརྨ་ཞེས་པ་སྒྲ་ལས་དྲངས་ན་བྱེད་པ་པོའི་སྒོ་གསུམ་གྱི་ལས་ཀྱི་དོན་དུ་གཉེར་བྱ་ལ་སྦྱོར་བར་བྱེད་པས་ན་དེ་སྐད་དོ། །དབྱེ་ན་དཔལ་གསང་བ་འདུས་པའི་སྙིང་པོའི་རྒྱུད་ཕྱི་མ་ལས། ཞི་བ་ལ་སོགས་རབ་དབྱེ་བས། ལས་ནི་རྣམ་པ་བཞིར་བསྡུས་སོ། །ཞེས་ཞི་རྒྱས་དབང་དྲག་གི་ལས་བཞི་དང་། སྔ་མ་ལ་སྲུང་དང་ཞི་བ་གཉིས་སུ་དབྱེ་བ་རྣམ་པ་ལྔ་སྟེ། དེ་ལའང་ཐུན་མོང་དང་མཆོག་གི་ཁྱད་པར་གྱིས་དབྱེ་ན་གཉིས་གཉིས་སུ་གནས་པ་ཡིན་ལ། བྱ་བའི་ཐབས་ཀྱང་སྙིང་པོའི་འགྲེལ་པ་ཁོག་གཞུང་ལས། མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། ཞེས་མཆོད་རྟེན་སྒྲུབ་པ་དང་། ཕྱག་རྒྱ་བཅའ་ཞིང་བསྒྱུར་བ་དང་། ཧོམ་སྟེ་སྦྱིན་སྲེག་དང་། ལས་ཀྱི་མཐའ་སྡུད་བྲོ་གར་གླུ་ཚིག་དང་བཅས་པ་དང་། རྫས་སྟེ་ལིངྒའི་སྒོ་ནས་སྒྲུབ་པ་རྣམས་གསུངས་ཤིང་། དེས་མཚོན་ཏེ་འཁྲུལ་འཁོར་དང་། སྨན་དང་། སྔགས་དང་། རྟེན་འབྲེལ་དང་། ཏིང་ངེ་འཛིན་གྱི་སྒོ་ནས་སྒྲུབ་པ་སོགས་མཐའ་ཡས་པ་རྣམས་སོ། །དེ་ལ་འདིར་རེ་ཞིག་སྤྱི་དང་། བྱེ་བྲག་གཉིས་སུ་འདུ་བ་ལས། དང་པོ་སྤྱིར་བཏང་ལས་སྣ་ཚོགས་པའི་སྐོར་ལ། བླ་མ་དགོངས་པ་འདུས་པའི་སྲུང་འབུམ་རྡོ་རྗེའི་ཕྲེང་བ་འདི་སྲུང་བ་གཙོ་བོར་བཏོན་པའི་དབང་གི་མཚན་དེ་སྐད་དུ་བཞག་པ་ལས། །ནང་གསེས་སུ་ཞི་རྒྱས་དབང་གི་འཁོར་ལོ་ཅི་རིགས་པར་སྣང་བས་སྐབས་འདིར་འབྲེལ་ལོ། །བརྒྱ་རྩ་བརྒྱད་པ་ཞལ་ཤེས་རབ་གནས་ཀྱི་ལག་ལེན་དང་བཅས་པ། འབྲོག་པ་སྣ་ནམ་ཐུབ་རྒྱལ་གྱི་གཏོ་བཅོས་བརྒྱ་རྩའམ་རྒྱ་ནག་གཏིང་རྫོགས་སུ་གྲགས་པའི་འཁོར་ལོ་བརྒྱ་རྩ་བླ་མ་ཡང་ཏིག །ཡིད་བཞིན་ནོར་བུའི་ཆོས་སྡེ་ལས་བྱུང་བའི་མཆོག་གི་ཕྲིན་ལས་བཏགས་གྲོལ་གྱི་འཁོར་ལོ་དབང་བསྐུར་དང་བཅས་པ། སྤྱིར་རྒྱུད་སྡེ་རྣམས་ལས་གཟུངས་སྔགས་ཟབ་མོ་བཅངས་པའི་ཕན་ཡོན་མཐའ་ཡས་པ་དང་། གླེགས་བམ་འཆང་བའི་ཚུལ་ཕན་ཡོན་དང་བཅས་པ་དང་། སྦྱོང་རྒྱུད་ནས་ཕུང་པོ་སྲེག་སྦྱོང་གིས་སྡིག་པ་སྦྱོང་བའི་སྐབས་གནས་ཡིག་གདགས་པར་གསུངས་པས་མཚོན་བཏགས་གྲོལ་གྱི་ཕྱོགས་སུ་གཏོགས་པ་ཇི་སྙེད་ཅིག་མཆིས་ཀྱང་། གསར་མའི་ཕྱོགས་ལ་དམིགས་ཀྱིས་གསལ་བ་ནི་སོ་སོར་འབྲང་མའི་འཁོར་ལོ་དང་། ཇོ་བོ་རྗེའི་གདམས་ངག་ཏུ་གྲགས་པའི་གྲོང་ཁྱེར་སྒྲོལ་བའི་འཁོར་ལོ་ཙམ་དུ་སྣང་ཞིང་། སྔ་འགྱུར་གྱི་ཕྱོགས་འདིར་བཏགས་གྲོལ་གྱི་རྒྱུད་དང་མན་ངག་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། མཚན་གཞིའི་གཙོ་བོ་ནི་ཡབ་ཡུམ་རང་བྱུང་གིས་དགོངས་པ་དང་། ཐིག་ལེ་ཉི་ཤུ་རྩ་ལྔའི་གསང་སྔགས་སོགས་སུ་སྣང་བས། ཡང་ཏིག་གི་བཏགས་གྲོལ་འདི་ཉིད་རྒྱས་བསྡུས་འཚམས་ཤིང་སྙིང་པོར་དྲིལ་བའི་མན་ངག་ཏུ་ངེས་པས་སྐབས་འདིར་འདི་ཙམ་ཞིག་བཀོད་པ་ཡིན་ལ། གཞན་མཁའ་འགྲོའི་སྙིང་ཏིག་གི་རྒྱུད་དྲུག་དང་། ཞི་ཁྲོ་དང་། དགོངས་འདུས་སོགས་སུ་རྒྱ་ཆེར་འབྱུང་བ་ཤེས་པར་བྱའོ། །དེས་མཚོན་ཏེ་མ་བསྒོམ་སངས་རྒྱས་ཀྱི་ཆོས་གཞན་ཡང་། གསར་མའི་སྔགས་རྒྱུད་རྣམས་སུ་བྲིས་སྐུ་མཐོང་བ་དོན་ལྡན་སོགས་བྲིས་སྐུའི་ཆོ་ག་རབ་འབྱམས་དང་། དྲི་མེད་དང་། ཇོ་བོའི་མཆོད་རྟེན། མི་འཁྲུགས་པའི་གཟུངས་རྣམས་ཀྱི་མཐོང་གྲོལ། གཟུངས་སྔགས་ཟབ་མོ་མཐའ་ཡས་པའི་སྒྲ་ཐོས་པ་དང་། པདྨ་གཙུག་ཏོར་གྱི་སྔགས་དུང་ལ་བཟླས་པའི་ཐོས་གྲོལ། དེ་ཉིད་ཀྱི་བདུག་སྤོས། ཚོར་གྲོལ། བདུད་རྩི་རིལ་བུ་དང་། གཟུངས་སྒྲུབ་ཀྱི་བུམ་པའི་ཆུའི་མྱོང་གྲོལ། བྱེ་མ་སོགས་ལ་གཟུངས་བཟླས་པ་དང་། ཞལ་བཅུ་གཅིག་པའི་སྔགས་བཟླས་པ་པོའི་རྫི་ཕྱོགས་ཕོག་པའང་སྡིག་པ་ལས་གྲོལ་བར་གསུངས་པའི་རིག་གྲོལ་སོགས་སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱ་ཆེར་བཀའ་སྩལ་པ་ལ་བློ་གྲོས་ཀྱི་མིག་ལྡང་ཞིང་། ཡིད་སྲུབ་ཀྱི་དཔུང་ཚོགས་སྙིང་ལ་ཉལ་བ་ཁ་ཅིག་བཏགས་གྲོལ་སོགས་རྙིང་མ་ཁོ་ནའི་སྒེར་ཆོས་དང་། དེ་ཡང་མི་འཐད་པའི་སྒྲུབ་བྱེད་བཀོད་པ་དག་སྣང་མོད། ཚུལ་འདི་ལྟ་བུས་མཚོན་རང་གཞན་གྱི་གྲུབ་མཐའི་ཁ་འཛིན་དང་། འཇིག་རྟེན་གྱི་ཆགས་སྡང་ཙམ་ལ་བརྟེན་ནས་ཆོས་དང་གང་ཟག་ཚད་ལྡན་ལ་བདུད་དང་། བདུད་ཀྱི་གཞུང་དུ་སྒྲུབ་པ་སོགས་ནི་རང་ཉིད་མེ་ཏོག་མདའ་ཅན་གྱི་ཕྲིན་ལས་པར་གསལ་བར་མཚོན་པས་ཕྱོགས་སུ་གཏོགས་པ་ཐམས་ཅད་ཀྱི་ངན་སོང་གི་བཤུལ་ལམ་དུ་འཁྲིད་པའི་དེད་དཔོན་ཆེན་པོར་ཤེས་པར་བྱས་ནས་བདག་ལེགས་སུ་འདོད་པ་དག་གིས། དོན་ལ་རྟོགས་པའི་བློ་གྲོས་ཀྱི་མཐུས་མདོ་རྒྱུད་ཚད་ལྡན་གྱི་དགོངས་པ་དང་སུ་མཐུན་དཔྱད་པ་ལས་ཞལ་དབང་ཡོད་ཀྱིས་སྨྲས་པའི་ཅལ་སྒྲོག་ཙམ་གྱི་རྗེས་སུ་མི་རྒྱུག་པའང་གལ་ཤིན་ཏུ་ཆེ་བར་སྣང་ཞིང་། སྤྱིར་བཏགས་གྲོལ་སོགས་ཀྱིས་གྲོལ་བའང་། རེ་ཞིག་ངན་སོང་ལས་གྲོལ་བ་དང་། འཁོར་བ་ལས་གྲོལ་བ་སོགས་ཁྱད་པར་མཐའ་ཡས་པའི་ཕྱིར། གྲོལ་བ་ཡིན་ན་སངས་རྒྱས་ཐོབ་པ་ལྟ་བུར་གོ་བས་བློར་མ་ཤོང་བར་སྣང་བ་ནི་བློ་གྲོས་ཕུར་ཁུང་ཐུག་པའི་རྟགས་ཏེ་སྙིང་རྗེའི་གནས་ཡིན་ནོ། །ཞར་ལས་འཕྲོས་པའོ། །དེ་ལྟར་ན་མ་བསྒོམ་སངས་རྒྱས་ཀྱི་ཆོས་གཞན་རྣམས་ནི་སྤྱིར་སྔ་འགྱུར་གྱི་རྒྱུད་དང་། མན་ངག་རྣམས་ལས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བར་གསུངས་པ། གོང་དུ་ཐུགས་རྗེ་ཆེན་པོའི་སྐོར་སོགས་སུ་ཅི་རིགས་པ་བཀོད་ཟིན་ཅིང་། སླར་དེ་རྣམས་ཕྱོགས་གཅིག་ཏུ་འདྲིལ་བའི་སྤྱི་དོན་གྱི་ཡི་གེ་སྐབས་འདིར་བསྡུ་བར་འོས་པ་ཞིག་བྱུང་ནའང་ཅི་མ་རུང་སྙམ་དུ་སེམས་སོ། །བྲམ་ཟེ་སྡོམ་པ་བཟང་པོའི་ལུགས་ཀྱི་ཕན་བྱེད་རླུང་འཁོར་བཅོ་བརྒྱད། འདིར་གསར་འགྱུར་རྙིང་མའི་ཕྱོགས་སུ་བཀའ་བབས་པ་ཡིན་ལ། སྔགས་རྣམས་རྒྱུད་སྡེ་ཚད་ལྡན་ལས་བྱུང་བ་ཁོ་ནར་སྣང་བས་སོ་སོའི་ཁུང་དང་འབྲེལ་བའི་དག་པ་ཞིག་བྱུང་ན་ཕན་ཡོན་ཆེན་པོ་འབྱུང་བར་ངེས་སོ། །བླ་མ་དགོངས་པ་འདུས་པའི་སྔགས་༢འབུམ་དགོས་འདོད་ཀུན་འབྱུང་། འདི་དང་གོང་འོག་ཏུ་སྲུང་བརྒྱ་སོགས་དགོངས་འདུས་ལས་བྱུང་བའི་ལས་ཚོགས་འགའ་ཞིག་བཀོད་པ། དེང་སང་ཀར་རྙིང་གི་ཕྱོགས་ལ་གསེར་ཆོས་ཆེན་པོ་འདི་ཉིད་ཀྱི་སྨིན་གྲོལ་ཁྱབ་བརྡལ་དུ་བཞུགས་པས་དགོས་པ་ཆེར་མ་དམིགས་མོད། འོན་ཀྱང་ས་དགེའི་ཆེན་པོར་རློམས་པ་ཁ་ཅིག་ཀྱང་རྙིང་མ་བྱས་ན་ཤངས་གཉེར་བཞིན་དུ། ལས་ཚོགས་འདི་རྣམས་འདུས་ཟབ་ཁྱེར་བདེར་མཐོང་ནས། ནོར་དང་གཏམ་གྱི་འདོད་པས་རང་དབང་མེད་པར་ཐུགས་འཕྲོགས་ཏེ། རྨ་ཁར་ཕན་ན་ཁྱི་ཚིལ་གྱི་དཔེ་ལྟར། ལུང་ཙམ་ཡང་མ་ཉན་པར་འགགས་དགོས་པ་ཨོ་རྒྱན་པདྨ་ལ་བཅོལ་བའི་བླུན་པོ་སྙིང་ཁམས་ཅན་རྣམས་ཀྱི་རྣ་བར་ལུང་རྒྱུན་རེ་ཙམ་བཟུང་ན་ཅི་མ་རུང་སྙམ་པ་དང་། གྲོང་སྔགས་པ་ཉམ་ཆུང་ལག་ལེན་མཁན་འདྲ་ལའང་ཕན་སྲིད་སྙམ་ནས་ཟུར་དུ་བཀོལ་ཏེ་བཀོད་པའོ། །ཀློང་གསལ་གུར་དྲག་ཡེ་ཤེས་རབ་འབར་གྱི་སྔགས་འབུམ་དགོས་འདོད་ཀུན་འབྱུང་ཤིན་ཏུ་ཟབ་པ། རྡོར་གླིང་སོགས་གཏེར་ཁ་མང་པོ་ལས་མཐུན་པར་འབྱུང་བའི་བཟླས་ཆོག་སྔགས་འབུམ་དཀར་པོ། དྲི་མེད་བཛྲ་ཞེས་རྡོ་རྗེ་གླིང་པའི་ཟབ་གཏེར་༣ཟ་ཡིག་ནོར་བུའི་བང་མཛོད། གཏེར་ཁ་མང་པོ་ལས་འབྱུང་བའི་ཕྱོགས་བཅུའི་ཟ་ཡིག་དང་། མཁའ་འགྲོ་མ་སྐུ་ལྔའི་ཡི་གེ་ནད་གདོན་ཀུན་ལ་ཕན་པ། དགོངས་འདུས་ཐེམ་མེད་ཀྱི་མན་ངག་ཐོར་བུའི་ལས་ཚོགས་བརྒྱ་རྩ་ཞེས་སྔགས་དང་འཁོར་ལོ་ཟ་ཡིག་སྣ་ཚོགས་པ། འདི་ལུང་རྒྱུན་ཙམ་སྣང་ཡང་ཡོངས་གྲགས་ཀྱི་གསན་ཡིག་ཕལ་ཆེར་དུ་མི་བཞུགས་པས་རྒྱུན་ཡོད་མེད་སླར་དཔྱད། རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་གུ་རུ་ཨོ་རྒྱན་གླིང་པའི་ཟབ་གཏེར་རྟེན་འབྲེལ་ཡང་༤སྙིང་འདུས་པ་ཞེས་ཕན་བྱེད་ཀྱི་མན་ངག་སྣ་ཚོགས་པ། འདི་ཕལ་ཆེར་ཞི་བྱེད་པའི་སྔགས་དང་རྫས་ཀྱི་རྟེན་འབྲེལ་དང་མཐུན། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་ས་དཔྱད་རྟེན་འབྲེལ་གྱི་ཆེ་བ། སྟག་ཤམ་བསམ་གཏན་གླིང་པའི་དམ་ཅན་གྱི་འཕྲུལ་མོ། །ཤྭ་རྒྱལ་སྲས་ལེགས་པའི་ཟབ་གཏེར་གཡུ་སྒྲོན་མའི་པྲ་འབེབས་ལག་ལེན་མ། རཏྣའི་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ལས་ཚོགས་ཚེ་དང་སྐྱེ་བ་བརྟགས་པ། དགོངས་འདུས་ལས་གསུངས་པའི་རྨི་ལམ་བརྟགས་ཐབས། རཏྣའི་ཟབ་གཏེར་མར་མེའི་པྲ་བརྟག །དགོངས་འདུས་ལས་གསུངས་པའི་མར་མེའི་བརྟགས་པ། རླུང་གི་རྟེན་འབྲེལ་རྩི་ཐབས། ལྷ་བཙུན་རིན་པོ་ཆེའི་དག་སྣང་བརྟག་བསྒྲིལ་གྱི་མན་ངག །མཁའ་འགྲོ་མ་རྡོ་རྗེ་ཕག་མོས་གྲུབ་ཆེན་ཐང་སྟོང་རྒྱལ་པོར་དངོས་སུ་གནང་བའི་ལྷ་མོ་བརྒྱད་རྩིས། རིག་འཛིན་པདྨ་གླིང་པའི་མན་ངག་གཏེར་ཕྲན་ཉེར་དགུ་ཞེས་ཕན་གནོད་ཀྱི་ལས་སྣ་ཚོགས་ཟབ་པར་གྲགས་པ། ཆོས་གླིང་གཏེར་ཕྲན་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ཞེས་དམ་གྲིབ་སོགས་མི་གཙང་བའི་གཉེན་པོ་རྣམ་འཇོམས་དཀར་པོ། དུག་རིགས་སྲུང་ཞིང་གསོ་བ་དུག་སེལ་མ་ལྗང་གུའི་རྗེས་གནང་མན་ངག །དམ་སྲིའི་གཉེན་པོ་རྡོ་རྗེ་ཕུར་པ་དུག་གཟེར་རོག་ཕུང་། འཇམ་དཔལ་ནག་པོའི་སྙིང་ཟློག་བསམ་གཏན་ཉལ་ཆོག་རྣམས་གཞུང་གསལ་བྱེད་དང་བཅས་པ། བྱང་གཏེར་ཐུགས་སྒྲུབ་ཀྱི་ཆོས་ཚན་བཅུ་པ་གནས་ཆེན་བྱིན་འབེབས་ཀྱི་མན་ངག །དེའི་ཆ་ལག་རྣམ་འཇོམས་བག་ཆགས་སྟོབས་སྦྱོང་གི་ཁྲུས་ཆོག །བཀའ་ནན་རབ་བརྗིད་ཀྱི་ཆོ་ག་རྒྱས་པ་བྱང་ཆུབ་གླིང་པའི་གཏེར་བྱོན། བསྡུས་པ་གུ་རུ་ཡོན་ཏན་གཏེར་མཛོད་ལས་བྱུང་བ། ཉང་གཏེར་སྣང་བསང་བདུད་རྩིའི་སྤྲིན་ཕུང་། ཀུན་མཁྱེན་ཀློང་ཆེན་པའི་བསང་མཆོད་བདེ་ལེགས་ཀུན་འབྱུང་དང་། རྒྱགས་བརྔན་ཆེན་མོ་ལོ་རྒྱུས་དང་བཅས་པ། དེའི་ལག་ལེན་གནད་ཀྱི་ལྡེའུ་མིག་རྣམས། ལྷ་བཙུན་རིན་པོ་ཆེའི་དག་སྣང་རི་བོ་བསང་མཆོད། གཞན་ཡང་ཆོས་དབང་རིན་པོ་ཆེའི་སྣང་སྲིད་ཞི་བའི་ཆོ་ག་སོགས་ཞི་བརྔན་བསང་མཆོད་ཀྱི་སྐོར་རྣམས་ཀྱང་འདིར་བསྡུ་བར་འོས་པར་སྣང་མོད། བསང་མཆོད་འདི་དར་སྲོལ་ཆེ་བས་ཕྱིས་ཀྱི་བླ་མ་རྣམས་ཀྱི་གསུང་འབུམ་ཕལ་ཆེར་ཡང་བསང་དང་། གསོལ་འདེབས་ཆེ་ཆུང་མང་པོས་ཟིང་ཟིང་པོར་གྱུར་པས་རེ་ཞིག་དེ་ཙམ་མོ། །གཏེར་ཆེན་རིན་པོ་ཆེའི་གསུང་གསུར་མཆོད་འདོད་ཡོན་སྤྲིན་ཕུང་། འདིར་ཆོས་དབང་གསང་འདུས་ཀྱི་རྒྱུན་གྱི་མེ་མཆོད་ལ་ཁུངས་དྲངས་ནས་མཛད་སྣང་། གནུབས་སངས་རྒྱས་ཡེ་ཤེས་ཀྱི་མཛད་པར་གྲགས་པའི་ལས་ཐམས་ཅད་ཀྱི་སྣ་སེལ་གསེར་སྐྱེམས་སྡེ་བརྒྱད་ཆ་སྙོམས། ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཕུད་སྐོང་སྤྱི་གསོལ་ཆེན་མོ་ལྷན་ཐབས་བཅས། ལོ་ཆེན་རིན་པོ་ཆེའི་གསུང་འབྱུང་རྩིས་པར་མཁོ་བའི་གསེར་སྐྱེམས། ཆགས་མེད་རིན་པོ་ཆེས་མཛད་པའི་ལམ་གཏོར་བསྡུས་པ། དེའི་གནད་ཀྱི་མན་ངག །ཕྱོགས་གར་འགྲོ་ཡང་མགོ་ཐོན་པའི་གདམས་པ། མཁའ་འགྲོའི་སུན་མ་ཟློག་པའི་མན་ངག་ལ། ཆོས་དབང་རིན་པོ་ཆེའི་བླ་མ་གསང་འདུས། སངས་གླིང་དགོངས་འདུས། རཏ་གླིང་ཐུགས་སྒྲུབ་ཡོངས་འདུས་སོགས་རྒྱ་ཆེར་འབྱུང་ཞིང་། སོ་སོར་ཆོག་བསྒྲིགས་སོགས་རྒྱས་པར་སྤེལ་སྣང་བ་ནི་གཞན་དུ་གསལ་ལ། འདིར་ལྷ་བཙུན་ཆེན་པོའི་དག་སྣང་སུན་ཟློག་ཁྱེར་བདེ་བརྟན་བཞུགས་ཀྱི་ཆོ་ག་དང་འབྲེལ་བ། འོད་འབར་ཚོགས་ཤམ་དུ་སྦྱར་རྒྱུའི་སུན་ཟློག་ཉེར་བསྡུ། ལྷ་སྲས་རྣམ་སྤྲུལ་མང་ལམ་རི་ཁྲོད་པ་སྤྲུལ་སྐུ་བཟང་པོ་གྲགས་པའི་ཟབ་གཏེར་སྲི་ཟློག་འཁོར་ལོ་འབར་བའི་གཞུང་མན་ངག་དང་བཅས་པ། སྤྲུལ་སྐུ་བ་མཁར་སྨུག་པོའི་ཟབ་གཏེར་གསོལ་འདེབས་བར་ཆད་ལམ་སེལ་དང་། འདི་འདྲ་ཡོངས་སུ་གྲགས་ཤིང་གསོལ་འདེབས་ཙམ་དུ་ཟད་པས་འདིར་བཀོད་པ་ལ་དགོས་གལ་གཞན་མ་མཆིས་ཀྱང་། གཏེར་སྟོན་བརྒྱ་རྩ་སོགས་ཀྱི་གྲངས་འདྲེན་པའི་ཚེ་ངེས་པར་དགོས་སྣང་བས་བཀོད་པའོ། །ལྷ་བཙུན་རིན་པོ་ཆེའི་དག་སྣང་དུས་མིན་འཆི་བཟློག་གི་གསོལ་འདེབས། འཆི་བསླུའི་ཆོ་ག་འཇའ་ཚོན་གཤིན་རྗེའི་གཏེར་ཆེན་ལག་ལེན་དང་བཅས་པ། །སྔ་འགྱུར་བཀའ་མ་སློབ་དཔོན་སྒེག་པའི་རྡོ་རྗེའི་བླ་བསླུའི་གཞུང་ལག་ལེན་དང་བཅས་པ། བདུད་བཞིའི་གནོད་པ་ཟློག་པ་མཆོད་སྦྱིན་བརྒྱ་བཞིའི་ཆོ་ག་གནུབས་ལུགས། ཆོས་དབང་རིན་པོ་ཆེའི་གཏེར་ཕྲན་ཁ་འབར་མ་དཀར་མོའི་འཆི་བསླུ། ནག་པོས་བྱད་ཕུར་ལྟས་ངན་ཟློག་པ་དང་། ཁྲོ་བོས་མི་ཁ་སྨྲ་མཆུ་ཟློག་པ། དེ་གསུམ་གྱི་འདོན་ཆ་ཁྱེར་བདེ། བཀའ་བརྒྱད་ཀྱི་ཆ་ལག་ཏུ་གྲགས་པའི་འཆི་བསླུ་ཆུ་སྦྱིན་སྟོང་ཟློག །རྙིང་མ་བཀའ་གཏེར་གྱི་མན་ངག །འཆི་སླུ་དང་བླ་སླུ་ཉེར་བསྡུས་ལྟས་ངན་ཟློག་པ་སྒྱེ་ནག་རྡོག་དྲིལ། ར་ཤག་གཏེར་སྟོན་བསོད་ནམས་རྡོ་རྗེའི་ཟབ་གཏེར་མདོས་བཅུ་ཞེས་རཀྴ་དགྲ་མདོས། བདུད་༡ཟློག །བདུད་ཞལ་བསྒྱུར༢། འདྲེ་ཁྲོམ་བསྒྱུར༣། མ་མོའི་གླུད་མདོས༤། མ་མོའི་ཁྲག་མདོས༥། ལྟས་ངན་ཟློག་པ༦། ཕུར་ཁ་ཟློག་པ༧། གཏད་ཟློག་འདི་ཟབ་པར་གསུངས། སྐོང་མདོས་བཅས་དང་སོགས་ཡིག་རྙིང་སྟོད་འཕྱང་སྨད་འཕྱང་བཅས་ཚང་བ། སྒྲུབ་ཆེན་སོགས་ལ་མཁོ་བའི་རཏ་གླིང་གླིང་བཞི་སྤྱི་མདོས་ཟིན་བྲིས་བཅས། ཆོས་རྒྱལ་བྱང་བའི་དག་སྣང་། སྣང་སྲིད་སྤྱི་སྐོང་གི་མདོས་ཆོག །རོལ་རྡོར་ཟབ་གཏེར་དམ་སྲི་གླུད་མདོས། གནམ་ཆོས་ཧ་ས་གརྦྷ། མ་མོའི་ཁྲག་མདོས། ཀག་ཟློག་དགུ། དགོངས་གཏོར་དབང་ཕྱུག་ཟོར་མདོས་རྣམས་ཀྱི་བཀའ་གཏད། ལག་ལེན་མཁན་རྣམས་ཀྱིས་འདི་རྣམས་ཀྱི་བཀའ་གཏད་ཐོབ་དགོས་ཀྱང་རྒྱུན་ཅུང་ཟད་དཀོན་པས་དོན་གཉེར་ཅན་སྲིད་ན་ཕན་ནམ་སྙམ་ནས་བཀོད་པ་དེ། སོ་སོའི་གཞུང་ནི་ཡི་གེ་མང་གི་དོགས་པས་རེ་ཞིག་འདིར་མ་བཀོད་དོ། །གཏེར་ཆེན་གུ་རུ་ཇོ་རྩེས་དབུས་ཟངས་ཡག་བྲག་ནས་སྤྱན་དྲངས་པའི་ཤ་བརྒྱ་ཟན་བརྒྱའི་གླུད་ཆོག །རྙིང་མ་བཀའ་གཏེར་གཞུང་སྤྱིར་སྦྱར་བའི་གླུད་ཆོག་ཕྱག་ལེན་མ། ལྷ་བཙུན་རིན་པོ་ཆེའི་དག་སྣང་ལན་ཆགས་ཆུ་སྒྱུར། སྤྱན་རས་གཟིགས་དངོས་ཀརྨ་ཆགས་མེད་ཀྱི་གསུང་ལན་ཆགས་བརྒྱ་བསྔོས། གུར་དྲག་གི་ལས་མཐའ་བྱིས་པའི་གླུད་བསྔོ། གདོན་གསུམ་གྱི་གཏོ། རིག་འཛིན་བསྟན་གཉིས་གླིང་པའི་མནལ་ལམ་དུ་གུ་རུ་རིན་པོ་ཆེས་གནང་བའི་མི་ཕྱུགས་ཀྱི་གླུད་བསྔོས་བཅས་བཞུགས་སོ། །དེ་ལྟར་ལས་སྣ་ཚོགས་པ་འདི་རྣམས། བསྒྲུབ་བྱའི་ལས་ནི་ཞི་རྒྱས་དབང་དྲག་དང་འབྲེལ་བ་ཅི་རིགས་པའི་ནང་དུ་འདུ་ཞིང་སྒྲུབ་བྱེད་ཀྱི་ཐབས་ཀྱང་འཁོར་ལོ་དང་། སྔགས་དང་། ཟ་ཡིག་དང་། རྟེན་འབྲེལ་ཏེ་རྣམ་པ་བཞིར་འདུ་བ་ཡིན་ཏེ། བསང་མཆོད་མདོས་གཏོར་སོགས་ཕལ་ཆེར་རྟེན་འབྲེལ་གྱི་གཏོ་བཅོས་ཁོ་ནར་སྣང་བའི་ཕྱིར་རོ། །སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དབང་དུ་བྱས་ན་འཁོར་ལོ་དང་སྔགས་སོགས་ནི་ཡི་དམ་གྱི་རྣལ་འབྱོར་གང་ལའང་སྦྱར་དུ་རུང་བ་ཤས་ཆེ་བས་སྤྱིར་བཏང་བའི་ལས་ཀྱི་ཡན་ལག་དང་། མདོས་གཏོར་སོགས་དམིགས་བསལ་འཇིག་རྟེན་མཆོད་བསྟོད་ཀྱི་སྡེ་ཚན་དུ་འདུ་བར་སྣང་སྟེ། མདོས་ཀྱི་གཞུང་ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་དང་། མ་མོའི་རྒྱུད་སོགས་ལས་རྒྱ་ཆེར་གསུངས་པས་མཚོན་ཏེ་ཤེས་པར་བྱའོ།། །། | ||
གཉིས་པ་བྱེ་བྲག་ཏུ་ལས་སོ་སོར་སྒྲུབ་པ་ནི། འཇམ་དཔལ་གཤིན་རྗེ་རོལ་པའི་ཏན་ཏྲ་ལས། སྲུང་དང་ཞི་རྒྱས་དགུག་པ་དང་། །མངོན་སྤྱོད་ལས་ཀྱི་ཆོ་ག་ནི། །གདུལ་བྱ་རྗེས་འཛིན་ཚར་གཅོད་ཕྱིར། །རྣལ་འབྱོར་ལྡན་པས་རྟག་ཏུ་བརྩམས། །ཞེས་ཇི་སྐད་གསུངས་པ་ལྟར་རིམ་པར་ཕྱེ་བ་ལ། དང་པོ་སྲུང་བའི་ལས་ཀྱི་སྐོར་ནི། སྤྱིར་གང་བསྲུངས་ན་མི་མཐུན་པའི་ཕྱོགས་ཀྱིས་རབ་ཏུ་ཕྱེ་བའི་ནད་དང་། དུག་དང་རིམས་སོགས། གདོན་དང་། གཟའ་ཀླུ་རྒྱལ་གསུམ་སོགས། བར་དུ་གཅོད་པ་མཚོན་དང་ཐོག་སེར་བྱད་ཕུར་སོགས། གསུམ་གྱི་ནང་དུ་ཅི་རིགས་པ་འདུ་ཞིང་། གང་གི་སྲུང་བའི་ཐབས་རྫས་དང་། སྨན་དང་། སྔགས་དང་། འཁོར་ལོ་དང་། རྟེན་འབྲེལ་དང་། དེ་དག་ཕལ་ཆེར་ལ་རྗེས་སུ་ཁྱབ་པ་ཏིང་ངེ་འཛིན་རྣམས་ཀྱི་སྒོ་ནས་སྲུང་བའི་ཚུལ་རབ་འབྱམས་ཤིག་བསྟན་པ་ལས། འདིར་ནད་གདོན་སྤྱིའི་སྲུང་བ་ལ་མཆོག་ཏུ་བསྔགས་པ་གཏེར་སྟོན་རྒྱ་ཕུར་བུ་ཟབ་གཏེར་དུག་ཁྲག་རྫས་ཀྱི་སྲུང་བའི་དབང་། བུམ་ལྕགས་ཀྱི་གཞུང་སོ་སོ་དང་། ཐུན་མོང་། ཆ་ལག་གསལ་བྱེད་དང་བཅས་པའི་སྐོར་ཚང་བ། འདི་ཡི་དམ་དྲག་པོའི་རིགས་གང་ལའང་སྦྱར་རུང་མོད་གཙོ་བོ་ཕྱག་རྡོར་གཏུམ་པོ་དང་འབྲེལ་བར་མཛད་པས་ཕྱག་ལེན་ལ་སྣང་ངོ་། །མངའ་བདག་ཉང་གི་ཟབ་གཏེར་དུ་གྲགས་པའི་བྱུག་བདུག་འདོགས་གསུམ་རྒྱན་གྱི་འཁོར་ལོ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱུད་སྡེ་ལས་བཏུས་པའམ། ཡིག་ཆ་འགའ་ཞིག་ཏུ་གནུབས་ཀྱིས་གཤིན་རྗེའི་རྒྱུད་ལས་བཏུས་པར་གསུངས་པའི་རྫས་སྲུང་ནག་པོ་དགུ་སྦྱོར། ཉང་གཏེར་སྲུང་འཁོར་ཀུན་ཐུབ་ཆེན་མོ་ཕྱག་ལེན་མ། ཆོས་དབང་གཏེར་ཕྲན་ལྷ་བུ་བཙོན་འཛིན་གྱི་སྲུང་བ་ཟབ་མོ། བླ་མ་དགོངས་འདུས་ལས་གསུངས་པའི་ཕྱོགས་ངན། སྡེ་བརྒྱད། ཡམས་ནད། ངན་སྔགས། ཐོད་ངན། རྫས་ངན་ཀུན་ཐུབ། སྐྱོབ་བྱེད་སྲུང་བ་དྲུག་གི་ནང་ཚན་འཇིགས་པ་བརྒྱད་ལས་སྲུང་བ། ཞང་ཁྲོམ་གཏེར་བྱོན་ཀུན་ཐུབ་སྒྲིབ་ཤིང་ཞྭ་སྲུང་ཕྱག་ལེན་མ། ཉང་གཏེར་སྒྲིབ་ཤིང་ཤིང་བུ་དྲུག་པ། འདི་རྒྱལ་བསེན་གཙོར་གྱུར་གྱི་གནོད་པ་ལས་ཟབ་པ་མྱོང་གྲུབ་ཏུ་སྣང་། བྱང་གཏེར་དུག་སྲུང་རྡོ་རྗེ་ཕ་ལམ་གྱི་དབང་། གཞུང་ལག་ལེན་བཅས། ལྕང་སྨན་དོན་གྲུབ་དར་གྱི་གཏེར་ཕྲན་དུག་སྲུང་རྟ་རིམ་ཕྱག་ལེན་དང་བཅས་པ། འདི་རཏྣའི་དྲག་དམར་གྱི་ལས་ཚོགས་དུག་སྲུང་ཡིད་བཞིན་ནོར་བུ་དང་གཅིག་པར་སྣང་། ཞར་བྱུང་རང་སྨན་ཉི་མའི་འོད་ཀྱི་གཏེར་མ་སྲུང་བ་རྡོ་རྗེའི་མཁར་རྫོང་། འདི་ལུང་རྒྱུན་མི་སྣང་། ཡུལ་འཁོར་སྲུང་བ་ཞིག་གླིང་ཟབ་གཏེར་རྒྱལ་ཆེན་བཞིའི་བཀའ་གཏད། དེའི་ལས་ཚོགས་དམག་བཟློག་ཉེར་ལྔ། འདི་ལ་རྒྱལ་ཆེན་མཆོད་ཐབས་དང་གཏོར་བཟློག་མདོས་དང་བཅས་པ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ་ཡོད། གུ་རུ་ཚེ་བརྟན་རྒྱལ་མཚན་པའི་ཟབ་གཏེར་མཚོན་སྲུང་གི་འཁོར་ལོ་ཆེན་མོ་རྡོ་རྗེའི་གོ་ཁྲབ། འདི་ཕྱག་བཞེས་སུ་མཛད་པ་ལས་ལུང་རྒྱུན་མི་བཞུགས་ཤིང་། མཚོན་དབང་བསྐུར་ཚུལ་ངོ་མཚར་གྱི་གཏམ་རྒྱུད་དང་བཅས་པའང་སྣང་ངོ་། །རཏྣའི་དྲག་དམར་ལས་མཐའ་མཚོན་སྲུང་རྡོ་རྗེའི་གོ་ཁྲབ། རྗེ་བཙུན་སྒྲོལ་མའི་སྒོ་ནས་དགྲ་ཇག་འཆིང་བའི་གདམས་པ་རྭ་རུམ། གཞུང་ཕྱག་ལེན་དང་བཅས་པ། འདི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་བྱ་མང་པོ་བརྩོན་འགྲུས་གྲགས་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་གནང་བ་ཡིན་ཡང་། རྙིང་མའི་ཕྱོགས་སུ་བཀའ་བབས་ཤིང་ཕྱག་ལེན་མཛད་པ་མང་བས་འདིར་བཀོད། སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་སེར་བ་སྲུང་བའི་སྐོར་ལ། བཀའ་གཏེར་གྱི་མན་ངག་ཟབ་པར་གྲགས་པ་མཐའ་ཡས་པ་ཞིག་སྣང་བ་ལས། འདིར་ཨ་ཙ་ར་དམར་པོས་ཉང་སྟོད་ཡེ་ཤེས་འབར་ལ་གདམས་ཤིང་རྙིང་མའི་སྔགས་འཆང་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པའི་སེར་སྲུང་གི་ལོ་རྒྱུས་དང་གདམས་སྦྱོར་ཚང་བ། དེང་སང་ཕལ་ཆེར་གྱི་ལག་ཆར་བསྟར་བའི་བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པའི་ཆ་ལག་སེར་སྲུང་གནམ་ལྕགས་གུར་ཁང་ཕྱི་ནང་གསང་བ་ཡང་གསང་གནད་ཡིག་དང་བཅས་པ། གནུབས་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་བཅུའི་ནང་ཚན་ཁ་ཆར་སྲུང་བ་ཁྲོཾཿལྔ་ཕུ་བརྒྱད་མ་ལག་ལེན་ཅན། བཀའ་གཏེར་གྱི་མན་ངག་ཟབ་དགུ་བསྡུས་པའི་སད་སྲུང་། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཤྭ་སྲུང་ལེ་ཚན། མ་མོའི་ཆོ་འཕྲུལ་ནད་ཡམས་སྲུང་བ། གཏེར་སྟོན་སྐལ་ལྡན་བྱིས་པའི་འབྲུམ་སྲུང་གཅུན་འཁོར་ནག་པོ་གུ་གེ་ཆིག་དྲིལ་གྱི་འདི་དཔེ་བགའ་ཞིག་ཏུ་བཅུད་འཁོར་ཞེས་སྔགས་རྒོད་ཟབ་དགུའི་བཅུད་བསྡུས་པའི་སྒྲ་བཤད་རྒྱས་པའང་སྣང་ཞིང་། ལ་ལར་གཅུན་འཁོར་ཞེས་ནད་བདག་སྔགས་ཀྱིས་གཅུན་པའི་དོན་དུ་བཤད་སྣང་། ཨུ་པ་དེ་ཤ་དཔེ་རིས་དཔའ་བྲེལ་བ། རིམ་དང་གཟའ་ཀླུ་རྒྱལ་གསུམ་སོགས་ཀྱི་སྲུང་པའི་རིགས་ལུང་དང་ཕྱག་ལེན་ཅི་རིགས་པར་བཞུགས་པར་ཕལ་ཆེར་ཕྱོགས་གཅིག་ཏུ་བསྡུས་པའི་བེ་བུམ་དཀར་ཆག་ལོགས་སུ་གསལ་བ་ལྟར་རོ། །ཕྱུགས་ནད་བསྲུང་གཅོད་སྐོར་ལུང་དང་ལག་ལེན་ཅན་ཟབ་དགུ་བསྡུས་པ་ལེ་ཚན་གཉིས། གནམ་ཆོས་ཀྱི་མན་ངག་ཨ་ཙ་ར་དུང་རྐང་ཅན་གྱི་ཨོལ་འགགས་སྲུང་བའི་གདམས་པ་བུ་ཡིག་བཅས། བདེན་ཚིག་བཀའ་བསྒོའི་སྒོ་ནས་སྲུང་བ་རྡོ་རྗེ་འབར་བའི་གཟི་བྱིན་གཏེར་ཆེན་རིན་པོ་ཆེའི་གསུངས། དམོད་ཚིག་སྤྲིང་ཡིག་གི་སྒོ་ནས་སྲུང་བ་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་རཏྣའི་ཟབ་གཏེར་ལག་ལེན་དང་བཅས་པ་རྣམས་སོ།། །། | གཉིས་པ་བྱེ་བྲག་ཏུ་ལས་སོ་སོར་སྒྲུབ་པ་ནི། འཇམ་དཔལ་གཤིན་རྗེ་རོལ་པའི་ཏན་ཏྲ་ལས། སྲུང་དང་ཞི་རྒྱས་དགུག་པ་དང་། །མངོན་སྤྱོད་ལས་ཀྱི་ཆོ་ག་ནི། །གདུལ་བྱ་རྗེས་འཛིན་ཚར་གཅོད་ཕྱིར། །རྣལ་འབྱོར་ལྡན་པས་རྟག་ཏུ་བརྩམས། །ཞེས་ཇི་སྐད་གསུངས་པ་ལྟར་རིམ་པར་ཕྱེ་བ་ལ། དང་པོ་སྲུང་བའི་ལས་ཀྱི་སྐོར་ནི། སྤྱིར་གང་བསྲུངས་ན་མི་མཐུན་པའི་ཕྱོགས་ཀྱིས་རབ་ཏུ་ཕྱེ་བའི་ནད་དང་། དུག་དང་རིམས་སོགས། གདོན་དང་། གཟའ་ཀླུ་རྒྱལ་གསུམ་སོགས། བར་དུ་གཅོད་པ་མཚོན་དང་ཐོག་སེར་བྱད་ཕུར་སོགས། གསུམ་གྱི་ནང་དུ་ཅི་རིགས་པ་འདུ་ཞིང་། གང་གི་སྲུང་བའི་ཐབས་རྫས་དང་། སྨན་དང་། སྔགས་དང་། འཁོར་ལོ་དང་། རྟེན་འབྲེལ་དང་། དེ་དག་ཕལ་ཆེར་ལ་རྗེས་སུ་ཁྱབ་པ་ཏིང་ངེ་འཛིན་རྣམས་ཀྱི་སྒོ་ནས་སྲུང་བའི་ཚུལ་རབ་འབྱམས་ཤིག་བསྟན་པ་ལས། འདིར་ནད་གདོན་སྤྱིའི་སྲུང་བ་ལ་མཆོག་ཏུ་བསྔགས་པ་གཏེར་སྟོན་རྒྱ་ཕུར་བུ་ཟབ་གཏེར་དུག་ཁྲག་རྫས་ཀྱི་སྲུང་བའི་དབང་། བུམ་ལྕགས་ཀྱི་གཞུང་སོ་སོ་དང་། ཐུན་མོང་། ཆ་ལག་གསལ་བྱེད་དང་བཅས་པའི་སྐོར་ཚང་བ། འདི་ཡི་དམ་དྲག་པོའི་རིགས་གང་ལའང་སྦྱར་རུང་མོད་གཙོ་བོ་ཕྱག་རྡོར་གཏུམ་པོ་དང་འབྲེལ་བར་མཛད་པས་ཕྱག་ལེན་ལ་སྣང་ངོ་། །མངའ་བདག་ཉང་གི་ཟབ་གཏེར་དུ་གྲགས་པའི་བྱུག་བདུག་འདོགས་གསུམ་རྒྱན་གྱི་འཁོར་ལོ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱུད་སྡེ་ལས་བཏུས་པའམ། ཡིག་ཆ་འགའ་ཞིག་ཏུ་གནུབས་ཀྱིས་གཤིན་རྗེའི་རྒྱུད་ལས་བཏུས་པར་གསུངས་པའི་རྫས་སྲུང་ནག་པོ་དགུ་སྦྱོར། ཉང་གཏེར་སྲུང་འཁོར་ཀུན་ཐུབ་ཆེན་མོ་ཕྱག་ལེན་མ། ཆོས་དབང་གཏེར་ཕྲན་ལྷ་བུ་བཙོན་འཛིན་གྱི་སྲུང་བ་ཟབ་མོ། བླ་མ་དགོངས་འདུས་ལས་གསུངས་པའི་ཕྱོགས་ངན། སྡེ་བརྒྱད། ཡམས་ནད། ངན་སྔགས། ཐོད་ངན། རྫས་ངན་ཀུན་ཐུབ། སྐྱོབ་བྱེད་སྲུང་བ་དྲུག་གི་ནང་ཚན་འཇིགས་པ་བརྒྱད་ལས་སྲུང་བ། ཞང་ཁྲོམ་གཏེར་བྱོན་ཀུན་ཐུབ་སྒྲིབ་ཤིང་ཞྭ་སྲུང་ཕྱག་ལེན་མ། ཉང་གཏེར་སྒྲིབ་ཤིང་ཤིང་བུ་དྲུག་པ། འདི་རྒྱལ་བསེན་གཙོར་གྱུར་གྱི་གནོད་པ་ལས་ཟབ་པ་མྱོང་གྲུབ་ཏུ་སྣང་། བྱང་གཏེར་དུག་སྲུང་རྡོ་རྗེ་ཕ་ལམ་གྱི་དབང་། གཞུང་ལག་ལེན་བཅས། ལྕང་སྨན་དོན་གྲུབ་དར་གྱི་གཏེར་ཕྲན་དུག་སྲུང་རྟ་རིམ་ཕྱག་ལེན་དང་བཅས་པ། འདི་རཏྣའི་དྲག་དམར་གྱི་ལས་ཚོགས་དུག་སྲུང་ཡིད་བཞིན་ནོར་བུ་དང་གཅིག་པར་སྣང་། ཞར་བྱུང་རང་སྨན་ཉི་མའི་འོད་ཀྱི་གཏེར་མ་སྲུང་བ་རྡོ་རྗེའི་མཁར་རྫོང་། འདི་ལུང་རྒྱུན་མི་སྣང་། ཡུལ་འཁོར་སྲུང་བ་ཞིག་གླིང་ཟབ་གཏེར་རྒྱལ་ཆེན་བཞིའི་བཀའ་གཏད། དེའི་ལས་ཚོགས་དམག་བཟློག་ཉེར་ལྔ། འདི་ལ་རྒྱལ་ཆེན་མཆོད་ཐབས་དང་གཏོར་བཟློག་མདོས་དང་བཅས་པ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ་ཡོད། གུ་རུ་ཚེ་བརྟན་རྒྱལ་མཚན་པའི་ཟབ་གཏེར་མཚོན་སྲུང་གི་འཁོར་ལོ་ཆེན་མོ་རྡོ་རྗེའི་གོ་ཁྲབ། འདི་ཕྱག་བཞེས་སུ་མཛད་པ་ལས་ལུང་རྒྱུན་མི་བཞུགས་ཤིང་། མཚོན་དབང་བསྐུར་ཚུལ་ངོ་མཚར་གྱི་གཏམ་རྒྱུད་དང་བཅས་པའང་སྣང་ངོ་། །རཏྣའི་དྲག་དམར་ལས་མཐའ་མཚོན་སྲུང་རྡོ་རྗེའི་གོ་ཁྲབ། རྗེ་བཙུན་སྒྲོལ་མའི་སྒོ་ནས་དགྲ་ཇག་འཆིང་བའི་གདམས་པ་རྭ་རུམ། གཞུང་ཕྱག་ལེན་དང་བཅས་པ། འདི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་བྱ་མང་པོ་བརྩོན་འགྲུས་གྲགས་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་གནང་བ་ཡིན་ཡང་། རྙིང་མའི་ཕྱོགས་སུ་བཀའ་བབས་ཤིང་ཕྱག་ལེན་མཛད་པ་མང་བས་འདིར་བཀོད། སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་སེར་བ་སྲུང་བའི་སྐོར་ལ། བཀའ་གཏེར་གྱི་མན་ངག་ཟབ་པར་གྲགས་པ་མཐའ་ཡས་པ་ཞིག་སྣང་བ་ལས། འདིར་ཨ་ཙ་ར་དམར་པོས་ཉང་སྟོད་ཡེ་ཤེས་འབར་ལ་གདམས་ཤིང་རྙིང་མའི་སྔགས་འཆང་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པའི་སེར་སྲུང་གི་ལོ་རྒྱུས་དང་གདམས་སྦྱོར་ཚང་བ། དེང་སང་ཕལ་ཆེར་གྱི་ལག་ཆར་བསྟར་བའི་བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པའི་ཆ་ལག་སེར་སྲུང་གནམ་ལྕགས་གུར་ཁང་ཕྱི་ནང་གསང་བ་ཡང་གསང་གནད་ཡིག་དང་བཅས་པ། གནུབས་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་བཅུའི་ནང་ཚན་ཁ་ཆར་སྲུང་བ་ཁྲོཾཿལྔ་ཕུ་བརྒྱད་མ་ལག་ལེན་ཅན། བཀའ་གཏེར་གྱི་མན་ངག་ཟབ་དགུ་བསྡུས་པའི་སད་སྲུང་། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཤྭ་སྲུང་ལེ་ཚན། མ་མོའི་ཆོ་འཕྲུལ་ནད་ཡམས་སྲུང་བ། གཏེར་སྟོན་སྐལ་ལྡན་བྱིས་པའི་འབྲུམ་སྲུང་གཅུན་འཁོར་ནག་པོ་གུ་གེ་ཆིག་དྲིལ་གྱི་འདི་དཔེ་བགའ་ཞིག་ཏུ་བཅུད་འཁོར་ཞེས་སྔགས་རྒོད་ཟབ་དགུའི་བཅུད་བསྡུས་པའི་སྒྲ་བཤད་རྒྱས་པའང་སྣང་ཞིང་། ལ་ལར་གཅུན་འཁོར་ཞེས་ནད་བདག་སྔགས་ཀྱིས་གཅུན་པའི་དོན་དུ་བཤད་སྣང་། ཨུ་པ་དེ་ཤ་དཔེ་རིས་དཔའ་བྲེལ་བ། རིམ་དང་གཟའ་ཀླུ་རྒྱལ་གསུམ་སོགས་ཀྱི་སྲུང་པའི་རིགས་ལུང་དང་ཕྱག་ལེན་ཅི་རིགས་པར་བཞུགས་པར་ཕལ་ཆེར་ཕྱོགས་གཅིག་ཏུ་བསྡུས་པའི་བེ་བུམ་དཀར་ཆག་ལོགས་སུ་གསལ་བ་ལྟར་རོ། །ཕྱུགས་ནད་བསྲུང་གཅོད་སྐོར་ལུང་དང་ལག་ལེན་ཅན་ཟབ་དགུ་བསྡུས་པ་ལེ་ཚན་གཉིས། གནམ་ཆོས་ཀྱི་མན་ངག་ཨ་ཙ་ར་དུང་རྐང་ཅན་གྱི་ཨོལ་འགགས་སྲུང་བའི་གདམས་པ་བུ་ཡིག་བཅས། བདེན་ཚིག་བཀའ་བསྒོའི་སྒོ་ནས་སྲུང་བ་རྡོ་རྗེ་འབར་བའི་གཟི་བྱིན་གཏེར་ཆེན་རིན་པོ་ཆེའི་གསུངས། དམོད་ཚིག་སྤྲིང་ཡིག་གི་སྒོ་ནས་སྲུང་བ་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་རཏྣའི་ཟབ་གཏེར་ལག་ལེན་དང་བཅས་པ་རྣམས་སོ།། །། | ||
གཉིས་པ་ཞི་བའི་ལས་ཀྱི་སྐོར་ལ། ཞི་བྱ་ཡུལ་གྱི་ངོས་ནས་དབྱེ་ན། གནས་སྐབས་སེང་གེ་ཁྲོས་པ། གླང་ཆེན་མྱོས་པ། མེ་འབར་བ། དུག་སྦྲུལ་གྱིས་གཙེས་པ། ཆོམ་རྐུན་གྱིས་འཚེ་བ། ལྕགས་སྒྲོག་གིས་འཆིང་བ། རྒྱ་མཚོའི་རླབས་འཁྲུགས་པ། ཤ་ཟ་ཁྲོས་པ་སྟེ་ཡོངས་སུ་གྲགས་པའི་འཇིགས་པ་ཆེན་པོ་བརྒྱད་དམ། སྔ་འགྱུར་གྱི་གཞུང་འགའ་ཞིག་ལས་ཡུལ་དུས་དང་བསྟུན་ཏེ། ནད་དང་མུ་གེ །མེ་དང་ཆུ་ཆེན། དམག་དང་མཚོན། རྒྱལ་པོའི་ཆད་པ། དུས་མ་ཡིན་པའི་འཆི་བ་སྟེ་འཇིགས་པ་ཆེན་པོ་བརྒྱད་དུ་གསུངས་བས་མཚོན། མི་མཐུན་ཅིང་མི་འདོད་པའི་ཉེ་བར་འཚེ་བ་མཐའ་དག་ཡིན་ལ། མཐར་ཐུག་གི་ཞི་བྱ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམས་སོ། །ཞི་བྱེད་ཐབས་ཀྱིས་ངོས་ནས་དབྱེ་ན། སྤྱིར་བསམ་གྱིས་མི་ཁྱབ་ཀྱང་། སྨན་དང་། སྔགས་དང་། འཁྲུལ་འཁོར་དང་། རྟེན་འབྲེལ་དང་། སྦྱིན་སྲེག་དང་། ཏིང་ངེ་འཛིན་རྣམས་སུ་ཅི་རིགས་པར་འདུ་ཞིང་། ཇི་ལྟར་བསྒྲུབ་པའི་ཚུལ་ཡང་། གཙོ་བོ་གཞན་དོན་དོན་གཉེར་གྱི་བསམ་པས་སྨན་དང་རྟེན་འབྲེལ་འགའ་ཞིག་མ་གཏོགས་ཕལ་ཆེར་ལ་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་འཇུག་པར་བྱ་བ་སྟེ་ལས་གང་ལའང་འདྲའོ། །དེ་ལ་འདིར་རེ་ཞིག་ཞི་བྱ་ཡུལ་ལ་ལྟོས་ཏེ་སྡེ་ཚན་དྲུག་ཏུ་བཞག་པ་ལས། དང་པོ་གཙོ་བོར་ནད་ཞི་བའི་སྐོར་ལ། གཏེར་ཆེན་བདུད་འདུལ་གླིང་པའི་ཟབ་གཏེར་དམ་ཆོས་སྤྲུལ་སྐུ་སྙིང་ཏིག་གི་ཆ་ལག་རི་ཁྲོད་ལོ་མ་ཅན་གྱི་དབང་། སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ནད་བདག་སྟོབས་ཆེན་འཇོམས་པའི་གཞུང་མན་ངག་དང་བཅས་པ། གཉན་རིམ་གྱི་སྲུང་གསོ་རྡོ་རྗེ་ཁྲབ་རིང་བདུད་རྩི་བུམ་ཆུང་སྐོར་ཚང་བ། པད་གླིང་ཀློང་གསལ་གྱི་ཆ་ལག་ནག་པོ་རྒྱུག་འགྱེལ་གྱི་གསོ་ཐབས་བདུད་རྩི་བུམ་པ། རང་སྲུང་མཚོན་ཆའི་འཁོར་ལོ་བཅས་བྱེ་བ་རིང་བསྲེལ་སོགས་སུ་བཞུགས་པ་དེ་འདི་ཀའོ། །ཤིན་ཏུ་ཟབ་པ། རཏྣའི་རྟ་མགྲིན་གསང་སྒྲུབ་ཀྱི་ལས་ཚོགས་རིན་ཆེན་གཏེར་བུམ་ཞེས་སྨན་བཅོས་གཙོ་བོར་གྱུར་པའི་སྐོར་ལག་ལེན་ཅན། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཆ་ལག་རྣལ་འབྱོར་ལུས་ཀྱི་གེགས་སེལ་དབྱུག་བཅོས། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དག་སྣང་ནད་བརྒྱ་སྨན་གཅིག་རིལ་བུ་དཀར་དམར་གྱི་སྒོམ་ལུང་། གཞུང་ཕྱག་ལེན་དང་བཅས་པ། འབྲོག་མི་དཔལ་ཡེའི་རྣམ་འཕྲུལ་གྲོ་ཤུལ་བདེ་ཆེན་གླིང་པའི་ཟབ་གཏེར་གསོ་དཔྱད་འཆི་མེད་ཚེ་བུམ། འདི་ལུང་རྒྱུན་ཙམ་སྣང་མོད་བརྒྱུད་པ་མི་གསལ་ཡང་སྨན་སྦྱོར་ཕལ་ཆེར་ལག་ལན་ཅན་ཡིན་སྐད། གནམ་ཆོས་ཐུགས་གཏེར་སྨན་བཅོས་རྒྱལ་བ་བཞི་སྦྱོར་རྣམས་སོ།། །། | གཉིས་པ་ཞི་བའི་ལས་ཀྱི་སྐོར་ལ། ཞི་བྱ་ཡུལ་གྱི་ངོས་ནས་དབྱེ་ན། གནས་སྐབས་སེང་གེ་ཁྲོས་པ། གླང་ཆེན་མྱོས་པ། མེ་འབར་བ། དུག་སྦྲུལ་གྱིས་གཙེས་པ། ཆོམ་རྐུན་གྱིས་འཚེ་བ། ལྕགས་སྒྲོག་གིས་འཆིང་བ། རྒྱ་མཚོའི་རླབས་འཁྲུགས་པ། ཤ་ཟ་ཁྲོས་པ་སྟེ་ཡོངས་སུ་གྲགས་པའི་འཇིགས་པ་ཆེན་པོ་བརྒྱད་དམ། སྔ་འགྱུར་གྱི་གཞུང་འགའ་ཞིག་ལས་ཡུལ་དུས་དང་བསྟུན་ཏེ། ནད་དང་མུ་གེ །མེ་དང་ཆུ་ཆེན། དམག་དང་མཚོན། རྒྱལ་པོའི་ཆད་པ། དུས་མ་ཡིན་པའི་འཆི་བ་སྟེ་འཇིགས་པ་ཆེན་པོ་བརྒྱད་དུ་གསུངས་བས་མཚོན། མི་མཐུན་ཅིང་མི་འདོད་པའི་ཉེ་བར་འཚེ་བ་མཐའ་དག་ཡིན་ལ། མཐར་ཐུག་གི་ཞི་བྱ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམས་སོ། །ཞི་བྱེད་ཐབས་ཀྱིས་ངོས་ནས་དབྱེ་ན། སྤྱིར་བསམ་གྱིས་མི་ཁྱབ་ཀྱང་། སྨན་དང་། སྔགས་དང་། འཁྲུལ་འཁོར་དང་། རྟེན་འབྲེལ་དང་། སྦྱིན་སྲེག་དང་། ཏིང་ངེ་འཛིན་རྣམས་སུ་ཅི་རིགས་པར་འདུ་ཞིང་། ཇི་ལྟར་བསྒྲུབ་པའི་ཚུལ་ཡང་། གཙོ་བོ་གཞན་དོན་དོན་གཉེར་གྱི་བསམ་པས་སྨན་དང་རྟེན་འབྲེལ་འགའ་ཞིག་མ་གཏོགས་ཕལ་ཆེར་ལ་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་འཇུག་པར་བྱ་བ་སྟེ་ལས་གང་ལའང་འདྲའོ། །དེ་ལ་འདིར་རེ་ཞིག་ཞི་བྱ་ཡུལ་ལ་ལྟོས་ཏེ་སྡེ་ཚན་དྲུག་ཏུ་བཞག་པ་ལས། དང་པོ་གཙོ་བོར་ནད་ཞི་བའི་སྐོར་ལ། གཏེར་ཆེན་བདུད་འདུལ་གླིང་པའི་ཟབ་གཏེར་དམ་ཆོས་སྤྲུལ་སྐུ་སྙིང་ཏིག་གི་ཆ་ལག་རི་ཁྲོད་ལོ་མ་ཅན་གྱི་དབང་། སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ནད་བདག་སྟོབས་ཆེན་འཇོམས་པའི་གཞུང་མན་ངག་དང་བཅས་པ། གཉན་རིམ་གྱི་སྲུང་གསོ་རྡོ་རྗེ་ཁྲབ་རིང་བདུད་རྩི་བུམ་ཆུང་སྐོར་ཚང་བ། པད་གླིང་ཀློང་གསལ་གྱི་ཆ་ལག་ནག་པོ་རྒྱུག་འགྱེལ་གྱི་གསོ་ཐབས་བདུད་རྩི་བུམ་པ། རང་སྲུང་མཚོན་ཆའི་འཁོར་ལོ་བཅས་བྱེ་བ་རིང་བསྲེལ་སོགས་སུ་བཞུགས་པ་དེ་འདི་ཀའོ། །ཤིན་ཏུ་ཟབ་པ། རཏྣའི་རྟ་མགྲིན་གསང་སྒྲུབ་ཀྱི་ལས་ཚོགས་རིན་ཆེན་གཏེར་བུམ་ཞེས་སྨན་བཅོས་གཙོ་བོར་གྱུར་པའི་སྐོར་ལག་ལེན་ཅན། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཆ་ལག་རྣལ་འབྱོར་ལུས་ཀྱི་གེགས་སེལ་དབྱུག་བཅོས། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དག་སྣང་ནད་བརྒྱ་སྨན་གཅིག་རིལ་བུ་དཀར་དམར་གྱི་སྒོམ་ལུང་། གཞུང་ཕྱག་ལེན་དང་བཅས་པ། འབྲོག་མི་དཔལ་ཡེའི་རྣམ་འཕྲུལ་གྲོ་ཤུལ་བདེ་ཆེན་གླིང་པའི་ཟབ་གཏེར་གསོ་དཔྱད་འཆི་མེད་ཚེ་བུམ། འདི་ལུང་རྒྱུན་ཙམ་སྣང་མོད་བརྒྱུད་པ་མི་གསལ་ཡང་སྨན་སྦྱོར་ཕལ་ཆེར་ལག་ལན་ཅན་ཡིན་སྐད། གནམ་ཆོས་ཐུགས་གཏེར་སྨན་བཅོས་རྒྱལ་བ་བཞི་སྦྱོར་རྣམས་སོ།། །། | ||
གཞན་ཡང་གངས་ཅན་ན་ཉི་ཟླ་ལྟར་གྲགས་པའི་གསོ་དཔྱད་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཡང་། རྩ་བ་ནི་གྲྭ་པའི་ཟབ་གཏེར་དུ་རྒྱུ་མཚན་དུ་མའི་སྒོ་ནས་འཐད་ཅིང་། དེ་ལ་བརྟེན་ནས་ཨོ་རྒྱན་སྨན་བླ་དངོས་བྱོན་སྤྲུལ་པའི་སྐུ་གུ་ཎ་ནཱ་ཐས་ཟབ་མོ་དགོངས་པའི་གཏེར་ལས་རང་ཤར་བའི་ཚུལ་གྱིས་རྒྱས་པར་སྤེལ་བས་ན། ཐུགས་ཀ་ཆོས་ཀྱི་འཁོར་ལོ་ནས། །གསོ་དཔྱད་རིན་ཆེན་གཏེར་ཕྱུངས་ཏེ། །ཞེས་སོགས་གསུངས་པ་ལྟར་རོ། །དེས་མཚོན་ཏེ་རྡོར་འབུམ་ཆོས་གྲགས་དང་། བོན་པོ་དྲག་རྩལ་གྱི་བདུད་རྩི་བུམ་ཆེན། ཉང་གཏེར་རྟ་མགྲིན་དྲག་པོ་ལྷ་གསུམ་གྱི་ལས་ཚོགས་མཛེ་བཅོས། རྒྱ་འཛེར་ནག་པོ་གྲེ་ཐོག་གི་བཅོས། མཁའ་འགྲོ་མ་དུས་ཀྱི་འཁོར་ལོའི་ཆུང་དཔྱད་སོགས་དང་། ཆོས་དབང་རིན་པོ་ཆེ་ཡི་གསོ་དཔྱད་དྲང་སྲོང་སྙིང་ཐིག །ཆུང་དཔྱད་པདྨ་གཅེས་ཕྲེང་། བཀའ་བརྒྱད་གསང་རྫོགས་སྨན་སྒྲུབ་ཀྱི་ཁ་བསྒྱུར་ནད་སེལ་ཆེན་མོ། རྡོར་གླིང་ཆུང་དཔྱད་གཅེས་ཕྲེང་རྒྱས་པ་དང་། གཟའ་ཁྱི་མཛེ་གསུམ་གྱི་བཅོས་སྐོར་ཤིན་ཏུ་ཟབ་རྒྱས། ཀུ་ས་སྨན་པ་པདྨ་སྐྱབས་ཀྱི་སྨན་དཔྱད་རིན་ཆེན་སྤུངས་པ། ར་མོ་ཤེལ་སྨན་གྱི་དམུ་ཆུ་དང་འབམ་བཅོས། བོན་པོ་ལྷ་འབུམ་མམ་རྟ་ནག་གུ་རུ་སྣོན་རྩེའི་སྨན་དཔྱད་བདུད་རྩི་གལ་ཕྲེང་། དེ་གསུམ་གྱི་གཏེར་མ་རྫས་སྲུང་དང་ཞི་བྱེད་སྐོར། གཏེར་སྟོན་སྣ་ནམ་པའི་དུག་བཅོས་ཤ་མོ་ལས་ཀྱུས། སོག་སྨན་བྱང་ཆུབ་ཀྱི་སྐེ་བཅོས། ལྕེ་གཡུ་གཞེར་གྱི་རྨ་བཅོས་བསེ་སྒྲོམ་སྨུག་པོ། གཙང་སྟོན་ཆོས་འབར་གྱི་ཆུང་དཔྱད་པདྨ་གཅེས་ཕྲེང་། འདི་དང་ཆོས་དབང་། རྡོར་གླིང་བཅས་ཀྱི་གཏེར་ཁ་ལ་ཆུང་དཔྱད་གཅེས་ཕྲེང་སྐོར་གསུམ་ཞེས་གྲགས་ཤིང་བར་སྐབས་ལུང་དང་ལག་ལེན་རྒྱས་པར་བྱུང་སྣང་ནའང་དེང་སང་རྒྱུན་ཡོད་པར་མ་ཐོས་པ། མན་ངག་ཕལ་ཆེར་དར་མོ་བའི་བཀའ་རྒྱ་མར་བཀོད་སྣང་། །གནུབས་སྟོན་གྱི་བྱ་འདྲེའི་བཅོས། ཞང་ཁྲོམ་ཟབ་གཏེར་ཁྱི་སྨྱོན་གྱི་སྲུང་གསོ། རིན་ཆེན་གླིང་པའི་དངུལ་ཆུའི་བཅུད་ལེན་དང་ཀོའི་འདིའི་དངུལ་ཆུའི་སྐོར་ཨོ་རྒྱན་པའི་གཞུང་དང་ཆ་འདྲ་བར་ཡོད་སྣང་བ་དང་། དུག་བཅོས་བཅས་ཟུར་མཁར་བའི་བྱེ་བ་རིང་བསྲེལ་དུ་བཀོད་སྣང་། དུག་བཅོས་སོགས་སྔ་ཕྱིར་གསོ་དཔྱད་གཏེར་མ་མཐའ་ཡས་པ་ཞིག་བྱུང་སྣང་བ་རྣམས་སྔར་སྨོས་པ་ལྟར་བདུད་རྩི་ཡོན་ཏན་གྱི་རྒྱུད་སྡེའི་ཡན་ལག་ཏུ་གཏོགས་ཤིང་ལས་ཀྱི་དབང་དུ་བྱས་ན་ཞི་བྱེད་ཀྱི་སྐབས་འདིར་བསྡུ་བར་འོས་ཀྱང་། ཕལ་ཆེར་རྒྱུན་མ་བཞུགས་ཤིང་། རྒྱུད་བཞི་སོགས་ཆོས་བཀའ་རྒྱ་ཆེ་ཞིང་ཡོངས་སུ་ཁྱབ་པའི་ཕྱིར་འགོད་པའི་ངལ་བ་མ་བགྱིས་སོ།། །། | གཞན་ཡང་གངས་ཅན་ན་ཉི་ཟླ་ལྟར་གྲགས་པའི་གསོ་དཔྱད་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཡང་། རྩ་བ་ནི་གྲྭ་པའི་ཟབ་གཏེར་དུ་རྒྱུ་མཚན་དུ་མའི་སྒོ་ནས་འཐད་ཅིང་། དེ་ལ་བརྟེན་ནས་ཨོ་རྒྱན་སྨན་བླ་དངོས་བྱོན་སྤྲུལ་པའི་སྐུ་གུ་ཎ་ནཱ་ཐས་ཟབ་མོ་དགོངས་པའི་གཏེར་ལས་རང་ཤར་བའི་ཚུལ་གྱིས་རྒྱས་པར་སྤེལ་བས་ན། ཐུགས་ཀ་ཆོས་ཀྱི་འཁོར་ལོ་ནས། །གསོ་དཔྱད་རིན་ཆེན་གཏེར་ཕྱུངས་ཏེ། །ཞེས་སོགས་གསུངས་པ་ལྟར་རོ། །དེས་མཚོན་ཏེ་རྡོར་འབུམ་ཆོས་གྲགས་དང་། བོན་པོ་དྲག་རྩལ་གྱི་བདུད་རྩི་བུམ་ཆེན། ཉང་གཏེར་རྟ་མགྲིན་དྲག་པོ་ལྷ་གསུམ་གྱི་ལས་ཚོགས་མཛེ་བཅོས། རྒྱ་འཛེར་ནག་པོ་གྲེ་ཐོག་གི་བཅོས། མཁའ་འགྲོ་མ་དུས་ཀྱི་འཁོར་ལོའི་ཆུང་དཔྱད་སོགས་དང་། ཆོས་དབང་རིན་པོ་ཆེ་ཡི་གསོ་དཔྱད་དྲང་སྲོང་སྙིང་ཐིག །ཆུང་དཔྱད་པདྨ་གཅེས་ཕྲེང་། བཀའ་བརྒྱད་གསང་རྫོགས་སྨན་སྒྲུབ་ཀྱི་ཁ་བསྒྱུར་ནད་སེལ་ཆེན་མོ། རྡོར་གླིང་ཆུང་དཔྱད་གཅེས་ཕྲེང་རྒྱས་པ་དང་། གཟའ་ཁྱི་མཛེ་གསུམ་གྱི་བཅོས་སྐོར་ཤིན་ཏུ་ཟབ་རྒྱས། ཀུ་ས་སྨན་པ་པདྨ་སྐྱབས་ཀྱི་སྨན་དཔྱད་རིན་ཆེན་སྤུངས་པ། ར་མོ་ཤེལ་སྨན་གྱི་དམུ་ཆུ་དང་འབམ་བཅོས། བོན་པོ་ལྷ་འབུམ་མམ་རྟ་ནག་གུ་རུ་སྣོན་རྩེའི་སྨན་དཔྱད་བདུད་རྩི་གལ་ཕྲེང་། དེ་གསུམ་གྱི་གཏེར་མ་རྫས་སྲུང་དང་ཞི་བྱེད་སྐོར། གཏེར་སྟོན་སྣ་ནམ་པའི་དུག་བཅོས་ཤ་མོ་ལས་ཀྱུས། སོག་སྨན་བྱང་ཆུབ་ཀྱི་སྐེ་བཅོས། ལྕེ་གཡུ་གཞེར་གྱི་རྨ་བཅོས་བསེ་སྒྲོམ་སྨུག་པོ། གཙང་སྟོན་ཆོས་འབར་གྱི་ཆུང་དཔྱད་པདྨ་གཅེས་ཕྲེང་། འདི་དང་ཆོས་དབང་། རྡོར་གླིང་བཅས་ཀྱི་གཏེར་ཁ་ལ་ཆུང་དཔྱད་གཅེས་ཕྲེང་སྐོར་གསུམ་ཞེས་གྲགས་ཤིང་བར་སྐབས་ལུང་དང་ལག་ལེན་རྒྱས་པར་བྱུང་སྣང་ནའང་དེང་སང་རྒྱུན་ཡོད་པར་མ་ཐོས་པ། མན་ངག་ཕལ་ཆེར་དར་མོ་བའི་བཀའ་རྒྱ་མར་བཀོད་སྣང་། །གནུབས་སྟོན་གྱི་བྱ་འདྲེའི་བཅོས། ཞང་ཁྲོམ་ཟབ་གཏེར་ཁྱི་སྨྱོན་གྱི་སྲུང་གསོ། རིན་ཆེན་གླིང་པའི་དངུལ་ཆུའི་བཅུད་ལེན་དང་ཀོའི་འདིའི་དངུལ་ཆུའི་སྐོར་ཨོ་རྒྱན་པའི་གཞུང་དང་ཆ་འདྲ་བར་ཡོད་སྣང་བ་དང་། དུག་བཅོས་བཅས་ཟུར་མཁར་བའི་བྱེ་བ་རིང་བསྲེལ་དུ་བཀོད་སྣང་། དུག་བཅོས་སོགས་སྔ་ཕྱིར་གསོ་དཔྱད་གཏེར་མ་མཐའ་ཡས་པ་ཞིག་བྱུང་སྣང་བ་རྣམས་སྔར་སྨོས་པ་ལྟར་བདུད་རྩི་ཡོན་ཏན་གྱི་རྒྱུད་སྡེའི་ཡན་ལག་ཏུ་གཏོགས་ཤིང་ལས་ཀྱི་དབང་དུ་བྱས་ན་ཞི་བྱེད་ཀྱི་སྐབས་འདིར་བསྡུ་བར་འོས་ཀྱང་། ཕལ་ཆེར་རྒྱུན་མ་བཞུགས་ཤིང་། རྒྱུད་བཞི་སོགས་ཆོས་བཀའ་རྒྱ་ཆེ་ཞིང་ཡོངས་སུ་ཁྱབ་པའི་ཕྱིར་འགོད་པའི་ངལ་བ་མ་བགྱིས་སོ།། །། | ||
གཉིས་པ་གདོན་ཞི་བའི་སྐོར་ལ། ཀླུ་གདོན་གཙོ་བོར་གྱུར་པའི་གཉེན་པོ་སྟོབས་ཀྱི་ལྷ་ནམ་མཁའ་ལྡིང་དམར་པོ་ཉང་གཏེར་གྱི་རྗེས་གནང་། སྒྲུབ་ཐབས་ལས་ཚོགས་དང་བཅས་པ། གཏེར་སྟོན་མ་ཏི་རཏྣའི་ཟབ་གཏེར་སེང་གདོང་། བདུད་འདུལ་དྲག་མོའི་ཆ་ལག་ཁྱུང་དམར་གྱི་དབང་དང་སྒྲུབ་སྐོར། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ལས་ཀྱི་བྱ་ཁྱུང་ནག་པོའི་གཏོར་དབང་། སྒྲུབ་སྐོར་ལས་ཚོགས་གསལ་བྱེད་བཅས། རོལ་པའི་རྡོ་རྗེའི་ཟབ་གཏེར་རྡོ་རྗེ་ཁྱུང་ཁྲའི་དབང་། སྒྲུབ་སྐོར་ལས་ཚོགས་བཅས། པད་གླིང་ཕྱག་རྡོར་གཏུམ་པོའི་ལས་ཚོགས་གཟའ་ཀླུའི་དུག་སྦྱོར་བདུད་རྩི་ཐིག་པ་གཏེར་ཆེན་རིན་པོ་ཆེའི་མཛད་པ། གྲུབ་ཆེན་འདར་འཕྱར་བའི་ལུགས་ཀྱི་གཟའི་དུག་དབྱུང་། བྱད་ཁྲོལ། ཉང་གཏེར་ཀླུ་བདུད་ཞགས་པ་དགུ་འགྲོལ། ཀློང་གསལ་དྲག་དམར་ཀྱི་ལས་མཐའ་ཞི་སྦྱོང་བདུད་རྩིའི་ཆུ་བོ། དྲག་སྦྱོང་སྡིག་པའི་ཁར་འཇུག་རྣམས་སོ།། །། | གཉིས་པ་གདོན་ཞི་བའི་སྐོར་ལ། ཀླུ་གདོན་གཙོ་བོར་གྱུར་པའི་གཉེན་པོ་སྟོབས་ཀྱི་ལྷ་ནམ་མཁའ་ལྡིང་དམར་པོ་ཉང་གཏེར་གྱི་རྗེས་གནང་། སྒྲུབ་ཐབས་ལས་ཚོགས་དང་བཅས་པ། གཏེར་སྟོན་མ་ཏི་རཏྣའི་ཟབ་གཏེར་སེང་གདོང་། བདུད་འདུལ་དྲག་མོའི་ཆ་ལག་ཁྱུང་དམར་གྱི་དབང་དང་སྒྲུབ་སྐོར། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ལས་ཀྱི་བྱ་ཁྱུང་ནག་པོའི་གཏོར་དབང་། སྒྲུབ་སྐོར་ལས་ཚོགས་གསལ་བྱེད་བཅས། རོལ་པའི་རྡོ་རྗེའི་ཟབ་གཏེར་རྡོ་རྗེ་ཁྱུང་ཁྲའི་དབང་། སྒྲུབ་སྐོར་ལས་ཚོགས་བཅས། པད་གླིང་ཕྱག་རྡོར་གཏུམ་པོའི་ལས་ཚོགས་གཟའ་ཀླུའི་དུག་སྦྱོར་བདུད་རྩི་ཐིག་པ་གཏེར་ཆེན་རིན་པོ་ཆེའི་མཛད་པ། གྲུབ་ཆེན་འདར་འཕྱར་བའི་ལུགས་ཀྱི་གཟའི་དུག་དབྱུང་། བྱད་ཁྲོལ། ཉང་གཏེར་ཀླུ་བདུད་ཞགས་པ་དགུ་འགྲོལ། ཀློང་གསལ་དྲག་དམར་ཀྱི་ལས་མཐའ་ཞི་སྦྱོང་བདུད་རྩིའི་ཆུ་བོ། དྲག་སྦྱོང་སྡིག་པའི་ཁར་འཇུག་རྣམས་སོ།། །། | ||
གསུམ་པ་གྲིབ་དང་མི་གཙང་བ་གཙོ་བོར་གྱུར་པའི་མི་མཐུན་ཕྱོགས་ཐམས་ཅད་ཞི་བའི་སྐོར་ལས། སྔ་འགྱུར་བཀའ་༦མ་བི་མ་ལའི་ལུགས་ཀྱི་རྣམ་འཇོམས་དཀར་པོ། ཀློང་གསལ་ཟབ་གཏེར་བི་མའི་རྒྱུད་སྡེ་བཞིའི་སྐོར་གྱི་རྣམ་འཇོམས་དཀར་པོའང་འདི་དང་ཤིན་ཏུ་མཐུན་པས་བཀའ་གཏེར་གཉིས་ལྡན་ནོ། །བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབས་པའི་དབང་། སྒྲུབ་ཐབས་དབང་ཁྲུས་ཀྱི་ཆོ་ག་དང་བཅས་པ། བཀའ་མའི་རྣམ་འཇོམས་མཐིང་གའི་དབང་། དེའི་སྒྲུབ་སྐོར་ཞར་བྱུང་སྒྲུབ་ཐབས་འདོད་བུམ་ལས་འབྱུང་བའི་བ་རི་ལུགས་ཀྱི་རྣམ་འཇོམས་ལྗང་༥༠སྔོན་ལྷ་གཅིག་བུམ་གཅིག་དང་། སངས་རྒྱས་གསང་བའི་ལུགས་ཀྱི་རྣམ་འཇོམས་མཐིང་ནག་༥༡ལྷ་དྲུག་གི་རྗེས་གནང་། རྣམ་འཇོམས་མཐིང་གའི་སྒྲུབ་ཐབས་ཁྲུས་ཆོག་དང་བཅས་པ་བདུད་རྩིའི་སྙིང་པོ་གཏེར་ཆེན་རིན་པོ་ཆེའི་གསུང་མཁན་ཨོ་ཌཱི་ཡཱ་ནས་ནག་འགྲོས་སུ་སྤེལ་བ། འདི་དག་གསར་མའི་ཕྱོགས་ཡིན་ཡང་། སྐབས་འདིར་ཉེར་མཁོའི་དབང་གིས་བཞག་པར་སྣང་ངོ་། ། ༈ | གསུམ་པ་གྲིབ་དང་མི་གཙང་བ་གཙོ་བོར་གྱུར་པའི་མི་མཐུན་ཕྱོགས་ཐམས་ཅད་ཞི་བའི་སྐོར་ལས། སྔ་འགྱུར་བཀའ་༦མ་བི་མ་ལའི་ལུགས་ཀྱི་རྣམ་འཇོམས་དཀར་པོ། ཀློང་གསལ་ཟབ་གཏེར་བི་མའི་རྒྱུད་སྡེ་བཞིའི་སྐོར་གྱི་རྣམ་འཇོམས་དཀར་པོའང་འདི་དང་ཤིན་ཏུ་མཐུན་པས་བཀའ་གཏེར་གཉིས་ལྡན་ནོ། །བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབས་པའི་དབང་། སྒྲུབ་ཐབས་དབང་ཁྲུས་ཀྱི་ཆོ་ག་དང་བཅས་པ། བཀའ་མའི་རྣམ་འཇོམས་མཐིང་གའི་དབང་། དེའི་སྒྲུབ་སྐོར་ཞར་བྱུང་སྒྲུབ་ཐབས་འདོད་བུམ་ལས་འབྱུང་བའི་བ་རི་ལུགས་ཀྱི་རྣམ་འཇོམས་ལྗང་༥༠སྔོན་ལྷ་གཅིག་བུམ་གཅིག་དང་། སངས་རྒྱས་གསང་བའི་ལུགས་ཀྱི་རྣམ་འཇོམས་མཐིང་ནག་༥༡ལྷ་དྲུག་གི་རྗེས་གནང་། རྣམ་འཇོམས་མཐིང་གའི་སྒྲུབ་ཐབས་ཁྲུས་ཆོག་དང་བཅས་པ་བདུད་རྩིའི་སྙིང་པོ་གཏེར་ཆེན་རིན་པོ་ཆེའི་གསུང་མཁན་ཨོ་ཌཱི་ཡཱ་ནས་ནག་འགྲོས་སུ་སྤེལ་བ། འདི་དག་གསར་མའི་ཕྱོགས་ཡིན་ཡང་། སྐབས་འདིར་ཉེར་མཁོའི་དབང་གིས་བཞག་པར་སྣང་ངོ་། ། ༈ | ||
འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱི་ཟབ་གཏེར་གྲོལ་ཏིག་གི་ཆ་ལག་ཁྲོ་བོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་དམ་གྲིབ་ཉེས་པ་ཀུན་སེལ། དེའི་སྒྲུབ་ཐབས་ལས་ཚོགས་བཅས། གནས་ཁང་གི་ཉམས་གྲིབ་ཞི་བ་བསྐྱེད་རིམ་ཉམས་ཀྱིས་སེལ་བྱེད། མངའ་བདག་ཉང་གི་ཟབ་གཏེར་འཁོན་སྦྱོང་བྱིན་རླབས་ཅན་གྱི་ཁྲུས་ཆུ། འཁོན་སྦྱོང་འདི་དང་ཆ་འདྲ་གྲུབ་ཐོབ་དངོས་གྲུབ་དང་། ཞང་ཁྲོམ་གཏེར་མའང་ཡོད་སྣང་། ལག་པའི་འདུ་བྱེད་བསྐྱེད་པ་ཁྲོ་བོ། སྨེ་བརྩེགས་ཞལ་འདི་སྔ་འགྱུར་ཕྱོགས་སུ་གཏོགས་ཀྱང་ཁུངས་ཆོལ་དགོས། གཅིག་ཕྱག་གཉིས་པའི་ཁྲུས་ཆོག་གཏེར་ཆེན་རིན་པོ་ཆེས་མཛད་པ། ཉང་ལུགས་ཁྲོ་བོ་སྨེ་བརྩེགས་ཀྱི་རྗེས་གནང་ཁྲུས་ཆོག་བཅས། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཁྲོ་མོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བླ་མ་གསང་འདུས་ཀྱི་ཆ་ལག་མཁའ་འགྲོ་གྲིབ་སེལ། ཆགས་མེད་རིན་པོ་ཆེའི་གྲིབ་སེལ་རྟ་ནག་མ། གྲ་མངོན་དབང་ཕྱུག་འབར་གྱི་ཟབ་གཏེར་འཁོན་སྦྱོང་བའི་མན་ངག་ཁྱད་པར་ཅན། ཞར་བྱུང་ལྷ་ལྔ་མཆོད་ཐབས། སློབ་དཔོན་རིན་པོ་ཆེས་གསུང་དུ་གྲགས་པའི་མནོལ་བསང་ལེ་ཚན། གནམ་ཆོས་མན་ངག་ཆོས་ལུགས་མི་གཙང་བའི་ཉེས་སེལ་རྣམས་སོ། །གཞན་ཡང་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་རྣམ་འཇོམས་གནམ་སྐས་མའི་བྱིན་རླབས་སྒྲུབ་སྐོར་བཅས་དང་། རྡོར་གླིང་དང་། ཚེ་བརྟན་རྒྱལ་མཚན་གྱིས་སྨེ་བརྩེགས་སྒྲུབ་སྐོར་ལས་ཚོགས་བཅས་རྒྱས་པར་བཞུགས་སྣང་བས་རྒྱུན་རྙེད་ན་འདིར་ངེས་པར་འགོད་འོས་ཤིང་པད་གླིང་རྣམ་འཇོམས་ཡང་གསང་བླ་མེད་དབང་སྒྲུབ་སྐོར་བཅས་དང་། སྨེ་བརྩེགས་ཀྱི་ཁྲུས་ཆོག་སོགས་སྔ་ཕྱིའི་ཟབ་གཏེར་ཅི་རིགས་པའང་མཆིས་སོ།། །། | འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱི་ཟབ་གཏེར་གྲོལ་ཏིག་གི་ཆ་ལག་ཁྲོ་བོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་དམ་གྲིབ་ཉེས་པ་ཀུན་སེལ། དེའི་སྒྲུབ་ཐབས་ལས་ཚོགས་བཅས། གནས་ཁང་གི་ཉམས་གྲིབ་ཞི་བ་བསྐྱེད་རིམ་ཉམས་ཀྱིས་སེལ་བྱེད། མངའ་བདག་ཉང་གི་ཟབ་གཏེར་འཁོན་སྦྱོང་བྱིན་རླབས་ཅན་གྱི་ཁྲུས་ཆུ། འཁོན་སྦྱོང་འདི་དང་ཆ་འདྲ་གྲུབ་ཐོབ་དངོས་གྲུབ་དང་། ཞང་ཁྲོམ་གཏེར་མའང་ཡོད་སྣང་། ལག་པའི་འདུ་བྱེད་བསྐྱེད་པ་ཁྲོ་བོ། སྨེ་བརྩེགས་ཞལ་འདི་སྔ་འགྱུར་ཕྱོགས་སུ་གཏོགས་ཀྱང་ཁུངས་ཆོལ་དགོས། གཅིག་ཕྱག་གཉིས་པའི་ཁྲུས་ཆོག་གཏེར་ཆེན་རིན་པོ་ཆེས་མཛད་པ། ཉང་ལུགས་ཁྲོ་བོ་སྨེ་བརྩེགས་ཀྱི་རྗེས་གནང་ཁྲུས་ཆོག་བཅས། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཁྲོ་མོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བླ་མ་གསང་འདུས་ཀྱི་ཆ་ལག་མཁའ་འགྲོ་གྲིབ་སེལ། ཆགས་མེད་རིན་པོ་ཆེའི་གྲིབ་སེལ་རྟ་ནག་མ། གྲ་མངོན་དབང་ཕྱུག་འབར་གྱི་ཟབ་གཏེར་འཁོན་སྦྱོང་བའི་མན་ངག་ཁྱད་པར་ཅན། ཞར་བྱུང་ལྷ་ལྔ་མཆོད་ཐབས། སློབ་དཔོན་རིན་པོ་ཆེས་གསུང་དུ་གྲགས་པའི་མནོལ་བསང་ལེ་ཚན། གནམ་ཆོས་མན་ངག་ཆོས་ལུགས་མི་གཙང་བའི་ཉེས་སེལ་རྣམས་སོ། །གཞན་ཡང་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་རྣམ་འཇོམས་གནམ་སྐས་མའི་བྱིན་རླབས་སྒྲུབ་སྐོར་བཅས་དང་། རྡོར་གླིང་དང་། ཚེ་བརྟན་རྒྱལ་མཚན་གྱིས་སྨེ་བརྩེགས་སྒྲུབ་སྐོར་ལས་ཚོགས་བཅས་རྒྱས་པར་བཞུགས་སྣང་བས་རྒྱུན་རྙེད་ན་འདིར་ངེས་པར་འགོད་འོས་ཤིང་པད་གླིང་རྣམ་འཇོམས་ཡང་གསང་བླ་མེད་དབང་སྒྲུབ་སྐོར་བཅས་དང་། སྨེ་བརྩེགས་ཀྱི་ཁྲུས་ཆོག་སོགས་སྔ་ཕྱིའི་ཟབ་གཏེར་ཅི་རིགས་པའང་མཆིས་སོ།། །། | ||
བཞི་པ་བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་ལ། སྔ་འགྱུར་བཀའ་མ་བི་མ་ལ་མི་ཏྲའི་ལུགས་ཀྱི་གདུགས་དཀར་བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབ་པའི་དབང་། དེའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ། ཆགས་མེད་རིན་པོ་ཆེ་དང་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་སྒྲུབ་ཐབས་ལེ་ཚན། འཇམ་དཔལ་ཚེ་བདག་གནམ་ལྕགས་སྡིགས་པའི་ཆོས་སྡེ་ཁྲོ་རྒྱལ་རྡོ་རྗེ་གཙུག་གཏོར་གྱི་བྱད་འགྲོལ་ཆེན་པོ་གསེར་གྱི་ལྡེའུ་མིག་གི་གཞུང་རྩ་བ་བུམ་བཅས་ཕན་ཡོན་སྲུང་བ་ལྟས་ལོ་རྒྱུས་མངོན་རྟོགས་དང་བཅས་པ། མངོན་རྟོགས་དང་དམོད་ཤམ། གཟུངས་རིང་། སྒྲུབ་ཐབས། བུམ་ཆོག་བཅས་གཏེར་ཆེན་རིན་པོ་ཆེ་དང་། བྱད་འགྲོལ་གྱི་ལག་ལེན་ཨོ་རྒྱན་རྣམ་གྲོལ་གྱིས་མཛད་པ། རྒྱུན་ཁྱེར་ངག་འདོན་སྲུང་འཁོར་ཟབ་མོའི་དཔེའུ་རིས་དང་བཅས་པ་རྣམས་དང་། ཉང་གཏེར་དྲག་དམར་ལས་ཚོགས་ངག་སྲུང་འགྲོལ་གྱི་གདམས་པ་ཕྱག་བཞེས་མ། གནུབས་ལུགས་བ་རི་ལུགས་ཟུང་འབྲེལ་དུ་གྲགས་པ་མཁའ་འགྲོ་མའི་བྱས་པ་བཤིགས་པའི་འཛུམ་ཆོག་གི་འཁོར་ལོ་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བའི་གཟུངས་ཀྱི་འཁོར་ལོ་ཡིན་ཞིང་ཟབ་པར་གྲགས། བླ་ཆེན་དྲན་པ་ནམ་མཁའ་ལ་མཁའ་འགྲོ་མ་ཐུགས་རྗེ་ཀུན་གྲོལ་གྱིས་གནང་བའི་བྱད་འགྲོལ་ཡིག་རྒོད་ཆང་ཁྲུས་གཞུང་ལག་ལེན་དང་བཅས་པ་རྣམས་སོ།། །། | བཞི་པ་བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་ལ། སྔ་འགྱུར་བཀའ་མ་བི་མ་ལ་མི་ཏྲའི་ལུགས་ཀྱི་གདུགས་དཀར་བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབ་པའི་དབང་། དེའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ། ཆགས་མེད་རིན་པོ་ཆེ་དང་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་སྒྲུབ་ཐབས་ལེ་ཚན། འཇམ་དཔལ་ཚེ་བདག་གནམ་ལྕགས་སྡིགས་པའི་ཆོས་སྡེ་ཁྲོ་རྒྱལ་རྡོ་རྗེ་གཙུག་གཏོར་གྱི་བྱད་འགྲོལ་ཆེན་པོ་གསེར་གྱི་ལྡེའུ་མིག་གི་གཞུང་རྩ་བ་བུམ་བཅས་ཕན་ཡོན་སྲུང་བ་ལྟས་ལོ་རྒྱུས་མངོན་རྟོགས་དང་བཅས་པ། མངོན་རྟོགས་དང་དམོད་ཤམ། གཟུངས་རིང་། སྒྲུབ་ཐབས། བུམ་ཆོག་བཅས་གཏེར་ཆེན་རིན་པོ་ཆེ་དང་། བྱད་འགྲོལ་གྱི་ལག་ལེན་ཨོ་རྒྱན་རྣམ་གྲོལ་གྱིས་མཛད་པ། རྒྱུན་ཁྱེར་ངག་འདོན་སྲུང་འཁོར་ཟབ་མོའི་དཔེའུ་རིས་དང་བཅས་པ་རྣམས་དང་། ཉང་གཏེར་དྲག་དམར་ལས་ཚོགས་ངག་སྲུང་འགྲོལ་གྱི་གདམས་པ་ཕྱག་བཞེས་མ། གནུབས་ལུགས་བ་རི་ལུགས་ཟུང་འབྲེལ་དུ་གྲགས་པ་མཁའ་འགྲོ་མའི་བྱས་པ་བཤིགས་པའི་འཛུམ་ཆོག་གི་འཁོར་ལོ་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བའི་གཟུངས་ཀྱི་འཁོར་ལོ་ཡིན་ཞིང་ཟབ་པར་གྲགས། བླ་ཆེན་དྲན་པ་ནམ་མཁའ་ལ་མཁའ་འགྲོ་མ་ཐུགས་རྗེ་ཀུན་གྲོལ་གྱིས་གནང་བའི་བྱད་འགྲོལ་ཡིག་རྒོད་ཆང་ཁྲུས་གཞུང་ལག་ལེན་དང་བཅས་པ་རྣམས་སོ།། །། | ||
ལྔ་པ་སྣོད་བཅུད་ཀྱི་ཉེས་པ་ཞི་བའི་སྐོར་ལ། བླ་མ་དགོངས་པ་འདུས་པའི་ཉེས་པ་ཀུན་སེལ་བྱིན་རླབས་སྒྲོན་མེ། གྲོལ་ཐིག་གི་ས་བདག་ཉེས་པ་ཀུན་སེལ། ཀློང་གསལ་གྱི་དྲག་དམར་གྱི་ལས་མཐའ་ཉེས་པ་ཀུན་སེལ་དབང་གི་བུམ་པ། སྲུང་བའི་ལས་འཇུག་ཉེས་པ་ཀུན་སེལ། རྫས་ཀྱི་ལས་འཇུག་རྟེན་འབྲེལ་སྤྱི་བཅོས། ནཱ་ག་སྤྱི་བཅོས། དགའ་བ་འཁྱིལ་བ། རི་དབང་སྤྱི་བཅོས་གཡུང་དྲུང་འཁྱིལ་བ། སྟག་ཤམ་བསམ་གཏན་གླིང་པའི་ཟབ་གཏེར་སེང་གདོང་མའི་ལས་མཐའ་ལྷ་མོ་བརྟན་མའི་སྒྲུབ་ཐབས་གཏེར་བུམ་གྱི་ལས་ཚོགས་ལག་ལེན་དང་བཅས་པ། ཞར་བྱུང་ཆགས་མེད་རིན་པོ་ཆེའི་བཀའ་གཏེར་སྤྱི་ལས་བཏུས་པ་ས་བདག་སྙིང་གཏེར་གྱི་མན་ངག་པ་ཕྱག་ལེན་དང་བཅས་པ་རྣམས་སོ། །གཞན་ཡང་སྔ་ཕྱིའི་ཟབ་གཏེར་ལས་བྱུང་བའི་ས་བཅུད་གསོ་བའི་ཐབས་སོགས་རྒྱུན་དང་ཕྱག་བཞེས་ཅན་མཆིས་ནའང་སྐབས་འདིར་བསྡུའོ།། །། | ལྔ་པ་སྣོད་བཅུད་ཀྱི་ཉེས་པ་ཞི་བའི་སྐོར་ལ། བླ་མ་དགོངས་པ་འདུས་པའི་ཉེས་པ་ཀུན་སེལ་བྱིན་རླབས་སྒྲོན་མེ། གྲོལ་ཐིག་གི་ས་བདག་ཉེས་པ་ཀུན་སེལ། ཀློང་གསལ་གྱི་དྲག་དམར་གྱི་ལས་མཐའ་ཉེས་པ་ཀུན་སེལ་དབང་གི་བུམ་པ། སྲུང་བའི་ལས་འཇུག་ཉེས་པ་ཀུན་སེལ། རྫས་ཀྱི་ལས་འཇུག་རྟེན་འབྲེལ་སྤྱི་བཅོས། ནཱ་ག་སྤྱི་བཅོས། དགའ་བ་འཁྱིལ་བ། རི་དབང་སྤྱི་བཅོས་གཡུང་དྲུང་འཁྱིལ་བ། སྟག་ཤམ་བསམ་གཏན་གླིང་པའི་ཟབ་གཏེར་སེང་གདོང་མའི་ལས་མཐའ་ལྷ་མོ་བརྟན་མའི་སྒྲུབ་ཐབས་གཏེར་བུམ་གྱི་ལས་ཚོགས་ལག་ལེན་དང་བཅས་པ། ཞར་བྱུང་ཆགས་མེད་རིན་པོ་ཆེའི་བཀའ་གཏེར་སྤྱི་ལས་བཏུས་པ་ས་བདག་སྙིང་གཏེར་གྱི་མན་ངག་པ་ཕྱག་ལེན་དང་བཅས་པ་རྣམས་སོ། །གཞན་ཡང་སྔ་ཕྱིའི་ཟབ་གཏེར་ལས་བྱུང་བའི་ས་བཅུད་གསོ་བའི་ཐབས་སོགས་རྒྱུན་དང་ཕྱག་བཞེས་ཅན་མཆིས་ནའང་སྐབས་འདིར་བསྡུའོ།། །། | ||
དྲུག་པ་མཐར་ཐུག་སྡིག་སྒྲིབ་ཞི་བའི་སྐོར་ནི། སྤྱིར་མཆོག་སྒྲུབ་པའི་ཡི་དམ་གྱི་ལྷ་ཇི་སྙེད་དང་། ཁྱད་པར་དམིགས་ཀྱིས་བསལ་བ་རྡོ་རྗེ་སེམས་དཔའ། ཐུགས་རྗེ་ཆེན་པོ་སྡིག་སྒྲིབ་ཀུན་འཇོམས་ཀྱི་སྐོར་ནི་སྔར་བཀོད་ཟིན་ལ། འདིར་ས་བཅད་ཙམ་དུ་འཇའ་ཚོན་རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་འདི་ལ་རྟ་ཕག་གི་དབང་བཀའ་ཐོབ་དགོས་པར་སྣང་། ལྟུང་བ་བཤགས་པའི་ཆོ་ག་ཆགས་མེད་རིན་པོ་ཆེའི་ཆོག་བསྒྲིགས་མཛད་པ་ཙམ་བཞུགས་ཤིང་། གཞན་ཡང་གནམ་ཆོས་དང་། ཀློང་གསལ་ཟབ་གཏེར། ཀུན་རིག །མི་འཁྲུགས་པ་སྨན་བླ་སོགས་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པའི་སྐོར་ཅི་རིགས་པ་སྣང་བའང་སྐབས་འདིར་འབྲེལ་ལོ།། །། | དྲུག་པ་མཐར་ཐུག་སྡིག་སྒྲིབ་ཞི་བའི་སྐོར་ནི། སྤྱིར་མཆོག་སྒྲུབ་པའི་ཡི་དམ་གྱི་ལྷ་ཇི་སྙེད་དང་། ཁྱད་པར་དམིགས་ཀྱིས་བསལ་བ་རྡོ་རྗེ་སེམས་དཔའ། ཐུགས་རྗེ་ཆེན་པོ་སྡིག་སྒྲིབ་ཀུན་འཇོམས་ཀྱི་སྐོར་ནི་སྔར་བཀོད་ཟིན་ལ། འདིར་ས་བཅད་ཙམ་དུ་འཇའ་ཚོན་རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་འདི་ལ་རྟ་ཕག་གི་དབང་བཀའ་ཐོབ་དགོས་པར་སྣང་། ལྟུང་བ་བཤགས་པའི་ཆོ་ག་ཆགས་མེད་རིན་པོ་ཆེའི་ཆོག་བསྒྲིགས་མཛད་པ་ཙམ་བཞུགས་ཤིང་། གཞན་ཡང་གནམ་ཆོས་དང་། ཀློང་གསལ་ཟབ་གཏེར། ཀུན་རིག །མི་འཁྲུགས་པ་སྨན་བླ་སོགས་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པའི་སྐོར་ཅི་རིགས་པ་སྣང་བའང་སྐབས་འདིར་འབྲེལ་ལོ།། །། | ||
གསུམ་པ་རྒྱས་པའི་ལས་ཀྱི་སྐོར་ལ། རྒྱས་བྱའི་ཡུལ་གྱི་ངོས་ནས་དབྱེ་ན། གནས་སྐབས་སུ་སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་བདུན་ཞེས་ཐུབ་པས་གསུངས། །ཞེས་མཐོ་རིས་ཀྱི་ཡོན་ཏན་བདུན་དང་། སྔ་འགྱུར་གྱི་གཞུང་རྣམས་ལས་ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད། འཁོར་དང་ལོངས་སྤྱོད་དེ་འབྱོར་པ་དྲུག་ཏུ་གསུངས་པ་སོགས། མདོར་ན་མཐུན་ཞིང་སྨོན་པའི་ལེགས་ཚོགས་ཇི་སྙེད་པ་དང་། མཐར་ཐུག་ཉམས་དང་རྟོགས་པའི་ཡོན་ཏན་དང་བཅས་པ་རྣམས་སོ། །ཐབས་ནི་འཁྲུལ་འཁོར་དང་། སྔགས་དང་། རྟེན་འབྲེལ་དང་། སྦྱིན་སྲེག་དང་། ཏིང་ངེ་འཛིན་ལ་སོགས་པ་སྟེ། དེ་ལས་འདིར་རྒྱས་བྱའི་ཡུལ་གྱི་དབྱེ་བ་དང་མཐུན་པར་སྡེ་ཚན་དུ་བསྡེབས་པ་ལ་ལྔ་ལས། །དང་པོ་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཚེ་རྒྱས་པར་བྱེད་པའི་སྐོར་ནི། སྔར་བཀོད་ཟིན་པའི་ཚེ་སྒྲུབ་དང་། བཅུད་ལེན་དང་། འཆི་བ་བསླུ་བ་ལ་སོགས་པ་ཇི་སྙེད་པ་རྣམས་སོ།། །། | གསུམ་པ་རྒྱས་པའི་ལས་ཀྱི་སྐོར་ལ། རྒྱས་བྱའི་ཡུལ་གྱི་ངོས་ནས་དབྱེ་ན། གནས་སྐབས་སུ་སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་བདུན་ཞེས་ཐུབ་པས་གསུངས། །ཞེས་མཐོ་རིས་ཀྱི་ཡོན་ཏན་བདུན་དང་། སྔ་འགྱུར་གྱི་གཞུང་རྣམས་ལས་ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད། འཁོར་དང་ལོངས་སྤྱོད་དེ་འབྱོར་པ་དྲུག་ཏུ་གསུངས་པ་སོགས། མདོར་ན་མཐུན་ཞིང་སྨོན་པའི་ལེགས་ཚོགས་ཇི་སྙེད་པ་དང་། མཐར་ཐུག་ཉམས་དང་རྟོགས་པའི་ཡོན་ཏན་དང་བཅས་པ་རྣམས་སོ། །ཐབས་ནི་འཁྲུལ་འཁོར་དང་། སྔགས་དང་། རྟེན་འབྲེལ་དང་། སྦྱིན་སྲེག་དང་། ཏིང་ངེ་འཛིན་ལ་སོགས་པ་སྟེ། དེ་ལས་འདིར་རྒྱས་བྱའི་ཡུལ་གྱི་དབྱེ་བ་དང་མཐུན་པར་སྡེ་ཚན་དུ་བསྡེབས་པ་ལ་ལྔ་ལས། །དང་པོ་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཚེ་རྒྱས་པར་བྱེད་པའི་སྐོར་ནི། སྔར་བཀོད་ཟིན་པའི་ཚེ་སྒྲུབ་དང་། བཅུད་ལེན་དང་། འཆི་བ་བསླུ་བ་ལ་སོགས་པ་ཇི་སྙེད་པ་རྣམས་སོ།། །། | ||
གཉིས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཤེས་རབ་རྒྱས་པར་བྱེད་པའི་སྐོར་ནི། གོང་དུ་འཇམ་དཔལ་ཞི་སྒྲུབ་ཀྱི་སྐབས་སུ་རྒྱ་ཆེར་བཀོད་ཟིན་པ་རྣམས་ཡིན་ནོ།། །། | གཉིས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཤེས་རབ་རྒྱས་པར་བྱེད་པའི་སྐོར་ནི། གོང་དུ་འཇམ་དཔལ་ཞི་སྒྲུབ་ཀྱི་སྐབས་སུ་རྒྱ་ཆེར་བཀོད་ཟིན་པ་རྣམས་ཡིན་ནོ།། །། | ||
གསུམ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་བསོད་ནམས་དང་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས་པར་བྱེད་པའི་སྐོར་ལ། གཉལ་བ་ཉི་མ་ཤེས་རབ་ཀྱི་ཟབ་གཏེར་རྣམ་སྲས་ཕྱི་སྒྲུབ་སེར་ཆེན་ལྷ་དགུ་སྤྲིན་གསེབ་མར་གྲགས་པའི་རྗེས་གནང་། ཚར་ཆེན་ཡབ་སྲས་ཀྱིས་བསྒྲིགས་པའི་རྣམ་སྲས་བེ་བུམ་ལས་བྱུང་བའི་ལོ་རྒྱུས་ནས་དམ་ཚིག་བསྟན་པའི་བར་ཡིག་རྙིང་ཚང་བ། ནང་སྒྲུབ་མདུང་དམར་ཅན་རྟ་སྔོན་ལྷ་བཅུ་༥༣གསུམ་མ། འདི་གཞན་དུ་གསང་བ་གཤིན་རྗེ་ལྟར་སྒྲུབ་པ་ངོས་བཟུང་། གསང་སྒྲུབ་དྲག་པོ་༥༤རྟ་སྔོན་ཅན་ལྷ་དགུ་གནུབས་ལུགས་བཀའ་མ། འདི་གཞན་དུ་ནང་མ་མོ་ལྟར་སྒྲུབ་པར་བཞེད། འདི་དག་གི་རྒྱུད་དང་ཡིག་ཆ་ཅི་རིགས་པའང་མཆིས་སོ། །གཉལ་བའི་ཟབ་གཏེར་ཡང་གསང་༥༥ མདུང་དམར་ཅན་ཕྱག་མཚན་བཞི་པ་གཙོ་རྐྱང་གི་རྗེས་གནང་། གནོད་སྦྱིན་དབྱུག་ཏོ་ཅན་གྱི་རྒྱུད་དང་། ཚེ་སྒྲུབ་ཀྱི་གསལ་བྱེད་བི་མ་ལས་མཛད་པ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་ཟབ་གཏེར་དགོས་འདོད་ཀུན་འབྱུང་སོགས་ཡིག་རྙིང་དང་། བསྙེན་སྒྲུབ་ལས་སྦྱོར་རྗེས་གནང་བཅས་གཉགས་དབོན་རིན་པོ་ཆེས་མཛད་པ། རཏྣའི་རྟ་མགྲིན་གསང་འདུས་ཀྱི་བཀའ་སྲུང་རྣམ་སྲས་མདུང་དམར་ཅན་རྟ་བདག་བརྒྱད་ཀྱིས་བསྐོར་བའི་དབང་། གཏེར་གཞུང་ཚང་བ། པད་གླིང་བླ་མ་ནོར་བུ་རྒྱ་མཚོ་ལས་ཀྱང་རྣམ་སྲས་ཡང་གསང་བླ་མེད་ཞེས་པ་འདི་དང་ཚུལ་མཐུན་པ་འབྱུང་ཞིང་། ལས་བྱང་དངོས་གྲུབ་རོལ་མཚོའི་དཀྱུས་སུ་བཀོད་པའང་ཕྱི་མ་འདི་གཉིས་དང་མཐུན་པའོ། །འདིའི་ནང་སྒྲུབ་དང་མདུང་དམར་ཅན་གྱི་སྐོར་རྣམས་གཙོ་བོ་དབང་གི་ལས་ཀྱི་ལྷར་གཏོགས་ཤིང་གསང་སྒྲུབ་ནི་དྲག་པོའི་ལས་སྦྱོར་གྱི་ལྷ་ཡིན་ནའང་། རྣམ་སྲས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་འབྲེལ་བའི་སླད་འདིར་བཀོད་པའོ། །བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པ་རྣམ་སྲས་སེར་ཆེན་གྱི་ཕྱྭ་འཕྲིན་ནོར་བུ་མཆོག་རྒྱལ་བྱང་ཆུབ་གླིང་པའི་གཏེར་མ། དེའི་ལག་ལེན། གྲྭ་མངོན་ཟབ་གཏེར་གནོད་སྦྱིན་ཆེན་པོ་ཞང་བློན་རྡོ་རྗེ་བདུད་འདུལ་ཕྱི་ནང་གསང་བའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། འདིའི་རྒྱུད་ཡིད་བཞིན་གཏེར་རྒྱུད་དང་། རིན་ཆེན་སྦྱིན་པའི་རྒྱུད། ཕྱི་ནང་གསང་སྒྲུབ་མན་ངག་ལས་ཚོགས་དང་བཅས་པའི་སྐོར་རྣམས་ཀྱི་རྒྱུན་རྙེད་ན་ངེས་པར་འགོད་འོས་ཤིང་གཞན་བསྙེན་སྒྲུབ་ལས་གསུམ་གྱི་ཡིག་ཆ་ཁུངས་དང་འབྲེལ་བ་བྱུང་སྲིད་ནའང་དྲང་བར་བྱའོ། །གྲྭ་མངོན་ཟབ་གཏེར་ཛམ་དམར་གསུང་གི་སྒྲུབ་པའི་བསྐོར། གཏེར་གཞུང་དང་། གཏེར་ཆེན་གྱིས་མཛད་པའི་ལས་བྱང་དང་། ལོ་ཆེན་རིན་པོ་ཆེའི་གསུང་སྦྱིན་སྲེག །སྐོང་བ། གཡང་འགུགས། བསྙེན་སྒྲུབ་ཀྱི་ཟིན་བྲིས། ཆགས་མེད་རིན་པོ་ཆེའི་ཟིན་བྲིས་སྐོར་བཅས། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཛམ་དཀར་གྱི་ནོར་སྒྲུབ་རིན་ཆེན་སྤུངས་པ། ཛམ་དམར་གསང་སྒྲུབ་རིན་ཆེན་གཏེར་མཛོད་གནམ་སྐས་མ། ལས་འབྲེལ་དང་པད་གླིང་དྲེགས་འདུལ་གྱི་ཛམ་དམར་གཉིས་ཀྱང་འདི་དང་ཕལ་ཆེར་ཞུ་དག་ཐུབ་པས་གཏེར་ཁ་སུམ་ལྡན་ནོ། །འདི་གྲས་རྒྱུད་རིན་ཆེན་བང་མཛོད་ལེའུ་དགུ་པ་ཉང་གཏེར་དང་། ཛམ་སེར་སྒྲུབ་ཐབས། ཛམ་དམར་སྒྲུབ་པའི་གནད་ཡིག །དངོས་གྲུབ་བླང་བ། སྲིའུ་གསོ་བ་སོགས། ཀུ་ས་སྨན་པའི་གཏེར་བྱོན་བཅས་བཞུགས་ཡོད་སྣང་བ་རྒྱུན་རྙེད་ན་འགོད། རཏྣའི་ཀློང་གསལ་གྱི་ཆ་ལག་ཕྱི་ཛམ་སེར། ནང་ཛམ་དམར། གསང་བ་ཛམ་ནག་ཏུ་བསྒྲུབ་པ་ཙིཏྟ་རིན་པོ་ཆེ་སྲོག་གི་སྒྲུབ་པ། དབང་སྡུད་ལས་ཀྱི་ཡང་ཁོལ་ཛམ་སེར་ནོར་སྒྲུབ་རིན་ཆེན་གཏེར་བུམ། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅོ་བརྒྱད་པ་ཡཀྴ་ཛམྦྷ་ལ་ལྗང་གུའི་སྒྲུབ་སྐོར་ཚང་བ། ཕྱི་མ་འདི་རྣམས་དགོས་གལ་ཆེར་མ་དམིགས་ཀྱང་ཛམྦྷ་ལ་རིགས་ལྔ་ཚང་བའི་ཕྱིར་བཀོད་པའོ། །རཏྣའི་ཐུགས་སྒྲུབ་ཡོངས་འདུས་ཀྱི་ཐེམ་མེད་ཐོད་སྒྲུབ་ཡིད་བཞིན་ནོར་བུ། འཇའ་ཚོན་མ་ནིང་གི་རྒྱས་པའི་ལས་ཚོགས་ཐོད་སྒྲུབ་དགོས་འདོད་ཀུན་འབྱུང་། སེར་པོ་སྐོར་གསུམ་གྱི་གཡང་ཆོག་གསལ་བྱེད་དང་བཅས་པ། ལྷ་བཙུན་རིན་པོ་ཆེའི་དག་སྣང་གཡང་འགུགས་སྤྱིར་བཏང་མེ་ཏོག་ཆར་སིལ། གཞན་ཡང་པདྨ་གཡང་འབུམ་དུ་གྲགས་པ་སོགས་གཞུང་རྙིང་བྱིན་རླབས་ཅན་ཡོད་སྣང་བའང་རྒྱུན་རྙེད་ན་འདིར་བསྡུའོ། །ཟུར་མཁར་ཨ་ཇོ་དཔལ། འབྲོ་ཤེས་རབ་འོད། གཉལ་བ་ཉི་མ་ཤེས་རབ་སྟེ་གཏེར་སྟོན་གསུམ་གྱིས་གདན་དྲངས་པའི་བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོ། །བལ་པོ་ཨ་ཧཱུྃ་གི་ཟབ་གཏེར་གླང་ཆེན་བཅས་ཆོག །གཞན་ཡང་བྱང་གཏེར་མངའ་དབང་། རིན་པོ་ཆེ་འབར་བ་སོགས་ཀྱང་འདིར་གཏོགས་སོ།། །། | གསུམ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་བསོད་ནམས་དང་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས་པར་བྱེད་པའི་སྐོར་ལ། གཉལ་བ་ཉི་མ་ཤེས་རབ་ཀྱི་ཟབ་གཏེར་རྣམ་སྲས་ཕྱི་སྒྲུབ་སེར་ཆེན་ལྷ་དགུ་སྤྲིན་གསེབ་མར་གྲགས་པའི་རྗེས་གནང་། ཚར་ཆེན་ཡབ་སྲས་ཀྱིས་བསྒྲིགས་པའི་རྣམ་སྲས་བེ་བུམ་ལས་བྱུང་བའི་ལོ་རྒྱུས་ནས་དམ་ཚིག་བསྟན་པའི་བར་ཡིག་རྙིང་ཚང་བ། ནང་སྒྲུབ་མདུང་དམར་ཅན་རྟ་སྔོན་ལྷ་བཅུ་༥༣གསུམ་མ། འདི་གཞན་དུ་གསང་བ་གཤིན་རྗེ་ལྟར་སྒྲུབ་པ་ངོས་བཟུང་། གསང་སྒྲུབ་དྲག་པོ་༥༤རྟ་སྔོན་ཅན་ལྷ་དགུ་གནུབས་ལུགས་བཀའ་མ། འདི་གཞན་དུ་ནང་མ་མོ་ལྟར་སྒྲུབ་པར་བཞེད། འདི་དག་གི་རྒྱུད་དང་ཡིག་ཆ་ཅི་རིགས་པའང་མཆིས་སོ། །གཉལ་བའི་ཟབ་གཏེར་ཡང་གསང་༥༥ མདུང་དམར་ཅན་ཕྱག་མཚན་བཞི་པ་གཙོ་རྐྱང་གི་རྗེས་གནང་། གནོད་སྦྱིན་དབྱུག་ཏོ་ཅན་གྱི་རྒྱུད་དང་། ཚེ་སྒྲུབ་ཀྱི་གསལ་བྱེད་བི་མ་ལས་མཛད་པ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་ཟབ་གཏེར་དགོས་འདོད་ཀུན་འབྱུང་སོགས་ཡིག་རྙིང་དང་། བསྙེན་སྒྲུབ་ལས་སྦྱོར་རྗེས་གནང་བཅས་གཉགས་དབོན་རིན་པོ་ཆེས་མཛད་པ། རཏྣའི་རྟ་མགྲིན་གསང་འདུས་ཀྱི་བཀའ་སྲུང་རྣམ་སྲས་མདུང་དམར་ཅན་རྟ་བདག་བརྒྱད་ཀྱིས་བསྐོར་བའི་དབང་། གཏེར་གཞུང་ཚང་བ། པད་གླིང་བླ་མ་ནོར་བུ་རྒྱ་མཚོ་ལས་ཀྱང་རྣམ་སྲས་ཡང་གསང་བླ་མེད་ཞེས་པ་འདི་དང་ཚུལ་མཐུན་པ་འབྱུང་ཞིང་། ལས་བྱང་དངོས་གྲུབ་རོལ་མཚོའི་དཀྱུས་སུ་བཀོད་པའང་ཕྱི་མ་འདི་གཉིས་དང་མཐུན་པའོ། །འདིའི་ནང་སྒྲུབ་དང་མདུང་དམར་ཅན་གྱི་སྐོར་རྣམས་གཙོ་བོ་དབང་གི་ལས་ཀྱི་ལྷར་གཏོགས་ཤིང་གསང་སྒྲུབ་ནི་དྲག་པོའི་ལས་སྦྱོར་གྱི་ལྷ་ཡིན་ནའང་། རྣམ་སྲས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་འབྲེལ་བའི་སླད་འདིར་བཀོད་པའོ། །བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པ་རྣམ་སྲས་སེར་ཆེན་གྱི་ཕྱྭ་འཕྲིན་ནོར་བུ་མཆོག་རྒྱལ་བྱང་ཆུབ་གླིང་པའི་གཏེར་མ། དེའི་ལག་ལེན། གྲྭ་མངོན་ཟབ་གཏེར་གནོད་སྦྱིན་ཆེན་པོ་ཞང་བློན་རྡོ་རྗེ་བདུད་འདུལ་ཕྱི་ནང་གསང་བའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། འདིའི་རྒྱུད་ཡིད་བཞིན་གཏེར་རྒྱུད་དང་། རིན་ཆེན་སྦྱིན་པའི་རྒྱུད། ཕྱི་ནང་གསང་སྒྲུབ་མན་ངག་ལས་ཚོགས་དང་བཅས་པའི་སྐོར་རྣམས་ཀྱི་རྒྱུན་རྙེད་ན་ངེས་པར་འགོད་འོས་ཤིང་གཞན་བསྙེན་སྒྲུབ་ལས་གསུམ་གྱི་ཡིག་ཆ་ཁུངས་དང་འབྲེལ་བ་བྱུང་སྲིད་ནའང་དྲང་བར་བྱའོ། །གྲྭ་མངོན་ཟབ་གཏེར་ཛམ་དམར་གསུང་གི་སྒྲུབ་པའི་བསྐོར། གཏེར་གཞུང་དང་། གཏེར་ཆེན་གྱིས་མཛད་པའི་ལས་བྱང་དང་། ལོ་ཆེན་རིན་པོ་ཆེའི་གསུང་སྦྱིན་སྲེག །སྐོང་བ། གཡང་འགུགས། བསྙེན་སྒྲུབ་ཀྱི་ཟིན་བྲིས། ཆགས་མེད་རིན་པོ་ཆེའི་ཟིན་བྲིས་སྐོར་བཅས། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཛམ་དཀར་གྱི་ནོར་སྒྲུབ་རིན་ཆེན་སྤུངས་པ། ཛམ་དམར་གསང་སྒྲུབ་རིན་ཆེན་གཏེར་མཛོད་གནམ་སྐས་མ། ལས་འབྲེལ་དང་པད་གླིང་དྲེགས་འདུལ་གྱི་ཛམ་དམར་གཉིས་ཀྱང་འདི་དང་ཕལ་ཆེར་ཞུ་དག་ཐུབ་པས་གཏེར་ཁ་སུམ་ལྡན་ནོ། །འདི་གྲས་རྒྱུད་རིན་ཆེན་བང་མཛོད་ལེའུ་དགུ་པ་ཉང་གཏེར་དང་། ཛམ་སེར་སྒྲུབ་ཐབས། ཛམ་དམར་སྒྲུབ་པའི་གནད་ཡིག །དངོས་གྲུབ་བླང་བ། སྲིའུ་གསོ་བ་སོགས། ཀུ་ས་སྨན་པའི་གཏེར་བྱོན་བཅས་བཞུགས་ཡོད་སྣང་བ་རྒྱུན་རྙེད་ན་འགོད། རཏྣའི་ཀློང་གསལ་གྱི་ཆ་ལག་ཕྱི་ཛམ་སེར། ནང་ཛམ་དམར། གསང་བ་ཛམ་ནག་ཏུ་བསྒྲུབ་པ་ཙིཏྟ་རིན་པོ་ཆེ་སྲོག་གི་སྒྲུབ་པ། དབང་སྡུད་ལས་ཀྱི་ཡང་ཁོལ་ཛམ་སེར་ནོར་སྒྲུབ་རིན་ཆེན་གཏེར་བུམ། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅོ་བརྒྱད་པ་ཡཀྴ་ཛམྦྷ་ལ་ལྗང་གུའི་སྒྲུབ་སྐོར་ཚང་བ། ཕྱི་མ་འདི་རྣམས་དགོས་གལ་ཆེར་མ་དམིགས་ཀྱང་ཛམྦྷ་ལ་རིགས་ལྔ་ཚང་བའི་ཕྱིར་བཀོད་པའོ། །རཏྣའི་ཐུགས་སྒྲུབ་ཡོངས་འདུས་ཀྱི་ཐེམ་མེད་ཐོད་སྒྲུབ་ཡིད་བཞིན་ནོར་བུ། འཇའ་ཚོན་མ་ནིང་གི་རྒྱས་པའི་ལས་ཚོགས་ཐོད་སྒྲུབ་དགོས་འདོད་ཀུན་འབྱུང་། སེར་པོ་སྐོར་གསུམ་གྱི་གཡང་ཆོག་གསལ་བྱེད་དང་བཅས་པ། ལྷ་བཙུན་རིན་པོ་ཆེའི་དག་སྣང་གཡང་འགུགས་སྤྱིར་བཏང་མེ་ཏོག་ཆར་སིལ། གཞན་ཡང་པདྨ་གཡང་འབུམ་དུ་གྲགས་པ་སོགས་གཞུང་རྙིང་བྱིན་རླབས་ཅན་ཡོད་སྣང་བའང་རྒྱུན་རྙེད་ན་འདིར་བསྡུའོ། །ཟུར་མཁར་ཨ་ཇོ་དཔལ། འབྲོ་ཤེས་རབ་འོད། གཉལ་བ་ཉི་མ་ཤེས་རབ་སྟེ་གཏེར་སྟོན་གསུམ་གྱིས་གདན་དྲངས་པའི་བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོ། །བལ་པོ་ཨ་ཧཱུྃ་གི་ཟབ་གཏེར་གླང་ཆེན་བཅས་ཆོག །གཞན་ཡང་བྱང་གཏེར་མངའ་དབང་། རིན་པོ་ཆེ་འབར་བ་སོགས་ཀྱང་འདིར་གཏོགས་སོ།། །། | ||
ཞར་བྱུང་རླུང་རྟ་བསྐྱེད་པའི་མན་ངག་གློ་བོ་པཎ་ཆེན་གྱི་ཕྱག་བཞེས་མ། ཆགས་མེད་རིན་པོ་ཆེས་མཛད་པའི་རླུང་རྟ་བསྐྱེད་པའི་མན་ངག །རྗེས་འབྲེལ་དུ་ལོ་ཏོག་རྒྱས་པར་བྱེད་པ་ཆར་འབེབས་ཀྱི་སྐོར་ལ། བཀའ་གཏེར་གྱི་མན་ངག་ཟབ་པར་གྲགས་པ་མཐའ་ཡས་པ་ལས། དྲེགས་འདུལ་གྱི་ལས་ཚོགས་དང་འབྲེལ་བའི་ཆར་འབེབས་ཟབ་མོ་ཕྱག་བཞེས་མ་ནི་ཀླུ་ཆོག་གདེངས་ཅན་བདུད་རྩིར་གསལ་བ་ལྟར་དང་། འདིར་པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་ཆ་ལག་ཆར་འབེབས་རྒྱ་ནག་ཆ་འཁོར་གནུབས་ལུགས་ཕྱག་ལེན་མ། ཌོམྦྷི་ལུགས་ཀྱི་ཆར་ཆོག །རཏྣའི་ཀློང་གསལ་གྱི་ཆ་ལག་ཆར་འབེབས་ཡིད་བཞིན་ནོར་བུ། ཆགས་མེད་རིན་པོ་ཆེའི་གསུང་ཆར་ཆོག་བཅས་སོ། །གཞན་ཡང་བྱང་གཏེར་ཐུགས་སྒྲུབ་ཀྱི་ཆ་ལག་ལོ་ཏོག་ཕན་བྱེད་སྐོར་དང་། བཀའ་བརྒྱད་རང་ཤར་གྱི་ཆར་འབེབས་ཡོངས་རྫོགས། དགོངས་འདུས་ལོ་ཏོག་ཕན་བྱེད་དྲུག་སོགས་ལོ་ཏོག་སྲུང་སྤེལ་གྱི་མན་ངག་ཕྱག་ལེན་ཅན་ཡང་ཇི་སྙེད་ཅིག་སྣང་ངོ་།། །། | ཞར་བྱུང་རླུང་རྟ་བསྐྱེད་པའི་མན་ངག་གློ་བོ་པཎ་ཆེན་གྱི་ཕྱག་བཞེས་མ། ཆགས་མེད་རིན་པོ་ཆེས་མཛད་པའི་རླུང་རྟ་བསྐྱེད་པའི་མན་ངག །རྗེས་འབྲེལ་དུ་ལོ་ཏོག་རྒྱས་པར་བྱེད་པ་ཆར་འབེབས་ཀྱི་སྐོར་ལ། བཀའ་གཏེར་གྱི་མན་ངག་ཟབ་པར་གྲགས་པ་མཐའ་ཡས་པ་ལས། དྲེགས་འདུལ་གྱི་ལས་ཚོགས་དང་འབྲེལ་བའི་ཆར་འབེབས་ཟབ་མོ་ཕྱག་བཞེས་མ་ནི་ཀླུ་ཆོག་གདེངས་ཅན་བདུད་རྩིར་གསལ་བ་ལྟར་དང་། འདིར་པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་ཆ་ལག་ཆར་འབེབས་རྒྱ་ནག་ཆ་འཁོར་གནུབས་ལུགས་ཕྱག་ལེན་མ། ཌོམྦྷི་ལུགས་ཀྱི་ཆར་ཆོག །རཏྣའི་ཀློང་གསལ་གྱི་ཆ་ལག་ཆར་འབེབས་ཡིད་བཞིན་ནོར་བུ། ཆགས་མེད་རིན་པོ་ཆེའི་གསུང་ཆར་ཆོག་བཅས་སོ། །གཞན་ཡང་བྱང་གཏེར་ཐུགས་སྒྲུབ་ཀྱི་ཆ་ལག་ལོ་ཏོག་ཕན་བྱེད་སྐོར་དང་། བཀའ་བརྒྱད་རང་ཤར་གྱི་ཆར་འབེབས་ཡོངས་རྫོགས། དགོངས་འདུས་ལོ་ཏོག་ཕན་བྱེད་དྲུག་སོགས་ལོ་ཏོག་སྲུང་སྤེལ་གྱི་མན་ངག་ཕྱག་ལེན་ཅན་ཡང་ཇི་སྙེད་ཅིག་སྣང་ངོ་།། །། | ||
བཞི་པ་ཡོན་ཏན་གྱི་སྣོད་དུ་གྱུར་པ་རིགས་རྒྱུད་རྒྱས་པར་བྱེད་པ་ལ། གོང་དུ་སྨོས་པའི་ཆུང་དཔྱད་ཀྱི་སྐོར་མཐའ་ཡས་པ་ལས། དེང་སང་རྒྱུན་བཞུགས་པའི་ཟབ་རྒྱས་ཀྱི་གདམས་པ་ནི་དགོངས་འདུས་དམངས་པོ་སྲིད་ སྤེལ་གྱི་ལས་དྲུག་དང་། གཞན་ཟབ་གཏེར་སོ་སོའི་ལས་ཕྲན་ལས་འབྱུང་བའང་མང་དུ་སྣང་ལ། འདིར་ཞར་བྱུང་རྡོ་རྗེ་གླིང་པའི་ཟབ་གཏེར་ལྷ་མོ་བུ་རྫི་མའི་རྟེན་མདོས་ལག་ལེན་བཅས། །ལྔ་པ་མཐར་དྲུག་ཉམས་རྟོགས་ཀྱི་ཡེ་ཤེས་རྒྱས་པར་བྱེད་པ་ནི། སྔ་ཕྱིར་བསྐྱེད་རྫོགས་ཀྱི་གདམས་ཟབ་ཇི་སྙེད་ཅིག་འབྱུང་བ་རྣམས་སོ།། །། | བཞི་པ་ཡོན་ཏན་གྱི་སྣོད་དུ་གྱུར་པ་རིགས་རྒྱུད་རྒྱས་པར་བྱེད་པ་ལ། གོང་དུ་སྨོས་པའི་ཆུང་དཔྱད་ཀྱི་སྐོར་མཐའ་ཡས་པ་ལས། དེང་སང་རྒྱུན་བཞུགས་པའི་ཟབ་རྒྱས་ཀྱི་གདམས་པ་ནི་དགོངས་འདུས་དམངས་པོ་སྲིད་ སྤེལ་གྱི་ལས་དྲུག་དང་། གཞན་ཟབ་གཏེར་སོ་སོའི་ལས་ཕྲན་ལས་འབྱུང་བའང་མང་དུ་སྣང་ལ། འདིར་ཞར་བྱུང་རྡོ་རྗེ་གླིང་པའི་ཟབ་གཏེར་ལྷ་མོ་བུ་རྫི་མའི་རྟེན་མདོས་ལག་ལེན་བཅས། །ལྔ་པ་མཐར་དྲུག་ཉམས་རྟོགས་ཀྱི་ཡེ་ཤེས་རྒྱས་པར་བྱེད་པ་ནི། སྔ་ཕྱིར་བསྐྱེད་རྫོགས་ཀྱི་གདམས་ཟབ་ཇི་སྙེད་ཅིག་འབྱུང་བ་རྣམས་སོ།། །། | ||
བཞི་པ་དབང་གི་ལས་ཀྱི་སྐོར་ལ། དབང་དུ་བསྡུ་བྱ་ཡུལ་གྱི་ངོས་ནས་དབྱེ་ན། གནས་སྐབས་སུ་མི་དང་། མི་མ་ཡིན་དང་། ལོངས་སྤྱོད་དེ་རྣམ་པ་གསུམ། སྔ་མ་ལའང་རྒྱལ་པོ་ལ་སོགས་པའི་རིགས་བཞིའམ། ཡང་ན་དབང་དུ་བསྡུ་བ་དཀའ་སླའི་བྱེ་བྲག་གི་ཡུལ་ཁམས། རྒྱལ་པོ། སྔགས་པ། པཎྜི་ཏ། བཙུན་མོ། བློན་པོ། དམངས། ཕལ་པ་སྟེ་བདུན། ནང་གསེས་དང་བཅས་པ་དང་། སྡུད་བྱེད་ཀྱི་ཐབས་རྫས་དང་། སྔགས། འཁྲུལ་འཁོར། རྟེན་འབྲེལ། སྦྱིན་སྲེག །ཏིང་ངེ་འཛིན་རྣམས་དང་། རྣམ་པའི་སྒོ་ནས་ཕ་རོལ་པོས་རང་ཉིད་སོ་སོའི། བླ་མ་དང་། རྒྱལ་པོ་དང་། སྡེ་དཔོན་དང་། ཕ་མ་ལྟ་བུར་མཐོང་སྟེ་མོས་པས་དབང་དུ་འདུ་བའི་ཕྱིར་མོས་པ་རྣམ་བཞིར་བཞག་པ་སོགས་སོ། །དེ་ལ་བླ་མ་དགོངས་འདུས་ལས་ཡུལ་གྱི་ངོས་ནས་སོ་སོར་དབང་དུ་བསྡུ་བའི་ཚུལ་རྒྱ་ཆེར་གསུངས་ཀྱང་། འདིར་ལྷག་པའི་ལྷ་སོ་སོའི་ལས་ཚོགས་ཀྱི་ནང་གསེས་སུ་དབྱེ་བ་ལས་སྒོས་ཆོས་ཅན་མ་དམིགས་པས། ཐོག་མར་བླ་མ་གསང་བ་འདུས་པའི་གུ་རུ་པདྨ་རྒྱལ་པོའི་དགོས་སྒྲུབ་མན་ངག་དང་བཅས་པ། རྡོ་རྗེ་ཚེ་དབང་ནོར་བུའི་ཟབ་གཏེར་དབང་གི་སྒྲོལ་མ་དམར་མོ་ཆིག་བརྒྱུད་བཀའ་རྒྱ་ཅན། དེའི་སྒྲུབ་ཐབས་ངག་འདོན། མངའ་བདག་རྣམ་འཕྲུལ་རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་དབང་། གཞུང་གསལ་བྱེད་བཅས་ཚང་བ། གྲྭ་པའི་ཛཾ་དམར་ཡང་གཙོ་བོར་དབང་གི་ལས་ཀྱི་ལྷར་སྣང་མོད། གོང་དུ་སྡེ་ཚན་གཅིག་པའི་དབང་གིས་བཞག་ལ། འདིར་ཆོས་གླིང་ཟབ་གཏེར་ཛམ་དམར་གྱི་དབང་། གཞུང་སྒྲུབ་ཐབས་ཞལ་ཤེས་ལག་ལེན་བཅས་ཤིན་ཏུ་ཟབ་པ། ལས་འབྲེལ་ཟབ་གཏེར་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་གནང་། འདིའི་རྒྱུད་དང་སྒྲུབ་ཐབས་ལས་ཚོགས་སོགས་རགས་རིམ་གྱི་རྒྱུན་ཙམ་བཞུགས་སྣང་། གཏེར་བདག་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་དང་ལྷ་ཆེན་གྱི་དབང་། སྒྲུབ་ཐབས་ལས་ཚོགས་གསལ་བྱེད་བཅས་ཚང་བ། གཞན་ཡང་བྱང་གཏེར་དབང་གི་རྟེན་འབྲེལ་ཆོས་བདུན་དང་། རཏྣའི་ཀློང་གསལ་གྱི་བཀའ་སྲུང་ལྷ་ཆེན་རླུང་ཞགས། སངས་གླིང་དབང་ཕྱུག་རླུང་གི་ཞགས་པའི་སྐོར་ཟབ་པར་གྲགས་པ་རྣམས་ཀྱི་དབང་ལུང་ཅི་རིགས་པར་བཞུགས་སྣང་ཞིང་། སྤྱིར་རོང་ཟམ་ཆེན་པོའི་ཟབ་གཏེར་མཁའ་འགྲོ་མ་རིག་བྱེད་རྩལ་དང་། ལས་བྱེད་རླུང་ཞོན་མའི་སྐོར་ངོ་མཚར་ཅན་དང་། ཇོ་བོ་རྗེ་ལ་སློབ་དཔོན་རིན་པོ་ཆེས་གནང་བར་གྲགས་པའི་མོས་པ་རྣམ་བཞིའི་དབང་སྡུད། མཆིམས་རྡོ་རྗེ་སྤྲེལ་ཆུང་གི་སྐྱེ་མཐའ་གུ་རུ་ཇོ་རྩེའི་དབང་ཕྱུག་ནག་པོའི་དབང་སྡུད་ལས་ཀྱི་འཁོར་ལོ། །གཉལ་པ་ཇོ་སྲས་ཀྱི་དབང་སྡུད་ནོར་བུ་གཅིག་པ། བལ་པོ་ཨ་ཧཱུྃ་གི་ཛམ་ནག་སྲོག་འཁོར། གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱི་སྤོས་དཀར་དང་སྦྲང་རྩིས་སྣང་བ་དབང་སྡུད་སོགས་གཏེར་ཕྲན་རིགས་མང་དུ་བཞུགས་པར་སྣང་ནའང་རྒྱུན་ཡོད་མེད་མ་འཚལ་ལ། རཏྣའི་རྟ་བསང་དང་། འཇའ་ཚོན་མ་ནིང་གི་ལས་ཚོགས་བཟོ་རིགས་པའི་སྐོར་དང་། དགོངས་འདུས་འབྱུང་བ་དབང་སྡུད་གྲུབ་རྟགས་ཀྱི་སྐོར་སོགས་ཀྱང་སྐབས་འདིར་འདུ་བ་ཡིན་ནོ།། །། | བཞི་པ་དབང་གི་ལས་ཀྱི་སྐོར་ལ། དབང་དུ་བསྡུ་བྱ་ཡུལ་གྱི་ངོས་ནས་དབྱེ་ན། གནས་སྐབས་སུ་མི་དང་། མི་མ་ཡིན་དང་། ལོངས་སྤྱོད་དེ་རྣམ་པ་གསུམ། སྔ་མ་ལའང་རྒྱལ་པོ་ལ་སོགས་པའི་རིགས་བཞིའམ། ཡང་ན་དབང་དུ་བསྡུ་བ་དཀའ་སླའི་བྱེ་བྲག་གི་ཡུལ་ཁམས། རྒྱལ་པོ། སྔགས་པ། པཎྜི་ཏ། བཙུན་མོ། བློན་པོ། དམངས། ཕལ་པ་སྟེ་བདུན། ནང་གསེས་དང་བཅས་པ་དང་། སྡུད་བྱེད་ཀྱི་ཐབས་རྫས་དང་། སྔགས། འཁྲུལ་འཁོར། རྟེན་འབྲེལ། སྦྱིན་སྲེག །ཏིང་ངེ་འཛིན་རྣམས་དང་། རྣམ་པའི་སྒོ་ནས་ཕ་རོལ་པོས་རང་ཉིད་སོ་སོའི། བླ་མ་དང་། རྒྱལ་པོ་དང་། སྡེ་དཔོན་དང་། ཕ་མ་ལྟ་བུར་མཐོང་སྟེ་མོས་པས་དབང་དུ་འདུ་བའི་ཕྱིར་མོས་པ་རྣམ་བཞིར་བཞག་པ་སོགས་སོ། །དེ་ལ་བླ་མ་དགོངས་འདུས་ལས་ཡུལ་གྱི་ངོས་ནས་སོ་སོར་དབང་དུ་བསྡུ་བའི་ཚུལ་རྒྱ་ཆེར་གསུངས་ཀྱང་། འདིར་ལྷག་པའི་ལྷ་སོ་སོའི་ལས་ཚོགས་ཀྱི་ནང་གསེས་སུ་དབྱེ་བ་ལས་སྒོས་ཆོས་ཅན་མ་དམིགས་པས། ཐོག་མར་བླ་མ་གསང་བ་འདུས་པའི་གུ་རུ་པདྨ་རྒྱལ་པོའི་དགོས་སྒྲུབ་མན་ངག་དང་བཅས་པ། རྡོ་རྗེ་ཚེ་དབང་ནོར་བུའི་ཟབ་གཏེར་དབང་གི་སྒྲོལ་མ་དམར་མོ་ཆིག་བརྒྱུད་བཀའ་རྒྱ་ཅན། དེའི་སྒྲུབ་ཐབས་ངག་འདོན། མངའ་བདག་རྣམ་འཕྲུལ་རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་དབང་། གཞུང་གསལ་བྱེད་བཅས་ཚང་བ། གྲྭ་པའི་ཛཾ་དམར་ཡང་གཙོ་བོར་དབང་གི་ལས་ཀྱི་ལྷར་སྣང་མོད། གོང་དུ་སྡེ་ཚན་གཅིག་པའི་དབང་གིས་བཞག་ལ། འདིར་ཆོས་གླིང་ཟབ་གཏེར་ཛམ་དམར་གྱི་དབང་། གཞུང་སྒྲུབ་ཐབས་ཞལ་ཤེས་ལག་ལེན་བཅས་ཤིན་ཏུ་ཟབ་པ། ལས་འབྲེལ་ཟབ་གཏེར་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་གནང་། འདིའི་རྒྱུད་དང་སྒྲུབ་ཐབས་ལས་ཚོགས་སོགས་རགས་རིམ་གྱི་རྒྱུན་ཙམ་བཞུགས་སྣང་། གཏེར་བདག་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་དང་ལྷ་ཆེན་གྱི་དབང་། སྒྲུབ་ཐབས་ལས་ཚོགས་གསལ་བྱེད་བཅས་ཚང་བ། གཞན་ཡང་བྱང་གཏེར་དབང་གི་རྟེན་འབྲེལ་ཆོས་བདུན་དང་། རཏྣའི་ཀློང་གསལ་གྱི་བཀའ་སྲུང་ལྷ་ཆེན་རླུང་ཞགས། སངས་གླིང་དབང་ཕྱུག་རླུང་གི་ཞགས་པའི་སྐོར་ཟབ་པར་གྲགས་པ་རྣམས་ཀྱི་དབང་ལུང་ཅི་རིགས་པར་བཞུགས་སྣང་ཞིང་། སྤྱིར་རོང་ཟམ་ཆེན་པོའི་ཟབ་གཏེར་མཁའ་འགྲོ་མ་རིག་བྱེད་རྩལ་དང་། ལས་བྱེད་རླུང་ཞོན་མའི་སྐོར་ངོ་མཚར་ཅན་དང་། ཇོ་བོ་རྗེ་ལ་སློབ་དཔོན་རིན་པོ་ཆེས་གནང་བར་གྲགས་པའི་མོས་པ་རྣམ་བཞིའི་དབང་སྡུད། མཆིམས་རྡོ་རྗེ་སྤྲེལ་ཆུང་གི་སྐྱེ་མཐའ་གུ་རུ་ཇོ་རྩེའི་དབང་ཕྱུག་ནག་པོའི་དབང་སྡུད་ལས་ཀྱི་འཁོར་ལོ། །གཉལ་པ་ཇོ་སྲས་ཀྱི་དབང་སྡུད་ནོར་བུ་གཅིག་པ། བལ་པོ་ཨ་ཧཱུྃ་གི་ཛམ་ནག་སྲོག་འཁོར། གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱི་སྤོས་དཀར་དང་སྦྲང་རྩིས་སྣང་བ་དབང་སྡུད་སོགས་གཏེར་ཕྲན་རིགས་མང་དུ་བཞུགས་པར་སྣང་ནའང་རྒྱུན་ཡོད་མེད་མ་འཚལ་ལ། རཏྣའི་རྟ་བསང་དང་། འཇའ་ཚོན་མ་ནིང་གི་ལས་ཚོགས་བཟོ་རིགས་པའི་སྐོར་དང་། དགོངས་འདུས་འབྱུང་བ་དབང་སྡུད་གྲུབ་རྟགས་ཀྱི་སྐོར་སོགས་ཀྱང་སྐབས་འདིར་འདུ་བ་ཡིན་ནོ།། །། | ||
མཐར་ཐུག་རླུང་སེམས་དབང་དུ་བསྡུ་བ་ནི། གོང་འོག་ཏུ་རྫོགས་རིམ་ཟབ་མོའི་རྣལ་འབྱོར་ཇི་སྙེད་ཅིག་འབྱུང་བ་རྣམས་སོ། །དབང་དང་རྒྱས་པའི་ལྷ་རྣམ་སྲས་དང་ཛམ་ལྷའི་སྐོར་སོགས་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་བསྡུ་བའི་ཚེ་རིན་པོ་ཆེའི་རིགས་ཀྱི་ངེས་པས་བདུད་རྩི་ཡོན་ཏན་གྱི་ཕྱོགས་སུ་གཏོགས་པར་བྱས་ཀྱང་མི་འགལ་ཞིང་། ནང་གསེས་སུ་ཛམ་དམར་དང་ལྷ་ཆེན་སོགས་པདྨ་གསུང་གི་རིགས་སུ་སྣང་མོད། སྤྱིར་བཏང་གནོད་སྦྱིན་དང་དྲེགས་པའི་སྡེ་དཔོན་ཆེན་པོའི་ཚུལ་དུ་སྟོན་པས་འཇིག་རྟེན་མཆོད་བསྟོད་ཀྱི་ནང་དུ་འདུ་བ་ཡིན་ནོ།། །། | མཐར་ཐུག་རླུང་སེམས་དབང་དུ་བསྡུ་བ་ནི། གོང་འོག་ཏུ་རྫོགས་རིམ་ཟབ་མོའི་རྣལ་འབྱོར་ཇི་སྙེད་ཅིག་འབྱུང་བ་རྣམས་སོ། །དབང་དང་རྒྱས་པའི་ལྷ་རྣམ་སྲས་དང་ཛམ་ལྷའི་སྐོར་སོགས་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་བསྡུ་བའི་ཚེ་རིན་པོ་ཆེའི་རིགས་ཀྱི་ངེས་པས་བདུད་རྩི་ཡོན་ཏན་གྱི་ཕྱོགས་སུ་གཏོགས་པར་བྱས་ཀྱང་མི་འགལ་ཞིང་། ནང་གསེས་སུ་ཛམ་དམར་དང་ལྷ་ཆེན་སོགས་པདྨ་གསུང་གི་རིགས་སུ་སྣང་མོད། སྤྱིར་བཏང་གནོད་སྦྱིན་དང་དྲེགས་པའི་སྡེ་དཔོན་ཆེན་པོའི་ཚུལ་དུ་སྟོན་པས་འཇིག་རྟེན་མཆོད་བསྟོད་ཀྱི་ནང་དུ་འདུ་བ་ཡིན་ནོ།། །། | ||
ལྔ་པ་མངོན་སྤྱོད་ཀྱི་ལས་ལ། །གང་ལ་བརྩམས་པའི་ཡུལ་ནི། །སློབ་དཔོན་སྒེག་པའི་རྡོ་རྗེས། །དཀོན་༡མཆོག་སློབ་དཔོན་སྐུ་དགྲ་༢གཉིས། །དམ་ཉམས་༣ལོག་དང་༤འཁུ་བ་༥དང་། །འདུ་བར་༦འོངས་དང་ཡོངས་ལ་གནོད། །དམ་དགྲ་༨ངན་པའི་ངང་ཚུལ་༩ཅན། །ངན་སོང་༡༠གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླངས། །ཞེས་སྙིང་རྗེས་ཚར་བཅད་པས་ཕན་པ་བླ་ན་མེད་པར་སྦྱར་བའི་ཡུལ་ཞིང་བཅུའམ། ཡང་ན་རིགས་ཀྱི་དབང་གིས་དགྲ་བགེགས་གཉིས་སུ་འདུ་བ་དང་། མཐར་ཐུག་གི་ཡུལ་ནི་གཟུང་འཛིན་བག་ཆགས་དང་བཅས་པའོ། །ཐབས་ནི་དགྲ་ལ་གཙོ་བོར་ཁ་སྦྱོར་དབྱེ་བ་དང་། བགེགས་ལ་ཨར་གཏད་པ་ཞེས་གསུངས་ཤིང་། སྤྱིར་འོག་ནས་འབྱུང་བ་ཕལ་ཆེར་ཁྱབ་མཉམ་དུ་འཇུག་པའང་ཡིན་ལ། བྱེ་བྲག་ཏུ་སྲུང་ཟློག་བསད་གསུམ། དགུག་རེངས་རྨོངས་གསུམ། དབྱེ་དཀྲུག་བསྐྲད་གསུམ། མནན་གཏད་ཟོར་གསུམ་ཞེས་དྲག་ཤུལ་གྱི་ལས་ཐབས་ཆེན་པོ་བཅུ་གཉིས་དང་། ཆོ་འཕྲུལ་དང་སྨྱོ་འབོགས་སོགས་ལས་ཕྲན་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་འདིར་ཉེ་བར་བསྡུ་ན། འཇམ་དཔལ་གཤིན་རྗེའི་མན་ངག་ལས། སྲུང་བ་རྡོ་རྗེའི་མཁར་དུ་གཞུག །ཟློག་པ་བྱད་མ་རང་གཤེད་འབེབ། །བསད་པས་ཉམས་པ་བདུན་རྒྱུད་གཅོད། །མཐའ་སྡུད་འབྱུང་བ་བཞི་ལ་གཏད། །ཞེས་སྲུང་བཟློག་བསད་མནན་མཐའ་སྡུད་དེ་བཞིར་འདུ་བ་ལས། དང་པོ་སྲུང་བ་ནི། སྤྱིར་རྫས་དང་འཁྲུལ་འཁོར་སོགས་ཀྱི་སྒོ་ནས་སྲུང་བ་དང་། བྱེ་བྲག་ཡི་དམ་སོ་སོ་དང་འབྲེལ་བའི་སྲུང་བའི་རིམ་པ་ཇི་སྙེད་ཅིག་བཀོད་ཟིན་པས། འདིར་ས་བཅད་ཙམ་དུ་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་བྱད་མ་འབུམ་ཐུབ་ཀྱི་སྲུང་འཁོར་ལག་ལེན་དང་བཅས་པ་ཉིད་བཞུགས་སོ།། །། | ལྔ་པ་མངོན་སྤྱོད་ཀྱི་ལས་ལ། །གང་ལ་བརྩམས་པའི་ཡུལ་ནི། །སློབ་དཔོན་སྒེག་པའི་རྡོ་རྗེས། །དཀོན་༡མཆོག་སློབ་དཔོན་སྐུ་དགྲ་༢གཉིས། །དམ་ཉམས་༣ལོག་དང་༤འཁུ་བ་༥དང་། །འདུ་བར་༦འོངས་དང་ཡོངས་ལ་གནོད། །དམ་དགྲ་༨ངན་པའི་ངང་ཚུལ་༩ཅན། །ངན་སོང་༡༠གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླངས། །ཞེས་སྙིང་རྗེས་ཚར་བཅད་པས་ཕན་པ་བླ་ན་མེད་པར་སྦྱར་བའི་ཡུལ་ཞིང་བཅུའམ། ཡང་ན་རིགས་ཀྱི་དབང་གིས་དགྲ་བགེགས་གཉིས་སུ་འདུ་བ་དང་། མཐར་ཐུག་གི་ཡུལ་ནི་གཟུང་འཛིན་བག་ཆགས་དང་བཅས་པའོ། །ཐབས་ནི་དགྲ་ལ་གཙོ་བོར་ཁ་སྦྱོར་དབྱེ་བ་དང་། བགེགས་ལ་ཨར་གཏད་པ་ཞེས་གསུངས་ཤིང་། སྤྱིར་འོག་ནས་འབྱུང་བ་ཕལ་ཆེར་ཁྱབ་མཉམ་དུ་འཇུག་པའང་ཡིན་ལ། བྱེ་བྲག་ཏུ་སྲུང་ཟློག་བསད་གསུམ། དགུག་རེངས་རྨོངས་གསུམ། དབྱེ་དཀྲུག་བསྐྲད་གསུམ། མནན་གཏད་ཟོར་གསུམ་ཞེས་དྲག་ཤུལ་གྱི་ལས་ཐབས་ཆེན་པོ་བཅུ་གཉིས་དང་། ཆོ་འཕྲུལ་དང་སྨྱོ་འབོགས་སོགས་ལས་ཕྲན་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་འདིར་ཉེ་བར་བསྡུ་ན། འཇམ་དཔལ་གཤིན་རྗེའི་མན་ངག་ལས། སྲུང་བ་རྡོ་རྗེའི་མཁར་དུ་གཞུག །ཟློག་པ་བྱད་མ་རང་གཤེད་འབེབ། །བསད་པས་ཉམས་པ་བདུན་རྒྱུད་གཅོད། །མཐའ་སྡུད་འབྱུང་བ་བཞི་ལ་གཏད། །ཞེས་སྲུང་བཟློག་བསད་མནན་མཐའ་སྡུད་དེ་བཞིར་འདུ་བ་ལས། དང་པོ་སྲུང་བ་ནི། སྤྱིར་རྫས་དང་འཁྲུལ་འཁོར་སོགས་ཀྱི་སྒོ་ནས་སྲུང་བ་དང་། བྱེ་བྲག་ཡི་དམ་སོ་སོ་དང་འབྲེལ་བའི་སྲུང་བའི་རིམ་པ་ཇི་སྙེད་ཅིག་བཀོད་ཟིན་པས། འདིར་ས་བཅད་ཙམ་དུ་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་བྱད་མ་འབུམ་ཐུབ་ཀྱི་སྲུང་འཁོར་ལག་ལེན་དང་བཅས་པ་ཉིད་བཞུགས་སོ།། །། | ||
གཉིས་པ་ཟློག་པ་ལ། དྲག་ཕུར་གཤེད་སྐོར་སོགས་སོ་སོའི་ཆོས་སྡེ་དང་འབྲེལ་བ་རྣམས་ནི་གོང་དུ་བསྟན་ཟིན་ལ། འདིར་ཡང་ཟློག་ཕྲ་མོའི་རིགས་ལ། ཆོས་དབང་དང་རཏྣའི་གཏེར་ཁ་གཉིས་ལྡན་གྱི་ཡང་ཟློག་རྡོ་རྗེ་ཕ་ལམ་ངག་འདོན་དང་བཅས་པ། རཏྣའི་གཏེར་ཕྲན་མཁའ་འགྲོའི་ཡང་ཟློག་གནམ་ལྕགས་རལ་གྲི་དང་། ཡང་ཟློག་དུག་གི་སྤུ་གྲི། གནུབས་ལུགས་ཡང་ཟློག་ཨ་ཐུང་ནག་པོ། །གུ་རུ་པདྨ་སིདྡྷིའི་ཡང་ཟློག་སྔགས་ཀྱི་ཤན་པ། ཤྲཱི་སིདྷའི་ཡང་ཟློག་བཀའ་རྒྱ་མ། འགྲོ་འདུལ་པྲཛྙཱ་རསྨིའི་ཟབ་གཏེར་ཡང་ཟློག་སྤུ་གྲི་རེག་ཆོད་རྣམས་དང་། ཞར་བྱུང་བཀའ་མ་གནུབས་ལུགས་ཀྱི་མན་ངག་ཨ་པ་ར་ཛི་ཏའི་རྩོད་རྒྱལ། རཏྣའི་གཏེར་ཕྲན་མཉམ་གཉིས་རྩལ་འགྲན། གནུབས་ཀྱི་མན་ངག་རྩོད་རྒྱལ་ག་ཁ་ལྟག་སྤྲོད། དབང་ཕྱུག་ཆེན་པོའི་བཙན་པོ་ཁ་ཆིངས། གཏད་ཧྲུལ་གྱི་མན་ངག་སྐྱེས་བུ་ཟངས་གླིང་དབང་ཕྱུག་དང་། ཞང་ཁྲོམ་གྱི་ཟབ་གཏེར་ཟུང་འཇུག་གཞུང་ལག་ལེན་དང་བཅས་པ་ལེ་ཚན། རཏྣའི་གཏེར་ཕྲན་གཏད་བཟློག་བཀའ་རྒྱ་མ། མདུན་བཤིག་གའུ་ཆུ་བསྐྱུར་དང་གནུབས་ཀྱི་མན་ངག་ལེ་ཚན་བཅས་སོ།། །། | གཉིས་པ་ཟློག་པ་ལ། དྲག་ཕུར་གཤེད་སྐོར་སོགས་སོ་སོའི་ཆོས་སྡེ་དང་འབྲེལ་བ་རྣམས་ནི་གོང་དུ་བསྟན་ཟིན་ལ། འདིར་ཡང་ཟློག་ཕྲ་མོའི་རིགས་ལ། ཆོས་དབང་དང་རཏྣའི་གཏེར་ཁ་གཉིས་ལྡན་གྱི་ཡང་ཟློག་རྡོ་རྗེ་ཕ་ལམ་ངག་འདོན་དང་བཅས་པ། རཏྣའི་གཏེར་ཕྲན་མཁའ་འགྲོའི་ཡང་ཟློག་གནམ་ལྕགས་རལ་གྲི་དང་། ཡང་ཟློག་དུག་གི་སྤུ་གྲི། གནུབས་ལུགས་ཡང་ཟློག་ཨ་ཐུང་ནག་པོ། །གུ་རུ་པདྨ་སིདྡྷིའི་ཡང་ཟློག་སྔགས་ཀྱི་ཤན་པ། ཤྲཱི་སིདྷའི་ཡང་ཟློག་བཀའ་རྒྱ་མ། འགྲོ་འདུལ་པྲཛྙཱ་རསྨིའི་ཟབ་གཏེར་ཡང་ཟློག་སྤུ་གྲི་རེག་ཆོད་རྣམས་དང་། ཞར་བྱུང་བཀའ་མ་གནུབས་ལུགས་ཀྱི་མན་ངག་ཨ་པ་ར་ཛི་ཏའི་རྩོད་རྒྱལ། རཏྣའི་གཏེར་ཕྲན་མཉམ་གཉིས་རྩལ་འགྲན། གནུབས་ཀྱི་མན་ངག་རྩོད་རྒྱལ་ག་ཁ་ལྟག་སྤྲོད། དབང་ཕྱུག་ཆེན་པོའི་བཙན་པོ་ཁ་ཆིངས། གཏད་ཧྲུལ་གྱི་མན་ངག་སྐྱེས་བུ་ཟངས་གླིང་དབང་ཕྱུག་དང་། ཞང་ཁྲོམ་གྱི་ཟབ་གཏེར་ཟུང་འཇུག་གཞུང་ལག་ལེན་དང་བཅས་པ་ལེ་ཚན། རཏྣའི་གཏེར་ཕྲན་གཏད་བཟློག་བཀའ་རྒྱ་མ། མདུན་བཤིག་གའུ་ཆུ་བསྐྱུར་དང་གནུབས་ཀྱི་མན་ངག་ལེ་ཚན་བཅས་སོ།། །། | ||
གསུམ་པ་བསད་པ་ལ། ཡི་དམ་སོ་སོར་དང་འབྲེལ་བ་ནི་གོང་དུ་བཀོད་ཟིན། གཞན་ཡང་མན་ངག་ཟབ་མོར་གྲགས་པ་མཐའ་ཡས་པ་ལས། འདིར་བཀའ་མ་གནུབས་ལུགས་གཤིན་རྗེ་ཀིང་ཀང་ནག་པོའི་བསད་པ་མྱུར་མགྱོགས་སྟག་བྱང་མ་ཤིན་ཏུ་ཟབ་པའི་ཕྱག་ལེན། གཞན་ཡང་སྲུང་ཟློག་བསད་གསུམ་ཀའི་མཐར་ཐུག་པ་གནུབས་ལུགས་བཀའ་གཏེར་གཉིས་ལྡན་ཡང་ཟློག་ཉི་མ་མདུང་གང་མ་མཐུ་སྟོབས་དྲེགས་པའི་རྒྱལ་པོའི་གཞུང་གསལ་བྱེད་བཅས་དང་། བཀའ་གཏེར་ཟུང་འཇུག་ཡང་ཟློག་གསེར་གྱི་འབྲུ་གཅིག་ཧྲཱིཿདམར་པོ་གཤིན་རྗེའི་ཡང་སྙིང་གི་གཞུང་ལྗགས་བསྒྲིགས་ལག་ལེན་བཅས་ཤིན་ཏུ་ཟབ་པའི་མན་ངག །གཏེར་སྟོན་ཡང་བོན་པ་རི་ཁྲོད་སེང་གེའི་ཟབ་གཏེར་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་འདི་བ་རི་ལོ་ཙཱ་ནས་བརྒྱུད་པའི་བཀའ་མའི་རྒྱུན་ཡོད་སྣང་། གཞུང་ལྗགས་བསྒྲིགས་གསལ་བྱེད་དང་བཅས་པ་རྣམས་སོ། །དེ་ལ་སྤྱིར་སྲུང་ཟློག་བསད་གསུམ་སོ་སོར་ཕྱི་མཚན་བཅས་རྫས་ལ་གཙོ་བོར་བརྟེན་པ་དང་། ནང་མཚན་བཅས་ཏིང་ངེ་འཛིན་ཁོ་ནས་ལས་གྲུབ་པ་དང་། གསང་བ་མཚན་མེད་དེ་ཁོ་ན་ཉིད་ཀྱི་ལྟ་བས་རྒྱས་འདེབས་པའི་ཚུལ་རྒྱ་ཆེ་བ་གསུངས་སོ།། །། | གསུམ་པ་བསད་པ་ལ། ཡི་དམ་སོ་སོར་དང་འབྲེལ་བ་ནི་གོང་དུ་བཀོད་ཟིན། གཞན་ཡང་མན་ངག་ཟབ་མོར་གྲགས་པ་མཐའ་ཡས་པ་ལས། འདིར་བཀའ་མ་གནུབས་ལུགས་གཤིན་རྗེ་ཀིང་ཀང་ནག་པོའི་བསད་པ་མྱུར་མགྱོགས་སྟག་བྱང་མ་ཤིན་ཏུ་ཟབ་པའི་ཕྱག་ལེན། གཞན་ཡང་སྲུང་ཟློག་བསད་གསུམ་ཀའི་མཐར་ཐུག་པ་གནུབས་ལུགས་བཀའ་གཏེར་གཉིས་ལྡན་ཡང་ཟློག་ཉི་མ་མདུང་གང་མ་མཐུ་སྟོབས་དྲེགས་པའི་རྒྱལ་པོའི་གཞུང་གསལ་བྱེད་བཅས་དང་། བཀའ་གཏེར་ཟུང་འཇུག་ཡང་ཟློག་གསེར་གྱི་འབྲུ་གཅིག་ཧྲཱིཿདམར་པོ་གཤིན་རྗེའི་ཡང་སྙིང་གི་གཞུང་ལྗགས་བསྒྲིགས་ལག་ལེན་བཅས་ཤིན་ཏུ་ཟབ་པའི་མན་ངག །གཏེར་སྟོན་ཡང་བོན་པ་རི་ཁྲོད་སེང་གེའི་ཟབ་གཏེར་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་འདི་བ་རི་ལོ་ཙཱ་ནས་བརྒྱུད་པའི་བཀའ་མའི་རྒྱུན་ཡོད་སྣང་། གཞུང་ལྗགས་བསྒྲིགས་གསལ་བྱེད་དང་བཅས་པ་རྣམས་སོ། །དེ་ལ་སྤྱིར་སྲུང་ཟློག་བསད་གསུམ་སོ་སོར་ཕྱི་མཚན་བཅས་རྫས་ལ་གཙོ་བོར་བརྟེན་པ་དང་། ནང་མཚན་བཅས་ཏིང་ངེ་འཛིན་ཁོ་ནས་ལས་གྲུབ་པ་དང་། གསང་བ་མཚན་མེད་དེ་ཁོ་ན་ཉིད་ཀྱི་ལྟ་བས་རྒྱས་འདེབས་པའི་ཚུལ་རྒྱ་ཆེ་བ་གསུངས་སོ།། །། | ||
བཞི་པ་མཐའ་སྡུད་ལ། སྔགས་སྡེབ་ལས། ཆ་གསུམ་དག་ཏུ་བགོ་བ་ནི༔ མནན་བསྲེག་འཕང་བའི་ལས་གསུམ་ཡིན༔ ཞེས་སྲུང་བའི་མཐའ་སྡུད་མནན་པ། བཟློག་པའི་མཐའ་སྡུད་འཕང་བ། བསད་པའི་མཐའ་སྡུད་སྲེག་པ་སྟེ་གསུམ་དུ་གསུངས་པ་ཉིད་འབྱུང་བ་བཞིའི་སྦྱོར་བས་བསྡུས་པ་ཡིན་ཏེ། དང་པོ་ས་ལ་མནན་པའི་ལས་ནི། གྱིམ་ཤང་བཀའ་གཏེར་གྱི་གཞུང་སོ་སོར་བཤད་པ་དང་། གཏེར་གཞུང་རྣམས་ལས་རྒྱ་ཆེར་གསུངས་པའི་ས་གཏད་ཀྱི་སྐོར། ཡི་དམ་ཐ་དད་པ་དང་འབྲེལ་བའི་མནན་པའི་ལས་མཐའ་ཇི་སྙེད་ཅིག་འབྱུང་བ་སོགས་ལས། འདིར་དགྲ་བོ་མནན་པའི་ལས་གཤིན་རྗེའི་ཀིང་ཀང་དམར་ཆུང་བཀའ་གཏེར་གཉིས་ལྡན་གྱི་གཞུང་། ངག་འདོན། ཟིན་བྲིས་དང་བཅས་པ། བཀའ་གཏེར་ཟུང་འཇུག་ཀིང་ཀང་ནག་པོའི་དགྲ་མནན་ཕྱག་ལེན་ཞལ་ཤེས་བཅས། བགེགས་ལ་མནན་པའི་སྦྱོར་བ་བྱང་གཏེར་ཕུར་པ་དྲག་སྔགས་སྤུ་གྲིའི་སྲི་ཆུང་བཅུ་གསུམ་མནན་ཐབས་ལག་ལེན་དང་བཅས་པ་རྣམས་སོ།། །། | བཞི་པ་མཐའ་སྡུད་ལ། སྔགས་སྡེབ་ལས། ཆ་གསུམ་དག་ཏུ་བགོ་བ་ནི༔ མནན་བསྲེག་འཕང་བའི་ལས་གསུམ་ཡིན༔ ཞེས་སྲུང་བའི་མཐའ་སྡུད་མནན་པ། བཟློག་པའི་མཐའ་སྡུད་འཕང་བ། བསད་པའི་མཐའ་སྡུད་སྲེག་པ་སྟེ་གསུམ་དུ་གསུངས་པ་ཉིད་འབྱུང་བ་བཞིའི་སྦྱོར་བས་བསྡུས་པ་ཡིན་ཏེ། དང་པོ་ས་ལ་མནན་པའི་ལས་ནི། གྱིམ་ཤང་བཀའ་གཏེར་གྱི་གཞུང་སོ་སོར་བཤད་པ་དང་། གཏེར་གཞུང་རྣམས་ལས་རྒྱ་ཆེར་གསུངས་པའི་ས་གཏད་ཀྱི་སྐོར། ཡི་དམ་ཐ་དད་པ་དང་འབྲེལ་བའི་མནན་པའི་ལས་མཐའ་ཇི་སྙེད་ཅིག་འབྱུང་བ་སོགས་ལས། འདིར་དགྲ་བོ་མནན་པའི་ལས་གཤིན་རྗེའི་ཀིང་ཀང་དམར་ཆུང་བཀའ་གཏེར་གཉིས་ལྡན་གྱི་གཞུང་། ངག་འདོན། ཟིན་བྲིས་དང་བཅས་པ། བཀའ་གཏེར་ཟུང་འཇུག་ཀིང་ཀང་ནག་པོའི་དགྲ་མནན་ཕྱག་ལེན་ཞལ་ཤེས་བཅས། བགེགས་ལ་མནན་པའི་སྦྱོར་བ་བྱང་གཏེར་ཕུར་པ་དྲག་སྔགས་སྤུ་གྲིའི་སྲི་ཆུང་བཅུ་གསུམ་མནན་ཐབས་ལག་ལེན་དང་བཅས་པ་རྣམས་སོ།། །། | ||
གཉིས་པ་ཆུ་ལ་གཏད་པ་ནི། བླ་མ་མངའ་བདག་ཆེན་པོ། ལས་འབྲེལ། སངས་གླིང་སོགས་ཀྱི་གཏད་ཁྲོམ་སྐོར་ཟབ་རྒྱས་མཐའ་ཡས་པ་ལས། འདིར་ས་བཅད་ཙམ་དུ་ལས་འབྲེལ་གྱི་ཕྱག་རྡོར་དྲེགས་འདུལ་ལས་མཐའ་ཐེམ་མེད་གཏད་ཁྲོམ་གྱི་གཞུང་ལག་ལེན་དང་བཅས་པ་ཙམ་ཞིག་བཀོད་དོ།། །། | གཉིས་པ་ཆུ་ལ་གཏད་པ་ནི། བླ་མ་མངའ་བདག་ཆེན་པོ། ལས་འབྲེལ། སངས་གླིང་སོགས་ཀྱི་གཏད་ཁྲོམ་སྐོར་ཟབ་རྒྱས་མཐའ་ཡས་པ་ལས། འདིར་ས་བཅད་ཙམ་དུ་ལས་འབྲེལ་གྱི་ཕྱག་རྡོར་དྲེགས་འདུལ་ལས་མཐའ་ཐེམ་མེད་གཏད་ཁྲོམ་གྱི་གཞུང་ལག་ལེན་དང་བཅས་པ་ཙམ་ཞིག་བཀོད་དོ།། །། | ||
གསུམ་པ་མེ་ལ་བསྲེག་པ་ལས་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ནི། སྤྱི་དང་བྱེ་བྲག་པ་ཅི་རིགས་པ་བཀོད་ཟིན། བཞི་པ་རླུང་ལ་བསྐུར་བའི་ལས་ནི། ཡི་དམ་སོ་སོ་དང་འབྲེལ་བའི་འཕོང་བ་ཟོར་གྱི་མན་ངག་འགའ་ཞིག་སྔར་བཀོད་པ་རྣམས་ཡིན་ལ། རླུང་ལ་ལས་བཅོལ་བའི་འཁོར་ལོའི་མན་ངག་ནི། གསུམ་པ་བྱང་ཆུབ་བློ་གྲོས་ཀྱི་དྲེགས་པ་ཉི་ཤུའི་རླུང་འཁོར་དང་། གཤིན་རྗེ་ཚེ་བདག་གི་རྣ་ཆ་བརྒྱད་ཀྱི་ནང་གསེས་རླུང་ནག་འབྱེད་པའི་འཁོར་ལོ་དང་དོན་གཅིག་ཏུ་བཞེད་པ་ཨ་ཙཪྻ་འཇིགས་མེད་ཞབས་ལས་འབྲོ་ལོ་ཤེས་རབ་གྲགས་ཀྱིས་གསན་ཞིང་། སྔ་འགྱུར་གྱི་ཕྱོགས་སུ་བཀའ་བབས་པ་ཁམས་གསུམ་འཁྲུགས་བྱེད་རླུང་ནག་ལས་ཀྱི་འཁོར་ལོ། །དྲི་མེད་ལྷུན་པོ་དང་། རཏྣའི་ཀློང་གསལ་གྱི་ལས་མཐའ་ཕུང་བྱེད་ལས་ཀྱི་རླུང་དམར་སོགས་རྒྱ་ཆེར་བཞུགས་པ་ནི་འདིར་བསྡུ་བར་མ་ནུས་ལ། གཏེར་སྟོན་གཡས་པ་ནམ་བོན་གྱིས་པྲ་དུན་རྩེ། སྟོན་པ་ཤཱཀ་འོད་ཀྱིས་ལྷ་ས། སྦུར་བུ་བྱ་མགོན་གྱིས་བུམ་ཐང་བཅས་གཏེར་གནས་གསུམ་ནས་སོ་སོར་བཞེས་ཤིང་། སླར་རིག་འཛིན་པདྨ་གླིང་པས་བུམ་ཐང་ནས་ཡང་གཏེར་དུ་བཞེས་པས་གཏེར་སྟོན་བཞི་ཚོགས་ཀྱི་གདམས་པ་རླུང་འཁོར་སྲོག་གི་མཆིན་པ་ནག་པོ་ནི་གོང་དུ་པད་གླིང་མན་ངག་གཏེར་ཕྲན་གྱི་ཁོང་དུ་བཀོད་ཟིན། འདིར་དེ་དང་འདྲ་མིན་དུམ་པ་རྒྱ་སྟོན་ཆེན་པོས་ཕ་བོང་གཡུ་རྒོར་ནས་གདན་དྲངས་པའི་རླུང་འཁྲུགས་འབུམ་གྱི་ཡང་སྙིང་དུག་གི་འཁོར་ལོ་ལག་ལེན་དང་བཅས་པ་ཙམ་བཞུགས་སོ། །སྤྱིར་གཤིན་རྗེ་ཚེ་བདག་ལྕགས་འདྲ་ལྕགས་སྡིག་ཡང་ཟློག་བཅས་འབྲི་བྱང་གི་རིགས་སྔགས་འཆང་བ་རྣམས་ནས་རིམ་པར་བརྒྱུད་དེ་ད་ལྟའི་བར་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་དང་། འཇམ་དཔལ་ཁྲོ་ཆུ་དུག་གདོར་འབྲི་ལུགས་དང་། ཆགས་མེད་རིན་པོ་ཆེའི་ཆོག་བསྒྲིགས་ཀྱི་གཞུང་། བྱད་ཟློག་བསད་ཁོང་བཅོ་ལྔ་པ་རྗེས་འབྲེལ་བཅས། བསད་པ་སྲོག་སྒྲུབ་ཙིཏྟ་དམར་འབྱིན། རླུང་འཁོར་སོགས་ཤིན་ཏུ་ཟབ་རྒྱས་ཕྱག་ལེན་བཅས། ཀིང་ཀང་བཀའ་མ་གཤིན་རྗེ་ཉི་མ་བཞི། མན་ངག་དགྲ་བོ་ཤྭ་འདེད། ཁྲོ་ཆུ་བཀའ་མ་གཤིན་རྗེ་ཁྲག་སོབ་ཏུ་གྲགས་པ་སོགས་ཀྱི་རྒྱུན་ཕྱག་བཞེས་དང་བཅས་པ་དང་། གཞན་ཡང་གོང་དུ་སྔ་ཕྱིར་འཕྲོས་དོན་སྨོས་པ་དེ་རྣམས་ཕལ་ཆེར་གྱི་རྒྱུན་བཞུགས་པར་སྣང་ཞིང་། མངོན་སྤྱོད་ཀྱི་ལས་ཕྲན་སྐོར་ཡང་ཉང་གཏེར་རྟ་ནག་གི་བསད་ལས། ཆོས་དབང་རིན་པོ་ཆེའི་ཕུང་བྱེད་སཱཙྪ་སྨྱོན་པ་དང་། ངན་སྔགས་ལྟོ་བ་སུམ་དཀྲུགས། གནུབས་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་བཅུ་ཞར་བྱུང་རྫས་མཐུ་བཅས། འབྲི་གུང་ཆོས་གྲགས་ཀྱི་བླ་རྡོ་གཤིན་རྗེའི་བེ་བུམ་ནག་པོའི་གནུབས་ཀྱི་གོང་ཁུག་བརྒྱ་རྩ་གནུབས་ཀྱི་གདམས་པ་ཐོར་བུའི་སྐོར་ལས། མཛེ་ནག་དང་སྦལ་བའི་གསོན་གཏད། གཤོར་བརྡབས་ཆོག །འབྱེད་པ་རྟ་གཡག་མ། ཉེ་འབྱེད་སོ་ཤིང་མ། དགྲ་བོའི་བསོད་ནམས་སྦུབས་པ། གནོད་སྦྱིན་དང་མཱ་ཛཱའི་ནོར་སྙེགས། གནུབས་ཆེན་རྣམ་འཕྲུལ་རྒྱ་སྟོན་བརྩོན་འགྲུས་སེང་གེ་དར་གྱི་ཟབ་གཏེར་རྡོ་རྗེ་བྲག་བཙན། སངས་གླིང་དགོངས་འདུས་བཙན་རྒོད་དང་། སྲོག་ཐུན་དུག་ཆུ་ཁོལ་མ། རཏྣའི་བྲག་དམར་གྱི་ཐེམ་མེད་རྐུན་མ་མགོ་འཁོར། རྟ་གསང་གི་མི་རྒོད་ཇག་ཆིངས་དང་། ཀླུང་རྟ་ཁ་སྦུབས། ཐུགས་རྗེ་གསང་འདུས་ཀྱི་བཀའ་སྲུང་ངས་ནུས་མའི་ཆོ་འཕྲུལ། གནུབས་ཆེན་རྣམ་འཕྲུལ་དྲི་མེད་ཀུན་དགའི་ཨ་ཙར་ཁྲོམ་རྒྱུག །བདུད་འདུལ་ཞིང་སྐྱོང་། ཀློང་གསལ་བཙན་རྒོད་ཁྲོ་འབར། རོལ་རྡོར་གྱི་ཆོས་སྲུང་སྐོར་དང་། ཡང་དགེའི་ཏྲཀྴད་ཀྱི་ལས་མཐའ་སོགས་ཟབ་གཏེར་སོ་སོ་དང་འབྲེལ་བའི་སྐོར་ཅི་རིགས་པ་དང་། ཕུང་བོན་མགོ་དམར་གྱི་དམ་ཅན་བྱེས་ཆས། ཆུ་གཏད་ནག་པོ་བཟློག་མེད། ཐུབ་པ་ནག་པོའི་མགོ་འཁོར། ཨ་ཙ་ར་ཛུ་ནག་གི་ཕུང་བྱེད་ཐལ་པའི་སྐོར་མུ་སྟེགས་ནག་པོ་དང་། ཁྲག་རལ། དྲག་སྔགས་ཤ་བ་རྒྱུགས་འགྱེལ། སྲོག་མཐུ་རྐྱལ་པ་ཕུས་འདེབས། བཙན་ཐབས་ལ་བཙས་གཟའ་འགྱེད། ངན་ཐབས་བྱ་རྒོད་སྒྲོ་བཅིངས། ལྟས་ངན་སྤྲེལ་དམར་གླ་སྐྱ། ཆོ་འཕྲུལ་མུན་པ་སྒོ་བརྡུང་སོགས་བཀའ་གཏེར་གང་ཡིན་དམིགས་ཀྱིས་མ་གསལ་ཡང་རྣོ་མྱུར་ཕྱག་བཞེས་དང་། རྦད་ཁམས་ཅན་མང་དུ་བཞུགས་པར་གྲགས་མོད། འདིར་དེ་ཙམ་མོ། །ཡང་གནུབས་ཆུང་གི་དབང་ཕྱུག་སེལ་ནག །འབྲོམ་སྟོན་ཆུང་གི་རེ་མ་ཏིའི་སྲོག་མཐུ་ཡུལ་ཁམས་ཕུང་བྱེད། ཟླ་བ་ན་གཟི་བརྗིད་ཀྱི་སྔགས་སྡེབ། བླ་མ་ཕྱག་རྡོར་བའི་གཟའི་དྲག་སྔགས། གྲུམ་དང་མཁར་གྱི་གཟའ་བདུད་བར་སྣང་ཧོམ་ཁུང་མ། ཨོ་རྒྱན་གླིང་པའི་རཱ་ཧུ་ལ་གནད་འབེབས། ཉང་རིང་ཤེས་རབ་གྲགས་དང་། ཉང་སྟོན་དབང་ཆེན་བཟང་པོའི་གཟའི་གདོང་གཏད། ཨ་ཙ་ར་དམར་པོའི་ཕུང་བྱེད་གྲི་ཐལ་མ། རྡོར་གླིང་བྲམ་ཟེ་སྦུ་གུའི་དྲག་སྔགས། ཤེས་རབ་མེ་འབར་གྱི་རེ་མ་ཏཱིའི་ཆོ་འཕྲུལ། ཀུན་སྐྱོང་གླིང་པའི་ཞིང་སྐྱོང་མེ་ཧྲེང་དམར་མོ། པདྨ་དབང་རྒྱལ་གྱི་དམ་ཅན་སྐྱེར་མདུང་ཅན་གྱི་ཆོ་འཕྲུལ། གྲོ་ཤུལ་ལས་འཕྲོ་གླིང་པའི་དྲག་སྔགས་རེག་ཕུང་ནག་པོ་རྣམས་ཟབ་ཅིང་ཕྱག་བཞེས་ཅན་ཡིན་ཚུལ་དགེ་སློང་ཕྱག་རྡོར་བའི་མན་ངག་གི་ཟིན་ཐོ་སོགས་སུ་སྣང་མོད་དེང་སང་རྒྱུན་བཞུགས་མིན་མ་འཚལ་ལོ། །མཐར་ཐུག་གི་མངོན་སྤྱོད་ནི། གོང་འོག་ཏུ་སྨོས་པའི་རིམ་གཉིས་ཟབ་མོའི་རྣལ་འབྱོར་རྫོང་འཕྲོང་སྲོག་གསུམ་གྱི་སྐྱ་བར་ནས་བཏོན་ཏེ་ཉམས་སུ་བླངས་པས། གཟུང་འཛིན་བག་ཆགས་དང་བཅས་པའི་དགྲ་གསུམ་བསད། བདུད་བཞི་བཅོམ། འཕྲེང་གསུམ་བསལ་ནས་དཔལ་ཧེ་རུ་ཀའི་གོ་འཕང་ཚེ་འདིར་མངོན་དུ་བྱེད་པའི་ཐབས་ཇི་སྙེད་པ་རྣམས་སོ།། །། | གསུམ་པ་མེ་ལ་བསྲེག་པ་ལས་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ནི། སྤྱི་དང་བྱེ་བྲག་པ་ཅི་རིགས་པ་བཀོད་ཟིན། བཞི་པ་རླུང་ལ་བསྐུར་བའི་ལས་ནི། ཡི་དམ་སོ་སོ་དང་འབྲེལ་བའི་འཕོང་བ་ཟོར་གྱི་མན་ངག་འགའ་ཞིག་སྔར་བཀོད་པ་རྣམས་ཡིན་ལ། རླུང་ལ་ལས་བཅོལ་བའི་འཁོར་ལོའི་མན་ངག་ནི། གསུམ་པ་བྱང་ཆུབ་བློ་གྲོས་ཀྱི་དྲེགས་པ་ཉི་ཤུའི་རླུང་འཁོར་དང་། གཤིན་རྗེ་ཚེ་བདག་གི་རྣ་ཆ་བརྒྱད་ཀྱི་ནང་གསེས་རླུང་ནག་འབྱེད་པའི་འཁོར་ལོ་དང་དོན་གཅིག་ཏུ་བཞེད་པ་ཨ་ཙཪྻ་འཇིགས་མེད་ཞབས་ལས་འབྲོ་ལོ་ཤེས་རབ་གྲགས་ཀྱིས་གསན་ཞིང་། སྔ་འགྱུར་གྱི་ཕྱོགས་སུ་བཀའ་བབས་པ་ཁམས་གསུམ་འཁྲུགས་བྱེད་རླུང་ནག་ལས་ཀྱི་འཁོར་ལོ། །དྲི་མེད་ལྷུན་པོ་དང་། རཏྣའི་ཀློང་གསལ་གྱི་ལས་མཐའ་ཕུང་བྱེད་ལས་ཀྱི་རླུང་དམར་སོགས་རྒྱ་ཆེར་བཞུགས་པ་ནི་འདིར་བསྡུ་བར་མ་ནུས་ལ། གཏེར་སྟོན་གཡས་པ་ནམ་བོན་གྱིས་པྲ་དུན་རྩེ། སྟོན་པ་ཤཱཀ་འོད་ཀྱིས་ལྷ་ས། སྦུར་བུ་བྱ་མགོན་གྱིས་བུམ་ཐང་བཅས་གཏེར་གནས་གསུམ་ནས་སོ་སོར་བཞེས་ཤིང་། སླར་རིག་འཛིན་པདྨ་གླིང་པས་བུམ་ཐང་ནས་ཡང་གཏེར་དུ་བཞེས་པས་གཏེར་སྟོན་བཞི་ཚོགས་ཀྱི་གདམས་པ་རླུང་འཁོར་སྲོག་གི་མཆིན་པ་ནག་པོ་ནི་གོང་དུ་པད་གླིང་མན་ངག་གཏེར་ཕྲན་གྱི་ཁོང་དུ་བཀོད་ཟིན། འདིར་དེ་དང་འདྲ་མིན་དུམ་པ་རྒྱ་སྟོན་ཆེན་པོས་ཕ་བོང་གཡུ་རྒོར་ནས་གདན་དྲངས་པའི་རླུང་འཁྲུགས་འབུམ་གྱི་ཡང་སྙིང་དུག་གི་འཁོར་ལོ་ལག་ལེན་དང་བཅས་པ་ཙམ་བཞུགས་སོ། །སྤྱིར་གཤིན་རྗེ་ཚེ་བདག་ལྕགས་འདྲ་ལྕགས་སྡིག་ཡང་ཟློག་བཅས་འབྲི་བྱང་གི་རིགས་སྔགས་འཆང་བ་རྣམས་ནས་རིམ་པར་བརྒྱུད་དེ་ད་ལྟའི་བར་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་དང་། འཇམ་དཔལ་ཁྲོ་ཆུ་དུག་གདོར་འབྲི་ལུགས་དང་། ཆགས་མེད་རིན་པོ་ཆེའི་ཆོག་བསྒྲིགས་ཀྱི་གཞུང་། བྱད་ཟློག་བསད་ཁོང་བཅོ་ལྔ་པ་རྗེས་འབྲེལ་བཅས། བསད་པ་སྲོག་སྒྲུབ་ཙིཏྟ་དམར་འབྱིན། རླུང་འཁོར་སོགས་ཤིན་ཏུ་ཟབ་རྒྱས་ཕྱག་ལེན་བཅས། ཀིང་ཀང་བཀའ་མ་གཤིན་རྗེ་ཉི་མ་བཞི། མན་ངག་དགྲ་བོ་ཤྭ་འདེད། ཁྲོ་ཆུ་བཀའ་མ་གཤིན་རྗེ་ཁྲག་སོབ་ཏུ་གྲགས་པ་སོགས་ཀྱི་རྒྱུན་ཕྱག་བཞེས་དང་བཅས་པ་དང་། གཞན་ཡང་གོང་དུ་སྔ་ཕྱིར་འཕྲོས་དོན་སྨོས་པ་དེ་རྣམས་ཕལ་ཆེར་གྱི་རྒྱུན་བཞུགས་པར་སྣང་ཞིང་། མངོན་སྤྱོད་ཀྱི་ལས་ཕྲན་སྐོར་ཡང་ཉང་གཏེར་རྟ་ནག་གི་བསད་ལས། ཆོས་དབང་རིན་པོ་ཆེའི་ཕུང་བྱེད་སཱཙྪ་སྨྱོན་པ་དང་། ངན་སྔགས་ལྟོ་བ་སུམ་དཀྲུགས། གནུབས་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་བཅུ་ཞར་བྱུང་རྫས་མཐུ་བཅས། འབྲི་གུང་ཆོས་གྲགས་ཀྱི་བླ་རྡོ་གཤིན་རྗེའི་བེ་བུམ་ནག་པོའི་གནུབས་ཀྱི་གོང་ཁུག་བརྒྱ་རྩ་གནུབས་ཀྱི་གདམས་པ་ཐོར་བུའི་སྐོར་ལས། མཛེ་ནག་དང་སྦལ་བའི་གསོན་གཏད། གཤོར་བརྡབས་ཆོག །འབྱེད་པ་རྟ་གཡག་མ། ཉེ་འབྱེད་སོ་ཤིང་མ། དགྲ་བོའི་བསོད་ནམས་སྦུབས་པ། གནོད་སྦྱིན་དང་མཱ་ཛཱའི་ནོར་སྙེགས། གནུབས་ཆེན་རྣམ་འཕྲུལ་རྒྱ་སྟོན་བརྩོན་འགྲུས་སེང་གེ་དར་གྱི་ཟབ་གཏེར་རྡོ་རྗེ་བྲག་བཙན། སངས་གླིང་དགོངས་འདུས་བཙན་རྒོད་དང་། སྲོག་ཐུན་དུག་ཆུ་ཁོལ་མ། རཏྣའི་བྲག་དམར་གྱི་ཐེམ་མེད་རྐུན་མ་མགོ་འཁོར། རྟ་གསང་གི་མི་རྒོད་ཇག་ཆིངས་དང་། ཀླུང་རྟ་ཁ་སྦུབས། ཐུགས་རྗེ་གསང་འདུས་ཀྱི་བཀའ་སྲུང་ངས་ནུས་མའི་ཆོ་འཕྲུལ། གནུབས་ཆེན་རྣམ་འཕྲུལ་དྲི་མེད་ཀུན་དགའི་ཨ་ཙར་ཁྲོམ་རྒྱུག །བདུད་འདུལ་ཞིང་སྐྱོང་། ཀློང་གསལ་བཙན་རྒོད་ཁྲོ་འབར། རོལ་རྡོར་གྱི་ཆོས་སྲུང་སྐོར་དང་། ཡང་དགེའི་ཏྲཀྴད་ཀྱི་ལས་མཐའ་སོགས་ཟབ་གཏེར་སོ་སོ་དང་འབྲེལ་བའི་སྐོར་ཅི་རིགས་པ་དང་། ཕུང་བོན་མགོ་དམར་གྱི་དམ་ཅན་བྱེས་ཆས། ཆུ་གཏད་ནག་པོ་བཟློག་མེད། ཐུབ་པ་ནག་པོའི་མགོ་འཁོར། ཨ་ཙ་ར་ཛུ་ནག་གི་ཕུང་བྱེད་ཐལ་པའི་སྐོར་མུ་སྟེགས་ནག་པོ་དང་། ཁྲག་རལ། དྲག་སྔགས་ཤ་བ་རྒྱུགས་འགྱེལ། སྲོག་མཐུ་རྐྱལ་པ་ཕུས་འདེབས། བཙན་ཐབས་ལ་བཙས་གཟའ་འགྱེད། ངན་ཐབས་བྱ་རྒོད་སྒྲོ་བཅིངས། ལྟས་ངན་སྤྲེལ་དམར་གླ་སྐྱ། ཆོ་འཕྲུལ་མུན་པ་སྒོ་བརྡུང་སོགས་བཀའ་གཏེར་གང་ཡིན་དམིགས་ཀྱིས་མ་གསལ་ཡང་རྣོ་མྱུར་ཕྱག་བཞེས་དང་། རྦད་ཁམས་ཅན་མང་དུ་བཞུགས་པར་གྲགས་མོད། འདིར་དེ་ཙམ་མོ། །ཡང་གནུབས་ཆུང་གི་དབང་ཕྱུག་སེལ་ནག །འབྲོམ་སྟོན་ཆུང་གི་རེ་མ་ཏིའི་སྲོག་མཐུ་ཡུལ་ཁམས་ཕུང་བྱེད། ཟླ་བ་ན་གཟི་བརྗིད་ཀྱི་སྔགས་སྡེབ། བླ་མ་ཕྱག་རྡོར་བའི་གཟའི་དྲག་སྔགས། གྲུམ་དང་མཁར་གྱི་གཟའ་བདུད་བར་སྣང་ཧོམ་ཁུང་མ། ཨོ་རྒྱན་གླིང་པའི་རཱ་ཧུ་ལ་གནད་འབེབས། ཉང་རིང་ཤེས་རབ་གྲགས་དང་། ཉང་སྟོན་དབང་ཆེན་བཟང་པོའི་གཟའི་གདོང་གཏད། ཨ་ཙ་ར་དམར་པོའི་ཕུང་བྱེད་གྲི་ཐལ་མ། རྡོར་གླིང་བྲམ་ཟེ་སྦུ་གུའི་དྲག་སྔགས། ཤེས་རབ་མེ་འབར་གྱི་རེ་མ་ཏཱིའི་ཆོ་འཕྲུལ། ཀུན་སྐྱོང་གླིང་པའི་ཞིང་སྐྱོང་མེ་ཧྲེང་དམར་མོ། པདྨ་དབང་རྒྱལ་གྱི་དམ་ཅན་སྐྱེར་མདུང་ཅན་གྱི་ཆོ་འཕྲུལ། གྲོ་ཤུལ་ལས་འཕྲོ་གླིང་པའི་དྲག་སྔགས་རེག་ཕུང་ནག་པོ་རྣམས་ཟབ་ཅིང་ཕྱག་བཞེས་ཅན་ཡིན་ཚུལ་དགེ་སློང་ཕྱག་རྡོར་བའི་མན་ངག་གི་ཟིན་ཐོ་སོགས་སུ་སྣང་མོད་དེང་སང་རྒྱུན་བཞུགས་མིན་མ་འཚལ་ལོ། །མཐར་ཐུག་གི་མངོན་སྤྱོད་ནི། གོང་འོག་ཏུ་སྨོས་པའི་རིམ་གཉིས་ཟབ་མོའི་རྣལ་འབྱོར་རྫོང་འཕྲོང་སྲོག་གསུམ་གྱི་སྐྱ་བར་ནས་བཏོན་ཏེ་ཉམས་སུ་བླངས་པས། གཟུང་འཛིན་བག་ཆགས་དང་བཅས་པའི་དགྲ་གསུམ་བསད། བདུད་བཞི་བཅོམ། འཕྲེང་གསུམ་བསལ་ནས་དཔལ་ཧེ་རུ་ཀའི་གོ་འཕང་ཚེ་འདིར་མངོན་དུ་བྱེད་པའི་ཐབས་ཇི་སྙེད་པ་རྣམས་སོ།། །། | ||
