DKYD-KABUM-07-JA-025: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=བསང་མཆོད་དམ་ཚིག་རྗེས་དྲནཿ
|fulltitle=bsang mchod dam tshig rjes dran
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|tibgenre=Smoke Offerings - bsangs mchod - lha bsang
|terma=Yes
|terma=Yes
|language=Tibetan
|language=Tibetan
Line 15: Line 17:
|volnumtib=ཇ
|volnumtib=ཇ
|volyigtib=༧
|volyigtib=༧
|volumeLetter=JA
|totalvolumes=8
|textnuminvol=025
|textnuminvol=025
|multivolumework=No
|colophontib=གནས་སྲུང་ཨ་ཝོ་ཐབས་ཤེས་ཀྱིསཿ བསང་མཆོད་དམ་ཚིག་རྗེས་དྲན་འདིཿ ཌཱཀྐི་ཆེན་མོས་བཀས་བསྐུལ་ཞིངཿ ཁྲག་འཐུང་བདེ་བའི་རྡོ་རྗེས་སྨྲསཿ ཡི་གེར་འཇིགས་མེད་འོད་ཟེས་བཀོདཿ བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིགཿ དགེའོ།
|colophonwylie=gnas srung a wo thabs shes kyis: bsang mchod dam tshig rjes dran 'di: DAk+ki chen mos bkas bskul bzhin: khrag 'thung bde ba'i rdo rjes smras: yi ger 'jigs med 'od zer bkod: bstan 'gror sman pa'i rgyur gyur cig: dge'o/
|pdflink=File:DKYD-KABUM-07-JA-025.pdf
|pdflink=File:DKYD-KABUM-07-JA-025.pdf
|volumeLetter=JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
}}

Latest revision as of 12:08, 28 June 2024

Wylie title bsang mchod dam tshig rjes dran
Location mdo mkhyen brtse bka' 'bum
Volume 7, Text 25, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Colophon

གནས་སྲུང་ཨ་ཝོ་ཐབས་ཤེས་ཀྱིསཿ བསང་མཆོད་དམ་ཚིག་རྗེས་དྲན་འདིཿ ཌཱཀྐི་ཆེན་མོས་བཀས་བསྐུལ་ཞིངཿ ཁྲག་འཐུང་བདེ་བའི་རྡོ་རྗེས་སྨྲསཿ ཡི་གེར་འཇིགས་མེད་འོད་ཟེས་བཀོདཿ བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིགཿ དགེའོ།

gnas srung a wo thabs shes kyis: bsang mchod dam tshig rjes dran 'di: DAk+ki chen mos bkas bskul bzhin: khrag 'thung bde ba'i rdo rjes smras: yi ger 'jigs med 'od zer bkod: bstan 'gror sman pa'i rgyur gyur cig: dge'o/

