DKYD-KABUM-03-GA-022: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(2 intermediate revisions by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།
|fulltitle=gsol 'debs byin rlabs sprin phung
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|tibgenre=Supplications - gsol 'debs
|terma=No
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=03
|volumenumber=03
|volumeLetter=GA
|volnumtib=
|volyigtib=ག
|totalvolumes=8
|textnuminvol=022
|textnuminvol=022
|multivolumework=No
|pdflink=File:DKYD-KABUM-03-GA-022.pdf
|pdflink=File:DKYD-KABUM-03-GA-022.pdf
|volumeLetter=GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅། །རྡོར་སེམས་ཆ་ལག་སྒྲིབ་སྦྱོངས་ཚོགས་རྫོགས་ཕྱིར། ཚོགས་སྣོད་གཙང་མའི་སྣོད་དག་ཏུ། ཞལ་ཟས་བཟའ་བཏུང་ལོངས་སྤྱོད་འདུ་བྱས་པར་ཐོག་མར་བསང་སྦྱངས་བྱིན་གྱིས་བརླབ་པ་ནི། རང་ཉིད་རྡོར་སེམས་སྐུར་གསལ་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་ཚོགས་ཀྱི་དྲི་མ་སྦྱངས། །གཙང་མའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བས། །འདོད་ཡོན་ཚོགས་མཆོད་སྤྲིན་ཕུང་ཟད་མེད་གྱུར། །གཉིས་པ་ཚོགས་ཞིང་མངོན་པར་བསྒྲུབ་པ་ནི། ཧཱུྃ། མེ་ལོང་ཡེ་ཤེས་མངོན་དགའི་ཞིང་ཁམས་ནས། །རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས། །དཀྱིལ་འཁོར་དབང་ཕྱུག་བླ་མ་རྡོ་རྗེ་འཆང༌། །འཁོར་ཚོགས་དཔའ་བོ་རིག་འཛིན་མཁའ་འགྲོ་བཅས། །བདག་ཅག་ཚོགས་གཉིས་བསོག་པའི་ཞིང་མཆོག་ཏུ། །མ་ཐོག་མྱུར་བ་ཐུགས་རྗེ་བརྩེར་དགོངས་ཏེ། །སྤྲུལ་བའི་ཞིང་ཁམས་འདི་རུ་གཤེགས་ནས་ཀྱང༌། །དགྱེས་པར་བཞུགས་ལ་དགོངས་པར་མཛད་དུ་གསོལ། །གསུམ་པ་འདོད་ཡོན་ཚོགས་ཀྱི་མཆོད་པ་ནི། །བླ་མ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་ལ། །ཡིད་འོང་སྤྲུལ་པའི་ལྷ་མོ་དཔག་མེད་ཀྱིས། །འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ། །ཟག་མེད་ཐུགས་ཀྱིས་རོལ་ཏེ་དངོས་གྲུབ་སྩོལ། །བཞི་པ་སྡིག་སྒྲིབ་ཉེས་ལྟུང་བཤགས་པ་ནི། །རྣམ་སྨིན་ཆར་འཛིན་ཐ་མལ་ལུས་སྤྲུལ་ཏེ། །བླ་མ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་དྲུང༌། །ཉེས་ལྟུང་ཅི་བགྱིས་གནོང་འགྱོད་སྡོམ་སེམས་བཅས། ཧཱུྃ། །དངོས་ཡིན་ཏིང་འཛིན་ཚོགས་མཆོད་ཕུལ་བའི་མཐུས། །བདག་ཅག་ཐོག་མེད་ནས་བསགས་སྡིག་སྒྲིབ་དང༌། །བླ་མེད་དམ་ཚིག་ཉམས་འགལ་འདས་རལ་བཤགས། །ཚངས་པ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །ཡིག་བརྒྱ་ལྔ་བ་བསྒྲལ་སྟབས་ཚོགས་ཀྱི་མཆོད་པ་ནི། རྣྲྀ་ཛཿ དོན་གྱི་བྱང་ཆུབ་བསྒྲུབ་ལ་བར་གཅོད་པའི། །མ་རིག་ལས་གྱུར་ཉོན་མོངས་དགྲ་དང་བགེགས། །རྟོགས་པའི་མཚོན་ཆས་རྡུལ་ཕྲན་བཞིན་བརླག་ནས། །བདུད་རྩིར་བསྒྱུར་ཏེ་ཕྱག་རྒྱའི་ལྷ་ལ་འབུལ། །དྲུག་པ་ཐུགས་དམ་སྐོང་བའི་རིམ་པ་ནི། ཏིང་འཛིན། །ནམ་མཁའ་ཀྱི་མཛོད་ཀྱིས་སྔགས་རྒྱས་བརླབ། ཧྲཱིཿ ཇི་སྙེད་རབ་འབྱམས་ཞིང་ན་ཡིད་འོང་བའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་དྲུག་གི་མཆོད་པ་བསམ་ཡས་ཀྱིས། །བླ་མ་རྡོར་སེམས་ལྷ་ཚོགས་ཐུགས་དམ་བསྐང༌། །སྲིད་ན་ཡིད་འོང་མཚར་སྡུག་མེ་ཏོག་དང༌། །ཞིམ་པའི་བདུག་སྤོས་གསལ་བའི་སྒྲོན་མེའི་འོད། །དྲི་ཆབ་ཞལ་ཟས་བཟའ་བཅའ་བཏུང་བ་ཡིས། །བླ་མ་རྡོར་སེམས་ལྷ་ཚོགས༴ །རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་སྨན། །རོ་བརྒྱ་ནུས་སྟོང་ལྡན་པའི་གཏོར་མ་དང༌། །ཆགས་མེད་རཀྟའི་མཆོད་པ་རྒྱ་མཚོ་ཡིས། །བླ་མ་རྡོར་སེམས་ལྷ་ཚོགས༴ །དེ་ལྟར་རྩེ་གཅིག་མཆོད་ཅིང་བསྐང་བའི་མཐུས། །ཐམས་ཅད་ཐུགས་དམ་མཉེན་པོ་དགྱེས་པ་སྐོང༌། །ས་ལམ་བར་ཆད་ཉེས་ལྟུང་ཡོངས་དག་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །བདུན་པ་ལྷག་མ་དབང་བའི་ལྷག་མཆོད་ནི། །རྒྱལ་དབང་བླ་མའི་བཀའ་དང་དམ་ལ་གནས། །རྣལ་འབྱོར་དམ་ཚིག་ཅན་གྱི་གྲོགས་མཛད་ཅིང༌། །དཀྱིལ་འཁོར་མཐའ་སྐྱོང་ཚོགས་ལ་ལྷག་གཏོར་འབུལ། །དགྱེས་བཞེས་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། །བརྒྱད་པ་དཀྱིལ་འཁོར་ལྷ་ཚོགས་བཞེངས་བསྐུལ་ནི། ཧཱུྃ། །སྐུ་གསུམ་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ནས། །ཆོས་ལོངས་སྤྲུལ་པ་རྩ་གསུམ་ལྷ་ཚོགས་དང༌། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་བཅས་བཞེངས། །སྒྲུབ་པའི་རྟགས་ཐོབ་ཕྲིན་ལས་མྱུར་འགྲུབ་མཛོད། །དགུ་པ་ཐ་ཚིག་ཅན་ལ་ཆད་ཐོ་ནི། ཧཱུྃ། །བརྒྱུད་གསུམ་ངོ་བོ་དཔལ་ལྡན་བླ་མ་ཡིས། །བཀའ་བསྒོས་ཐ་ཚིག་གཉན་པོ་ལ་གནས་པའི། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །མཆོད་གཏོར་བཞེས་ལ་རྣམ་བཞིའི་ཕྲིན་ལས་སྒྲུབས། །བཅུ་པ་བཤལ་ཆུ་གཏོར་མའི་རིམ་པ་ནི། ཧཱུྃ། །བཀའ་དང་ཟབ་གཏེར་གཉན་པོ་ལེགས་སྐྱོང་བའི། །བསྟན་མའི་ཚོགས་ཀྱིས་བཤལ་ཆུ་གཏོར་མ་འདི། །བཞེས་ལ་དཔལ་ལྡན་བླ་མའི་ཟབ་གཏེར་གྱི། །བསྟན་པ་སྲུངས་ལ་རྣལ་འབྱོར་སྡོང་གྲོགས་མཛོད། །བཅུ་གཅིག་གཏོར་སྣོད་སྦུབས་ལ་རྟ་བྲོ་བྱ་བ་ནི། ཧཱུྃ། །རང་ཉིད་ཁྲོ་བོ་རོལ་པའི་ཏིང་འཛིན་གྱིས། །ལོག་འདྲེན་དམ་སྲི་འབྱུང་པོ་མ་རུང་བ། །སྟོང་ཉིད་སྙིང་རྗེ་རྒྱུད་ལ་མ་སྐྱེས་བར། །དཀྱིལ་འཁོར་ཆེན་པོའི་འོག་ཏུ་མནན་ན་རྒྱ། །བཅུ་གཉིས་པ་དངོས་གྲུབ་ལེན་པའི་རིམ་པ་ནི། །རྣལ་འབྱོར་བདག་ཅག་རྩེ་གཅིག་མོས་པ་ཡིས། །ལྷག་པའི་ཡི་དམ་ཁྱོད་གཅིག་བསྒྲུབ་ལ་གསན། །དུས་འདིར་བདག་ལ་ཐུགས་རྗེ་བརྩེར་དགོངས་ཏེ། །དབང་དང་བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ། །བཅུ་གསུམ་མཆོད་ཅིང་བསྟོད་པ་གཞུང་བཞིན་བྱ། །བཅུ་བཞི་དཀྱིལ་འཁོར་ལྷ་ལ་བཟོད་གསོལ་ནི། །བླ་མ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ། །བདག་ཅག་མ་རིག་འཁྲུལ་པའི་གཞན་དབང་གིས། །ཆོ་ག་ལྷག་ཆད་ནོངས་པ་ཅི་མཆིས་པ། །ཆོས་དབྱིངས་ཆེན་པོའི་ཀློང་དུ་བཟོད་པར་གསོལ། ཡིག་བརྒྱ། །བཅོ་ལྔ་རྟག་དང་ཆད་པའི་མཐའ་བསལ་བ། །བརྟན་པ་སྣོད་ཀྱི་འཇིག་རྟེན་བཅུད་ལ་བསྡུ། །དེ་ཡང་རྡོ་རྗེ་སེམས་དཔའི་རང་ཉིད་ལ། །དེ་ཉིད་ཐུགས་ཀའི་ཧཱུྃ་ནས་ན་དཱའི་བར། །རིམ་ཡལ་ཀུན་བཟང་གདོད་མའི་གཤིས་སུ་ཨཱཿ །སླར་ཡང་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཆེ། །སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟར། །སྤྱོད་ལམ་རྣམ་བཞི་བདེ་ཆེན་ཡེ་ཤེས་ངང༌། །དུ་མ་རོ་གཅིག་ཁྱབ་བརྡལ་ཆེན་པོ་བཞག །བཅུ་དྲུག་པ་བསྔོ་བ་སྨོན་ལམ་གྱིས་རིམ་པ་ནི། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །མཁའ་ཁྱབ་འཁོར་བར་འཁྱམས་པའི་སེམས་ཅན་རྣམས། །འཁྲུལ་སྣང་རྨི་ལམ་སད་ལྟར་དབྱིངས་དག་ནས། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །དེ་ལྟར་རྩེ་གཅིག་བསྙེན་ཅིང་བསྒྲུབ་པ་དང༌། །ཚོགས་ཀྱི་འཁོར་ལོའི་མཆོད་པས་མཉེས་པའི་མཐུས། །བདག་སོགས་ལམ་ལ་ཞུགས་པའི་རྣལ་འབྱོར་ཀུན། །སྡིག་ལྟུང་ཉེས་པའི་ཚོགས་ཀུན་འདག་པར་ཤོག །ཁྱད་པར་གསང་བ་སྔགས་ཀྱི་སྒོར་ཞུགས་ནས། །མ་རིག་དབང་གིས་རྩ་བ་ཡན་ལག་གི །དམ་ཚིག་སྐྱོན་གྱིས་གོས་པ་ཅི་མཆིས་པ། །དེང་ནས་བཤགས་ཏེ་ཚངས་པ་མཆོག་ཐོབ་ཤོག །རྟག་ཏུ་བདག་གིས་སྒོ་གསུམ་བྱ་བ་ཀུན། །མ་འབད་བཞིན་དུ་འགྲོ་ལ་ཕན་པ་དང༌། །རྗེ་བཙུན་བླ་མ་མཉེས་པའི་མཆོད་སྤྲིན་དུ། །གྱུར་ནས་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །འགྲོ་རྣམས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །གཟུང་འཛིན་སྒྲོག་གྲོལ་མ་རིག་རྒྱུད་སྟོང་ནས། །ཡེ་ཤེས་རྩལ་རྫོགས་ཆོས་ཉིད་རང་བྱང་ཆུབ། །བློ་འདས་ཆོས་ཟད་གཞོན་ནུ་བུམ་སྐུའི་ཀློང༌། །འབྲས་བུའི་རྒྱལ་པོ་གཞི་ཐོག་གྲོལ་བར་ཤོག །བཅུ་བདུན་ཀུན་ཏུ་དགོས་པའི་བཀྲ་ཤིས་ནི། །བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་ལྟར་འཐིབས། །ཡི་དམ་ལྷ་ཚོགས་དངོས་གྲུབ་ཆར་ལྟར་བསྙིལ། །གནས་གསུམ་མཁའ་འགྲོའི་ཕྲིན་ལས་གློག་བཞིན་འཁྱུག །རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དེ་སྐད་དུ་རྒྱལ་སྲས་བདེ་ཆེན་རིག་པའི་རལ་གྲིས་ཐུགས་བཞེད་བཞིན། །རིག་འཛིན་བསྟན་པའི་རྒྱལ་མཚན་ཞེས་བྱ་བས་བྲིས་པ་ཡོངས་སུ་དགེའོ།། །།
{{TibP|༄༅། །གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས། ཨེ་མ་ཧོ། །ཆོས་དབྱིངས་སྐྱེ་མེད་དག་པའི་ཞིང་ཁམས་སུ། །ཀུན་བཟང་རིགས་ལྔའི་རྒྱལ་བ་རྡོ་རྗེ་སེམས། །དྲུག་ལྡན་བརྒྱུད་པའི་བླ་མ་ཀུན་ཀྱི་དངོས། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གང་གི་ཡེ་ཤེས་ཐུགས་རྗེའི་སྒྱུ་འཕྲུལ་གྱི། །རྣམ་རོལ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང༌། །གནས་གསུམ་དཔའ་བོ་མཁའ་འགྲོ་ཐམས་ཅད་དང༌། །ཆོས་སྐྱོངས་བསྲུང་མར་བཅས་ལ༴ །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བདག་རྒྱུད་སྒྲིབ་གཉིས་མུན་པ་ཡོངས་བསལ་ནས། །ཉམས་རྟོགས་ཡེ་ཤེས་སྣང་བ་གོང་འཕེལ་ངེས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།


}}
}}

Latest revision as of 11:20, 21 June 2024

Wylie title gsol 'debs byin rlabs sprin phung
Location mdo mkhyen brtse bka' 'bum
Volume 3, Text 22, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre Supplications - gsol 'debs
[edit]
༄༅། །གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས། ཨེ་མ་ཧོ། །ཆོས་དབྱིངས་སྐྱེ་མེད་དག་པའི་ཞིང་ཁམས་སུ། །ཀུན་བཟང་རིགས་ལྔའི་རྒྱལ་བ་རྡོ་རྗེ་སེམས། །དྲུག་ལྡན་བརྒྱུད་པའི་བླ་མ་ཀུན་ཀྱི་དངོས། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གང་གི་ཡེ་ཤེས་ཐུགས་རྗེའི་སྒྱུ་འཕྲུལ་གྱི། །རྣམ་རོལ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང༌། །གནས་གསུམ་དཔའ་བོ་མཁའ་འགྲོ་ཐམས་ཅད་དང༌། །ཆོས་སྐྱོངས་བསྲུང་མར་བཅས་ལ༴ །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བདག་རྒྱུད་སྒྲིབ་གཉིས་མུན་པ་ཡོངས་བསལ་ནས། །ཉམས་རྟོགས་ཡེ་ཤེས་སྣང་བ་གོང་འཕེལ་ངེས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།