སྤྱིར་ལས་ཀྱི་ཚོགས་ལ། རྒྱུད་སྡེ་ཆེན་པོ་རྣམས་ནས་དམན་པ་ཞི་སོགས་ལས་རབ་འབྱམས་དང་། འབྲིང་གྲུབ་པ་བརྒྱད་དང་། མཆོག་མཁའ་སྤྱོད་དང་རིག་པ་འཛིན་པའི་གོ་འཕང་ཞེས་གསུངས་པ་ལས། འདིར་གཙོ་བོར་ལས་དང་པོ་ལ་ཉེ་བར་མཁོ་བའི་དབང་དུ་བྱས་ནས་ཐུན་མོང་ཞི་སོགས་ཀྱི་ལས་ཚོགས་ཉིད་བཤད་པ་ཡིན་ལ། དེ་ལའང་དགྱེས་རྡོར་ལས། དབང་དང་མངོན་སྤྱོད་དང་། དགྲའི་སྡེ་འཇིགས་པ་དང་། བསྐྲད་པ་དང་། བསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པར་ཡང་འགྱུར་རོ། །ཞེས་ལས་ཆེན་བརྒྱད་གསུངས་པའམ་རྩ་བའི་ལས་བཞིར་འདུ་སྟེ། དགུག་པ་ལ་དབང་དང་མངོན་སྤྱོད་ཀྱིས་དགུག་པ་གཉིས་ཡོད་ཅིང་། དགྲའི་སྡེ་འཇིགས་པ་སོགས་ལྷག་མ་བཞི་མངོན་སྤྱོད་ཀྱི་བྱེ་བྲག་གོ །དེས་མཚོན་ཏེ་སྒྱུ་འཕྲུལ་ཁོག་གཞུང་ལས། རོ་ལངས་ཚེ་དང་པྲ་སྒྲུབ་དང་། ཞེས་སོགས་ཐུན་མོང་དང་། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། སོགས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་གནས་སྐབས་དང་མཐར་ཐུག་གི་ལས་བཞིའི་ཁོངས་སུ་འདུ་བའི་རྒྱ་ཆེར་སྤྲོས་པས་ཆོག་གོ །ཐུན་མོང་གི་ལས་ཀྱི་ཚོགས་རབ་འབྱམས་འདི་རྣམས་དེང་དུས་རང་གཞན་གྱི་ཆེན་པོར་རློམས་པ་ཕལ་ཆེར། ལྟོ་འགྲངས་ཉི་མས་དྲོས་ནས་རྐྱེན་གློ་བུར་བ་མ་བྱུང་བའི་ཚེ་དེ་འདྲས་ཅི་བྱ་ཞེས་འཕང་ཕྱིས་པའི་རྡོ་བཞིན་དུ་དོར་ཏེ་སེང་གེ་ལྟར་སྨིན་མ་གཟེངས་བསྟོད་པས་འགྱིང་ཞིང་། རྐྱེན་དང་དགོས་པ་ཅུང་ཟད་བྱུང་བའི་ཚེ་ཝ་སྐྱེས་ལས་ཀྱང་ཞུམ་པ་ཞིག་བྱས་ཏེ། བོན་པོའི་བཙན་མཆོད་མཁན། འདྲེ་མཐོང་གི་ཀླུ་བཅོས་མཁན། ཀླ་ཀློའི་ཆར་འབེབས་མཁན་ཚུན་ཆད་ལ་སྐྱབས་བཅོལ་ནས་མཐེ་བོང་སྦྲེངས་ཏེ་སྡོད་དགོས་པའི་ཡ་མཚན་ལ་དགོད་བྲོ་བ་མང་པོ་མཐོང་བས། དེ་དག་གིས་ཀྱང་དགོས་དུས་ཕན་པ་དེ་དལ་དུས་ཚོལ་ན་ཅི་མ་རུང་སྙམས། །གཞན་དུ་ཇོ་བོ་བཀའ་གདམས་པའི་དགེ་བཤེས་གོང་མ་རྣམས་ཀྱིས་མཆོག་གཙོ་བོར་སྟོན། ལས་ཚོགས་གཙོ་བོར་མི་བཏོན་གསུངས་པའི་རྣམ་ཐར་ལ་མིག་ཡར་བལྟའི་ཚུལ་གྱིས་ཚེ་ཡུན་ཐུང་། ཤེས་བྱ་རྣམ་གྲངས་མང་བ་སོགས་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་རྐྱེན་གང་ལའང་ལྟོས་པ་མེད་པར་སྒྲུབ་པ་སྙིང་པོར་བྱེད་པ་ནི་གཅིག་ཏུ་ངོ་མཚར་བས་རྗེས་སུ་ཡི་རངས་ཤིང་ཐལ་མོ་ལན་བརྒྱར་སྦྱར་བའི་ཡུལ་ལོ། །དེ་ལྟར་གོང་དུ་སྨོས་པའི་རྩ་གསུམ་ཆོས་སྲུང་དང་བཅས་པ་ཕལ་མོ་ཆེའི་འབྱུང་ཁུངས། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པའི་ལྗགས་བསྒྲིགས་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་འདོད་འཇོ་བུམ་བཟང་གི་གླེགས་བམ་ནི་ལོགས་སུ་བཞུགས་ལ། སྐབས་དེ་ལ་ཉེ་བར་མཁོ་བའི་ལོ་ཙཱ་ཆེན་པོ་དྷརྨ་ཤྲཱིས་གནང་བའི་འདོད་འཇོའི་ཟིན་བྲིས་དཀའ་གནད་འགྲོལ་བའི་ལྡེའུ་མིག །ཆོས་སྐྱོང་གི་སྲོག་གཏད་དང་རྗེས་གནང་གི་སྐབས་སུ་བཀའ་བསྒོའི་དཔེར་བརྗོད་གཏེར་ཆེན་རིན་པོ་ཆེའི་གསུང་བཅས་བཤམས་ཀྱི་ཟིན་ཐོ། གཏོར་མའི་དཔེའུ་རིས་བཅས་དང་། ཞར་བྱུང་གཏེར་ཆེན་རིན་པོ་ཆེའི་གསུང་ཐོར་བུ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་གཙོ་བོར་བདེན་པ་ནོར་བུའི་ཕྲེང་བ་བཅས་བཞུགས་སོ།། །། | སྤྱིར་ལས་ཀྱི་ཚོགས་ལ། རྒྱུད་སྡེ་ཆེན་པོ་རྣམས་ནས་དམན་པ་ཞི་སོགས་ལས་རབ་འབྱམས་དང་། འབྲིང་གྲུབ་པ་བརྒྱད་དང་། མཆོག་མཁའ་སྤྱོད་དང་རིག་པ་འཛིན་པའི་གོ་འཕང་ཞེས་གསུངས་པ་ལས། འདིར་གཙོ་བོར་ལས་དང་པོ་ལ་ཉེ་བར་མཁོ་བའི་དབང་དུ་བྱས་ནས་ཐུན་མོང་ཞི་སོགས་ཀྱི་ལས་ཚོགས་ཉིད་བཤད་པ་ཡིན་ལ། དེ་ལའང་དགྱེས་རྡོར་ལས། དབང་དང་མངོན་སྤྱོད་དང་། དགྲའི་སྡེ་འཇིགས་པ་དང་། བསྐྲད་པ་དང་། བསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པར་ཡང་འགྱུར་རོ། །ཞེས་ལས་ཆེན་བརྒྱད་གསུངས་པའམ་རྩ་བའི་ལས་བཞིར་འདུ་སྟེ། དགུག་པ་ལ་དབང་དང་མངོན་སྤྱོད་ཀྱིས་དགུག་པ་གཉིས་ཡོད་ཅིང་། དགྲའི་སྡེ་འཇིགས་པ་སོགས་ལྷག་མ་བཞི་མངོན་སྤྱོད་ཀྱི་བྱེ་བྲག་གོ །དེས་མཚོན་ཏེ་སྒྱུ་འཕྲུལ་ཁོག་གཞུང་ལས། རོ་ལངས་ཚེ་དང་པྲ་སྒྲུབ་དང་། ཞེས་སོགས་ཐུན་མོང་དང་། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། སོགས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་གནས་སྐབས་དང་མཐར་ཐུག་གི་ལས་བཞིའི་ཁོངས་སུ་འདུ་བའི་རྒྱ་ཆེར་སྤྲོས་པས་ཆོག་གོ །ཐུན་མོང་གི་ལས་ཀྱི་ཚོགས་རབ་འབྱམས་འདི་རྣམས་དེང་དུས་རང་གཞན་གྱི་ཆེན་པོར་རློམས་པ་ཕལ་ཆེར། ལྟོ་འགྲངས་ཉི་མས་དྲོས་ནས་རྐྱེན་གློ་བུར་བ་མ་བྱུང་བའི་ཚེ་དེ་འདྲས་ཅི་བྱ་ཞེས་འཕང་ཕྱིས་པའི་རྡོ་བཞིན་དུ་དོར་ཏེ་སེང་གེ་ལྟར་སྨིན་མ་གཟེངས་བསྟོད་པས་འགྱིང་ཞིང་། རྐྱེན་དང་དགོས་པ་ཅུང་ཟད་བྱུང་བའི་ཚེ་ཝ་སྐྱེས་ལས་ཀྱང་ཞུམ་པ་ཞིག་བྱས་ཏེ། བོན་པོའི་བཙན་མཆོད་མཁན། འདྲེ་མཐོང་གི་ཀླུ་བཅོས་མཁན། ཀླ་ཀློའི་ཆར་འབེབས་མཁན་ཚུན་ཆད་ལ་སྐྱབས་བཅོལ་ནས་མཐེ་བོང་སྦྲེངས་ཏེ་སྡོད་དགོས་པའི་ཡ་མཚན་ལ་དགོད་བྲོ་བ་མང་པོ་མཐོང་བས། དེ་དག་གིས་ཀྱང་དགོས་དུས་ཕན་པ་དེ་དལ་དུས་ཚོལ་ན་ཅི་མ་རུང་སྙམས། །གཞན་དུ་ཇོ་བོ་བཀའ་གདམས་པའི་དགེ་བཤེས་གོང་མ་རྣམས་ཀྱིས་མཆོག་གཙོ་བོར་སྟོན། ལས་ཚོགས་གཙོ་བོར་མི་བཏོན་གསུངས་པའི་རྣམ་ཐར་ལ་མིག་ཡར་བལྟའི་ཚུལ་གྱིས་ཚེ་ཡུན་ཐུང་། ཤེས་བྱ་རྣམ་གྲངས་མང་བ་སོགས་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་རྐྱེན་གང་ལའང་ལྟོས་པ་མེད་པར་སྒྲུབ་པ་སྙིང་པོར་བྱེད་པ་ནི་གཅིག་ཏུ་ངོ་མཚར་བས་རྗེས་སུ་ཡི་རངས་ཤིང་ཐལ་མོ་ལན་བརྒྱར་སྦྱར་བའི་ཡུལ་ལོ། །དེ་ལྟར་གོང་དུ་སྨོས་པའི་རྩ་གསུམ་ཆོས་སྲུང་དང་བཅས་པ་ཕལ་མོ་ཆེའི་འབྱུང་ཁུངས། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པའི་ལྗགས་བསྒྲིགས་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་འདོད་འཇོ་བུམ་བཟང་གི་གླེགས་བམ་ནི་ལོགས་སུ་བཞུགས་ལ། སྐབས་དེ་ལ་ཉེ་བར་མཁོ་བའི་ལོ་ཙཱ་ཆེན་པོ་དྷརྨ་ཤྲཱིས་གནང་བའི་འདོད་འཇོའི་ཟིན་བྲིས་དཀའ་གནད་འགྲོལ་བའི་ལྡེའུ་མིག །ཆོས་སྐྱོང་གི་སྲོག་གཏད་དང་རྗེས་གནང་གི་སྐབས་སུ་བཀའ་བསྒོའི་དཔེར་བརྗོད་གཏེར་ཆེན་རིན་པོ་ཆེའི་གསུང་བཅས་བཤམས་ཀྱི་ཟིན་ཐོ། གཏོར་མའི་དཔེའུ་རིས་བཅས་དང་། ཞར་བྱུང་གཏེར་ཆེན་རིན་པོ་ཆེའི་གསུང་ཐོར་བུ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་གཙོ་བོར་བདེན་པ་ནོར་བུའི་ཕྲེང་བ་བཅས་བཞུགས་སོ།། །། | ||
གཞན་ཡང་རིག་འཛིན་མི་འགྱུར་རྡོ་རྗེའི་གནམ་ཆོས་དང་དགོངས་གཏེར་གྱི་སྐོར། གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་གཏེར་རྩ་གསུམ་རྡོ་རྗེའི་སྙིང་པོ། བི་མ་ལའི་ཐུགས་དམ་རྒྱུད་སྡེ་བཞི། འཇམ་དཔལ་རྩ་བའི་སྐོར། སྲོང་བཙན་སྒམ་བའི་སྙན་བརྒྱུད་ཐུགས་རྗེ་ཆེན་པོ་རྣམས་ལས་སངས་རྒྱས་བྱང་སེམས་དང་། རྩ་གསུམ་ཆོས་སྲུང་དང་བཅས་པའི་སྒྲུབ་སྐོར་སྨིན་བྱེད་བཅས་རབ་འབྱམས་ཞིག་སྣང་ནའང་སོ་སོའི་དབང་ལུང་ཕྱོགས་གཅིག་ཏུ་དར་རྒྱས་སུ་བཞུགས་པ་ཤས་ཆེ་ཞིང་། རྣམ་གྲངས་མཐའ་ཡས་པའི་ཕྱིར་བསྡུ་བར་མི་ནུས་ལ། དེས་མཚོན་ཕྱིས་སུ་བྱོན་པའི་ཟབ་གཏེར་གྱི་ཇི་སྙེད་ཅིག་གི་རྒྱུན་མཆིས་ལ། དེ་དག་ཕལ་ཆེར་ཡང་ཨོ་རྒྱན་དུས་གསུམ་མཁྱེན་པས་ཡུལ་དུས་གནས་སྐབས་སྤྱི་དང་བྱེ་བྲག་ལ་དགོངས་ཏེ་གསུངས་བར་ཡིད་ཆེས་ཤིང་མོས་གུས་ཀྱི་པདྨོ་རིས་སུ་མ་ཆད་པར་རྒྱས་པར་ཉིད་ནའང་། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང་། །རྟག་ཏུ་གསར་པ་གསར་པ་འཚོལ། །ཞེས་པ་ལྟར་ཕྱི་མ་ཕྱི་མ་རྣམས་གསར་ངས་ལྟ་བུའི་རྒྱུན་གློ་བུར་བ་སྟེ་ཤ་ཆུ་བརྡོལ་བ་ལྟར་ཅུང་ཟད་རེ་འཕེལ་ཡང་རང་རྐང་ཚུགས་པ་ཆེར་མི་འབྱུང་ལ། རྒྱུ་མཚན་དེས་སྔར་ཡོངས་སུ་གྲགས་ཤིང་ཆད་མར་གྱུར་པའི་གཞུང་ཕྲན་ཕལ་ཆེར་འཇའ་ལུས་ཀྱི་གྲུབ་མཐའ་རྙོགས་ཟིན་ཅིང་ཉུང་ཟད་ཅིག་མཆིས་པའང་ནུབ་ཏུ་ཆབས་མ་བཟོད་དེ། འདིར་སྔ་འགྱུར་བཀའ་མའི་གཞུང་ཕྲན་ཇི་སྙེད་པ་དང་། གཏེར་མའི་ཕྱོགས་ལས་མཆོག་གི་སྤྲུལ་སྐུ་རྣམ་གསུམ་དང་། གླིང་པ་རྣམ་ལྔས་གཙོས་གཙོ་བོར་རིག་འཛིན་གཏེར་བདག་གླིང་པ་ཡན་ཆད་དུ་བྱོན་པའི་ཡོངས་སུ་གྲགས་ཤིང་འཁྲུལ་མེད་ཚད་ཐུབ་ཀྱི་ཟབ་གཏེར་དག་སྣང་བཅས་པའི་སྐོར་དང་། དེ་ལས་ཀྱང་ཁ་འཐོར་རྒྱུན་དཀོན་རིགས་རྣམས་གཙོ་བོར་བྱས་ཏེ་བཀོད་ལགས་ཤིང་། སླད་ནས་ཀྱང་སྔར་གྱི་བཀའ་གཏེར་རྙིང་མའི་སྐོར་རྒྱུན་དཀོན་ཤིང་ཁུངས་དང་འབྲེལ་བའི་རིགས་རྙེད་སྲིད་ནའང་བསྣན་པར་བྱ་བ་ཉིད་དོ། །སྤྱི་དོན་གཉིས་པ་ལུང་རྫོགས་པ་ཨ་ནུ་ཡོ་གའི་སྐོར་ལ། བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་ཐམས་ཅད་རིག་པ་འཛིན་པའི་སྡེ་སྣོད་ཆེན་པོའི་དངོས་དང་ཡན་ལག་ཏུ་འཆར་བའི་རྒྱལ་བའི་གསུང་རབས་མཐའ་དག་གི་མཛོད་གཅིག་པུ་འདུས་པ་མདོ་དབང་ཆེན་མོའི་སྨིན་གྲོལ་དང་གཏད་རྒྱ། རྩ་བའི་མདོ་བཞི། མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག་སོགས་རྒྱུད་སྡེ་རབ་རྒྱུད་འབུམ་དུ་པོད་གཉིས། འབྱམས་ཀྱི་རྒྱུན་བཅས་མ་ནུབ་པར་བཞུགས་ནའང་ཆོས་བཀའ་མཐའ་ཀླས་པ་ཉིད་ཀྱི་ཕྱིར་བསྡུ་བར་མ་འཚལ་བ། འདིར་ས་བཅད་རྫོགས་པའི་སླད་དུ་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལ་བརྟེན་ནས་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བས་བཀྲལ་བའི་ལུང་ཨ་ནུ་ཡོ་ག་དང་རྗེས་སུ་འབྲེལ་བའི་ཚེ་འདི་སྒྱུ་འཕྲུལ་དང་ཨ་ནུ་ཐུན་མོང་གི་ཚེ་སྒྲུབ། དཔག་མེད་ཀྱི་དབང་། དེའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར་གཏེར་ཆེན་རིན་པོ་ཆེའི་གསུང་། རྩ་རྒྱུད་ཀུན་འདུས་རིགས་པའི་ལེའུ་བཅུ་གསུམ་པའི་དངོས་བསྟན་འདུས་མདོའི་ཚེ་དབང་ཚེ་ཁྲིད་བཅས་དེའི་སྒྲུབ་དཀྱིལ་དང་དབང་ཆོག །འདུས་པ་མདོའི་ངང་བསྒོམ་ཀྱི་ཟབ་ཁྲིད་འདི་དབང་དང་འབྲེལ་བ་ཉིད་ཀྱི་ཕྱིར་ཟུར་དུ་བཀོལ་ཏེ་འགོད་པ་ལ་དགོས་པ་ཆེར་མི་སྣང་ཡང་། འཇམ་པའི་དབྱངས་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་སོགས་བསྒྲིགས་པའི་ཚུལ་ལྟར་ན་ཁྲིད་ཀྱི་ངེས་གནས་སུ་བགྲང་བར་རུང་སྙམ་དུ་བརྟག་གོ །རྣམས་ལོ་ཆེན་རིན་པོ་ཆེའི་གསུང་རབ་ལས་བྱུང་བ་བཅས་སོ། །གཏེར་མའི་ཕྱོགས་ལས་ཨ་ནུ་ཡོ་གའི་ཆོས་སྐད་རང་རྐང་ཚུགས་པའི་གཞུང་སྒོས་སུ་བཞུགས་བར་མ་མཐོང་ལ། སྤྱིར་ལྷག་པའི་ལྷ་ཕལ་མོ་ཆེའི་རྫོགས་རིམ་ཐུན་མོང་བ་རྣམས་ཨ་ནུ་དང་མཐུན་པར་གསུངས་སོ། །སྤྱི་དོན་གསུམ་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ། བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཅེས་རྣམ་པ་གསུམ་ལས། དང་པོ་ཕྱི་སེམས་སྡེའི་སྐོར་ལའང་། སློབ་དཔོན་ཆེན་པོ་བཻ་རོ་ཙཱ་ནའི་བཀའ་སྲོལ་རིམ་པ་ལྟར་གྲགས་པ་ལས་བརྒྱུད་དེ། སྒྱུས་ཉང་རྨ་གསུམ། འཁོན་ཟུར་གནུབས་གསུམ། སྐོར་རོང་ཁམས་གསུམ། སྲིའུ་དཔྱལ་སྐྱོ་གསུམ་སོགས་ཀྱི་ལུགས་སྲོལ་མཐའ་ཡས་པ་ཞིག་བྱུང་ནའང་ཕྱིས་སུ་ཉང་ལུགས་སམ་བཀའ་སྡེ་ཟུར་པའི་སྲོལ་དང་། ཁམས་ལུགས་སམ་ཨ་རོ་ལུགས་སུ་གྲགས་པ་གཉིས་གྲགས་ཆེ་བ་ལས། སྔ་མ་ལས་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་ཟབ་ཁྲིད་བཅས་བཞུགས་ཤིང་། ཕྱི་མ་སྨིན་གྲོལ་གྱི་སྐོར་རྒྱ་ཆེར་མཆིས་ཀྱང་དེང་སང་རྒྱུན་ཡོད་མེད་མ་འཚལ་ལ། གང་ལྟར་ལས་དེ་དག་གི་རྒྱབ་བརྟེན། ཀུན་བྱེད་རྒྱལ་པོའི་སྐོར། སེམས་སྨད་བཅོ་བརྒྱད་ཀྱི་སྐོར། གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱི་གཏེར་མ་གསེར་གྱི་རུས་སྦལ་སོགས་སེམས་སྡེ་སྤྱིའི་སྐོར་ཏེ་རྒྱུད་སྡེ་རབ་འབྱམས་རྒྱུད་འབུམ་དུ་པོད་གཉིས་ཙམ། ཀྱི་ལུང་དང་། བསྐྱེད་པའི་རིམ་པ་སྒྲུབ་སྡེ་བརྒྱད་དང་། རྫོགས་རིམ་སེམས་ཕྱོགས་ཀྱི་མན་ངག་མཐའ་ཐུག་པ་གཙོ་བོར་བཏོན་པའི་བཀའ་བརྒྱད་རྫོང་འཕྲང་གི་སྨིན་གྲོལ་བཅས་མ་ནུབ་པར་སྣང་བ་ལས། འདིར་སེམས་བདེ་ཉང་ལུགས་ཀྱི་ཁྲིད་ཡིག་བརྒྱུད་འདེབས་བཅས་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། སེམས་སྡེ་ཨ་རོ་ལུགས་ཀྱི་ཁྲིད་ཡིག་དཔལ་མཁའ་སྤྱོད་དབང་པོས་མཛད་པ། སེམས་སྡེ་ཐམས་ཅད་ཀྱི་རྩ་བའི་རྒྱུད་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་ཁྱད་པར་ཅན་ཀུན་མཁྱེན་ཀློང་ཆེན་པས་མཛད་པ་བཅས་བཞུགས་སོ།། །། | གཞན་ཡང་རིག་འཛིན་མི་འགྱུར་རྡོ་རྗེའི་གནམ་ཆོས་དང་དགོངས་གཏེར་གྱི་སྐོར། གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་གཏེར་རྩ་གསུམ་རྡོ་རྗེའི་སྙིང་པོ། བི་མ་ལའི་ཐུགས་དམ་རྒྱུད་སྡེ་བཞི། འཇམ་དཔལ་རྩ་བའི་སྐོར། སྲོང་བཙན་སྒམ་བའི་སྙན་བརྒྱུད་ཐུགས་རྗེ་ཆེན་པོ་རྣམས་ལས་སངས་རྒྱས་བྱང་སེམས་དང་། རྩ་གསུམ་ཆོས་སྲུང་དང་བཅས་པའི་སྒྲུབ་སྐོར་སྨིན་བྱེད་བཅས་རབ་འབྱམས་ཞིག་སྣང་ནའང་སོ་སོའི་དབང་ལུང་ཕྱོགས་གཅིག་ཏུ་དར་རྒྱས་སུ་བཞུགས་པ་ཤས་ཆེ་ཞིང་། རྣམ་གྲངས་མཐའ་ཡས་པའི་ཕྱིར་བསྡུ་བར་མི་ནུས་ལ། དེས་མཚོན་ཕྱིས་སུ་བྱོན་པའི་ཟབ་གཏེར་གྱི་ཇི་སྙེད་ཅིག་གི་རྒྱུན་མཆིས་ལ། དེ་དག་ཕལ་ཆེར་ཡང་ཨོ་རྒྱན་དུས་གསུམ་མཁྱེན་པས་ཡུལ་དུས་གནས་སྐབས་སྤྱི་དང་བྱེ་བྲག་ལ་དགོངས་ཏེ་གསུངས་བར་ཡིད་ཆེས་ཤིང་མོས་གུས་ཀྱི་པདྨོ་རིས་སུ་མ་ཆད་པར་རྒྱས་པར་ཉིད་ནའང་། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང་། །རྟག་ཏུ་གསར་པ་གསར་པ་འཚོལ། །ཞེས་པ་ལྟར་ཕྱི་མ་ཕྱི་མ་རྣམས་གསར་ངས་ལྟ་བུའི་རྒྱུན་གློ་བུར་བ་སྟེ་ཤ་ཆུ་བརྡོལ་བ་ལྟར་ཅུང་ཟད་རེ་འཕེལ་ཡང་རང་རྐང་ཚུགས་པ་ཆེར་མི་འབྱུང་ལ། རྒྱུ་མཚན་དེས་སྔར་ཡོངས་སུ་གྲགས་ཤིང་ཆད་མར་གྱུར་པའི་གཞུང་ཕྲན་ཕལ་ཆེར་འཇའ་ལུས་ཀྱི་གྲུབ་མཐའ་རྙོགས་ཟིན་ཅིང་ཉུང་ཟད་ཅིག་མཆིས་པའང་ནུབ་ཏུ་ཆབས་མ་བཟོད་དེ། འདིར་སྔ་འགྱུར་བཀའ་མའི་གཞུང་ཕྲན་ཇི་སྙེད་པ་དང་། གཏེར་མའི་ཕྱོགས་ལས་མཆོག་གི་སྤྲུལ་སྐུ་རྣམ་གསུམ་དང་། གླིང་པ་རྣམ་ལྔས་གཙོས་གཙོ་བོར་རིག་འཛིན་གཏེར་བདག་གླིང་པ་ཡན་ཆད་དུ་བྱོན་པའི་ཡོངས་སུ་གྲགས་ཤིང་འཁྲུལ་མེད་ཚད་ཐུབ་ཀྱི་ཟབ་གཏེར་དག་སྣང་བཅས་པའི་སྐོར་དང་། དེ་ལས་ཀྱང་ཁ་འཐོར་རྒྱུན་དཀོན་རིགས་རྣམས་གཙོ་བོར་བྱས་ཏེ་བཀོད་ལགས་ཤིང་། སླད་ནས་ཀྱང་སྔར་གྱི་བཀའ་གཏེར་རྙིང་མའི་སྐོར་རྒྱུན་དཀོན་ཤིང་ཁུངས་དང་འབྲེལ་བའི་རིགས་རྙེད་སྲིད་ནའང་བསྣན་པར་བྱ་བ་ཉིད་དོ། །སྤྱི་དོན་གཉིས་པ་ལུང་རྫོགས་པ་ཨ་ནུ་ཡོ་གའི་སྐོར་ལ། བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་ཐམས་ཅད་རིག་པ་འཛིན་པའི་སྡེ་སྣོད་ཆེན་པོའི་དངོས་དང་ཡན་ལག་ཏུ་འཆར་བའི་རྒྱལ་བའི་གསུང་རབས་མཐའ་དག་གི་མཛོད་གཅིག་པུ་འདུས་པ་མདོ་དབང་ཆེན་མོའི་སྨིན་གྲོལ་དང་གཏད་རྒྱ། རྩ་བའི་མདོ་བཞི། མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག་སོགས་རྒྱུད་སྡེ་རབ་རྒྱུད་འབུམ་དུ་པོད་གཉིས། འབྱམས་ཀྱི་རྒྱུན་བཅས་མ་ནུབ་པར་བཞུགས་ནའང་ཆོས་བཀའ་མཐའ་ཀླས་པ་ཉིད་ཀྱི་ཕྱིར་བསྡུ་བར་མ་འཚལ་བ། འདིར་ས་བཅད་རྫོགས་པའི་སླད་དུ་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལ་བརྟེན་ནས་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བས་བཀྲལ་བའི་ལུང་ཨ་ནུ་ཡོ་ག་དང་རྗེས་སུ་འབྲེལ་བའི་ཚེ་འདི་སྒྱུ་འཕྲུལ་དང་ཨ་ནུ་ཐུན་མོང་གི་ཚེ་སྒྲུབ། དཔག་མེད་ཀྱི་དབང་། དེའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར་གཏེར་ཆེན་རིན་པོ་ཆེའི་གསུང་། རྩ་རྒྱུད་ཀུན་འདུས་རིགས་པའི་ལེའུ་བཅུ་གསུམ་པའི་དངོས་བསྟན་འདུས་མདོའི་ཚེ་དབང་ཚེ་ཁྲིད་བཅས་དེའི་སྒྲུབ་དཀྱིལ་དང་དབང་ཆོག །འདུས་པ་མདོའི་ངང་བསྒོམ་ཀྱི་ཟབ་ཁྲིད་འདི་དབང་དང་འབྲེལ་བ་ཉིད་ཀྱི་ཕྱིར་ཟུར་དུ་བཀོལ་ཏེ་འགོད་པ་ལ་དགོས་པ་ཆེར་མི་སྣང་ཡང་། འཇམ་པའི་དབྱངས་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་སོགས་བསྒྲིགས་པའི་ཚུལ་ལྟར་ན་ཁྲིད་ཀྱི་ངེས་གནས་སུ་བགྲང་བར་རུང་སྙམ་དུ་བརྟག་གོ །རྣམས་ལོ་ཆེན་རིན་པོ་ཆེའི་གསུང་རབ་ལས་བྱུང་བ་བཅས་སོ། །གཏེར་མའི་ཕྱོགས་ལས་ཨ་ནུ་ཡོ་གའི་ཆོས་སྐད་རང་རྐང་ཚུགས་པའི་གཞུང་སྒོས་སུ་བཞུགས་བར་མ་མཐོང་ལ། སྤྱིར་ལྷག་པའི་ལྷ་ཕལ་མོ་ཆེའི་རྫོགས་རིམ་ཐུན་མོང་བ་རྣམས་ཨ་ནུ་དང་མཐུན་པར་གསུངས་སོ། །སྤྱི་དོན་གསུམ་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ། བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཅེས་རྣམ་པ་གསུམ་ལས། དང་པོ་ཕྱི་སེམས་སྡེའི་སྐོར་ལའང་། སློབ་དཔོན་ཆེན་པོ་བཻ་རོ་ཙཱ་ནའི་བཀའ་སྲོལ་རིམ་པ་ལྟར་གྲགས་པ་ལས་བརྒྱུད་དེ། སྒྱུས་ཉང་རྨ་གསུམ། འཁོན་ཟུར་གནུབས་གསུམ། སྐོར་རོང་ཁམས་གསུམ། སྲིའུ་དཔྱལ་སྐྱོ་གསུམ་སོགས་ཀྱི་ལུགས་སྲོལ་མཐའ་ཡས་པ་ཞིག་བྱུང་ནའང་ཕྱིས་སུ་ཉང་ལུགས་སམ་བཀའ་སྡེ་ཟུར་པའི་སྲོལ་དང་། ཁམས་ལུགས་སམ་ཨ་རོ་ལུགས་སུ་གྲགས་པ་གཉིས་གྲགས་ཆེ་བ་ལས། སྔ་མ་ལས་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་ཟབ་ཁྲིད་བཅས་བཞུགས་ཤིང་། ཕྱི་མ་སྨིན་གྲོལ་གྱི་སྐོར་རྒྱ་ཆེར་མཆིས་ཀྱང་དེང་སང་རྒྱུན་ཡོད་མེད་མ་འཚལ་ལ། གང་ལྟར་ལས་དེ་དག་གི་རྒྱབ་བརྟེན། ཀུན་བྱེད་རྒྱལ་པོའི་སྐོར། སེམས་སྨད་བཅོ་བརྒྱད་ཀྱི་སྐོར། གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱི་གཏེར་མ་གསེར་གྱི་རུས་སྦལ་སོགས་སེམས་སྡེ་སྤྱིའི་སྐོར་ཏེ་རྒྱུད་སྡེ་རབ་འབྱམས་རྒྱུད་འབུམ་དུ་པོད་གཉིས་ཙམ། ཀྱི་ལུང་དང་། བསྐྱེད་པའི་རིམ་པ་སྒྲུབ་སྡེ་བརྒྱད་དང་། རྫོགས་རིམ་སེམས་ཕྱོགས་ཀྱི་མན་ངག་མཐའ་ཐུག་པ་གཙོ་བོར་བཏོན་པའི་བཀའ་བརྒྱད་རྫོང་འཕྲང་གི་སྨིན་གྲོལ་བཅས་མ་ནུབ་པར་སྣང་བ་ལས། འདིར་སེམས་བདེ་ཉང་ལུགས་ཀྱི་ཁྲིད་ཡིག་བརྒྱུད་འདེབས་བཅས་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། སེམས་སྡེ་ཨ་རོ་ལུགས་ཀྱི་ཁྲིད་ཡིག་དཔལ་མཁའ་སྤྱོད་དབང་པོས་མཛད་པ། སེམས་སྡེ་ཐམས་ཅད་ཀྱི་རྩ་བའི་རྒྱུད་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་ཁྱད་པར་ཅན་ཀུན་མཁྱེན་ཀློང་ཆེན་པས་མཛད་པ་བཅས་བཞུགས་སོ།། །། | ||
གཉིས་པ་ཀློང་སྡེ་ལ། རྒྱུད་ཀློང་ཆེན་རབ་འབྱམས་སོགས། རྒྱུད་སྡེ་རབ་འབྱམས་ནི་རྒྱུད་འབུམ་དུ་བཞུགས་ལ། སྨིན་གྲོལ་མན་ངག་དང་བཅས་རང་རྐང་ཚུགས་པ་ནི་སྙན་རྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པ་ཙམ་དུ་མངོན་ཞིང་། ལམ་སྲོལ་ཟབ་མོ་འདི་ལ་བརྟེན་ནས་ལོ་ཆེན་བཻ་རོ་ནས་བརྩམས་ཏེ་པོད་གཅིག་ཙམ། བརྒྱུད་པ་བདུན་གྱི་བར་དུ་ཡེ་ཤེས་འོད་སྐུར་གཤེགས་པ་ཤ་སྟག་བྱུང་ཞིང་། དེ་ནས་ཀྱང་གྲུབ་པ་མཆོག་བརྙེས་པ་བར་མ་ཆད་པར་བྱོན་ནས་ད་ལྟའི་དུས་ཀྱང་ཉམས་མེད་པར་བཞུགས་པ་ལ། དབང་གདམས་རྒྱབ་བརྟེན་དང་བཅས་པའི་གཞུང་རྒྱ་ཆེར་མཆིས་པ་ལས། འདིར་སྨིན་བྱེད་བསྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དབང་། འདི་དེང་སང་དབང་ཆོག་རྒྱས་པའི་སྟེང་ནས་མ་གཏོགས་གཞན་མི་བཞུགས་ཀྱང་། རྒྱས་པ་ཐོབ་ནས་འབྲིང་བསྡུས་གཉིས་ཞར་ལ་ཚང་བས་བསྐུར་རུང་བ་བཞེད་སྣང་། གྲོལ་བྱེད་འོད་གསལ་ཇོ་སྲས་ཀྱི་ཁྲིད་གཞུང་རྩ་བ་དང་། ཞྭ་དམར་སྤྱན་སྔ་ཆོས་ཀྱི་གྲགས་པའི་ཁྲིད་ཡིག་སྐལ་བཟང་མིག་འབྱེད། གཏེར་ཆེན་རིན་པོ་ཆེས་མཛད་པའི་བརྒྱུད་འདེབས་བཅས་བཞུགས་སོ། །གཞན་ཡང་ཀློང་སྡེའི་སྐོར་གྱི་གདམས་ངག་གི་གནད་ཕལ་ཆེར་ཁ་རག་སྐོར་གསུམ་དང་། ལྕེ་སྒོམ་པའི་མན་ངག་སོགས་ལས་འབྱུང་བ་སྔར་དར་རྒྱས་ཆེ་བར་བྱུང་སྣང་ཡང་། དེང་སང་རྒྱུན་མེད་པར་མངོན་ལ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་ཕག་མོས་དངོས་སུ་གནང་བའི་སྙན་བརྒྱུད་གསང་སྤྱོད་རིན་པོ་ཆེའི་སྐོར་ལས། དབང་བཞི་པའི་ལམ་ཐམས་ཅད་ཀློང་སྡེའི་མན་ངག་ཇི་ལྟ་བར་གསུངས་ཏེ་སྨིན་གྲོལ་གྱི་རྒྱུན་ཡང་ལེགས་པར་བཞུགས་སོ།། །། | གཉིས་པ་ཀློང་སྡེ་ལ། རྒྱུད་ཀློང་ཆེན་རབ་འབྱམས་སོགས། རྒྱུད་སྡེ་རབ་འབྱམས་ནི་རྒྱུད་འབུམ་དུ་བཞུགས་ལ། སྨིན་གྲོལ་མན་ངག་དང་བཅས་རང་རྐང་ཚུགས་པ་ནི་སྙན་རྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པ་ཙམ་དུ་མངོན་ཞིང་། ལམ་སྲོལ་ཟབ་མོ་འདི་ལ་བརྟེན་ནས་ལོ་ཆེན་བཻ་རོ་ནས་བརྩམས་ཏེ་པོད་གཅིག་ཙམ། བརྒྱུད་པ་བདུན་གྱི་བར་དུ་ཡེ་ཤེས་འོད་སྐུར་གཤེགས་པ་ཤ་སྟག་བྱུང་ཞིང་། དེ་ནས་ཀྱང་གྲུབ་པ་མཆོག་བརྙེས་པ་བར་མ་ཆད་པར་བྱོན་ནས་ད་ལྟའི་དུས་ཀྱང་ཉམས་མེད་པར་བཞུགས་པ་ལ། དབང་གདམས་རྒྱབ་བརྟེན་དང་བཅས་པའི་གཞུང་རྒྱ་ཆེར་མཆིས་པ་ལས། འདིར་སྨིན་བྱེད་བསྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དབང་། འདི་དེང་སང་དབང་ཆོག་རྒྱས་པའི་སྟེང་ནས་མ་གཏོགས་གཞན་མི་བཞུགས་ཀྱང་། རྒྱས་པ་ཐོབ་ནས་འབྲིང་བསྡུས་གཉིས་ཞར་ལ་ཚང་བས་བསྐུར་རུང་བ་བཞེད་སྣང་། གྲོལ་བྱེད་འོད་གསལ་ཇོ་སྲས་ཀྱི་ཁྲིད་གཞུང་རྩ་བ་དང་། ཞྭ་དམར་སྤྱན་སྔ་ཆོས་ཀྱི་གྲགས་པའི་ཁྲིད་ཡིག་སྐལ་བཟང་མིག་འབྱེད། གཏེར་ཆེན་རིན་པོ་ཆེས་མཛད་པའི་བརྒྱུད་འདེབས་བཅས་བཞུགས་སོ། །གཞན་ཡང་ཀློང་སྡེའི་སྐོར་གྱི་གདམས་ངག་གི་གནད་ཕལ་ཆེར་ཁ་རག་སྐོར་གསུམ་དང་། ལྕེ་སྒོམ་པའི་མན་ངག་སོགས་ལས་འབྱུང་བ་སྔར་དར་རྒྱས་ཆེ་བར་བྱུང་སྣང་ཡང་། དེང་སང་རྒྱུན་མེད་པར་མངོན་ལ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་ཕག་མོས་དངོས་སུ་གནང་བའི་སྙན་བརྒྱུད་གསང་སྤྱོད་རིན་པོ་ཆེའི་སྐོར་ལས། དབང་བཞི་པའི་ལམ་ཐམས་ཅད་ཀློང་སྡེའི་མན་ངག་ཇི་ལྟ་བར་གསུངས་ཏེ་སྨིན་གྲོལ་གྱི་རྒྱུན་ཡང་ལེགས་པར་བཞུགས་སོ།། །། | ||