[edit]
྅྅྅ བདུད་འདུལ་ཐོད་ཕྲེང་རྩལ་ལ་འདུདཿ མདོ་སྨད་རྒྱལ་མོ་རོང་གི་ཆརཿ གཏོགས་པའི་མཐའ་འཁོབ་རོང་ཆེན་གྱིསཿ གནས་བདག་གཏུམ་པོའི་མཆོད་ཐབས་བསྟནཿ ཤིང་རྩི་འབྲུ་སྨན་ཕྱེ་མར་བསྲེགསཿ དཀར་དམར་སྐྱེམས་ཕུད་ཟས་སྣ་མཆོདཿ རྃ་ཡྃ་ཁྃཿ བསང་དང་མཆོད་པའི་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུསཿ སླར་ཡང་ཟག་པ་མེད་པའི་འདོད་ཡོན་གྱི་སྤྲིན་ཕུང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུརཿ ཨོཾ་ཨཱཿཧཱུྃཿ ལན་གསུམཿ ཀྱཻཿ སྔོན་ཚེ་ཧས་པོ་རི་ཡི་རྩེ་མོ་ནསཿ བོད་ཁམས་རོང་ཆེན་གཞི་བདག་ཀུན་འདུས་ཚེཿ པདྨ་རྒྱལ་པོས་དམ་ལ་བཏགས་པ་ཡིསཿ རྫོང་ཆེན་རྡོ་རྗེའི་བྲག་ལ་བརྟེན་བཅས་པའིཿ ཟོ་དོར་ཆེན་པོ་གདུག་པ་འདུལ་བའི་གཤེདཿ རབ་འཇིགས་གཏུམ་པོ་ཞེས་སུ་མཚན་ཡང་གསོལཿ བཙུན་མོ་སྲས་བློན་གཡོག་འཁོར་ཡང་གཡོག་བཅསཿ གློག་ལྟར་མྱུར་བས་གནས་འདིར་སྤྱན་འདྲེན་གཤེགསཿ ས་མ་ཡ་ཙིཏྟ་ཨཾ་ཀུ་ཤ་ཛཿ ཁྱོད་ལ་དགྱེས་པའི་ལོངས་སྤྱོད་འབུལ་བ་ནིཿ སྤྱན་དང་མ་ཀི་གོས་དཀར་དམ་ཚིག་སྒྲོལཿ སྦྱངས་ཤིང་བྱིན་རླབས་ཤུགས་ལས་བྱུང་བ་ཡིསཿ དུད་པ་ཕུན་ཚོགས་དྲི་མཆོག་དྭངས་མའི་རྒྱུནཿ གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔའིཿ མཆོད་པའི་སྤྲིན་ཕུང་དཔག་མེད་འཕྲོ་བ་ཡིསཿ རྩ་གསུམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་བསངཿ འཛམ་གླིང་མཐུ་ཆེན་དྲེགས་པའི་རྗེ་བོ་བསངཿ ཁྱད་པར་གདུག་པ་འདུལ་བའི་གཤེད་དུ་རྔམསཿ དམ་ཅན་འབར་བ་ཨ་ཝོ་ཐབས་ཤེས་བསངཿ ཡུམ་ཆེན་ཐ་མ་ལྷ་སྨན་རྒྱལ་མོ་བསངཿ སྲས་མཆོག་ཐ་རམ་གཏེར་གྱི་བདག་པོ་བསངཿ སྲས་མོ་གནམ་སྨན་དགོས་འདོད་ཀུན་འབྱུང་བསངཿ ནང་བློན་བཞི་དང་དམག་དཔོན་སྡེ་བརྒྱད་བསངཿ ཕོ་ཉ་དྲུག་ཅུ་ཤན་པའི་ཚོགས་བཅས་བསངཿ འཁོར་ཚོགས་སྤྲུལ་པ་ཡང་འཁོར་བཅས་པ་བསངཿ དྲི་ཞིམ་བསང་གི་དུད་པའི་སྟོབས་ཤུགས་ཀྱིསཿ མ་དག་ཉེས་པའི་ཚོགས་ཀུན་དག་གྱུར་ཅིགཿ འདོད་ཡོན་ལྔ་ལྡན་མཆོད་པའི་བྱེ་བྲག་གིསཿ ཐུགས་དམ་གཉེན་པོ་བསྐང་ལ་དགྱེས་པ་བསྐྱེདཿ སྐྱེམས་ཕུད་བདུད་རྩིའི་གཏུང་བ་སྣ་ཚོགས་ཀྱིསཿ སྐུ་ལུས་བདེ་ཞིང་བཀྲག་མདངས་གཟི་བརྗིད་རྒྱསཿ མཐུ་སྟོབས་ནུས་པའི་རྩལ་ཤུགས་རབ་འབར་ནསཿ བདག་ལ་བརྩེ་ཞིང་ཐོགས་མད་ལས་ལ་འདུསཿ སྔོན་ཚེ་སངས་རྒྱས་གཉིས་པའི་བཀའ་ལུང་དངཿ བར་དུ་རྡོ་རྗེ་ཕག་མོའི་བཀའ་བསྒོས་གནངཿ ཐ་མ་ཁྲག་འཐུང་བདེ་བའི་རྡོ་རྗེ་དངཿ རྡོ་རྗེ་རྣལ་འབྱོར་བཀའ་བསྒོས་ཇི་བཞིན་དུཿ རྒྱལ་བའི་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོདཿ གསང་སྔགས་ཆོས་ཀྱི་སྒྲོན་མེ་སྦར་བ་དངཿ རྡོ་རྗེ་སློབ་དཔོན་ཐུགས་ཀྱི་བཞེད་དོན་སྐོངསཿ དམ་ལྡན་བུ་སློབ་འགལ་རྐྱེན་བར་ཆད་སོལཿ ཆོས་ལྡན་རྒྱལ་པོའི་སྐུ་ཚེ་མཛད་ཕྲིན་སྤེལཿ བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱསཿ ཆར་ཆུ་དུས་འབེབ་ལོ་ཕྱུགས་རྟག་ཏུ་ལེགསཿ མི་ནད་ཕྱུགས་ནད་དུས་འཁྲུགས་ཀུན་ཞི་ཞིངཿ ཡུལ་ཁམས་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཅིངཿ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོདཿ གནས་སྲུང་ཨ་ཝོ་ཐབས་ཤེས་ཀྱིསཿ བསང་མཆོད་དམ་ཚིག་རྗེས་དྲན་འདིཿ ཌཱཀྐི་ཆེན་མོས་བཀས་བསྐུལ་ཞིངཿ ཁྲག་འཐུང་བདེ་བའི་རྡོ་རྗེས་སྨྲསཿ ཡི་གེར་འཇིགས་མེད་འོད་ཟེས་བཀོདཿ བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིགཿ དགེའོ། ། །།