གསུམ་པ་གསང་བ་མན་ངག་གི་སྡེ་ལ། སྤྱིར་གྲུབ་ཆེན་དམ་པ་སངས་རྒྱས་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་རྫོགས་ཆེན་གྱི་སྐོར་དང་། རྗེ་བཙུན་མི་ལས་ཀྱང་རྫོགས་ཆེན་གྱི་གདམས་སྐོར་ཟབ་གཏེར་ནས་བཞེས་པར་གྲགས་ཤིང་། ཞང་གཡུ་བྲག་པའི་ཐུགས་བཅུད་རྫོགས་པ་ཆེན་པོ་དང་། གྲུབ་ཆེན་པཀྴིའི་དགོངས་པའི་གཏེར་མཛོད་ལས་བརྡོལ་བའི་རྫོགས་པ་ཆེན་པོའི་གདམས་པ་སོགས་རྒྱ་ཆེར་བྱུང་སྣང་ནའང་དེང་སང་རྒྱུན་མི་བཞུགས་པས་སྡེ་གསུམ་གང་ཡིན་སོགས་གསལ་བར་མ་འཚལ་མོད། གཙོ་བོར་སེམས་སྡེ་དང་མན་ངག་སྡེའི་ཕྱི་ནང་གི་སྐོར་དུ་གཏོགས་པར་སེམས། གང་ལྟར་ཡང་ཕྱི་ནང་ཐུན་མོང་དང་། གསང་སྐོར་དང་། ཡང་གསང་གི་སྐོར་དང་བཅས་པའི་རྒྱུད་སྡེ་རྒྱ་མཚོ་ནི་རྒྱུད་འབུམ་པོད་གཉིས་ལྷག །རིན་པོ་ཆེར་བཞུགས་ལ། འདིར་གསང་སྐོར་དང་། ཡང་གསང་གི་སྐོར་ལ་བཀའ་གཏེར་གཉིས་ལས། དང་པོ་གསང་སྐོར་བཀའ་མ་གཙོ་བོར་སྟོན་པ་ལ། སྙན་རྒྱུད་ཐིག་ལེ་གསང་སྐོར་གྱི་གཏོར་དབང་། དེའི་མཆོག་གསང་ལམ་ཁྲིད་དང་། ཉམས་ལེན་ལག་ཁྲིད་ཀུན་མཁྱེན་ཆེན་པོས་མཛད་པ་བཅས་སོ།། །། | གསུམ་པ་གསང་བ་མན་ངག་གི་སྡེ་ལ། སྤྱིར་གྲུབ་ཆེན་དམ་པ་སངས་རྒྱས་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་རྫོགས་ཆེན་གྱི་སྐོར་དང་། རྗེ་བཙུན་མི་ལས་ཀྱང་རྫོགས་ཆེན་གྱི་གདམས་སྐོར་ཟབ་གཏེར་ནས་བཞེས་པར་གྲགས་ཤིང་། ཞང་གཡུ་བྲག་པའི་ཐུགས་བཅུད་རྫོགས་པ་ཆེན་པོ་དང་། གྲུབ་ཆེན་པཀྴིའི་དགོངས་པའི་གཏེར་མཛོད་ལས་བརྡོལ་བའི་རྫོགས་པ་ཆེན་པོའི་གདམས་པ་སོགས་རྒྱ་ཆེར་བྱུང་སྣང་ནའང་དེང་སང་རྒྱུན་མི་བཞུགས་པས་སྡེ་གསུམ་གང་ཡིན་སོགས་གསལ་བར་མ་འཚལ་མོད། གཙོ་བོར་སེམས་སྡེ་དང་མན་ངག་སྡེའི་ཕྱི་ནང་གི་སྐོར་དུ་གཏོགས་པར་སེམས། གང་ལྟར་ཡང་ཕྱི་ནང་ཐུན་མོང་དང་། གསང་སྐོར་དང་། ཡང་གསང་གི་སྐོར་དང་བཅས་པའི་རྒྱུད་སྡེ་རྒྱ་མཚོ་ནི་རྒྱུད་འབུམ་པོད་གཉིས་ལྷག །རིན་པོ་ཆེར་བཞུགས་ལ། འདིར་གསང་སྐོར་དང་། ཡང་གསང་གི་སྐོར་ལ་བཀའ་གཏེར་གཉིས་ལས། དང་པོ་གསང་སྐོར་བཀའ་མ་གཙོ་བོར་སྟོན་པ་ལ། སྙན་རྒྱུད་ཐིག་ལེ་གསང་སྐོར་གྱི་གཏོར་དབང་། དེའི་མཆོག་གསང་ལམ་ཁྲིད་དང་། ཉམས་ལེན་ལག་ཁྲིད་ཀུན་མཁྱེན་ཆེན་པོས་མཛད་པ་བཅས་སོ།། །། | ||
གཉིས་པ་ཡང་གསང་གཏེར་མའི་སྐོར་ལ་གསུམ། ཨ་ཏི། སྤྱི་ཏི། ཡང་ཏི་སྟེ་སྙིང་ཏིག་སྐོར་གསུམ་དུ་གྲགས་པའོ། །དང་པོ་ཨ་ཏི་ཡོ་ག་མན་ངག་སྙིང་ཏིག་གི་སྐོར་ལའང་བཞི་ལས། དབང་སློབ་དཔོན་ཆེན་པོ་བི་མ་ལའི་བཀའ་སྲོལ་ནི། གཙོ་བོར་བི་མའི་རྣམ་འཕྲུལ་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །མནར་མདའི་ལྕེ་སྒོམ་ནག་པོ། ཞང་སྟོན་བཀྲ་ཤིས་རྡོ་རྗེ་རྣམས་ཀྱི་ཟབ་གཏེར་སློབ་དཔོན་བི་མ་ལའི་སྙིང་ཏིག་ཆེན་མོ། རྒྱུད་བཅུ་བདུན་ཁྲོས་མ་དང་བཅས་པའི་དབང་བསྐུར་བཀའ་རྒྱ་མ། ཀུན་མཁྱེན་ཀློང་ཆེན་པའི་དགོངས་གཏེར་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་དང་། སློབ་དཔོན་རྣམ་གཉིས་ཀྱི་དགོངས་བཅུད་གཅིག་ཏུ་འདྲིལ་བ་ལས་ཀྱང་བི་མའི་བཀའ་སྲོལ་གཙོ་བོར་བཏོན་པ་ཟབ་མོ་ཡང་ཏིག་བཅས། གཞན་ཡང་གྲུབ་ཆེན་མེ་ལོང་རྡོ་རྗེའི་ཟབ་གཏེར་བི་མའི་གོང་ཁུག་མ། རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེ་ལ་བི་མ་ལས་དངོས་སུ་བསྩལ་བའི་ཀརྨ་སྙིང་ཏིག །རིག་འཛིན་ཞིག་པོ་གླིང་པའི་ཟབ་གཏེར་གསང་བ་སྙིང་ཏིག །ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་འོད་གསལ་རྡོ་རྗེ་སྙིང་པོ་སྤྲིན་གྱི་ཐོལ་གླུ་སོགས་ཅི་རིགས་པར་སྣང་བ་ལས། སྙིང་ཏིག་ཆེན་མོ་མ་བུ་རྣམ་གསུམ། རྒྱུད་བཅུ་བདུན་གྱི་དབང་། ཀརྨ་སྙིང་ཏིག །རྡོ་རྗེ་སྙིང་པོ་རྣམས་ཀྱི་རྒྱུན་མ་ནུབ་པར་བཞུགས་ནའང་སྨིན་གྲོལ་རྒྱ་ཆེ་བའི་ཕྱིར་འདིར་བསྡུ་མ་འཚལ་བས། མཚོ་རྒྱལ་གྱི་རྣམ་འཕྲུལ་རྗེ་བཙུན་རིན་པོ་ཆེ་མི་འགྱུར་དཔལ་སྒྲོན་གྱིས་མཛད་པའི་སྙིང་ཐིག་མ་བུའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་ཙམ་ལུང་རྒྱུན་ལ་བསམས་ཏེ་བཞུགས་སོ།། །། | གཉིས་པ་ཡང་གསང་གཏེར་མའི་སྐོར་ལ་གསུམ། ཨ་ཏི། སྤྱི་ཏི། ཡང་ཏི་སྟེ་སྙིང་ཏིག་སྐོར་གསུམ་དུ་གྲགས་པའོ། །དང་པོ་ཨ་ཏི་ཡོ་ག་མན་ངག་སྙིང་ཏིག་གི་སྐོར་ལའང་བཞི་ལས། དབང་སློབ་དཔོན་ཆེན་པོ་བི་མ་ལའི་བཀའ་སྲོལ་ནི། གཙོ་བོར་བི་མའི་རྣམ་འཕྲུལ་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །མནར་མདའི་ལྕེ་སྒོམ་ནག་པོ། ཞང་སྟོན་བཀྲ་ཤིས་རྡོ་རྗེ་རྣམས་ཀྱི་ཟབ་གཏེར་སློབ་དཔོན་བི་མ་ལའི་སྙིང་ཏིག་ཆེན་མོ། རྒྱུད་བཅུ་བདུན་ཁྲོས་མ་དང་བཅས་པའི་དབང་བསྐུར་བཀའ་རྒྱ་མ། ཀུན་མཁྱེན་ཀློང་ཆེན་པའི་དགོངས་གཏེར་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་དང་། སློབ་དཔོན་རྣམ་གཉིས་ཀྱི་དགོངས་བཅུད་གཅིག་ཏུ་འདྲིལ་བ་ལས་ཀྱང་བི་མའི་བཀའ་སྲོལ་གཙོ་བོར་བཏོན་པ་ཟབ་མོ་ཡང་ཏིག་བཅས། གཞན་ཡང་གྲུབ་ཆེན་མེ་ལོང་རྡོ་རྗེའི་ཟབ་གཏེར་བི་མའི་གོང་ཁུག་མ། རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེ་ལ་བི་མ་ལས་དངོས་སུ་བསྩལ་བའི་ཀརྨ་སྙིང་ཏིག །རིག་འཛིན་ཞིག་པོ་གླིང་པའི་ཟབ་གཏེར་གསང་བ་སྙིང་ཏིག །ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་འོད་གསལ་རྡོ་རྗེ་སྙིང་པོ་སྤྲིན་གྱི་ཐོལ་གླུ་སོགས་ཅི་རིགས་པར་སྣང་བ་ལས། སྙིང་ཏིག་ཆེན་མོ་མ་བུ་རྣམ་གསུམ། རྒྱུད་བཅུ་བདུན་གྱི་དབང་། ཀརྨ་སྙིང་ཏིག །རྡོ་རྗེ་སྙིང་པོ་རྣམས་ཀྱི་རྒྱུན་མ་ནུབ་པར་བཞུགས་ནའང་སྨིན་གྲོལ་རྒྱ་ཆེ་བའི་ཕྱིར་འདིར་བསྡུ་མ་འཚལ་བས། མཚོ་རྒྱལ་གྱི་རྣམ་འཕྲུལ་རྗེ་བཙུན་རིན་པོ་ཆེ་མི་འགྱུར་དཔལ་སྒྲོན་གྱིས་མཛད་པའི་སྙིང་ཐིག་མ་བུའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་ཙམ་ལུང་རྒྱུན་ལ་བསམས་ཏེ་བཞུགས་སོ།། །། | ||
གཉིས་པ་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ལ། གཙོ་བོར་པདྨ་ལས་འབྲེལ་གྱི་ཟབ་གཏེར་མཁའ་འགྲོ་སྙིང་ཏིག་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དགོངས་གཏེར་མཁའ་འགྲོ་ཡང་ཏིག །གཞན་ཡང་སངས་གླིང་དགོངས་པ་འདུས་པའི་རྫོགས་ཆེན་གསེར་ཞུན། རཏྣའི་ཀློང་གསལ་སྙིང་ཏིག །པད་གླིང་གི་ཕ་རྒྱུད་ཀུན་བཟང་དགོངས་འདུས། མ་རྒྱུད་ཀློང་གསལ་སྙིང་བཅུད། གཉིས་མེད་རྒྱུད་བུ་ཆུང་། བྱང་གཏེར་ཀ་དག་རང་བྱུང་རང་ཤར། རྡོ་རྗེ་གླིང་པའི་ལྟ་བ་ཀློང་ཡངས། ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཏིག །བདུད་འདུལ་སྤྲུལ་སྐུའི་སྙིང་ཏིག །གནམ་ཆོས་སངས་རྒྱས་ལག་བཅངས། ཀློང་གསལ་རྡོ་རྗེ་སྙིང་པོ། གར་དབང་ཟླ་བ་རྒྱལ་མཚན་གྱི་རྡོར་སེམས་ཐུགས་ཀྱི་མེ་ལོང་། སྟག་ཤམ་བསམ་གླིང་པའི་རྡོར་སེམས་དང་། པདྨ་སྙིང་ཏིག །སྙིང་པོ་དོན་སྦྱོར། རོལ་པའི་རྡོ་རྗེ་རྫོགས་ཆེན་གསང་བ་ཡེ་ཤེས། པདྨ་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཏིག་སོགས་ཟབ་གཏེར་ཕལ་མོ་ཆེའི་རྫོགས་ཆེན་གྱི་སྐོར་ཐམས་ཅད་དང་། འབྲུག་པ་རྒྱལ་དབང་རྗེ་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་རྫོགས་ཆེན་པདྨ་སྙིང་ཏིག་ཏུ་གྲགས་པ་སོགས་ཇི་སྙེད་ཅིག་བྱུང་ཞིང་གོང་དུ་སྨོས་པ་དེ་ཐམས་ཅད་ཀྱི་སྨིན་གྲོལ་གྱི་རྒྱུན་ཅི་རིགས་པ་དེང་སང་གི་བར་དུའང་མ་ནུབ་པར་བཞུགས་པ་ལས། འདིར་རིག་འཛིན་ཆོས་རྗེ་གླིང་པའི་ཟབ་གཏེར་རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁྲིད། ཁྲིད་ཡིག་གིས་མཚོན་ཡིག་ཆ་ཉེར་མཁོ་བཅས་པ་བཞུགས་སོ།། །། | གཉིས་པ་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ལ། གཙོ་བོར་པདྨ་ལས་འབྲེལ་གྱི་ཟབ་གཏེར་མཁའ་འགྲོ་སྙིང་ཏིག་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དགོངས་གཏེར་མཁའ་འགྲོ་ཡང་ཏིག །གཞན་ཡང་སངས་གླིང་དགོངས་པ་འདུས་པའི་རྫོགས་ཆེན་གསེར་ཞུན། རཏྣའི་ཀློང་གསལ་སྙིང་ཏིག །པད་གླིང་གི་ཕ་རྒྱུད་ཀུན་བཟང་དགོངས་འདུས། མ་རྒྱུད་ཀློང་གསལ་སྙིང་བཅུད། གཉིས་མེད་རྒྱུད་བུ་ཆུང་། བྱང་གཏེར་ཀ་དག་རང་བྱུང་རང་ཤར། རྡོ་རྗེ་གླིང་པའི་ལྟ་བ་ཀློང་ཡངས། ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཏིག །བདུད་འདུལ་སྤྲུལ་སྐུའི་སྙིང་ཏིག །གནམ་ཆོས་སངས་རྒྱས་ལག་བཅངས། ཀློང་གསལ་རྡོ་རྗེ་སྙིང་པོ། གར་དབང་ཟླ་བ་རྒྱལ་མཚན་གྱི་རྡོར་སེམས་ཐུགས་ཀྱི་མེ་ལོང་། སྟག་ཤམ་བསམ་གླིང་པའི་རྡོར་སེམས་དང་། པདྨ་སྙིང་ཏིག །སྙིང་པོ་དོན་སྦྱོར། རོལ་པའི་རྡོ་རྗེ་རྫོགས་ཆེན་གསང་བ་ཡེ་ཤེས། པདྨ་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཏིག་སོགས་ཟབ་གཏེར་ཕལ་མོ་ཆེའི་རྫོགས་ཆེན་གྱི་སྐོར་ཐམས་ཅད་དང་། འབྲུག་པ་རྒྱལ་དབང་རྗེ་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་རྫོགས་ཆེན་པདྨ་སྙིང་ཏིག་ཏུ་གྲགས་པ་སོགས་ཇི་སྙེད་ཅིག་བྱུང་ཞིང་གོང་དུ་སྨོས་པ་དེ་ཐམས་ཅད་ཀྱི་སྨིན་གྲོལ་གྱི་རྒྱུན་ཅི་རིགས་པ་དེང་སང་གི་བར་དུའང་མ་ནུབ་པར་བཞུགས་པ་ལས། འདིར་རིག་འཛིན་ཆོས་རྗེ་གླིང་པའི་ཟབ་གཏེར་རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁྲིད། ཁྲིད་ཡིག་གིས་མཚོན་ཡིག་ཆ་ཉེར་མཁོ་བཅས་པ་བཞུགས་སོ།། །། | ||
Line 77: | Line 114: | ||
གཉིས་པ་སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་ནི། གཙོ་བོར་བྱང་གཏེར་ཀུན་བཟང་དགོངས་པ་ཟངས་ཐལ་ཉིད་ཡིན་ལ། དབང་ཁྲིད་རྒྱབ་བརྟེན་དང་བཅས་མ་ནུབ་པར་བཞུགས་ཀྱང་ཆོས་བཀའ་འབྱམས་ཀླས་པའི་ཕྱིར་བསྡུ་བར་མ་འཚལ་བས། འདིར་རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་སློབ་དཔོན་རྣམ་གསུམ་གྱི་དགོངས་བཅུད་ཨ་ཏི་ཟབ་དོན་སྙིང་པོའི་རིགས་པའི་རྩལ་དབང་། ཁྲིད། དབང་ཁྲིད་ཀྱི་ཡིག་ཆ་བཅས་བཞུགས་སོ།། །། | གཉིས་པ་སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་ནི། གཙོ་བོར་བྱང་གཏེར་ཀུན་བཟང་དགོངས་པ་ཟངས་ཐལ་ཉིད་ཡིན་ལ། དབང་ཁྲིད་རྒྱབ་བརྟེན་དང་བཅས་མ་ནུབ་པར་བཞུགས་ཀྱང་ཆོས་བཀའ་འབྱམས་ཀླས་པའི་ཕྱིར་བསྡུ་བར་མ་འཚལ་བས། འདིར་རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་སློབ་དཔོན་རྣམ་གསུམ་གྱི་དགོངས་བཅུད་ཨ་ཏི་ཟབ་དོན་སྙིང་པོའི་རིགས་པའི་རྩལ་དབང་། ཁྲིད། དབང་ཁྲིད་ཀྱི་ཡིག་ཆ་བཅས་བཞུགས་སོ།། །། | ||
གཉིས་པ་སྤྱི་ཏི་མན་ངག་སྡེ་སྤྱིའི་རྒྱུད་སྤྱི་ཏི་དང་། ཡང་གསང་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་སྟོན་པ་ཡང་ཏི་ཞེས་སྒྲ་བཤད་མཛད་ཅིང་། སྤྱིར་གཏེར་མའི་ཕྱོགས་ལ་གྲགས་ཆེ་བར་སྣང་ངོ་། །ཡོ་གའི་སྐོར་ལ། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་སོགས་བཀའ་མ་དང་། ཉང་གཏེར་ཟུང་དུ་འབྲེལ་བའི་རྒྱུད་སྡེ་བཅུ་དྲུག་ཙམ་གྱི་རྒྱུན་རྒྱུད་པོད་ཕྱེད། འབུམ་རིན་པོ་ཆེར་བཞུགས་ནའང་། དེ་རྣམས་དང་འབྲེལ་བའི་སྨིན་གྲོལ་གྱི་གདམས་པ་ཇི་ལྟར་བྱུང་མ་འཚལ་ལ། འདིར་རིག་འཛིན་བསྟན་གཉིས་གླིང་པའི་ཐུགས་སྲས་སྣང་བཞི་མཐར་ཕྱིན། སྤ་གྲོ་པ་ཚེ་རིང་རྡོ་རྗེའི་ཟབ་གཏེར་ཟབ་མོ་སྤྱི་ཏེའི་དབང་བཞི། ཆོས་སྐོར་ཡོངས་རྫོགས་བཅས་བཞུགས།། །། | གཉིས་པ་སྤྱི་ཏི་མན་ངག་སྡེ་སྤྱིའི་རྒྱུད་སྤྱི་ཏི་དང་། ཡང་གསང་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་སྟོན་པ་ཡང་ཏི་ཞེས་སྒྲ་བཤད་མཛད་ཅིང་། སྤྱིར་གཏེར་མའི་ཕྱོགས་ལ་གྲགས་ཆེ་བར་སྣང་ངོ་། །ཡོ་གའི་སྐོར་ལ། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་སོགས་བཀའ་མ་དང་། ཉང་གཏེར་ཟུང་དུ་འབྲེལ་བའི་རྒྱུད་སྡེ་བཅུ་དྲུག་ཙམ་གྱི་རྒྱུན་རྒྱུད་པོད་ཕྱེད། འབུམ་རིན་པོ་ཆེར་བཞུགས་ནའང་། དེ་རྣམས་དང་འབྲེལ་བའི་སྨིན་གྲོལ་གྱི་གདམས་པ་ཇི་ལྟར་བྱུང་མ་འཚལ་ལ། འདིར་རིག་འཛིན་བསྟན་གཉིས་གླིང་པའི་ཐུགས་སྲས་སྣང་བཞི་མཐར་ཕྱིན། སྤ་གྲོ་པ་ཚེ་རིང་རྡོ་རྗེའི་ཟབ་གཏེར་ཟབ་མོ་སྤྱི་ཏེའི་དབང་བཞི། ཆོས་སྐོར་ཡོངས་རྫོགས་བཅས་བཞུགས།། །། | ||
གསུམ་པ་ཡང་ཏི་ཡོ་གའི་སྐོར་ལ། ཉང་གཏེར་ཉི་ཟླ་འབར་བའི་རྒྱུད། ཆོས་དབང་རིན་པོ་ཆེའི་སྤྲོས་བྲལ་དོན་གསལ་ཆེན་མོ། སྙེ་མོ་ཞུ་ཡས་ཀྱི་འདི་རྣམས་དམིགས་བསལ་སྨོས་པའི་རྒྱུ་མཚན་གཏེར་སྟོན་བརྒྱ་རྩ་སོགས་ཀྱི་གྲངས་འདྲེན་པའི་ཚེ་མཚན་ངེས་པའི་ཕྱིར་རོ། །གཏེར་མ་ཉི་ཟླ་འོད་འབར། འབྲོམ་རིན་ཆེན་འབར་བའི་གཏེར་མ་ནམ་མཁའ་ཀློང་ཡངས་དང་། མཐར་ཕྱིན་འབྲས་བུ་སོགས་རྒྱུད་སྡེ་ཇི་སྙེད་པ་ནི་རྒྱུད་འབུམ་དུ་བཞུགས་ལ། པོད་ཕྱེད་གཉིས་ཙམ། འདིར་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཀུན་གྱི་སྙིང་པོ་ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་སྨིན་གྲོལ་རྒྱ་ཆེར་བཞུགས་པ་ལས། སྤྱི་ཏི་དང་ཐུན་མོང་བའི་རྩལ་དབང་ཆེན་མོ་དང་། ཡང་ཏི་ཐུན་མོང་མ་ཡིན་པར་རིགས་རྩལ་གྱི་དབང་། འཁྲིད་ཆེན་བརྒྱད་ཀྱི་སྙིང་པོ་དྲིལ་བའི་འཁྲིད། ཡིག་ཆ་ཉེར་མཁོའི་སྐོར་བཅས་བཞུགས་ཤིང་། གཞན་ཡང་དུང་མཚོ་རས་པའི་ཟབ་གཏེར་ཡང་ཏི་ནག་པོ་དང་། བསྟན་གཉིས་གླིང་པའི་ཡང་ཏིག་ཡེ་ཤེས་མཐོང་གྲོལ་སོགས་ཀྱི་རྒྱུན་ཡང་ཅི་རིགས་པར་བཞུགས་སྣང་བ་འདིར་འདུའོ། །ཞར་བྱུང་ཡོ་ག་གསུམ་གྱི་སྙིང་པོ་གཅིག་ཏུ་འདྲིལ་བ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་བཀའ་མ་གཉགས་གནུབས་ཟུར་གསུམ་ལས་འོངས་པ་དང་། གཏེར་མ་ཉང་ཆོས་དབང་། རྡོ་རྗེ་གླིང་པ་བཅས་ཀྱི་ཟབ་གཏེར་ལས་མཐུན་པར་འབྱུང་བའི་གསང་སྔགས་འདི་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་དང་། རྡོར་གླིང་གི་གཏེར་ཁ་ལ་སྨིན་གྲོལ་གཉིས་ཀ་རྒྱས་པར་ཡོད་སྣང་བས་རྒྱུན་རྙེད་ན་འཛུད། ལམ་རིམ་རིན་ཆེན་གསལ་བའི་སྒྲོན་མའི་གཞུང་། དེའི་རྫོགས་རིམ་ཟབ་མོའི་འཁྲིད་ཡིག་བརྒྱུད་འདེབས་དང་བཅས་པ། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་བདུན་མ་དང་། འདི་ལ་ངོ་སྤྲོད་སོགས་ཆོས་ཚན་དྲུག་ཡོད་པར་སླར་རྒྱུན་རྙེད་ན་ངེས་པར་འཛུད། ཇོ་མོ་ཤེས་སྒྲོན་གྱི་རྣམ་འཕྲུལ་སར་བན་ཕྱོགས་མེད་ཀྱི་གཏེར་ཁ་ལས་མཐུན་པར་འབྱུང་བའི་འཇམ་དཔལ་རྫོགས་ཆེན་རྒྱུད་ཀྱི་ཡང་སྙིང་། ཐ་མར་དགེ་བ་རྟེན་འབྲེལ་གྱི་སླད་དུ་བྲམ་པ་གྲུབ་ཆེན་ཀུན་དགའ་བཟང་པོའི་ཟབ་གཏེར་དཔལ་ལྡན་རྔོག་པའི་བཀའ་བརྒྱུད་པ་ལ་བཀའ་བབས་པའི་གྲུབ་ཆེན་ཡབ་བརྒྱད་ཀྱི་དགོངས་བཅུད་ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་བརྒྱུད་འདེབས་ཁྲིད་ཡིག་དང་བཅས་པ་ས་གསུམ་ན་ཡོངས་སུ་གྲགས་ཤིང་ཕྲིན་ལས་ཕྱོགས་བཅུར་རྒྱས་པ་འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གི་གསུང་ལས་བྱུང་བ་བཅས་ཀྱིས་ལེགས་པར་གྲུབ་བོ། །དེ་རྣམས་ལས་བསྙེན་སྒྲུབ་སོགས་ཀྱི་རྒྱུན་ལེགས་པར་བཞུགས་ཤིང་ཆོས་སྐོར་ཉེར་མཁོ་ཚང་བ་བཅས་ལག་ཏུ་བླང་བྱའི་སྙིང་པོར་གྱུར་པ་གང་ཞེ་ན། སྤྱིར་ཇི་སྐད་བཤད་པ་ཕལ་ཆེར་ལག་ལེན་ཉམས་བཞེས་ཀྱི་རྒྱུན་ཅི་རིགས་པ་མཆིས་ནའང་། འདིར་གཙོ་བོར་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང་། ཞི་ཁྲོ་དགོངས་པ་རང་འགྲོལ། བླ་མ་གསང་བ་འདུས་པ། དགོངས་པ་འདུས་པ། དཀོན་མཆོག་སྤྱི་འདུས། ཡོན་ཏན་གཏེར་མཛོད། བྱང་གཏེར་ལམ་ཟབ་དང་། བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས། བྱང་པའི་སྐུ་གསུམ་རིགས་འདུས། ཉང་གི་བྲག་དམར། ཀརྨ་གུ་རུ། བཀའ་བརྒྱད་བདེར་འདུས། འཇམ་དཔལ་དཀར་པོ་དང་། སྨྲ་སེང་། དབྱངས་ཅན་དཀར་མོ། གཤིན་རྗེ་ཡང་ཟློག་དང་། འཇམ་དཔལ་ནག་པོ། ནཱ་ག་རཀྴ། ཚེ་དཔག་མེད་ལྕགས་སྡོང་མ། ཚེ་རྟ་ཟུང་འབྲེལ། གར་དབང་ཚེ་དཔག་མེད། རྩ་གསུམ་དྲིལ་སྒྲུབ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས། རྒྱལ་བ་རྒྱ་མཚོ་འཁོར་བ་དོང་སྤྲུགས། རྟ་མགྲིན་ཉང་གཏེར་ལྕགས་རལ་ཅན། སྐྱེར་སྒང་ལུགས། ཆོས་དབང་ཡང་དག །ཕྱག་རྡོར་གཏུམ་པོ་དང་། དྲེགས་འདུལ། བདུད་རྩི་བུམ་པ། ཕུར་པ་སྤུ་གྲི། སེང་གདོང་མ་བཀའ་གཏེར་ཟུང་འཇུག །ཆོས་དབང་ལོཀྟྲི། ཉང་གཏེར་ཁྲོས་ནག །ཆོས་སྐྱོང་གི་སྐོར་ལས་བྱང་དངོས་གྲུབ་རོལ་མཚོར་བཞུགས་པ་རྣམས། གཙོ་བོར་གྱུར་པ། ལས་ཀྱི་ལྷ་བྱང་གཏེར་ཁྱུང་ནག །རྣམ་འཇོམས་མཐིང་ནག །དམ་གྲིབ་ཉེས་པ་ཀུན་སེལ། བི་མའི་གདུགས་དཀར། གྲྭ་པ་དང་ཆོས་གླིང་ཛམ་དམར་བཅས་དང་། ལས་རབ་འབྱམས་ཕལ་ཆེར་ཕྱག་ལེན་ཅན་ཁོ་ནར་སྣང་ནའང་འདིར་རེ་རེ་ནས་ཡི་གེ་མང་གིས་དོགས་པས་མ་བྲིས་ལ། རྫོགས་རིམ་གོང་གི་ཡི་དམ་སོ་སོ་དང་འབྲེལ་བའི་རིགས་རྣམས་དང་། ཛཱ་བིར་རིགས་གསུམ་ཅོང་ཞིའི་བཅུད་ལེན་དང་བཅས་པ། སྲོག་སྒྲུབ་ཕག་མོའི་གཏུམ་མོ་དང་། གཅོད་ཡུལ་མ་གཅིག་ལུགས་ཀྱི་གཅོད་ཁྲིད། འཕོ་བ་འཇའ་ཚུགས་མ། རིག་འཛིན་ཚེ་དབང་ནོར་བུའི་ཚེ་དཔག་མེད་སྐུ་གསུམ་ལམ་རིམ་དང་། ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཀུན་འདུས། རྫོགས་པ་ཆེན་པོ་སེམས་སྡེ་ཉང་ལུགས། ཀློང་གསལ་རྡོ་རྗེ་ཟམ་པ། མན་ངག་སྡེ་རྡོ་རྗེའི་སྲོག་སྒྲུབ། ཨ་ཏི་ཟབ་དོན། ཡང་ཏི་སངས་རྒྱས་མཉམ་སྦྱོར་རྣམས་གལ་པོ་ཆེ་ཡིན་ནོ། །དེ་ལས་ཀྱང་རྡོར་སེམས་དང་ཞི་ཁྲོ་ཆོས་དབང་གསང་འདུས། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས། རྫོགས་ཆེན་མཉམ་སྦྱོར་ཏེ་བླ་རྫོགས་ཐུགས་གསུམ། བཀའ་དགོངས་ཕུར་པ་ཉང་གཏེར་ཁྲོས་ནག་རྣམས་གལ་ཆེ་བས་ཉམས་ལེན་སྙིང་པོར་བྱ་བར་རིགས་ཤིང་། ལས་ཀྱི་ཚོགས་ནི་ཕན་བྱེད་ཀྱི་སྐོར་རྣམས་རང་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་བསྙེན་སྒྲུབ་སྤྱི་དང་བྱེ་བྲག་ཐེམ་ནས་སྐབས་དང་འབྲེལ་བར་བརྩམས་པར་བྱ་བ་དང་ནོར་སྒྲུབ་དང་དབང་སྡུད་སོགས་རང་འདོད་ཀྱི་འཁྲིས་མེད་པར་བསྟན་འགྲོ་སྤྱི་ལ་ཕན་པའི་དོན་དུ་སྦྱར་རིགས་ལ། མངོན་སྤྱོད་ཀྱི་བསད་མནན་སོགས་ནི་རྟོགས་པས་བདག་རྒྱུད་གྲོལ་ཞིང་། སྙིང་རྗེས་གཞན་རྒྱུད་འདྲེན་ནུས་པ་དང་། བསྟན་པ་དང་སེམས་ཅན་ལ་ཕན་པ་རླབས་པོ་ཆེའི་གནས་མཐོང་ན་མ་གཏོགས་ནམ་དུ་ཡང་བརྩམས་པར་བྱ་བ་མ་ཡིན་ནོ། །ཡང་ཆོས་སྐྱོང་མགོན་པོའི་སྐོར་ལས། ཏྲཀྴད་གནུབས་ལུགས་དྭགས་པོ་རིན་པོ་ཆེ་ལས་བརྒྱུད་པ་དང་། ཏྲཀྴད་མ། མ་ནིང་མ། སྤྱི་ལ་ལྷ་དགའ་རབ་ཀྱི་ཟབ་གཏེར་གཉོས་ལོ་ཙཱ་བ་ལ་བཀའ་བབས་པའི་ཏྲཀྴད་ཤྭ་ནའི་ཞལ་ཅན། འཁོན་ས་སྐྱ་པའི་ཡབ་ཆོས་རྙིང་མ་གུར་མགོན་ཕུར་ཞབས་མ། ཕུར་སྲུང་དཀར་བདུད་ལྕམ་དྲལ་རྣམས་ཀྱི་སྒྲུབ་རྗེས་ཙམ་རྗེ་བཙུན་ཀུན་དགའ་སྙིང་པོའི་སྒྲུབ་ཐབས་རིན་འབྱུང་ལས་འབྱུང་བ་དང་། དཔལ་ས་སྐྱ་པའི་མགོན་པོ་མེ་འབར་མའི་ཆོས་སྡེ་རྒྱ་སྟོན་པདྨ་དབང་ཕྱུག་གི་ཟབ་གཏེར་གུར་མགོན་གྱི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན་སློབ་དཔོན་རིན་པོ་ཆེས་མཛད་པ་ལེ་ཚན་ལྔ། ལྷ་བཙུན་བྱང་ཆུབ་འོད་ཀྱི་ཟབ་གཏེར་མོན་བུ་པུ་ཏྲའི་སྒྲུབ་ཐབས་ཀ་བཀོལ་མ་བཅས་ཀྱི་རྒྱུན་ཡང་བཞུགས་མོད། སྔ་མ་རྣམས་ལ་རྗེས་གནང་ཙམ་མ་གཏོགས་མན་ངག་གི་གཞུང་མེད་ཅིང་། ཕྱི་མ་གཉིས་མན་ངག་གི་གཞུང་ཁོ་ན་ལས། རྗེས་གནང་ཟུར་པ་མེད་པ་དང་། སྤྱིར་ཡོངས་སུ་གྲགས་ཤིང་རྒྱུན་ནུབ་ཀྱི་དོགས་པ་མ་མཆིས་པས་གོང་དུ་མ་བཀོད་མོད། འོན་ཀྱང་གདམས་པའི་རྣམ་གྲངས་དང་། གཏེར་སྟོན་བརྒྱ་རྩའི་གྲངས་ངེས་འདྲེན་པ་སོགས་ཀྱི་སླད་བསྣན་ཡང་ལེགས་པས་མཚོན་ཏེ་གཞན་ཡང་རྒྱ་ཆེར་ཤེས་པར་བྱའོ། །ད་ནི་སྤྱིར་འཕྲོས་པའི་དོན་འདི་ཡང་བརྗོད་པར་བྱ་སྟེ། སྔ་འགྱུར་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྣམས་ལ་ལམ་སྲོལ་ནི། དབང་། བཤད་པ། ལམ་བསྐྱེད་རིམ། རྫོགས་རིམ་སྟེ་བཀའ་བབས་ཀྱི་ཆུ་བོ་བཞི་ཞེས་ཡོངས་སུ་གྲགས་པས། རྙིང་མ་མིང་ཙམ་མ་ཡིན་པར་ལུགས་མཐུན་ཞིག་བྱེད་ན། སྔར་དངོས་དང་འཕྲོས་དོན་གྱི་སྐབས་སུ་ཇི་སྐད་སྨོས་པའི་བཀའ་མའི་གཞུང་བཟང་པོ་མཐའ་དག་གམ། མདོ་སྒྱུ་སེམས་གསུམ་གྱི་རྩ་བ་རེ་རེའི་སྨིན་གྲོལ་གྱི་སྒོ་ཕྱེ་སྟེ། སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་སྲོལ་ལ་སྒྲོ་འདོགས་ལེགས་པར་བཅད། གཏེར་མའི་ཕྱོགས་ནས་བཀའ་དགོངས་ཕུར་གསུམ་དང་། གཤིན་རྗེ་ཚེ་བདག །རྟ་མགྲིན་ཡང་གསང་། ཕྱག་རྡོར་དྲེགས་འདུལ་གྱིས་མཚོན་བཀའ་བརྒྱད་བྱེ་བྲག་པའི་སྐོར་རྣམས་དང་། བླ་སྒྲུབ་དང་ཐུགས་རྗེ་ཆེན་པོའི་སྐོར་ཅི་རིགས། རྫོགས་ཆེན་སྙིང་ཏིག་ཡ་བཞི་དང་ཟབ་མོ་ཡང་ཏིག །ཀུན་མཁྱེན་ཀློང་ཆེན་པའི་དགོངས་གཏེར་གྱི་བསྟན་བཅོས་མཛོད་བདུན་ངལ་གསོ་སྐོར་གསུམ་ཆ་ལག་དང་བཅས་པ་རྣམས་ཀྱི་སྟེང་། འདི་ཉིད་ནས་འབྱུང་བའི་སྨིན་གྲོལ་ལས་ཚོགས་མཐའ་དག་དང་། དེ་དག་གི་རྒྱབ་བརྟེན་དུ་རྒྱུད་འབུམ་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཅས་ལ་ཐོས་བསམ་གྱི་གཞིར་བཟུང་ནས། བཀའ་མས་གཞུང་བསྲང་། གཏེར་མའི་མན་ངག་གིས་ཉམས་སུ་བླངས་ཏེ། ཡི་དམ་གྱི་མངོན་རྟོགས་ཆུང་ངུ་ཞིག་ཉམས་སུ་ལེན་ཀྱང་། རྒྱུ་ཤེས་པའི་མཚན་ཉིད། དེ་བཞིན་ཉིད་ཀྱི་ལྟ་བས་ཐག་བཅད་ཚུལ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཉམས་བླང་ཚུལ། དེ་ལས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་བཞིའི་གྲུབ་མཐའ་ཇི་ལྟར་རྙོགས་པའི་ཚུལ་ལ་ངེས་པ་གཏིང་ཚུགས་པས་གཞུང་གདམས་ངག་ཏུ་འཆང་ཞིང་། གདམས་ངག་གཞུང་དང་མི་འགལ་བ་ཞིག་གལ་ཆེ་བ་ལས། འབྲེལ་མེད་ཀྱི་ཐ་སྙད་ཉི་ཚེ་དང་རྟོག་གེའི་ཚིག་སྐམ་རེ་གཉིས་སྨྲ་བ་ལ་བཤད་པ་དང་། ཡི་དམ་གྱི་རྒྱུན་ཁྱེར་རེ་དང་། ཆོས་སྐྱོང་གི་གཏོར་སྐོང་རེ་ཆགས་མེད་བྱེད་པ་ལ་སྒྲུབ་པ་དང་། གཏོར་ཟློག་གི་འུར་ཤོག་རེ་ལ་ལས་སྦྱོར་དུ་མིང་བཏགས་ནས་རང་གཞུང་ཡིན་ངེས་དང་དགོས་ངེས་རྣམས་དོར་བའི་རྗེས་སུ་འབྲང་བར་མི་བྱའོ། །བྱེ་བྲག་ཏུ་གཞུང་འདི་ཉིད་ཀྱི་སྨིན་གྲོལ་ལེགས་པར་ཐོབ་ནས་གཞན་ལ་འབོགས་པར་འདོད་པས་རབ་གོང་དུ་བཤད་པའི་གལ་པོ་ཆེའི་ཡི་དམ་མཐའ་དག་གམ། འབྲིང་དེ་ལས་སྙིང་པོར་གྱུར་བ་རྣམས་དང་། མ་མཐའ་ཡང་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་རྡོ་རྗེ་སེམས་དཔའ། བྱིན་རླབས་ཐམས་ཅད་ཀྱི་འཇུག་སྒོ་བླ་སྒྲུབ་གང་རུང་། དཀྱིལ་འཁོར་ཐམས་ཅད་ཀྱི་དབྱེ་གཞི་སྒྲུབ་པ་བཀའ་བརྒྱད་རྣམས་ཀྱི་བསྙེན་པ་ལས་རུང་དང་། རྫོགས་ཆེན་གང་རིགས་ཀྱི་ཉམས་ཁྲིད་སྨིན་པར་ཐོབ་ཅིང་ཉམས་མྱོང་གི་སྣེ་ཅུང་ཟད་ཟིན་པ་ཞིག་གིས་བྱ་བ་ལས། དཔེ་ཀློག་དག་པོའང་མི་ཤེས་བཞིན་དུ་ཆོས་ལ་དབང་ཟ་བས་རྡོ་རྗེ་སློབ་དཔོན་གྱི་གོ་སར་འགྱིང་བར་མི་བྱ་ལ། སློབ་མ་རྣམས་ཀྱིས་ཀྱང་སྤྱིར་དམ་ཚིག་དང་སྡོམ་པ་དག་པར་བྱ་བས་གཞི་བཟུང་སྟེ། ཡི་དམ་རྩ་བ་གང་རུང་རེའི་བསྙེན་སྒྲུབ་ཀྱི་དམ་བཅའ་དང་། ཆོས་སྲུང་རྣམས་ལ་རྒྱུན་ནམ་དུས་ཀྱི་མཆོད་གཏོར་མ་ཆགས་ཙམ་རེ་བྱ་བས་མཚོན། མདོར་ན་བསྟན་པ་དང་རང་རྒྱུད་ལ་དམིགས་པའི་ལྷག་བསམ་རྣམ་པར་དག་པས་སྒོ་ཕྱེ་སྟེ་འཆད་ཉན་ལ་འཇུག་པར་མཛད་ན། བཤད་པ་དང་། སྒྲུབ་པ་དང་། རྒྱལ་བ་དགྱེས་པའི་ཕྲིན་ལས་ལ་བརྟེན་ནས་སྲིད་པ་དང་ཞི་བའི་ལེགས་ཚོགས་ཀྱི་སྒོ་ཐམས་ཅད་རྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་ལྟར་འབེལ་པའི་གཏམ་གྱི་མཆོད་སྤྲིན་འདིས། །འཇམ་མགོན་བླ་མ་དགྱེས་པའི་དགེ་མཚན་ལས། །ཟབ་རྒྱས་ཆོས་ཀྱི་སྣང་བས་ས་གསུམ་ན། །གྲུབ་གཉིས་པད་མོ་རྟག་ཏུ་རྒྱས་གྱུར་ཅིག །ཀུན་ཚང་རྒྱས་པ་སེར་བཞག་འབྲིང་། །དམར་སེར་གཉིས་བཞག་བསྡུས་པ་སྟེ། །འཕྲོས་དོན་སྦྱར་བ་ཤིན་ཏུ་རྒྱས། །གང་ཡང་ཕན་བདེའི་དཔལ་སྟེར་ཉིད། །འདིས་ཀྱང་ཟབ་རྒྱས་ཀྱི་གདམས་པ་མཐའ་དག་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ལ་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་རྒྱུན་མི་འཆད་པར་དུས་རྟག་ཏུ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །དགེའོ། །དགེའོ། །དགེའོ།། །། | གསུམ་པ་ཡང་ཏི་ཡོ་གའི་སྐོར་ལ། ཉང་གཏེར་ཉི་ཟླ་འབར་བའི་རྒྱུད། ཆོས་དབང་རིན་པོ་ཆེའི་སྤྲོས་བྲལ་དོན་གསལ་ཆེན་མོ། སྙེ་མོ་ཞུ་ཡས་ཀྱི་འདི་རྣམས་དམིགས་བསལ་སྨོས་པའི་རྒྱུ་མཚན་གཏེར་སྟོན་བརྒྱ་རྩ་སོགས་ཀྱི་གྲངས་འདྲེན་པའི་ཚེ་མཚན་ངེས་པའི་ཕྱིར་རོ། །གཏེར་མ་ཉི་ཟླ་འོད་འབར། འབྲོམ་རིན་ཆེན་འབར་བའི་གཏེར་མ་ནམ་མཁའ་ཀློང་ཡངས་དང་། མཐར་ཕྱིན་འབྲས་བུ་སོགས་རྒྱུད་སྡེ་ཇི་སྙེད་པ་ནི་རྒྱུད་འབུམ་དུ་བཞུགས་ལ། པོད་ཕྱེད་གཉིས་ཙམ། འདིར་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཀུན་གྱི་སྙིང་པོ་ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་སྨིན་གྲོལ་རྒྱ་ཆེར་བཞུགས་པ་ལས། སྤྱི་ཏི་དང་ཐུན་མོང་བའི་རྩལ་དབང་ཆེན་མོ་དང་། ཡང་ཏི་ཐུན་མོང་མ་ཡིན་པར་རིགས་རྩལ་གྱི་དབང་། འཁྲིད་ཆེན་བརྒྱད་ཀྱི་སྙིང་པོ་དྲིལ་བའི་འཁྲིད། ཡིག་ཆ་ཉེར་མཁོའི་སྐོར་བཅས་བཞུགས་ཤིང་། གཞན་ཡང་དུང་མཚོ་རས་པའི་ཟབ་གཏེར་ཡང་ཏི་ནག་པོ་དང་། བསྟན་གཉིས་གླིང་པའི་ཡང་ཏིག་ཡེ་ཤེས་མཐོང་གྲོལ་སོགས་ཀྱི་རྒྱུན་ཡང་ཅི་རིགས་པར་བཞུགས་སྣང་བ་འདིར་འདུའོ། །ཞར་བྱུང་ཡོ་ག་གསུམ་གྱི་སྙིང་པོ་གཅིག་ཏུ་འདྲིལ་བ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་བཀའ་མ་གཉགས་གནུབས་ཟུར་གསུམ་ལས་འོངས་པ་དང་། གཏེར་མ་ཉང་ཆོས་དབང་། རྡོ་རྗེ་གླིང་པ་བཅས་ཀྱི་ཟབ་གཏེར་ལས་མཐུན་པར་འབྱུང་བའི་གསང་སྔགས་འདི་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་དང་། རྡོར་གླིང་གི་གཏེར་ཁ་ལ་སྨིན་གྲོལ་གཉིས་ཀ་རྒྱས་པར་ཡོད་སྣང་བས་རྒྱུན་རྙེད་ན་འཛུད། ལམ་རིམ་རིན་ཆེན་གསལ་བའི་སྒྲོན་མའི་གཞུང་། དེའི་རྫོགས་རིམ་ཟབ་མོའི་འཁྲིད་ཡིག་བརྒྱུད་འདེབས་དང་བཅས་པ། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་བདུན་མ་དང་། འདི་ལ་ངོ་སྤྲོད་སོགས་ཆོས་ཚན་དྲུག་ཡོད་པར་སླར་རྒྱུན་རྙེད་ན་ངེས་པར་འཛུད། ཇོ་མོ་ཤེས་སྒྲོན་གྱི་རྣམ་འཕྲུལ་སར་བན་ཕྱོགས་མེད་ཀྱི་གཏེར་ཁ་ལས་མཐུན་པར་འབྱུང་བའི་འཇམ་དཔལ་རྫོགས་ཆེན་རྒྱུད་ཀྱི་ཡང་སྙིང་། ཐ་མར་དགེ་བ་རྟེན་འབྲེལ་གྱི་སླད་དུ་བྲམ་པ་གྲུབ་ཆེན་ཀུན་དགའ་བཟང་པོའི་ཟབ་གཏེར་དཔལ་ལྡན་རྔོག་པའི་བཀའ་བརྒྱུད་པ་ལ་བཀའ་བབས་པའི་གྲུབ་ཆེན་ཡབ་བརྒྱད་ཀྱི་དགོངས་བཅུད་ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་བརྒྱུད་འདེབས་ཁྲིད་ཡིག་དང་བཅས་པ་ས་གསུམ་ན་ཡོངས་སུ་གྲགས་ཤིང་ཕྲིན་ལས་ཕྱོགས་བཅུར་རྒྱས་པ་འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གི་གསུང་ལས་བྱུང་བ་བཅས་ཀྱིས་ལེགས་པར་གྲུབ་བོ། །དེ་རྣམས་ལས་བསྙེན་སྒྲུབ་སོགས་ཀྱི་རྒྱུན་ལེགས་པར་བཞུགས་ཤིང་ཆོས་སྐོར་ཉེར་མཁོ་ཚང་བ་བཅས་ལག་ཏུ་བླང་བྱའི་སྙིང་པོར་གྱུར་པ་གང་ཞེ་ན། སྤྱིར་ཇི་སྐད་བཤད་པ་ཕལ་ཆེར་ལག་ལེན་ཉམས་བཞེས་ཀྱི་རྒྱུན་ཅི་རིགས་པ་མཆིས་ནའང་། འདིར་གཙོ་བོར་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང་། ཞི་ཁྲོ་དགོངས་པ་རང་འགྲོལ། བླ་མ་གསང་བ་འདུས་པ། དགོངས་པ་འདུས་པ། དཀོན་མཆོག་སྤྱི་འདུས། ཡོན་ཏན་གཏེར་མཛོད། བྱང་གཏེར་ལམ་ཟབ་དང་། བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས། བྱང་པའི་སྐུ་གསུམ་རིགས་འདུས། ཉང་གི་བྲག་དམར། ཀརྨ་གུ་རུ། བཀའ་བརྒྱད་བདེར་འདུས། འཇམ་དཔལ་དཀར་པོ་དང་། སྨྲ་སེང་། དབྱངས་ཅན་དཀར་མོ། གཤིན་རྗེ་ཡང་ཟློག་དང་། འཇམ་དཔལ་ནག་པོ། ནཱ་ག་རཀྴ། ཚེ་དཔག་མེད་ལྕགས་སྡོང་མ། ཚེ་རྟ་ཟུང་འབྲེལ། གར་དབང་ཚེ་དཔག་མེད། རྩ་གསུམ་དྲིལ་སྒྲུབ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས། རྒྱལ་བ་རྒྱ་མཚོ་འཁོར་བ་དོང་སྤྲུགས། རྟ་མགྲིན་ཉང་གཏེར་ལྕགས་རལ་ཅན། སྐྱེར་སྒང་ལུགས། ཆོས་དབང་ཡང་དག །ཕྱག་རྡོར་གཏུམ་པོ་དང་། དྲེགས་འདུལ། བདུད་རྩི་བུམ་པ། ཕུར་པ་སྤུ་གྲི། སེང་གདོང་མ་བཀའ་གཏེར་ཟུང་འཇུག །ཆོས་དབང་ལོཀྟྲི། ཉང་གཏེར་ཁྲོས་ནག །ཆོས་སྐྱོང་གི་སྐོར་ལས་བྱང་དངོས་གྲུབ་རོལ་མཚོར་བཞུགས་པ་རྣམས། གཙོ་བོར་གྱུར་པ། ལས་ཀྱི་ལྷ་བྱང་གཏེར་ཁྱུང་ནག །རྣམ་འཇོམས་མཐིང་ནག །དམ་གྲིབ་ཉེས་པ་ཀུན་སེལ། བི་མའི་གདུགས་དཀར། གྲྭ་པ་དང་ཆོས་གླིང་ཛམ་དམར་བཅས་དང་། ལས་རབ་འབྱམས་ཕལ་ཆེར་ཕྱག་ལེན་ཅན་ཁོ་ནར་སྣང་ནའང་འདིར་རེ་རེ་ནས་ཡི་གེ་མང་གིས་དོགས་པས་མ་བྲིས་ལ། རྫོགས་རིམ་གོང་གི་ཡི་དམ་སོ་སོ་དང་འབྲེལ་བའི་རིགས་རྣམས་དང་། ཛཱ་བིར་རིགས་གསུམ་ཅོང་ཞིའི་བཅུད་ལེན་དང་བཅས་པ། སྲོག་སྒྲུབ་ཕག་མོའི་གཏུམ་མོ་དང་། གཅོད་ཡུལ་མ་གཅིག་ལུགས་ཀྱི་གཅོད་ཁྲིད། འཕོ་བ་འཇའ་ཚུགས་མ། རིག་འཛིན་ཚེ་དབང་ནོར་བུའི་ཚེ་དཔག་མེད་སྐུ་གསུམ་ལམ་རིམ་དང་། ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཀུན་འདུས། རྫོགས་པ་ཆེན་པོ་སེམས་སྡེ་ཉང་ལུགས། ཀློང་གསལ་རྡོ་རྗེ་ཟམ་པ། མན་ངག་སྡེ་རྡོ་རྗེའི་སྲོག་སྒྲུབ། ཨ་ཏི་ཟབ་དོན། ཡང་ཏི་སངས་རྒྱས་མཉམ་སྦྱོར་རྣམས་གལ་པོ་ཆེ་ཡིན་ནོ། །དེ་ལས་ཀྱང་རྡོར་སེམས་དང་ཞི་ཁྲོ་ཆོས་དབང་གསང་འདུས། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས། རྫོགས་ཆེན་མཉམ་སྦྱོར་ཏེ་བླ་རྫོགས་ཐུགས་གསུམ། བཀའ་དགོངས་ཕུར་པ་ཉང་གཏེར་ཁྲོས་ནག་རྣམས་གལ་ཆེ་བས་ཉམས་ལེན་སྙིང་པོར་བྱ་བར་རིགས་ཤིང་། ལས་ཀྱི་ཚོགས་ནི་ཕན་བྱེད་ཀྱི་སྐོར་རྣམས་རང་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་བསྙེན་སྒྲུབ་སྤྱི་དང་བྱེ་བྲག་ཐེམ་ནས་སྐབས་དང་འབྲེལ་བར་བརྩམས་པར་བྱ་བ་དང་ནོར་སྒྲུབ་དང་དབང་སྡུད་སོགས་རང་འདོད་ཀྱི་འཁྲིས་མེད་པར་བསྟན་འགྲོ་སྤྱི་ལ་ཕན་པའི་དོན་དུ་སྦྱར་རིགས་ལ། མངོན་སྤྱོད་ཀྱི་བསད་མནན་སོགས་ནི་རྟོགས་པས་བདག་རྒྱུད་གྲོལ་ཞིང་། སྙིང་རྗེས་གཞན་རྒྱུད་འདྲེན་ནུས་པ་དང་། བསྟན་པ་དང་སེམས་ཅན་ལ་ཕན་པ་རླབས་པོ་ཆེའི་གནས་མཐོང་ན་མ་གཏོགས་ནམ་དུ་ཡང་བརྩམས་པར་བྱ་བ་མ་ཡིན་ནོ། །ཡང་ཆོས་སྐྱོང་མགོན་པོའི་སྐོར་ལས། ཏྲཀྴད་གནུབས་ལུགས་དྭགས་པོ་རིན་པོ་ཆེ་ལས་བརྒྱུད་པ་དང་། ཏྲཀྴད་མ། མ་ནིང་མ། སྤྱི་ལ་ལྷ་དགའ་རབ་ཀྱི་ཟབ་གཏེར་གཉོས་ལོ་ཙཱ་བ་ལ་བཀའ་བབས་པའི་ཏྲཀྴད་ཤྭ་ནའི་ཞལ་ཅན། འཁོན་ས་སྐྱ་པའི་ཡབ་ཆོས་རྙིང་མ་གུར་མགོན་ཕུར་ཞབས་མ། ཕུར་སྲུང་དཀར་བདུད་ལྕམ་དྲལ་རྣམས་ཀྱི་སྒྲུབ་རྗེས་ཙམ་རྗེ་བཙུན་ཀུན་དགའ་སྙིང་པོའི་སྒྲུབ་ཐབས་རིན་འབྱུང་ལས་འབྱུང་བ་དང་། དཔལ་ས་སྐྱ་པའི་མགོན་པོ་མེ་འབར་མའི་ཆོས་སྡེ་རྒྱ་སྟོན་པདྨ་དབང་ཕྱུག་གི་ཟབ་གཏེར་གུར་མགོན་གྱི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན་སློབ་དཔོན་རིན་པོ་ཆེས་མཛད་པ་ལེ་ཚན་ལྔ། ལྷ་བཙུན་བྱང་ཆུབ་འོད་ཀྱི་ཟབ་གཏེར་མོན་བུ་པུ་ཏྲའི་སྒྲུབ་ཐབས་ཀ་བཀོལ་མ་བཅས་ཀྱི་རྒྱུན་ཡང་བཞུགས་མོད། སྔ་མ་རྣམས་ལ་རྗེས་གནང་ཙམ་མ་གཏོགས་མན་ངག་གི་གཞུང་མེད་ཅིང་། ཕྱི་མ་གཉིས་མན་ངག་གི་གཞུང་ཁོ་ན་ལས། རྗེས་གནང་ཟུར་པ་མེད་པ་དང་། སྤྱིར་ཡོངས་སུ་གྲགས་ཤིང་རྒྱུན་ནུབ་ཀྱི་དོགས་པ་མ་མཆིས་པས་གོང་དུ་མ་བཀོད་མོད། འོན་ཀྱང་གདམས་པའི་རྣམ་གྲངས་དང་། གཏེར་སྟོན་བརྒྱ་རྩའི་གྲངས་ངེས་འདྲེན་པ་སོགས་ཀྱི་སླད་བསྣན་ཡང་ལེགས་པས་མཚོན་ཏེ་གཞན་ཡང་རྒྱ་ཆེར་ཤེས་པར་བྱའོ། །ད་ནི་སྤྱིར་འཕྲོས་པའི་དོན་འདི་ཡང་བརྗོད་པར་བྱ་སྟེ། སྔ་འགྱུར་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྣམས་ལ་ལམ་སྲོལ་ནི། དབང་། བཤད་པ། ལམ་བསྐྱེད་རིམ། རྫོགས་རིམ་སྟེ་བཀའ་བབས་ཀྱི་ཆུ་བོ་བཞི་ཞེས་ཡོངས་སུ་གྲགས་པས། རྙིང་མ་མིང་ཙམ་མ་ཡིན་པར་ལུགས་མཐུན་ཞིག་བྱེད་ན། སྔར་དངོས་དང་འཕྲོས་དོན་གྱི་སྐབས་སུ་ཇི་སྐད་སྨོས་པའི་བཀའ་མའི་གཞུང་བཟང་པོ་མཐའ་དག་གམ། མདོ་སྒྱུ་སེམས་གསུམ་གྱི་རྩ་བ་རེ་རེའི་སྨིན་གྲོལ་གྱི་སྒོ་ཕྱེ་སྟེ། སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་སྲོལ་ལ་སྒྲོ་འདོགས་ལེགས་པར་བཅད། གཏེར་མའི་ཕྱོགས་ནས་བཀའ་དགོངས་ཕུར་གསུམ་དང་། གཤིན་རྗེ་ཚེ་བདག །རྟ་མགྲིན་ཡང་གསང་། ཕྱག་རྡོར་དྲེགས་འདུལ་གྱིས་མཚོན་བཀའ་བརྒྱད་བྱེ་བྲག་པའི་སྐོར་རྣམས་དང་། བླ་སྒྲུབ་དང་ཐུགས་རྗེ་ཆེན་པོའི་སྐོར་ཅི་རིགས། རྫོགས་ཆེན་སྙིང་ཏིག་ཡ་བཞི་དང་ཟབ་མོ་ཡང་ཏིག །ཀུན་མཁྱེན་ཀློང་ཆེན་པའི་དགོངས་གཏེར་གྱི་བསྟན་བཅོས་མཛོད་བདུན་ངལ་གསོ་སྐོར་གསུམ་ཆ་ལག་དང་བཅས་པ་རྣམས་ཀྱི་སྟེང་། འདི་ཉིད་ནས་འབྱུང་བའི་སྨིན་གྲོལ་ལས་ཚོགས་མཐའ་དག་དང་། དེ་དག་གི་རྒྱབ་བརྟེན་དུ་རྒྱུད་འབུམ་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཅས་ལ་ཐོས་བསམ་གྱི་གཞིར་བཟུང་ནས། བཀའ་མས་གཞུང་བསྲང་། གཏེར་མའི་མན་ངག་གིས་ཉམས་སུ་བླངས་ཏེ། ཡི་དམ་གྱི་མངོན་རྟོགས་ཆུང་ངུ་ཞིག་ཉམས་སུ་ལེན་ཀྱང་། རྒྱུ་ཤེས་པའི་མཚན་ཉིད། དེ་བཞིན་ཉིད་ཀྱི་ལྟ་བས་ཐག་བཅད་ཚུལ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཉམས་བླང་ཚུལ། དེ་ལས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་བཞིའི་གྲུབ་མཐའ་ཇི་ལྟར་རྙོགས་པའི་ཚུལ་ལ་ངེས་པ་གཏིང་ཚུགས་པས་གཞུང་གདམས་ངག་ཏུ་འཆང་ཞིང་། གདམས་ངག་གཞུང་དང་མི་འགལ་བ་ཞིག་གལ་ཆེ་བ་ལས། འབྲེལ་མེད་ཀྱི་ཐ་སྙད་ཉི་ཚེ་དང་རྟོག་གེའི་ཚིག་སྐམ་རེ་གཉིས་སྨྲ་བ་ལ་བཤད་པ་དང་། ཡི་དམ་གྱི་རྒྱུན་ཁྱེར་རེ་དང་། ཆོས་སྐྱོང་གི་གཏོར་སྐོང་རེ་ཆགས་མེད་བྱེད་པ་ལ་སྒྲུབ་པ་དང་། གཏོར་ཟློག་གི་འུར་ཤོག་རེ་ལ་ལས་སྦྱོར་དུ་མིང་བཏགས་ནས་རང་གཞུང་ཡིན་ངེས་དང་དགོས་ངེས་རྣམས་དོར་བའི་རྗེས་སུ་འབྲང་བར་མི་བྱའོ། །བྱེ་བྲག་ཏུ་གཞུང་འདི་ཉིད་ཀྱི་སྨིན་གྲོལ་ལེགས་པར་ཐོབ་ནས་གཞན་ལ་འབོགས་པར་འདོད་པས་རབ་གོང་དུ་བཤད་པའི་གལ་པོ་ཆེའི་ཡི་དམ་མཐའ་དག་གམ། འབྲིང་དེ་ལས་སྙིང་པོར་གྱུར་བ་རྣམས་དང་། མ་མཐའ་ཡང་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་རྡོ་རྗེ་སེམས་དཔའ། བྱིན་རླབས་ཐམས་ཅད་ཀྱི་འཇུག་སྒོ་བླ་སྒྲུབ་གང་རུང་། དཀྱིལ་འཁོར་ཐམས་ཅད་ཀྱི་དབྱེ་གཞི་སྒྲུབ་པ་བཀའ་བརྒྱད་རྣམས་ཀྱི་བསྙེན་པ་ལས་རུང་དང་། རྫོགས་ཆེན་གང་རིགས་ཀྱི་ཉམས་ཁྲིད་སྨིན་པར་ཐོབ་ཅིང་ཉམས་མྱོང་གི་སྣེ་ཅུང་ཟད་ཟིན་པ་ཞིག་གིས་བྱ་བ་ལས། དཔེ་ཀློག་དག་པོའང་མི་ཤེས་བཞིན་དུ་ཆོས་ལ་དབང་ཟ་བས་རྡོ་རྗེ་སློབ་དཔོན་གྱི་གོ་སར་འགྱིང་བར་མི་བྱ་ལ། སློབ་མ་རྣམས་ཀྱིས་ཀྱང་སྤྱིར་དམ་ཚིག་དང་སྡོམ་པ་དག་པར་བྱ་བས་གཞི་བཟུང་སྟེ། ཡི་དམ་རྩ་བ་གང་རུང་རེའི་བསྙེན་སྒྲུབ་ཀྱི་དམ་བཅའ་དང་། ཆོས་སྲུང་རྣམས་ལ་རྒྱུན་ནམ་དུས་ཀྱི་མཆོད་གཏོར་མ་ཆགས་ཙམ་རེ་བྱ་བས་མཚོན། མདོར་ན་བསྟན་པ་དང་རང་རྒྱུད་ལ་དམིགས་པའི་ལྷག་བསམ་རྣམ་པར་དག་པས་སྒོ་ཕྱེ་སྟེ་འཆད་ཉན་ལ་འཇུག་པར་མཛད་ན། བཤད་པ་དང་། སྒྲུབ་པ་དང་། རྒྱལ་བ་དགྱེས་པའི་ཕྲིན་ལས་ལ་བརྟེན་ནས་སྲིད་པ་དང་ཞི་བའི་ལེགས་ཚོགས་ཀྱི་སྒོ་ཐམས་ཅད་རྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་ལྟར་འབེལ་པའི་གཏམ་གྱི་མཆོད་སྤྲིན་འདིས། །འཇམ་མགོན་བླ་མ་དགྱེས་པའི་དགེ་མཚན་ལས། །ཟབ་རྒྱས་ཆོས་ཀྱི་སྣང་བས་ས་གསུམ་ན། །གྲུབ་གཉིས་པད་མོ་རྟག་ཏུ་རྒྱས་གྱུར་ཅིག །ཀུན་ཚང་རྒྱས་པ་སེར་བཞག་འབྲིང་། །དམར་སེར་གཉིས་བཞག་བསྡུས་པ་སྟེ། །འཕྲོས་དོན་སྦྱར་བ་ཤིན་ཏུ་རྒྱས། །གང་ཡང་ཕན་བདེའི་དཔལ་སྟེར་ཉིད། །འདིས་ཀྱང་ཟབ་རྒྱས་ཀྱི་གདམས་པ་མཐའ་དག་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ལ་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་རྒྱུན་མི་འཆད་པར་དུས་རྟག་ཏུ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །དགེའོ། །དགེའོ། །དགེའོ།། །། | ||
}} | }} | ||
</onlyinclude> | </onlyinclude> | ||
Line 88: | Line 124: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:JKW-KABUM | [[Category:JKW-KABUM-23-'A-008]] | ||
[[Category:JKW-KABUM-Volume-23-'A]] | [[Category:JKW-KABUM-Volume-23-'A]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 01:43, 2 June 2024
🚧 This website is under continued development. We appreciate your patience!
Wylie title | nang rgyud sde gsum gtso bor gyur pa'i zab rgyas chos tshul rab 'byams kyi gleng ba dngos grub sgo brgya 'byed pa'i lde'u mig ces pa gter mdzod thog ma'i dkar chag | |
---|---|---|
Location | mkhyen brtse'i bka' 'bum Volume 23, sde tshan 8, Pages 371-479 (Folios 1a to 55a6) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. nang rgyud sde gsum gtso bor gyur pa'i zab rgyas chos tshul rab 'byams kyi gleng ba dngos grub sgo brgya 'byed pa'i lde'u mig ces pa gter mdzod thog ma'i dkar chag. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 23: 371-479. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Catalogue of Contents - dkar chag |
1 Texts in this Section (sde tshan or chos tshan)